ནཱ་ལེནྡྲ་དང་བོད་ཀྱི་ནང་བསྟན།

དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་ (༨༡༨-༧༨༥) གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་རྒྱས་ཆེན་པོ་བྱུང་ཞིང་། ཁྲི་སྲོང་གིས་རྒྱལ་སྲིད་ལོ་ཞེ་གཉིས་ (༧༥༥-༩༧) བཞེས་པའི་རིང་ལ། དཔལ་ན་ལེནྡྲའི་སློབ་དཔོན་ཆེན་པོ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་དྲངས་ཏེ། ཁོང་གིས་བསམ་ཡས་གཙུག་ལག་ཁང་བཞེངས་པར་གྲོགས་མཛད་པ་དང་། རབ་བྱུང་གི་སྡེ་ཐོག་མར་བཙུགས་པ། དཔལ་ནཱ་ལེནྡྲའི་རིགས་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཆེ་གྲས་ཁག་གཅིག་བོད་ལ་ངོ་སྤྲོད་མཛད་པ་སོགས་བྱུང་ཡོད།

ཡང་མཁན་ཆེན་གྱིས་རྒྱལ་པོར་བསྐུལ་མ་གནང་ནས་ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱང་བོད་ལ་གདན་དྲངས་ཏེ་བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བ་སོགས་སྔོན་གྱི་ལོ་རྒྱུས་སུ་འཁོད་པ་ལྟར་ལགས། འཕགས་ཡུལ་ནས་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་རྒྱའི་ཧྭ་ཤང་མོ་ཧི་ཡན་དང་བསྟན་པ་དཔང་དུ་བཙུགས་ཏེ་རྩོད་པ་མཛད་རྗེས། རྒྱ་གར་བའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་དྲིལ་བསྒྲགས།
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་བྱོན་པ། རྩོམ་པ་པོ། གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། སྔོན་འགྲོ་སྤྱི་བཤད་ཀྱི་སྐབས་ལས་དྲངས།

Leave a Reply

Your email address will not be published. Required fields are marked *