ཅ༽ ཟླ་བ་གྲགས་པའི་གསུང་བཟང་གི་མ་དཔེ་མ་རྙེད་པ།

ཅ༽ གསུང་བཟང་གི་མ་དཔེ་མ་རྙེད་པ།

 

དེ་ཡང་། ༡༽ ཀརྨ་པ་རང་བྱུང་རྡོ་རྗེའི་ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག་ལས[1]། ཟླ་བ་གྲགས་པས་མཛད་པ་ (མ་དཔེ་ལས་མི་གསལ།) དག་གཉིས་པ། ཞེས་བྱུང་ཡང་འདིའི་མ་དཔེ་མ་རྙེད་པས་མ་འོངས་པར་རྙེད་མཚམས་ཞལ་སྐོང་ཞུ་དགོས་ལ། ༢༽ སྒྲ་གཞུང་ཀུན་ཏུ་བཟང་པོ་ནི་རིང་མིན་ཉམས་པ་རྣམ་ཐར་གྱི་སྐབས་སུ་རྒྱས་པར་བཀོད་ཟིན་པ་ལྟར་རོ།།

༣༽ གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (C.600-650) མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་བླ་མེད་ལུགས་སུ་བཀྲལ་བ་ཞིག་ཡོད་གནས་ཐོས་པ་ལྟར་བསྟན་འགྱུར་དཀར་ཆག་ཏུ་འཚོལ་ཞིབ་ཞུས་པར། བསྟན་འགྱུར་རྒྱུད་ ༼གུ༽ པའི་ཆོས་ཚན། ༡༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་པ། སློབ་དཔོན་ཆེན་པོ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་འདི་ཉིད་མཚན་གྱི་ཆ་ཤས་འདྲ་བ་ལས། དེ་མིན་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ཞིག་བསྟན་འགྱུར་དུ་མི་བཞུགས་སོ།།

མདོར་ན། དཔལ་ལྡན་ཟླ་བ་གྲགས་པའི་གསུང་བསྟན་འགྱུར་ནང་བཞུགས་པའི་བསྟན་བཅོས་གྲངས་ ༡༨ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢ བཅས་བསྟན་བཅོས་གྲངས་ ༢༠ ལྗགས་རྩོམ་མཛད་པ་ལས། ད་ལན་འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༨ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ང༽ དཔེ་རིང་། ཤོག་གྲངས་ ༧ན༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡ ནས་ ༤༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *