དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་དཀར་ཆག གསུམ་པ། སྐྱེས་རབས་སྐོར།

གསུམ་པ། སྐྱེས་རབས་སྐོར།

 

༦༽ སྐྱེས་རབས་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཛཱ་ཏ་ཀ་མཱ་ལཱ་ཊཱི་ཀཱ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛ་ནཱར་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ (འབྲོག་མི་) ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ། །ཞེས་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[1]། སྐྱེས་པའི་རབས་སུམ་ཅུ་རྩ་བཞི་པའི་རྒྱ་ཆེར་བཤད་པ། ཞེས་བྱུང་ངོ་། །

འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼ཧུ༽ ཚན་གྲངས་ ༢ ལྡེབ་ ༡༣༥བ༡ ནས་ ༣༤༠ན༧ བར་ཡིག་ཕྲེང་ ༢༨༧༠ ཚེག་ཁྱིམ་ ༨༤༠༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼ཀེ༽ ཚན་གྲངས་ ༢ ལྡེབ་ ༡༥༢བ༢ ནས་ ༣༩༤ན༨ བར་ཡིག་ཕྲེང་ ༣༨༧༡ ཚེག་ཁྱིམ་ ༨༣༥༦༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀེ༽ ཚན་གྲངས་ ༢ ལྡེབ་ ༡༤༨བ༢ ནས་ ༣༧༥ན༣ བར་ཡིག་ཕྲེང་ ༣༡༧༣ ཚེག་ཁྱིམ་ ༨༣༥༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼ཧུ༽ ཚན་གྲངས་ ༢ ལྡེབ་ ༡༣༣ན༢ ནས་ ༣༣༧ན༧ བར་ཡིག་ཕྲེང་ ༢༨༦༢ ཚེག་ཁྱིམ་ ༨༤༠༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཧུ༽ དེབ་ཨང་ ༩༤ ཤོག་གྲངས་ ༣༨༦ ནས་ ༨༧༣ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༥༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༣ ནས་ ༤༠༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *