ཆོས་བློན་ཆེན་པོ་ཐོན་མི་སམྦྷོ་ཊ་ལ་གསོལ་བ་འདེབས་པ།
ཀུན་མཁྱེན་པདྨ་དཀར་པོས་མཛད།
རྒྱལ་བའི་སྲས་པོ་འཕགས་པ་འཇམ་པའི་དབྱངས། །
གངས་ཅན་པ་ལ་ལྷག་པའི་ཐུགས་རྗེའི་གཟུགས། །
སྔོན་མེད་ཡི་གེའི་སྲོལ་འབྱེད་སམྦྷོ་ཊ། །
ཆོས་བློན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །
མགོན་གྱི་དམ་པའི་ཆོས་ཀྱི་ཚིག་སྙན་པ། །
བོད་ལ་བོད་ཀྱིས་བསྙད་འོས་ལེགས་གཟིགས་ནས། །
སཾ་སྐྲྀ་ཏ་ལས་འདི་ལྟར་བསྒྱུར་ཐོབ་ཅེས། །
མཁས་པའི་ཚོགས་ལ་བསླབས་དེར་གསོལ་བ་འདེབས། །
དེ་ལྟར་ཁྱོད་ལ་གུས་པའི་གསོལ་འདེབས་པ། །
བདག་སོགས་སྐྱེ་བ་ཀུན་ཏུ་ཁྱེད་ཇི་བཞིན། །
རིག་གནས་ཤེས་བྱ་ཀུན་ལ་མཁས་པ་ཡིས། །
འགྲོ་ལ་ཕན་བདེ་རྟག་ཏུ་སྦྱིན་གྱུར་ཅིག །
ཅེས་པ་འདི་ཡང་ཆོས་བློན་ཆེན་པོ་ཐོན་མི་སམྦྷོ་ཊ་ལ་གསོལ་བ་འདེབས་པ་པདྨ་དཀར་པོས་སྦྱར་བའོ།།

བསྟོད་པ་འདི་ཉིད་ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ། པོད་ ༼ཐ༽ པའི་ལེ་ཚན་ཀ་པར་བཞུགས་སོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།