ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག གསུམ་པ། དབུ་མའི་སྐོར།

གསུམ་པ། དབུ་མའི་སྐོར།

 

༧༩༽ དབུ་མ་ ༼ཨ༽ པ་ལ། རྒྱ་གར་སྐད་དུ། ས་ཏྱ་དྭ་ཡཱ་བ་ཏཱ་ར། བོད་སྐད་དུ། བདེན་པ་གཉིས་ལ་འཇུག་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཨ༽ ཚན་གྲངས་ ༥ ལྡེབ་ ༧༢ན༢ ནས་ ༧༣ན༧ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༩༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྐུ་གསུམ་འཇུག །པོད་རྟགས། ༼ཧ༽ ཚན་གྲངས་ ༩ ལྡེབ་ ༧༠ན༥ ནས་ ༧༡བ༢ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༩༥༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཧ༽ ཚན་གྲངས་ ༩ ལྡེབ་ ༦༥ན༣ ནས་ ༦༦བ༢ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༩༥༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཨ༽ ཚན་གྲངས་ ༥ ལྡེབ་ ༧༡བ༥ ནས་ ༧༣ན༢ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༩༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཨ༽ དེབ་ཨང་ ༦༣ ཤོག་གྲངས་ ༡༠༥༠ ནས་ ༡༠༥༣ བར་བཞུགས་པ་བཅས་སོ།།

༨༠༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། ཨེ་ཀ་སྨྲི་ཏི་ཨུ་པ་དེ་ཤ །བོད་སྐད་དུ། དྲན་པ་གཅིག་པའི་མན་ངག །པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདི་ཇོ་བོས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ངོར་མཛད། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༡ ལྡེབ་ ༩༤བ༤ ནས་ ༩༥བ༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༠ ལྡེབ་ ༡༠༤ན༧ ནས་ ༡༠༥ན༨ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༦༦༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༠ ལྡེབ་ ༡༠༣བ༡ ནས་ ༡༠༤ན༧ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༦༦༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༡ ལྡེབ་ ༩༦བ༤ ནས་ ༩༧བ༢ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༦༦༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ ཤོག་གྲངས་ ༢༧༩ ནས་ ༢༨༡ བར་བཞུགས་པ་བཅས་སོ།།

༨༡༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བ[1]། པཎྜི་ཏ་དཱི་པཾ་ཀ་རས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ལྷ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འགྱུར་བྱང་ལས་[2]ཀྱང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །བོད་ཀྱི་རྔོག་བཙུན་ལེགས་པའི་ཤེས་རབ་ཀྱིས། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན། །གནས་བརྟན་མར་མེ་མཛད་དཔལ་གྱིས། །གཞུང་ལུགས་སྐྱེས་བུ་གསུམ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲས། །ཞེས་གསལ་ལ། དེ་བཞིན་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[3]། དབུ་མའི་ཆོས་ཞུས་པས་དབུ་མ་རྟོག་གེ་འབར་བ་གསུངས། དེའི་མན་ངག་ཆེ་ཆུང་གཉིས་མཛད་ནས་རྣལ་འབྱོར་པ་ལ་གཟིགས་སུ་ཕུལ་བས་ངེད་ལ་ལྐོག་ཏུ་ཁྲིད་པ་བཞིན་དུ་བྲིས་འདུག །ཅུང་ཡང་མཐོ་དྲགས་འདུག །དེ་ལོ་ཙཱ་བས་བསྒྱུར་བའི་ཞབས་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །ཤཱཀྱའི་དགེ་སློང་རྔོག་བཙུན་ལེགས་ཤེ་ཡིས། །གསོལ་བ་བཏབ་ནས་ཡི་གེར་བཀོད་པ་ཡིན། །ཞེས་པ་ཇོ་བོའི་གསུང་ཡིན། མཚན་ནི་མར་མེ་མཛད་ཅེས་གྲགས་པའི། །མཁས་པ་དེའི་གཞུང་ལུགས་སུ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲ། །ཞེས་པ་དེ་ལོ་ཙཱ་བའི་ཡིན་གསུངས། ཞེས་ཀྱང་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༢ ལྡེབ་ ༩༥བ༡ ནས་ ༩༦ན༧ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༡ ལྡེབ་ ༡༠༥ན༨ ནས་ ༡༠༦བ༦ བར་ཡིག་ཕྲེང་ ༢༣ ཚེག་ཁྱིམ་ ༨༤༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༡ ལྡེབ་ ༡༠༤ན༧ ནས་ ༡༠༥བ༤ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༨༤༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༢ ལྡེབ་ ༩༧བ༢ ནས་ ༩༨བ༢ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༧༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ ཤོག་གྲངས་ ༢༨༣ ནས་ ༢༨༥ བར་བཞུགས་པ་བཅས་སོ།།

༨༢༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། རཏྣ་ཀཿརཏྜ་ཨུདྒྷ་ཊེ་མ་དྷྱ་མ་ནཱཿམ་ཨུ་པ་དེ་ཤ །བོད་སྐད་དུ། དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། གཞུང་དེ་ཉིད་ལས[4]། སྒྲིབ་གཉིས་མྱུར་དུ་སྦྱངས་པ་དང་། །ཚོགས་གཉིས་མྱུར་དུ་བསགས་པའི་ཕྱིར། །གསང་སྔགས་ཐེགས་པ་སྦྱང་བྱ་ཞེས། །མར་མེ་མཛད་དཔལ་ཡེ་ཤེས་སྨྲ། །ཤཱཀྱའི་དགེ་སློང་བློ་རྣོན་པོ། །ཤེས་རབ་སྙིང་རྗེ་ཁྲིམས་དང་ལྡན། །ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བའི། །སློབ་མ་བཟང་པོས་བསྐུལ་ནས་བྲིས། །དེ་བ་པཱ་ལའི་ཐུགས་དམ་བི་ཀྲ་མ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །བླ་མ་དམ་པ་རྣམས་ཀྱིས་གསུངས་པ་བཞིན། །མར་མེ་མཛད་དཔལ་ཡེ་ཤེས་དེ་ཡིས་བྲིས། །ཟས་ནོར་ཕྲན་ཚེགས་ཙམ་ལ་མི་ལྟ་ཞིང་། །ལེགས་པར་མ་བརྟགས་པ་ལ་འདི་མི་སྦྱིན། །འཕགས་པ་ཀླུ་སྒྲུབ་གཞུང་ལ་མ་མོས་ན། །ཟབ་མོ་སྤངས་པས་སེམས་ཅན་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེངྒེ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༣ ལྡེབ་ ༩༦བ༡ ནས་ ༡༡༦བ༧ བར་ཡིག་ཕྲེང་ ༢༨༧ ཚེག་ཁྱིམ་ ༡༥༦༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༢ ལྡེབ་ ༡༠༦བ༦ ནས་ ༡༣༢བ༣ བར་ཡིག་ཕྲེང་ ༤༡༡ ཚེག་ཁྱིམ་ ༡༥༦༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༢༢ ལྡེབ་ ༡༠༥བ༤ ནས་ ༡༢༨བ༣ བར་ཡིག་ཕྲེང་ ༣༢༢ ཚེག་ཁྱིམ་ ༡༥༦༤༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༣ ལྡེབ་ ༩༨བ༣ ནས་ ༡༡༩བ༤ བར་ཡིག་ཕྲེང་ ༢༩༧ ཚེག་ཁྱིམ་ ༡༥༦༤༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ ཤོག་གྲངས་ ༢༨༧ ནས་ ༣༣༧ བར་བཞུགས་པ་བཅས་སོ།།

༨༣༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪ་ཡ་སཉྩཿཡ་ཨརྠཿ བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། འགྱུར་བྱང་ལས[5]། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལ་བོད་ཀྱི་དགེ་སློང་ཚུལ་ཁྲིམས་རྒྱལ་བས་གསེར་སྲང་བཅུ་བཞིའི་སྦྲང་བུ་མེ་ཏོག་ཏུ་ཕུལ་ནས་བོད་དུ་བྱོན་པའི་ཞུ་བ་ཕུལ་བ་ལས་སྒོམ་སྦྱོང་རྣམས་མཐར་ཕྱིན་པར་བྱ་བའི་དོན་དུ་བླ་མ་ཟླ་བ་བཅུ་དྲུག་ཏུ་ལམ་དུ་མ་ཆུད་དོ། །དེ་ནས་བོད་དུ་བྱོན་ཁར་སློབ་མ་སེམས་སྦྱོང་བ་རྣམས་ཀྱིས་ཞལ་ཆེམས་གཞག་པར་ཞུས་པས་མདོའི་དོན་མན་ངག་ཏུ་བྱས་པ་འདི་ཞལ་ཆེམས་སུ་གནང་ངོ་། །དེའི་དུས་སུ་རྒྱ་བརྩོན་སེངྒེས་བསྒྱུར་བར་ཞུས་པས་གནང་སྟེ་གཏན་ལ་ཕབ་པའོ། །ཞེས་དང་། ཡང་པེ་ཅིན་དང་སྣར་ཐང་བསྟན་འགྱུར་ལས[6]། དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྤེལ་བར་འདོད་པ་ལས་བོད་ཀྱི་སྟོན་པ་རྣམས་ནི་ང་རྒྱལ་དང་ཕྲག་དོག་ཆེ་བས་ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མ་ཆགས་སོ། །དེ་འདྲ་ལྷ་ཁང་ཀེ་རུའི་ཁྱམས་སྨད་ཀྱི་བནྡེ་བདག་གིས་ཞུས་ཏེ་གདམས་ངག་དང་བཅས་ཏེ་གནང་ངོ་། །ཇོ་བོའི་བླ་མ་ཨ་ཝ་དྷཱུ་ཏི་པས་རབ་ཏུ་མི་གནས་པའི་ལྟ་བ་དང་། ལས་མཐའ་སེམས་བསྐྱེད་པའི་ཆོ་ག་དང་། མདོ་ཀུན་ལས་བཏུས་པའི་དོན་མན་ངག་ཏུ་བྱས་པ་འདི་གསུམ་སྟབས་ཅིག་ཏུ་གནང་བ་ལགས་སོ། །ཞེས་ཀྱང་འབྱུང་བ་ལྟར། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བའོ། །ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[7]། ཇོ་བོའི་མདོ་བཏུས་ཆེན་མོ་ཞེས་བྱའི་གཞུང་། །འདུལ་མངོན་མདོ་སྡེ་ཆུ་གཏེར་སྙིང་པོའི་བཅུད། །གླེགས་བམ་རིན་ཆེན་མཛོད་དུ་བསྐྱིལ་བ་གང་། །བསྟན་འཛིན་སྐྱེས་བུའི་གསོས་སུ་དར་གྱུར་ཅིག །ཅེས་ཀྱང་གསུངས་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༣༠ ལྡེབ་ ༣༣༨བ༧ ནས་ ༣༤༠བ༧ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༣༠ ལྡེབ་ ༣༩༥ན༤ ནས་ ༣༩༧བ༦ བར་ཡིག་ཕྲེང་ ༤༣ ཚེག་ཁྱིམ་ ༡༧༥༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༣༠ ལྡེབ་ ༣༩༥ན༦ ནས་ ༣༩༨ན༢ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༧༥༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༣༠ ལྡེབ་ ༣༤༡བ༥ ནས་ ༣༤༣བ༥ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༦༣༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ ཤོག་གྲངས་ ༩༤༩ ནས་ ༩༥༤ བར་བཞུགས་པ་བཅས་སོ།།

༨༤༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་སུ་ཏྲི་ཀྲི་ཏ་པ་བཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ[8]། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[9]། ལོ་ཙཱ་བ་རྣམ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༨ ལྡེབ་ ༢༣༧ན༣ ནས་ ༣༣༨ན༦ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༡༡༨ ཚེག་ཁྱིམ་ ༨༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༨ ལྡེབ་ ༢༧༣ན༣ ནས་ ༢༧༤བ༡ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༡༨ ཚེག་ཁྱིམ་ ༩༡༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༨ ལྡེབ་ ༢༦༩ན༣ ནས་ ༢༧༠བ༡ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༡༨ ཚེག་ཁྱིམ་ ༨༩༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༨ ལྡེབ་ ༢༤༡ན༡ ནས་ ༢༤༢ན༥ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༡༡༨ ཚེག་ཁྱིམ་ ༨༩༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༦༣༦ ནས་ ༡༦༣༩ བར་བཞུགས་པ་བཅས་སོ།།

༨༥༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། མཛད་བྱང་ལས[10]།

གནས་བརྟན་མར་མེ་མཛད་དཔལ་གྱིས། །

མདོ་སོགས་ཆོས་ལས་བཤད་མཐོང་བ། །

བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །

བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ཆོས་འདི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[11]། ཁྲིད་ལུང་གི་སྐོར་ལ། འཕགས་པ་བརྒྱད་སྟོང་པའི་བཤད་ལུང་། དབུ་མ་རིགས་ཚོགས་དྲུག་གི་བཤད་ལུང་། བྱང་ཆུབ་ལམ་གྱི་སྒྲོན་མའི་བཤད་ཁྲིད། མཚན་བརྗོད་ཀྱི་བཤད་ལུང་། བུ་སྟོན་རིན་པོ་ཆེའི་གསུང་དུས་འཁོར་འགྲེལ་ཆེན་དབང་ལེ་མདོར་བསྡུས་ལྔ་པའི་བར་གྱི་བཤད་ལུང་བཅས་རྗེ་མར་པའི་ཐུགས་སྲས་དར་མ་མདོ་སྡེ་དང་ཞལ་མི་གཉིས་པ་སྐུ་བཅར་མཚན་ཞབས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་ཐུབ་བསྟན་སྟོབས་འབྱོར་དཔལ་བཟང་པོའི་ཞལ་སྔ་ནས་ལས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་བྱུང་ངོ་།།

རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་ (1925-2012) མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས[12]། ཇོ་བོས་ལམ་སྒྲོན་མཛད་ནས། ཁྱེད་བོད་ལ་མཚན་འདོགས་ལུགས་ཇི་ལྟར་ཡོད་ཅེས་བཀའ་རྨེད་པ་ལ། མཆན་ལ། ཞང་རོམ་གྱི་ཞལ་ནས། ཇོ་བོ་བོད་དུ་ཕེབས་ནས་ཀྱང་བཀའ་དྲིན་ཆེ་ཟེར་ཡང་། ཤུལ་དུ་ལུས་རྒྱུ་ལམ་སྒྲོན་ལས་མི་འདུག་སྟེ། འདི་གཅིག་པུས་ཆོག་པ་ཞིག་འདུག་གསུངས། དགེ་བ་བློ་གྲོས་དང་། ཁྱུང་པོ་གྲགས་པ་ན་རེ། ལམ་སྒྲོན་མེ་བཏེགས་ནས་བཙལ་བས་ལམ་སྒྲོན་ཡིན་སྐད། དགེ་བཤེས་གཞན་གྱིས། དོན་དང་དཔེ་དང་ཡུལ་ལ་ཞུ་བ་པོས་མཚན་དུ་གསོལ་བ་སོགས་བདོག་ཞུས་པས། ཇོ་བོས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད་གསུངས་ནས། རོལ་རྙེད་མ་འཕྲོགས་པ་དང་། གནོད་སྦྱིན་ཕ་ཤ་བསད་པའི་གཏམ་རྒྱུད་བཟང་གིས་གསུངས་ནས། ཆོས་ཐམས་ཅད་ལ་དོན་ལ་མཚན་དུ་གསོལ་བ་ཡིན་གསུངས། གཏམ་རྒྱུད་དེ་འདྲ་ལ་ཡང་མཐོང་ཆུང་མི་མཛད་པ་ངོ་མཚར་ཆེ། ཞེས་གསུངས་པ་ལྟར་དོན་ལ་གནས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༩ ལྡེབ་ ༢༣༨ན༦ ནས་ ༢༤༡ན༤ བར་ཡིག་ཕྲེང་ ༤༡ ཚིག་རྐང་ ༧-༢༥༧། ༩-༡༢། ༡༡-༨། ཚེག་ཁྱིམ་ ༢༠༢༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༩ ལྡེབ་ ༢༧༤བ༡ ནས་ ༢༧༧བ༦ བར་ཡིག་ཕྲེང་ ༥༤ ཚིག་རྐང་ ༧-༢༥༧། ༩-༡༢། ༡༡-༨། ཚེག་ཁྱིམ་ ༢༠༣༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༩ ལྡེབ་ ༢༧༠བ༡ ནས་ ༢༧༣བ༥ བར་ཡིག་ཕྲེང་ ༤༧ ཚིག་རྐང་ ༧-༢༥༧། ༩-༡༢། ༡༡-༨། ཚེག་ཁྱིམ་ ༢༠༣༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༩ ལྡེབ་ ༢༤༢ན༦ ནས་ ༢༤༥ན༦ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༥༧། ༩-༡༢། ༡༡-༨། ཚེག་ཁྱིམ་ ༢༠༢༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༦༤༡ ནས་ ༡༦༤༨ བར་བཞུགས་པ་བཅས་སོ།།

༨༦༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་མཱརྒ་དཱི་པཾ་པཉྩི་ཀ་ནཱ་མ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ། བྷངྒ་ལའི་རྒྱལ་པོའི་རིགས་རྒྱུད་ཤཱཀྱའི་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། འགྱུར་བྱང་ལས[13]། འཕྲིན་ལས་བཟང་པོས་ཡུལ་ཕྱོགས་དབུས་སུ་འཁྲུངས། །སྐྱེ་བ་བཟང་པོ་རྒྱལ་པོའི་རིགས་སུ་འཁྲུངས། །རིགས་བརྒྱུད་བཟང་པོ་ཐེག་ཆེན་རིགས་སུ་འཁྲུངས། །སྨོན་ལམ་བཟང་པོས་སངས་རྒྱས་སྲས་སུ་འཁྲུངས། །དེ་ལྟའི་བླ་མ་བྱང་ཆུབ་སེམས་དཔའ་ནི། །མར་མེ་མཛད་དཔལ་ཡེ་ཤེས་སྙིང་རྗེ་ཅན། །སྐྱེས་མཆོག་དེ་ལ་འདུན་པའི་སློབ་མ་ནི། །ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དེས། །དད་ཅིང་གུས་པས་བསྙེན་བཀུར་ཚུལ་བཞིན་དུ། །བྱས་པ་ཉིད་ཀྱིས་ཐུགས་དམ་སྙིང་པོ་ནི། །འཁོར་ལོ་སྡོམ་པ་རྣལ་འབྱོར་རྒྱུད་རྒྱལ་པོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། །སྙིང་པོའི་སྙིང་པོར་གྱུར་པ་འདི་ཡིན་ཏེ། །ཉིན་མཚན་ཀུན་ཏུ་ཡིད་ལ་འདི་བསྒོམ་ཞེས། །དེ་ཡིས་ཉེར་བསྟན་ཉམས་པ་མེད་པར་གནང་། །ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །བོད་ཀྱི་སློབ་མ་གཞན་ལ་ཡོད་རེ་སྐན། །བླ་མ་དེ་ལ་དད་ཅིང་གུས་པ་ཡིས། །ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །ཞེས་གསལ་བ་ལྟར། རྒྱ་གར་གྱི་མཁས་པ་ཆེན་པོ་བྷངྒ་ལ་པ་དཔལ་མར་མེ་མཛད་ཡེ་ཤེས་ཞབས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ། །ཞེས་བྱུང་ངོ་།།

དེ་བཞིན་པེ་ཅིན་དང་སྣར་ཐང་བསྟན་འགྱུར་ལས[14]། སྙན་པར་རབ་གྲགས་ཆོས་ལུགས་བཟང་པོ་མཁྱེན། །ཉི་མ་ལྟ་བུར་གཞན་དོན་འབའ་ཞིག་མཛད། །དེ་འདྲ་བ་ཡི་རྗེ་བཙུན་དམ་པ་དེས། །མངའ་རིས་སྐོར་གསུམ་དམ་པའི་ཆོས་ལ་བཀོད། །བྱང་ཆུབ་འོད་དང་ཚུལ་ཁྲིམས་རྒྱལ་བ་ཡིས། །ཐུགས་དགོངས་བཟང་པོ་ལམ་སྒྲོན་འགྲེལ་པ་ཞེས། །མཁྱེན་དང་བརྩེ་བས་རྒྱུ་བྱས་འདི་མཛད་ནས། །ཀུན་ལ་མ་བསྟན་གསང་བར་རིགས་སོ་གསུངས། །འདི་བྲིས་དགེ་བས་བདག་གཞན་མ་ལུས་པ། །གཞུང་འདིའི་དོན་ཀུན་ཇི་བཞིན་རབ་རྟོགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་འཐོབ་ཅིང་། །འགྲོ་དོན་དཔག་ཡས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཀྱང་བྱུང་ཞིང་། དཀའ་འགྲེལ་འདི་ཉིད་ཇོ་བོའི་གསུང་ཡིན་མིན་གྱི་དཔྱད་པ་རྒྱས་པ་ཇོ་བོ་རྗེའི་རྣམ་ཐར་གྱི་སྐབས་སུ་ཞིབ་པ་བཀོད་ཡོད་པ་དེར་གཟིགས་པར་འཚལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༠ ལྡེབ་ ༢༤༡ན༤ ནས་ ༢༩༣ན༤ བར་ཡིག་ཕྲེང་ ༧༢༩ ཚེག་ཁྱིམ་ ༤༡༥༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༠ ལྡེབ་ ༢༧༧བ༦ ནས་ ༣༣༩བ༢ བར་ཡིག་ཕྲེང་ ༩༨༨ ཚེག་ཁྱིམ་ ༤༡༨༨༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༠ ལྡེབ་ ༢༧༣བ༥ ནས་ ༣༣༥ན༡ བར་ཡིག་ཕྲེང་ ༨༥༨ ཚེག་ཁྱིམ་ ༤༡༨༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༠ ལྡེབ་ ༢༤༥ན༦ ནས་ ༢༩༩བ༥ བར་ཡིག་ཕྲེང་ ༧༦༣ ཚེག་ཁྱིམ་ ༤༡༥༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༦༥༠ ནས་ ༡༧༧༥ བར་བཞུགས་པ་བཅས་སོ།།

༨༧༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། སཾ་གྲ་ཧ་གརྦྷ་ནཱ་མ། བོད་སྐད་དུ། སྙིང་པོ་བསྡུ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་བཞིན་གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[15]། ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བར་གསལ་བས། དེ་གཉིས་མཚན་གྱི་རྣམ་གྲངས་ཡིན་འདུག །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

སྙིང་པོ་བསྡུ་བ་ཞེས་བྱ་ནི། ཚིགས་སུ་བཅད་པའི་རང་བཞིན་ཅན་གྱི་བསྟན་བཅོས་ཤིག་ཡིན་ལ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་གཤམ་གྱི་བསྟན་བཅོས་དེ་ཉིད་ཀྱང་ཇོ་བོས་མཛད་ཅིང་། དེ་ནི་བརྗོད་བྱ་ཕལ་ཆེར་གཞུང་འདི་དང་གཅིག་མཚུངས་ལྟ་བུ་ཡིན་ཀྱང་། དེ་ལ་ཚིགས་བཅད་ཉེར་བཞི་དང་རྐང་པ་གཅིག་བཞུགས་པས་གཞུང་ཚད་འདི་ལས་མང་ངོ་། །སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་དེར་སྙིང་པོ་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་འདིའི་ནང་དུ་ཡོད་པའི་ཚིགས་སུ་བཅད་པ་ཡང་ཕལ་ཆེར་འཁོད་ཡོད། འདི་གཉིས་གཞུང་གཅིག་ཉིད་ཡིན་པར་མི་མངོན་ཏེ། སྙིང་པོ་ངེས་པར་བསྡུ་བ་ནི་བོད་ཡུལ་དབུས་ཀྱི་གཉེ་ཐང་གི་གཙུག་ལག་ཁང་དུ་མཛད་པ་ཡིན་ལ། སྙིང་པོ་བསྡུ་བ་ཞེས་བྱ་བ་ནི་རྒྱ་གར་ཉིད་དུ་མཛད་པ་བཀའ་གདམས་ཕ་ཆོས་སུ་བཤད་དོ། །[16]ཞེས་བྱུང་བས་དཔྱད་དགོས་སོ།།

དེ་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་པ་ལས[17]། རྒྱ་གར་ནས་པཎྜི་ཏ་ཆེན་པོ་གཅིག་སྤྱན་འདྲེན་དགོས་དགོངས་ནས། སྤྱན་འདྲེན་པའི་བང་ཆེན་འོས་བཙལ་བས་འོས་ཁ་ནས་མ་རྙེད་པ་ལ། འོན་ཀྱང་དགེ་བཤེས་གུང་ཐང་པ་དེ་རྒྱ་གར་དུ་བཞུད་པ་དེ་ཐུགས་ལ་མངའ་བས། ཞང་ཞུང་ནས་བྱོན་ནས། གུང་ཐང་ལྷ་བཙན་གདོང་བྱ་བ་དགེ་བཤེས་གུང་ཐང་པའི་གདུང་ཆོས་ཀྱི་དྲུང་དུ་བྱོན་ནས་ཁྱེད་ཀྱི་འདུལ་འཛིན་པ་དེ་རྒྱ་གར་ནས་བྱོན་ན་ང་ལ་སྐད་ཐོངས་ཤིག་བྱ་བའི་འཕྲིན་བཞག་གོ །དེའི་དུས་དགེ་བཤེས་གུང་ཐང་པས་རྒྱ་གར་དུ་བྱོན་ནས་ལོ་གཉིས་བཞུགས་ནས་ལོ་ཙཱ་བ་རྒྱ་བརྩོན་སེང་ལ་མངོན་པ་ཡང་གསན། ལོ་ཙཱ་བསླབས་པས་མཁས་པ་ཕུལ་དུ་སྐྱོལ་བ་ཤེས་ནས། རྒྱ་གར་རང་དུ་ཡང་ཆོས་བསྒྱུར་བ་ལ་བདེན་པ་གཉིས་ལ་འཇུག་པ་དང་། དེའི་འགྲེལ་པ་དང་། བླ་མ་ཉིད་ཀྱིས་མཛད་པའི་སྙིང་པོ་བསྡུས་པ་དང་། དེའི་འགྲེལ་པ་སའི་སྙིང་པོས་མཛད་པ་དང་། དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། ཡོ་ག་རྩར་ཡ་དང་། དེའི་པི་དྷར་ཏ་དང་རྣམས་བྷྲི་ཀ་མ་ལར་ལོ་ཙཱ་ཆེ་ཆུང་གཉིས་ཀྱིས་བསྒྱུར། འགོ་སོ་མ་པུ་རིར་རྡོ་རྗེ་ཆོས་ཀྱི་གླུ་བསྒྱུར་ནས་དེ་རྣམས་བོད་དུ་སྤྱན་དྲངས་ནས་རྒྱགས་ལེན་དུ་བྱོན། ཞེས་སྙིང་པོ་བསྡུས་པ་རྒྱ་གར་མཛད་ཅིང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བར་གསལ་ཡང་སྒྱུར་བྱེད་ལོ་ཙཱ་བའི་མཚན་མཐུན་མིན་དཔྱད་གཞིར་སྣང་ངོ་།།

ལྷག་པར་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[18]། དེའི་དུས་ (སྙེ་ཐང་ལ་བཞུགས་པའི་) ན་ཞང་སྣ་ཆུང་སྟོན་པ་དང་། ལྡང་རྗང་སྟོན་པ་དང་། སྐྱོར་སྟོན་པ་དང་། ཕྱ་དར་སྟོན་པ་སྟེ་བཞིས་ཇོ་བོ་ལ་གྲུབ་མཐའ་ཞིག་ཞུ་བར་བྱས་ནས། ཇོ་བོའི་གཟིམ་ཁང་དུ་བྱོན་པས་ཆོས་སྤྱོད་མཛད་ཅིང་གདའ་དེ་ཐོན་པ་དང་། ཇོ་བོའི་ཞལ་ནས་པཎྜི་ཏ་ཀུན་ཅི་བཞེད་པ་ལགས་གསུངས། གྲུབ་མཐའི་གདམས་པ་ཞིག་ཞུ་བ་ལགས་ཞུས་པས། ཕྱི་རོལ་པའི་འཇུག་པ་ལྔ་ནང་པའི་འཇུག་པ་གཅིག་ཅེས་པ་ལ་བརྟེན་ནས་གྲུབ་མཐའ་ཁ་ཅིག་གསུངས་ནས། སློབ་དཔོན་རྣམས་ཀྱི་བཞེད་གཞུང་མང་པོ་ཞིག་ཡོད་དེ་དེ་ཐམས་ཅད་རྣམ་པར་རྟོག་པ་ལགས། ཚེ་ཐུང་འདི་ལ་རྣམ་པར་རྟོག་པ་བགྲང་གིས་མི་ལངས་པར་སྙིང་པོ་བསྡུས་མཛོད་གསུངས། ཞང་སྣ་ཆུང་སྟོན་པས་སྙིང་པོ་ཇི་ལྟར་བསྡུ་ལགས་ཞུས་པས། འགྲོ་བ་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་མཛོད། དེ་འགྲུབ་པའི་ཆེད་དུ་ཚོགས་གཉིས་རྫོགས་པར་མཛོད། དེ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོས་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོམས་པར་མཛོད། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད་གསུངས། ཞེས་བྱུང་བའི་སྙིང་པོ་བསྡུས་པ་ནི་སྙིང་པོ་ངེས་པར་བསྡུས་པ་ཡིན་དགོས་པ་ལས། དེ་མིན་མཛད་བྱང་དང་གོང་གསལ་རྣམ་ཐར་དང་མི་མཐུན་པར་འགྱུར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༡ ལྡེབ་ ༢༩༣ན༤ ནས་ ༢༩༣བ༦ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༦ ཚེག་ཁྱིམ་ ༤༧༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༡ ལྡེབ་ ༣༣༩བ༢ ནས་ ༣༤༠ན༧ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༥༦ ཚེག་ཁྱིམ་ ༤༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༡ ལྡེབ་ ༣༣༥ན༡ ནས་ ༣༣༥བ༥ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༦ ཚེག་ཁྱིམ་ ༤༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༡ ལྡེབ་ ༢༩༩བ༥ ནས་ ༣༠༠ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༦ ཚེག་ཁྱིམ་ ༤༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༨༤ ནས་ ༡༧༨༦ བར་བཞུགས་པ་བཅས་སོ།།

༨༨༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ཧྲི་ད་ཡ་ནི་ཀྲིཔྟ་ནཱ་མ། བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དབུས་ཀྱི་གཉེ་ཐང་གཙུག་ལག་ཁང་དུ་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

སྙིང་པོ་ངེས་པར་བསྡུ་བའི་བརྗོད་བྱའི་སྙིང་དོན་ནི། ཇོ་བོ་རང་ཉིད་ཀྱིས། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེ་མ་བཟོད་པས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་འགྲུབ་པའི་ཆེད་དུ་ཚོགས་གཉིས་རྫོགས་པར་མཛོད། དེའི་དགེ་བ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོམས་པར་གྱིས། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད།[19] ཅེས་གསུངས་ལ། གཞུང་དེ་ཉིད་ལས[20]། སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །འདི་ནི་སྙིང་པོ་བསྡུས་པ་ཡིན། །ཞེས་གསུངས་པ་ལྟར། སྐུ་གསུམ་གྱི་འགྲུབ་བྱེད་ཉམས་ལེན་གྱི་སྙིང་པོར་བསྡུས་ཏེ་བསྟན་པས་སྙིང་པོ་ངེས་པར་བསྡུ་བ་ཞེས་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༢ ལྡེབ་ ༢༩༣བ༦ ནས་ ༢༩༤བ༦ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༩༧ ཚེག་ཁྱིམ་ ༧༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༢ ལྡེབ་ ༣༤༠ན༧ ནས་ ༣༤༡བ༤ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༩༧ ཚེག་ཁྱིམ་ ༧༨༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༢ ལྡེབ་ ༣༣༥བ༥ ནས་ ༣༣༧ན༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༩༧ ཚེག་ཁྱིམ་ ༧༨༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༢ ལྡེབ་ ༣༠༠ན༧ ནས་ ༣༠༡བ༡ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༩༧ ཚེག་ཁྱིམ་ ༧༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༨༧ ནས་ ༡༧༩༠ བར་བཞུགས་པ་བཅས་སོ།།

༨༩༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་མ་ཎྱ་བ་ལི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །གཞུང་འདིའི་ཚིགས་བཅད་ཕལ་མོ་ཆེ་ཇོ་བོ་བོད་དུ་བྱོན་སྐབས་བལ་ཡུལ་ནས་རྒྱ་གར་པཱ་ལའི་རྒྱལ་བརྒྱུད་ཀྱི་རྒྱལ་པོ་ནཡ་པཱ་ལར་སྩལ་བའི་སྤྲིང་ཡིག་དྲི་མ་མེད་པའི་རིན་པོ་ཆེའི་འཕྲིན་ཡིག་ནང་གསལ་བས། བྱང་སེམས་ནོར་བུའི་ཕྲེང་བ་འདི་ཉིད་བོད་དུ་ཇོ་བོ་རྗེའམ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་སྤྲིང་ཡིག་དེ་ལས་གལ་ཆེའི་ཚིགས་སུ་བཅད་པ་རྣམས་ཟུར་དུ་ཕྱུང་སྟེ་གཞུང་ལོགས་སུ་མཛད་པར་སྣང་སྟེ། དཔའ་བོ་གཙུག་ལག་ཁང་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[21]། ནོར་བུའི་ཕྲེང་བ་འདི་འབྲོམ་གྱིས་ཇོ་བོའི་གསུང་བསྡུས་པར་གསུངས་པ་དོན་ལ་གནས་པར་སེམས་སོ།།

འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་ལ། འདིའི་འགྲེལ་པ་ནི། ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞི་ནོར་བུའི་ཕྲེང་བ་ལེའུ་ཉི་ཤུ་རྩ་གསུམ་པ་ཇོ་བོས་མཛད་པ་ཞིག་ཡིན་ནའང་བསྟན་འགྱུར་དུ་མི་བཞུགས་ཤིང་། བཀའ་གདམས་ཕ་ཆོས་ཀྱི་ཁྲོད་དུ་བཞུགས་པ་ལྟར་ཟུར་དུ་ཕྱོགས་བསྒྲིགས་དང་ངོ་སྤྲོད་ཞུས་ཡོད།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༣ ལྡེབ་ ༢༩༤བ༧ ནས་ ༢༩༦ན༡ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༡༡༢ ཚེག་ཁྱིམ་ ༨༣༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༣ ལྡེབ་ ༣༤༡བ༤ ནས་ ༣༤༣ན༢ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༡༢ ཚེག་ཁྱིམ་ ༨༤༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༣ ལྡེབ་ ༣༣༧ན༢ ནས་ ༣༣༨ན༧ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༡༢ ཚེག་ཁྱིམ་ ༨༤༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༣ ལྡེབ་ ༣༠༡བ༢ ནས་ ༣༠༢བ༤ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༡༡༢ ཚེག་ཁྱིམ་ ༨༣༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༩༡ ནས་ ༡༧༩༤ བར་བཞུགས་པ་བཅས་སོ།།

༩༠༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཀརྨཱ་དི་མརྒཱ་པ་ཏཱ་ར་དེ་ཤ་ན། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་ལམ་ལ་འཇུག་པ་བསྟན་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཡང་། ཇོ་བོས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དོན་དུ་མཛད་ཅིང་། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

གཞུང་འདིའི་མཛད་བྱང་ལས[22]།

དམ་པ་རྣམས་ཀྱི་བཤད་པའི་ལམ་བཟང་པོ། །

བྱང་ཆུབ་འོད་སོགས་སློབ་མས་བསྐུལ་བྱས་པ། །

ཐེག་ཆེན་རིགས་ཅན་རྣམས་ཀྱིས་བགྲོད་བྱས་ནས། །

རྐང་གཉིས་དབང་པོའི་གནས་སུ་འགྲོ་བར་ཤོག །

ཅེས་གསུངས་པ་ལྟར། གཞུང་འདི་ཉིད་ཇོ་བོ་ཉིད་ཀྱིས་བོད་ཀྱི་སློབ་མ་ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་བསྐུལ་མ་མཛད་པ་ལ་བརྟེན་ནས་མཛད་པར་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༤ ལྡེབ་ ༢༩༦ན༡ ནས་ ༢༩༧བ༦ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༡༥༠༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༥ ལྡེབ་ ༣༤༤བ༡ ནས་ ༣༤༦བ༤ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༡༥༡༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༥ ལྡེབ་ ༣༣༩བ༧ ནས་ ༣༤༢ན༢ བར་ཡིག་ཕྲེང་ ༣༢ ཚེག་ཁྱིམ་ ༡༥༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༤ ལྡེབ་ ༣༠༢བ༤ ནས་ ༣༠༤བ༣ བར་ཡིག་ཕྲེང་ ༢༨ ཚེག་ཁྱིམ་ ༡༥༠༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༩༩ ནས་ ༡༨༠༣ བར་བཞུགས་པ་བཅས་སོ།།

༩༡༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ས་ར་ཎཾ་གཙྪ་མི་དེ་ཤ །བོད་སྐད་དུ། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། མཛད་བྱང་ལས[23]། བླ་མ་བྱང་ཆུབ་སེམས་དཔའ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། སྡེ་བསྟན་དཀར་ཆག་ལས[24]། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ཞེས་འབྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༥ ལྡེབ་ ༢༩༧བ༦ ནས་ ༢༩༩ན༥ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༠༨༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༦ ལྡེབ་ ༣༤༦བ༤ ནས་ ༣༤༨ན༥ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༠༨༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༦ ལྡེབ་ ༣༤༢ན༤ ནས་ ༣༤༣བ༦ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༠༨༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༥ ལྡེབ་ ༣༠༤བ༣ ནས་ ༣༠༦ན༢ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༠༨༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༠༥ ནས་ ༡༨༠༨ བར་བཞུགས་པ་བཅས་སོ།།

༩༢༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་ཝརྞྞ་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༦ ལྡེབ་ ༢༩༩ན༦ ནས་ ༣༠༢བ༦ བར་ཡིག་ཕྲེང་ ༥༡ ཚིག་རྐང་ ༧-༣༤༦། ༡༡-༨ ཚེག་ཁྱིམ་ ༢༥༢༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༧ ལྡེབ་ ༣༤༨ན༦ ནས་ ༣༥༢ན༨ བར་ཡིག་ཕྲེང་ ༦༧ ཚིག་རྐང་ ༧-༣༤༦། ༡༡-༨ ཚེག་ཁྱིམ་ ༢༥༣༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༧ ལྡེབ་ ༣༤༣བ༦ ནས་ ༣༤༨ན༣ བར་ཡིག་ཕྲེང་ ༦༡ ཚིག་རྐང་ ༧-༣༤༦། ༡༡-༨ ཚེག་ཁྱིམ་ ༢༥༣༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༦ ལྡེབ་ ༣༠༦ན༢ ནས་ ༣༠༩བ༥ བར་ཡིག་ཕྲེང་ ༥༣ ཚིག་རྐང་ ༧-༣༤༦། ༡༡-༨ ཚེག་ཁྱིམ་ ༢༥༢༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༡༠ ནས་ ༡༨༡༩ བར་བཞུགས་པ་བཅས་སོ།།

༩༣༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་འདི་ཉིད་ཚིགས་བཅད་དགུ་དང་རྐང་པ་གཉིས་ཀྱི་བདག་ཉིད་ཅན་ཤིན་ཏུ་མདོར་བསྡུས་ཤིག་ཡིན་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༧ ལྡེབ་ ༣༠༢བ༦ ནས་ ༣༠༣བ༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༨ ལྡེབ་ ༣༥༢ན༨ ནས་ ༣༥༣ན༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༧༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༨ ལྡེབ་ ༣༤༨ན༣ ནས་ ༣༤༨བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༧༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༧ ལྡེབ་ ༣༠༩བ༥ ནས་ ༣༡༠ན༥ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༦༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༢༡ ནས་ ༡༨༢༢ བར་བཞུགས་པ་བཅས་སོ།།

༩༤༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

དེ་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[25]། ཇོ་བོ་ཉིད་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ་དང་། དེ་ཉིད་ཤིན་ཏུ་བསྡུས་པ་དང་། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་རོ། །ཞེས་མཐུན་པར་བྱུང་ངོ་།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༨ ལྡེབ་ ༣༠༣ན༦ ནས་ ༣༠༤ན༦ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༩༥ ཚེག་ཁྱིམ་ ༧༧༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡༩ ལྡེབ་ ༣༥༣ན༡ ནས་ ༣༥༤ན༣ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༩༥ ཚེག་ཁྱིམ་ ༧༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༩ ལྡེབ་ ༣༤༨བ༥ ནས་ ༣༥༠ན༡ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༩༥ ཚེག་ཁྱིམ་ ༧༥༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༨ ལྡེབ་ ༣༡༠ན༥ ནས་ ༣༡༡ན༦ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༩༥ ཚེག་ཁྱིམ་ ༧༧༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༢༤ ནས་ ༡༨༢༦ བར་བཞུགས་པ་བཅས་སོ།།

༩༥༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། སཱུ་ཏྲཱ་རྠ་ས་མུཙྪ་ཡོ་པ་དེ་ཤ །བོད་སྐད་དུ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་གམ། མདོ་ཀུན་ལས་བཏུས་པའི་མན་ངག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། གཞུང་དངོས་ཀྱི་འགྱུར་བྱང་ལས[26]། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། སྡེ་བསྟན་དཀར་ཆག་ལས[27]། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །བསྟན་བཅོས་འདིའི་གཞུང་ཚིག་ནི་ཚིག་ལྷུག་མའི་བདག་ཉིད་ཅན་དུ་བཞུགས་ཤིང་། འདིའི་བརྗོད་བྱ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་པར་བྱ་བ་རྣམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་བུ་ལྟ་བུའི་ཆོས་ལྔ་བཅུའོ། །དེ་ཡང་དང་པོ་སྲོག་ལྟ་བུ་ལ་སོགས་པ་ནས་རིམ་པར་བཤད་པ་དང་། དེའི་ཞར་ལ་འོངས་པ་བར་དུ་གཅོད་པའི་ཆོས་ལྔ་བཅུ་དང་སུམ་ཅུ་རྩ་གཉིས་རྣམས་རིམ་པར་གསུངས་པ་ཞིག་གོ །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༩ ལྡེབ་ ༣༠༤ན༦ ནས་ ༣༠༦བ༦ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༢༠༦༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༢༠ ལྡེབ་ ༣༥༤ན༣ ནས་ ༣༥༦བ༨ བར་ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༢༠༧༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༠ ལྡེབ་ ༣༥༠ན༡ ནས་ ༣༥༣ན༡ བར་ཡིག་ཕྲེང་ ༤༢ ཚེག་ཁྱིམ་ ༢༠༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༩ ལྡེབ་ ༣༡༡ན༦ ནས་ ༣༡༤ན༡ བར་ཡིག་ཕྲེང་ ༣༨ ཚེག་ཁྱིམ་ ༢༠༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༢༨ ནས་ ༡༨༣༤ བར་བཞུགས་པ་བཅས་སོ།།

༩༦༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ད་ཤཱ་ཀུ་ཤ་ལ་ཀརྨ་པ་ཐཱ། བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། སྡེ་བསྟན་དཀར་ཆག་ལས[28]། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༠ ལྡེབ་ ༣༠༦བ༦ ནས་ ༣༠༧བ༧ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༨༨༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༢༡ ལྡེབ་ ༣༥༦བ༨ ནས་ ༣༥༨ན༤ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༨༩༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༡ ལྡེབ་ ༣༥༣ན༡ ནས་ ༣༥༤ན༦ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༨༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༠ ལྡེབ་ ༣༡༤ན༡ ནས་ ༣༡༥ན༣ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༨༨༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༣༦ ནས་ ༡༨༣༩ བར་བཞུགས་པ་བཅས་སོ།།

༩༧༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ཀརྨ་བིཿབྷཾ་ག་ནཱ་མ། བོད་སྐད་དུ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། སྡེ་བསྟན་དཀར་ཆག་ལས[29]། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༡ ལྡེབ་ ༣༠༨ན༡ ནས་ ༣༡༢བ༣ བར་ཡིག་ཕྲེང་ ༦༦ ཚེག་ཁྱིམ་ ༣༩༦༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༢༢ ལྡེབ་ ༣༥༨ན༥ ནས་ ༣༦༤ན༡ བར་ཡིག་ཕྲེང་ ༩༣ ཚེག་ཁྱིམ་ ༣༩༦༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༢ ལྡེབ་ ༣༥༤ན༦ ནས་ ༣༦༠ན༢ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༣༩༧༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༡ ལྡེབ་ ༣༡༥ན༣ ནས་ ༣༢༠ན༦ བར་ཡིག་ཕྲེང་ ༧༢ ཚེག་ཁྱིམ་ ༣༩༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༤༠ ནས་ ༡༨༥༢ བར་བཞུགས་པ་བཅས་སོ།།

༩༨༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ཙཱརྱ་སཾ་གྲ་ཧ་པྲ་དཱི་པ། བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ། མཛད་བྱང་ལས[30]།

ནེ་པ་ལ་ཡི་ཡུལ་དུ་ནི། །རང་གི་གྲོགས་པོས་བསྐུལ་ནས་བྱས། །

གསང་སྔགས་ལུགས་ལ་མི་མོས་ན། །འདི་ལྟར་མཛོད་ཅིག་སྠ་བི་ར། །

ཞེས་གསུངས་པ་ལྟར། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པའོ། །ཞེས་གསུངས་པ་ལྟར། སྤྱོད་པ་བསྡུས་པའི་སྒྲོན་མ་འདི་ཉིད་ཇོ་བོས་ནཻ་པཱ་ལ་སྟེ་བལ་ཡུལ་དུ་གྲོགས་པོའི་དོན་དུ་མཛད་པའོ། །དེ་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[31]། དེ་ནས་བལ་ཡུལ་གྱི་འོལ་ག་ཞེས་བྱ་བར་གནས་བརྟན་འོན་པ་ཞེས་བྱ་བ་ཇོ་བོའི་གྲོགས་པོ་ཞིག་གིས་ཡོན་བདག་བྱས་ནས་ཟླ་བ་གཅིག་བཞུགས། དེའི་དུས་སུ་གནས་བརྟན་འོན་པས་སྔགས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ཚང་བ་ཞིག་ཞུ་བ་ཕུལ་བས། གནས་བརྟན་སྔགས་ལ་མི་མོས་ཀྱང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་བྱང་ཆུབ་སྒྲུབ་པའི་ཐབས་ཡོད་གསུངས་ནས་སྤྱོད་པ་བསྡུས་པའི་སྒྲོན་མ་མཛད་དེ་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །ཞེས་བྱུང་བ་ལྟར། གཞུང་འདིར་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བྱང་ཆུབ་ཡོད་པར་བསྔགས་ཤིང་། དེའི་ལམ་ལས་དང་པོ་བས་ཉམས་སུ་ལེན་ཚུལ་རྣམས་གསུངས་པ་ཞིག་སྟེ། ཇོ་བོ་བོད་དུ་ཕེབས་སྐབས་བལ་ཡུལ་གྱི་འོལ་ག་ཞེས་པའི་ཡུལ་དུ་མཛད་པར་གསལ་ལོ།།

བསྟན་བཅོས་འདིའི་གཞུང་ཚད་ལ་ཚིགས་སུ་བཅད་པ་ཉེར་གཉིས་དང་རྐང་པ་གཅིག་གི་བདག་ཉིད་ཡིན་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་ཤིང་། གསེར་བྲིས་བསྟན་འགྱུར་[32]ནང་ཆོས་ཚན་འདི་ཉིད་མདོ་ ༼ཀི༽ ཤོག་གྲངས་ ༥༠༧ན། ༥༠༩ན། བར་དང་། ཡང་མདོ་ ༼གི༽ ཤོག་གྲངས་ ༦ན། ༧བ། བར་བཅས་ལན་གཉིས་སུ་གསལ་ལོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༢ ལྡེབ་ ༣༡༢བ༣ ནས་ ༣༡༣ན༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༨༨ ཚེག་ཁྱིམ་ ༦༩༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༢༣ ལྡེབ་ ༣༦༤ན༢ ནས་ ༣༦༥ན༦ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༨༨ ཚེག་ཁྱིམ་ ༧༠༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༢༣ ལྡེབ་ ༣༦༠ན༢ ནས་ ༣༦༡ན༣ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༨༨ ཚེག་ཁྱིམ་ ༧༠༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢༢ ལྡེབ་ ༣༢༠ན༧ ནས་ ༣༢༡ན༧ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༨༨ ཚེག་ཁྱིམ་ ༦༩༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༨༥༤ ནས་ ༡༨༥༦ བར་བཞུགས་པ་བཅས་སོ།།

༩༩༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ། མཛད་བྱང་ལས[33]། སྦྱིན་པར་བྱ་བའི་ཆོས་འདི་ནི་རབ་མཆོག་ཐེག་པ་ཆེན་པོའི་རྗེས་སུ་འབྲང་བ་ཤཱཀྱའི་གནས་བརྟན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཡིན་ནོ། །གང་འདིར་བསོད་ནམས་སུ་གྱུར་པ་དེ་མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་ཏེ། སེམས་ཅན་གྱི་ཚོགས་མཐའ་དག་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་གྱུར་ཅིག །ཐུབ་པའི་གསུང་རབ་རྒྱ་མཚོའི་བདུད་རྩིའི་བཅུད། །ལྟུང་དང་ཉོན་མོངས་ནད་གསོའི་སྨན་ཆེན་འདི། །ལྔ་བརྒྱའི་དུས་ན་བསྟན་པའི་སྲོག་འཛིན་པ། །ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པ་ཡིས། །དཔེ་མེད་གྲོང་དུ་སྐུ་འཁྲུངས་རྩོད་དུས་ཀྱི། །མཁས་པ་རྒྱལ་བ་ཀུན་དགའ་ལ་གསོལ་ནས། །ཡ་རབས་སྤྱོད་པ་མ་ཉམས་དད་དང་ལྡན། །པ་ཚབ་ལྡོང་གི་ས་སྐོར་ཞོགས་ཀྱི་སྟོང་། །མཁས་བཙུན་འབྱུང་གནས་དམ་པས་བྱིན་བརླབས་པ། །དཔལ་ལྡན་ཡ་གད་གཙུག་ལག་ཁང་ཆེན་དུ། །སྐད་གཉིས་སྨྲ་ལ་སེངྒེའི་སྒྲ་སྒྲོགས་པ། །ཤཱཀྱའི་དགེ་སློང་ཉི་མ་གྲགས་པ་དང་། །ཁུ་ཡི་བནྡེ་མདོ་སྡེ་འབར་གྱིས་བསྒྱུར། །དེས་བསྐྱེད་བསོད་ནམས་ཟླ་ལྟར་བསིལ་བ་ཡིས། །ཐུབ་པའི་འཁོར་བཞི་དང་ནི་འགྲོ་ཀུན་གྱི། །ལྟུང་དང་ཉོན་མོངས་གདུང་བ་ཞི་གྱུར་ཅིག །ཅེས་གསུངས་པ་ལྟར། པཎྜི་ཏ་རྒྱལ་བ་ཀུན་དགའ་དང༌། སྐད་གཉིས་སྨྲ་བའི་དགེ་སློང་ཉི་མ་གྲགས་པ་དང་། ཁུ་མདོ་སྡེ་འབར་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡ དགོངས་བསྟན་ ༣༨ ལྡེབ་ ༡ན༡ ནས་ ༡༩༨ན༧ བར་ཡིག་ཕྲེང་ ༢༧༥༤ ཚེག་ཁྱིམ་ ༡༨༡༠༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༡ དགོངས་བསྟན་ ༣༨ ལྡེབ་ ༡ན༡ ནས་ ༢༣༡ན༢ བར་ཡིག་ཕྲེང་ ༣༦༦༩ ཚེག་ཁྱིམ་ ༡༨༠༧༦༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡ དགོངས་བསྟན་ ༣༨ ལྡེབ་ ༡ན༡ ནས་ ༢༢༥བ༡ བར་ཡིག་ཕྲེང་ ༣༡༢༥ ཚེག་ཁྱིམ་ ༡༨༠༧༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡ དགོངས་བསྟན་ ༣༨ ལྡེབ་ ༡ན༡ ནས་ ༢༠༩བ༡ བར་ཡིག་ཕྲེང་ ༢༩༠༩ ཚེག་ཁྱིམ་ ༡༨༡༠༤༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༣ ནས་ ༤༩༠ བར་བཞུགས་པ་བཅས་སོ།།

