དབང་ལུང་མན་ངག་གི་རྒྱུན་གསན་བཞེས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས།
ཞི་དུལ་བག་ཡོད་དྲང་སྲོང་ཆེན་པོའི་སྐུ།།
ས་སྟེང་རིན་ཆེན་ཟབ་རྒྱས་ལེགས་བཤད་གསུང་།།
ཉམས་རྟོགས་ཡོན་ཏན་རྒྱན་གྱིས་མཛེས་པའི་ཐུགས།།
བསམ་ཞིང་དྲན་པས་དད་གུས་ཐལ་མོ་སྦྱོར།།
ངོས་རང་ལ་དྭགས་སུ་འབྱོར་བའི་སྐབས་ཤིག་ལ་ཁྲི་ཟུར་རིན་པོ་ཆེས་འཇིགས་བྱེད་བསྙེན་ཆེན་གྲུབ་མ་ཐག་ཡིན་པ་སྐུ་མདུན་དུ་བཅར་ནས་བསྙེན་ཆེན་གནང་སའི་བཞུགས་གདན་དེ་ག་རང་གི་ཐོག་ནས་གསུང་ཆོས་ཞུས་ཤིང་།
གཞན་དུ་ཡང་། ཀླུ་སྒྲུབ་གསུང་བསྟོད་ཚོགས་ཆ་ཚང་། སྐྱེས་རབས་དང་ཐོགས་མེད་ཀྱི་བྱང་ས། ཚོམས། འགྲེལ་པ་བུདྡྷ་པཱ་ལི་ཏ་དང་དབུ་མ་ཚིག་གསལ། སེམས་ཅན་མགུ་བར་བྱེད་པའི་བསྟོད་པ་བཅས་ཀྱི་ལུང་ཐོབ་སྟེ་ཧ་ཅང་སྐལ་བ་བཟང་པོ་ཡིན། བློས་ཁེལ་བའི་བླ་མ་བསམ་གྱིས་མི་ཁྱབ་པ་རེད།
ཅེས་གསུངས་པ་ལྟར། ལྡུམ་ར་བསམ་གཏན་གླིང་དགོན་དུ་བདེ་བར་གཤེགས་པ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་རི་རྫོང་རིན་པོ་ཆེ་མཆོག་གིས་འཇིགས་བྱེད་བསྙེན་ཆེན་ལོ་གསུམ་བཞུགས་གནས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་འབྲེལ་མཛད་སའི་སྒྲུབ་ཁང་བྱིན་རླབས་ཚན་ཁ་འབར་བའི་གཞལ་ཡས་ཁང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲི་ཟུར་རིན་པོ་ཆེའི་འཇིགས་བྱེད་བསྙེན་ཆེན་བཞུགས་སར་ཆིབས་སྒྱུར་གནང་སྐབས།
༸སྐྱབས་རྗེ་ཁྲི་ཟུར་རྡོ་རྗེ་འཆང་རི་རྫོང་རིན་པོ་ཆེ་མཆོག་ལོ་གསུམ་ལྷག་འཇིགས་བྱེད་བསྙེན་ཆེན་བཞུགས་ས།
འཇིགས་བྱེད་བསྙེན་ཆེན་སྐབས་སྦྱིན་སྲེག་འབུལ་ས།

ཡོང་ཁུངས། https://www.facebook.com/photo?fbid=1345754769392776&set=pcb.1345756266059293

Leave a Reply

Your email address will not be published. Required fields are marked *