༡༠༠༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། ཙིཏྟ་ཨུཏྤཱ་ད་སམྦ་ར་བི་དྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པའམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལགས་སོ། །(ཕྱི་འགྱུར།) སླད་ཀྱིས་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ། །འདིའི་བརྗོད་བྱ་ནི། ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་ཆོ་ག་དང་བསླབ་བྱ་རྣམས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༩ ལྡེབ་ ༢༤༥ན༢ ནས་ ༢༤༨བ༢ བར་ཡིག་ཕྲེང་ ༤༩ ཚེག་ཁྱིམ་ ༢༨༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༧ ལྡེབ་ ༢༨༣ན༡ ནས་ ༢༨༨ན༦ བར་ཡིག་ཕྲེང་ ༨༦ ཚེག་ཁྱིམ་ ༢༩༠༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༧ ལྡེབ་ ༢༧༣ན༡ ནས་ ༢༧༦བ༧ བར་ཡིག་ཕྲེང་ ༥༦ ཚེག་ཁྱིམ་ ༢༨༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༩ ལྡེབ་ ༣༥༦ན༣ ནས་ ༢༥༩བ༣ བར་ཡིག་ཕྲེང་ ༥༠ ཚེག་ཁྱིམ་ ༢༨༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༦༦༧ ནས་ ༦༧༥ བར་བཞུགས་པ་བཅས་སོ།།

༡༠༡༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། ཨཱ་པཏྟི་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཆོ་ག །སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༤ ལྡེབ་ ༢༥༥ན༣ ནས་ ༢༥༥བ༢ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༡༢ ལྡེབ་ ༢༩༧ན༤ ནས་ ༢༩༧བ༧ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༣༦༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༢ ལྡེབ་ ༢༨༤ན༤ ནས་ ༢༨༤ན༤ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༤ ལྡེབ་ ༣༦༦ན༣ ནས་ ༢༦༦བ༣ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༤༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༧༠༠ ནས་ ༧༠༡ བར་བཞུགས་པ་བཅས་སོ།།

༡༠༢༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[34]། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༥ ལྡེབ་ ༢༥༥བ༣ ནས་ ༢༥༦ན༢ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༡༩ ལྡེབ་ ༣༠༤བ༦ ནས་ ༣༠༥ན༨ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༣༦༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༩ ལྡེབ་ ༢༩༠ན༤ ནས་ ༢༩༠བ༥ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༣༦༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༥ ལྡེབ་ ༣༦༦བ༣ ནས་ ༢༨༧ན༢ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༦༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༧༠༣ ནས་ ༧༠༤ བར་བཞུགས་པ་བཅས་སོ།།

༡༠༣༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་[35]གདབ་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སྷོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[36]། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༦ ལྡེབ་ ༢༥༦ན༢ ནས་ ༢༥༦བ༡ བར་ཡིག་ཕྲེང་ ༧ ཚེག་ཁྱིམ་ ༣༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༡༦ ལྡེབ་ ༣༠༡བ༢ ནས་ ༣༠༢ན༥ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༣༨༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༦ ལྡེབ་ ༢༨༧བ༣ ནས་ ༢༨༨ན༤ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༣༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༦ ལྡེབ་ ༣༦༧ན༢ ནས་ ༢༨༧བ༣ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༦༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༧༠༦ ནས་ ༧༠༧ བར་བཞུགས་པ་བཅས་སོ།།

༡༠༤༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། གུ་རུ་ཀྲི་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི་རིམ་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[37]། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བར་གསལ་ལོ། །བསྟན་བཅོས་འདི་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་རྗེས་སུ་མཐུན་པའི་ལུས་ཤིན་ཏུ་ཉུང་ངུ་ཞིག་དང་། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༧ ལྡེབ་ ༢༥༦བ༢ ནས་ ༢༥༧ན༤ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༥༡༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས། ༼ཁི༽ ཚན་གྲངས་ ༡༧ ལྡེབ་ ༣༠༢ན༥ ནས་ ༣༠༣ན༤ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༥༣༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡༧ ལྡེབ་ ༢༨༨ན༤ ནས་ ༢༨༨བ༧ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༥༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼གི༽ ཚན་གྲངས་ ༡༧ ལྡེབ་ ༣༦༧བ༢ ནས་ ༢༦༨ན༣ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༥༡༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༧༠༩ ནས་ ༧༡༡ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༣༤༢ ནས་ ༣༤༥ བར་གསལ་བའི་དབུ་མའི་མན་ངག་ཅེས་བྱ་བ། པེ་ཅིན་པར་མ་གཞིར་བཟུང་ནས་སྣར་ཐང་དང་དཔེ་བསྡུར་བྱས་པ་ཞིག་ཡིན་པ་དང་། ཆོས་ཚན་འདི་ཉིད་པར་མ་བཞི་ཀར་བཞུགས་སྟབས་བསྐྱར་ཟློས་སུ་མི་ཡོང་སླད་འདིས་འཐུས་པར་བྱས་པ་ཡིན།

[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས་ ༢༨༥

[3] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༣༦ན༡

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས་ ༣༣༧

[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༩༥༤

[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༩༥༤

[7] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥

[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༩༥ ནས་ ༡༧༩༨ བར་གསལ་བ་པེ་ཅིན་པར་མ་གཞིར་བཟུང་ནས་སྣར་ཐང་དང་དཔེ་བསྡུར་བྱས་པ་ཞིག་ཡིན་པ་དང་། ཆོས་ཚན་འདི་ཉིད་པར་མ་བཞི་ཀར་བཞུགས་སྟབས་བསྐྱར་ཟློས་སུ་མི་ཡོང་སླད་འདིས་འཐུས་པར་བྱས་པ་ཡིན།

[9] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༤༢

[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༡༦༤༨

[11] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༨༩

[12] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༥

[13] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༥༥ ལོ། ཤོག་གྲངས། ༡༧༧༤

[14] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༡༧༨༣

[15] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༥༧

[16] ཨ་ཏི་ཤས་མཛད་པའི་ཆོས་ཚན་བཅུ་གཅིག །ཝཱར་ཎ་དཔེ་མཛོད། ༡༩༩༢ ལོ། ཤོག་གྲངས་ ༣༡

[17] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༥༦༢

[18] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༤༤བ༦

[19] བཀའ་གདམས་ཕ་ཆོས། གླེགས་བམ། ༼ཁ༽ ཤིང་དཔར། ༡༩༨༢ ལོ། ཤོག་གྲངས་ ༡༩༨

[20] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་ ༡༧༨༧-༡༧༩༠

[21] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༠༩

[22] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༨༠༣

[23] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༡༨༠༨

[24] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༣

[25] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༡༤ན༡ གོང་མ།

[26] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༨༣༤

[27] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༤

[28] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༤

[29] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༤

[30] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༥ ལོ། ཤོག་གྲངས། ༡༨༥༦

[31] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡ན༣བ༣

[32] གསེར་བྲིས་བསྟན་འགྱུར་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༤༩༥། ༤༩༩

[33] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ པ། ༡༩༩༥ ལོ། ཤོག་གྲངས། ༤༨༩

[34] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༩༣

[35] སྣར་ཐང་པེ་ཅིན་པར་མ་གཉིས་སུ་སཱཙྪ་ཞེས་གསལ་ཞིང་། སྡེ་དགེ་དང་ཅོ་ནེ་གཉིས་སུ་ཚ་ཚ་ཞེས་གསལ། ལེགས་སྦྱར་ནང་སཱཉྩ་ཞེས་པ་ཉིད་སྒྲ་ཟུར་ཆག་སྟེ་ཕྱིས་ཚ་ཚ་ཞེས་བྱུང་བ་སྐྱོགས་ལོའི་ལི་ཤིའི་གུར་ཁང་དུ་གསུངས་སོ།།

[36] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༩༣

[37] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༩༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༥ ནས་ ༡༣༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *