གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག
ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག
གཅིག །རྒྱུད་ཀྱི་སྐོར།
༡༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ཙཏུར་པཱི་ཋ་ཡོ་ག་ཏནྟྲ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས། སློབ་དཔོན་རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༣ ལྡེབ་ ༧༣བ། ཕྲེང་ ༥ ནས་ ༨༢ན ཕྲེང་ ༥ བར་ཡིག་ཕྲེང་ ༡༡༩ ཚེག་ཁྱིམ་ ༦༨༨༢ བཅས་དང་། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༣ ལྡེབ་ ༩༡ན། ཕྲེང་ ༤ ནས་ ༡༠༡ན། ཕྲེང་ ༧ བར། ཡིག་ཕྲེང་ ༡༦༥ ཚེག་ཁྱིམ་ ༦༨༣༩ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༣ ལྡེབ་ ༨༡ན། ཕྲེང་ ༢ ནས་ ༩༠ན། ཕྲེང་ ༤ བར། ཡིག་ཕྲེང་ ༡༢༩ ཚེག་ཁྱིམ་ ༦༨༡༨ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས། ༣ ལྡེབ་ ༧༣བ། ཕྲེང་ ༥ ནས་ ༧༢ན། ༤ བར། ཡིག་ཕྲེང་ ༡༡༩ ཚེག་ཁྱིམ་ ༦༨༨༢ ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པའི་ཤོག་གྲངས་ ༡༩༢ ནས་ ༢༡༢ བར་བཞུགས་པ་བཅས་སོ།།
༢༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཛྙཱ་ན་ཤྭ་རི་སཱ་དྷ་ན་ནཱ་མ། བོད་སྐད་དུ། (གདན་བཞིའི་མན་ངག་མདོར་བསྡུས་པ་) ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། འཕགས་པ་ལྷས་མཛད་པ། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བའོ། །ཕྱིས་པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ནས་རྒྱ་དཔེ་ལ་ཞུ་ཏིག་བྱས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༥ ལྡེབ་ ༡༠༣བ། ཕྲེང་ ༦ ནས་ ༡༡༣ན། ཕྲེང་ ༣ བར། ཡིག་ཕྲེང་ ༡༣༡ ཚེག་ཁྱིམ། ༡༥༡༢ ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༥ ལྡེབ་ ༡༢༩ན། ཕྲེང་ ༧ ནས་ ༡༤༡བ། ཕྲེང་ ༨ བར། ཡིག་ཕྲེང་ ༢༠༢ ཚེག་ཁྱིམ་ ༧༥༡༡ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༥ ལྡེབ་ ༡༡༤ན། ཕྲེང་ ༥ ནས་ ༡༢༥ན། ཕྲེང་ ༡ བར། ཡིག་ཕྲེང་ ༡༥༡ ཚེག་ཁྱིམ་ ༧༤༩༢ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༥ ལྡེབ་ ༡༠༣བ། ཕྲེང་ ༦ ནས་ ༡༡༣ན། ཕྲེང་ ༣ ཡིག་ཕྲེང་ ༡༣༡ ཚེག་ཁྱིམ་ ༧༥༡༢ ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པའི་ཤོག་གྲངས་ ༢༧༦ ནས་ ༢༩༨ བར་བཞུགས་པ་བཅས་སོ།།
༣༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ཙ་ཏུཿཔཱི་ཋ་ཏནྟྲ་རཱ་ཛ་སྱ་མཎྜ་ལོ་པཱ་ཡི་ཀ་བི་དྷི་པཎྜི་སཱ་ར་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་གཞུང་ཚད་ཆོ་ག་ཉི་ཤུ་རྩ་བརྒྱད་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༦ ཆོ་ག་ ༢༨ ལྡེབ་ ༡༡༣ན། ཕྲེང་ ༤ ནས་ ༡༣༨ན། ཕྲེང་ ༡ བར། ཡིག་ཕྲེང་ ༣༤༨ ཚེག་རྐང་། ༧-༢༣༥༠ ཚེག་ཁྱིམ་ ༡༩༥༧༡ ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༦ ཆོ་ག ༢༨ ལྡེབ་ ༡༤༢ན། ཕྲེང་ ༡ ནས་ ༡༧༢བ། ཕྲེང་ ༨ བར། ཡིག་ཕྲེང་ ༤༩༦ ཚིག་རྐང་ ༧-༢༣༥༠ ཚེག་ཁྱིམ་ ༡༩༥༨༨ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༦ ཆོ་ག ༢༨ ལྡེབ་ ༡༢༥ན། ཕྲེང་ ༡ ནས་ ༡༥༣བ། ཕྲེང་ ༣ བར། ཡིག་ཕྲེང་ ༤༠༢ ཚིག་རྐང་ ༧-༢༣༥༠ ཚེག་ཁྱིམ་ ༡༩༥༨༨ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༦ ཆོ་ག་ ༢༨ ལྡེབ་ ༡༡༣ན། ཕྲེང་ ༣ ནས་ ༡༣༨ན། ཕྲེང་ ༡ བར། ཡིག་ཕྲེང་ ༣༤༩ ཚིག་རྐང་ ༧-༢༣༥༠ ཚེག་ཁྱིམ་ ༡༩༥༧༡ ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པའི་ཤོག་གྲངས་ ༣༠༣ ནས་ ༣༦༤ བར་བཞུགས་པ་བཅས་སོ།།
༤༽ རྒྱུད་ ༼ཡ༽ པ་ལ། དཔལ་གདན་བཞི་པའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ། སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །འདི་ལ་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༧ ལྡེབ་ ༡༣༨བ། ཕྲེང་ ༡ ནས་ ༡༤༢ན། ཕྲེང་ ༣ བར། ཡིག་ཕྲེང་ ༥༩ ཚིག་རྐང་། ༧-༧༠ ཚེག་ཁྱིམ། ༣༡༩༣ ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༧ ལྡེབ་ ༡༧༣ན། ཕྲེང་ ༡ ནས་ ༡༧༧བ། ཕྲེང་ ༦ བར། ཡིག་ཕྲེང་ ༧༨ ཚིག་རྐང་། ༧-༧༠ ཚེག་ཁྱིམ་ ༣༡༧༦ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༧ ལྡེབ་ ༡༣༨ན། ཕྲེང་ ༡ ནས་ ༡༥༨ན། ཕྲེང་ ༧ བར། ཡིག་ཕྲེང་ ༦༨ ཚིག་རྐང་ ༧-༧༠ ཚེག་ཁྱིམ་ ༣༡༧༦ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༧ ལྡེབ་ ༡༣༨ན། ཕྲེང་ ༡ ནས་ ༡༤༢ན། ཕྲེང་ ༣ ཡིག་ཕྲེང་ ༥༩ ཚིག་རྐང་ ༧-༧༠ ཚེག་ཁྱིམ་ ༣༡༩༣ ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པའི་ཤོག་གྲངས་ ༣༧༢ ནས་ ༣༨༢ བར་བཞུགས་པ་བཅས་སོ།།
༥༽ རྒྱུད་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། བཛྲ་གྷཎྚ་པཱུ་ཛ་ཀྲ་མ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ། སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ། །ཞེས་པ་ལས་གཞུང་འདིར་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༨ ལྡེབ་ ༡༤༢ན། ཕྲེང་ ༣ ནས་ ༡༤༣ན། ཕྲེང་ ༧ བར། ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༡༢༦ ཚེག་ཁྱིམ། ༡༠༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼འ༽ ཚན་གྲངས་ ༨ ལྡེབ་ ༡༧༧བ། ཕྲེང་ ༧ ནས་ ༡༧༩ན། ཕྲེང་ ༥ བར། ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༢༦ ཚེག་ཁྱིམ་ ༡༠༦༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༨ ལྡེབ་ ༡༥༨ན། ཕྲེང་ ༧ ནས་ ༡༥༩བ། ཕྲེང་ ༥ བར། ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༢༦ ཚེག་ཁྱིམ་ ༡༠༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཡ༽ ཚན་གྲངས་ ༨ ལྡེབ་ ༡༤༢ན། ཕྲེང་ ༣ པ་ནས་ ༡༤༣ན། ཕྲེང་ ༧ ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༡༢༦ ཚེག་ཁྱིམ་ ༡༠༦༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཡ༽ དེབ་ཨང་ ༡༣ པའི་ཤོག་གྲངས་ ༣༨༤ ནས་ ༣༨༧ བར་བཞུགས་པ་བཅས་སོ།།
༦༽ རྒྱུད་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། པྲ་དཱིཔྟ་ན་ནཱ་མ་ཊཱི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད། སྡེ་བསྟན་དཀར་ཆག་ལས[3]། སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་དང་པོའི་འགྲེལ་བཤད། སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ་འདི་བོད་མ་འདྲ་བར་འདུག་ནའང་སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བྲིས་སོ། །ཞེས་བྱུང་བ་ལྟར། འདིར་ཡང་དེ་ཉིད་གཞིར་བཟུང་ཕྱོགས་བསྒྲིགས་ཞུས་ཤིང་། དེ་བཞིན་བུ་སྟོན་ཆོས་འབྱུང་ལས་[4]ཀྱང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་། སྒྲོན་གསལ་གྱི་འགྲེལ་བཤད་སློབ་དཔོན་འཕགས་པ་ལྷས་མཛད་པ་འདི་གཉིས་ཐེ་ཚོམ་གྱི་གཞིའོ། །ཞེས་གསལ་ལ། གཞུང་གི་མཇུག་བྱང་ལས[5]།
གང་གིས་བློ་དམན་དོན་དུ་རྒྱུད་ཆེན་འགྲེལ། །
ལེགས་བརྩམས་དེ་ལས་གསལ་བར་མ་གྱུར་པ། །
དེ་འདིར་བདག་གིས་ཅུང་ཟད་ལེགས་པར་བཀྲོལ། །
དམན་པ་རྣམས་ཀྱི་དོན་དུ་བལྟ་བར་གྱིས། །
སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་འགྲེལ་བཤད། སློབ་དཔོན་ཨཱ་རྱ་དེ་བས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་སོགས་གང་ཡང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
རྗེ་བདག་ཉིད་ཆེན་པོས་མཛད་པའི་རིམ་ལྔ་གསལ་སྒྲོན་ལས[6]། སྒྲོན་གསལ་གྱི་འགྲེལ་བཤད་ཨཱརྱ་དེ་བས་བྱས་ཟེར་བ་ཡང་འཕགས་པ་ལྷ་དང་མིང་མཐུན་པ་ཞིག་སྟེ། རྡོག་ཨཱརྱ་དེ་བ་མིན་པར་སྣང་ངོ༌། །ཞེས་གསུངས་པ་ལྟར། སློབ་དཔོན་ཨཱཪྻ་དེ་བས་མཛད་པར་གྲགས་པའི་སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད་ཀྱི་བརྩམ་པར་དམ་བཅའ་ལས[7]།
སེམས་ཅན་གང་དག་རྒྱལ་བ་ཡིས་གསུངས་ལེགས་པའི་དོན་ལ་རབ་རྨོངས་པ། །དེ་གསལ་ཕྱིར་ནི་ཟླ་བ་གྲགས་པས་སྒྲོན་མ་གསལ་བའི་རྒྱ་ཆེར་འགྲེལ་པ་མཛད། །སེམས་ཅན་བློ་དམན་ཁ་ཅིག་དོན་དེ་ཉིད་ལ་རྨོངས་གྱུར་པས། །ཉི་མ་སྣང་བ་ལ་སོགས་ཐུན་མོང་ཁྱད་པར་རྒྱ་ཆེར་འགྲེལ་པ་བརྩམས། །འདོད་རྒྱལ་དབང་གིས་ལེགས་པའི་དོན་གསུངས་ལེགས་པར་གསལ་བྱས་ཀྱང༌། །རྨོངས་པའི་དབང་གིས་རྒྱུད་དོན་ནུས་པ་མ་མཐོང་དེ་ཕྱིར་འདི་ལ་དགའ་བ་མཆོག་སྐྱེས་ནས། །བློ་དམན་དོན་དུ་བདག་གིས་ཅུང་ཟད་བཤད་པར་བྱ། །འདི་ནི་མི་མཁས་གང་ཞིག་གིས། །སྔོན་དུ་བསྟན་བཅོས་མ་རྙེད་པར། །གང་ཡིན་པ་ནི་ཕྱིས་རྙེད་པ། །གང་ཡིན་དེ་ནི་ཡ་མཚན་ཏེ། །དེ་འདིར་བདག་གིས་རྣམ་པར་དབྱེ། །ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པས་སྒྲོན་མ་གསལ་བའི་རྒྱ་ཆེར་འགྲེལ་པ་མཛད་པར་གསལ་བས། བསྟན་བཅོས་འདི་ཉིད་ཀྱི་མཛད་པ་པོ་དང་། སློབ་དཔོན་ཟླ་བ་གྲགས་པ་གཉིས་བྱོན་སྔ་ཕྱིའི་ཆ་ནས་འགྲིག་དཀའ་བས་དཔྱད་དགོས་ལ། དཔལ་ལྡན་ཟླ་གྲགས་དུས་ནམ་བྱོན་པ་དང་། ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་གྱི་དཔྱད་པ་ཞིབ་ཕྲ་ཟུར་དུ་ཟླ་གྲགས་ཀྱི་རྣམ་ཐར་གྱི་སྐབས་སུ་བྱས་པ་དེར་གཟིགས་པར་འཚལ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཁི༽ ཚན་གྲངས་ ༢ ལྡེབ་ ༡༥༥ན། ཕྲེང་ ༦ ནས་ ༢༠༥ན། ཕྲེང་ ༧ བར། ཡིག་ཕྲེང་ ༧༠༢ ཚེག་ཁྱིམ། ༤༣༢༡༥ ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཀི༽ ཚན་གྲངས་ ༡ ལྡེབ་ ༡ན། ཕྲེང་ ༡ ནས་ ༦༡བ། ཕྲེང་ ༥ བར། ཡིག་ཕྲེང་ ༧༠༢ ཚེག་ཁྱིམ་ ༤༣༠༨༧ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཀི༽ ཚན་གྲངས་ ༡ ལྡེབ་ ༡ན། ཕྲེང་ ༡ ནས་ ༥༧བ། ཕྲེང་ ༥ བར། ཡིག་ཕྲེང་ ༧༩༡ ཚེག་ཁྱིམ་ ༤༣༠༨༥ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཁི༽ ཚན་གྲངས་ ༢ ལྡེབ་ ༡༥༥ན། ཕྲེང་ ༤ ནས་ ༢༠༥ན། ཕྲེང་ ༧ ཡིག་ཕྲེང་ ༧༠༤ ཚེག་ཁྱིམ་ ༤༣༢༡༦༦ ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཁི༽ དེབ་ཨང་ ༡༧ པའི་ཤོག་གྲངས་ ༤༠༣ ནས་ ༥༢༦ བར་གསལ་བ་བཅས་སོ།།
༧༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཙཱརྱ་མེ་ལཱ་པ་ན་པྲ་དཱི་པཾ། བོད་སྐད་དུ། (རིམ་ལྔའི་དོན་འགྲེལ་) སྤྱོད་པ་བསྡུས་པའི་སྒྲོན་མ། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིའི་གཞུང་ཚད་ལ་ཤླཽ་ཀ་སྟོང་སུམ་བརྒྱ་པའོ། །ཕྱག་དཔེ་གཉིས་ལ་གཏུགས་སོ། །ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས། དེ་ཡང་གཞུང་འདིའི་རྩ་བའི་མ་དཔེ་གཅིག་རང་རྙེད་པ་དེའི་སྟོད་ཆ་ལེའུ་དང་པོ་ནས་ལྔ་པའི་བར་ (ཨང་གྲངས་ ༤༨༣༧ ཤོག་གྲངས་ ༣༧) ཀལཏྟཱར་ཡོད་པའི་ཨེ་ཤི་ཡཱ་ཊིཀ་སོསཱཡིཊི་ཞེས་པའི་དཔེ་མཛོད་ནས་རྡོ་རྗེ་ཐེག་པའི་སྒྲུབ་ཐབས་ཀྱི་ཡན་ལག་ཅེས་པའི་མཚན་ཐོག་རྙེད་སོན་བྱུང་ཞིང་། དེའི་སྨད་ཆ་ཐེ་ཚོམ་ཡོངས་སུ་གཅོད་པ་ཞེས་བྱ་བའི་མཚན་ཐོག་ལེའུ་དྲུག་པ་ནས་བཅུ་གཅིག་བར་ (ཨང་གྲངས་ ༣-༣༦༣ ཤོག་གྲངས་ ༣༦) བལ་ཡུལ་རྒྱལ་ཡོངས་དཔེ་མཛོད་ཁང་ནས་རྙེད་སོན་བྱུང་། ཞེས་གསལ་ལོ།།[8]
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལེའུ་ ༡༡ ལྡེབ་ ༥༧ན། ཕྲེང་ ༢ ནས་ ༡༠༦བ། ཕྲེང་ ༧ བར། ཡིག་ཕྲེང་ ༦༩༩ ཚེག་ཁྱིམ། ༣༨༦༥༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༨ ལེའུ་ ༡༡ ལྡེབ་ ༦༤ན། ཕྲེང་ ༡ ནས་ ༡༢༡བ། ཕྲེང་ ༣ བར། ཡིག་ཕྲེང་ ༩༢༣ ཚེག་ཁྱིམ་ ༣༨༦༣༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༨ ལེའུ་ ༡༡ ལྡེབ་ ༦༢བ། ཕྲེང་ ༢ ནས་ ༡༡༨བ། ཕྲེང་ ༥ བར། ཡིག་ཕྲེང་ ༧༨༨ ཚེག་ཁྱིམ་ ༣༨༦༤༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལེའུ་ ༡༡ ལྡེབ་ ༥༨ན། ཕྲེང་ ༢ ནས་ ༡༠༧བ། ཕྲེང་ ༧ ཡིག་ཕྲེང་ ༦༩༩ ཚེག་ཁྱིམ་ ༣༨༦༥༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༡༦༡ ནས་ ༢༨༢ བར་གསལ་བ་བཅས་སོ།།
༨༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཙིཏྟཱ་བ་ར་ཎ་བི་ཤོ་དྷ་ནཱ་མ་པྲ་ཀཱ་ར་ཎཾ། བོད་སྐད་དུ། སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་ལམ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། ཨཱ་ཙཱརྱ་ཛྙཱ་ན་ཀ་ར་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༡༠༦བ། ཕྲེང་ ༧ ནས་ ༡༡༢ན། ཕྲེང་ ༣ བར། ཡིག་ཕྲེང་ ༧༤ ཚིག་རྐང་ ༧-༥༤༧ ཚེག་ཁྱིམ། ༣༨༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༩ ལྡེབ་ ༡༢༡བ། ཕྲེང་ ༣ ནས་ ༡༢༧ན། ཕྲེང་ ༨ བར། ཡིག་ཕྲེང་ ༩༣ ཚིག་རྐང་ ༧-༥༤༥ ཚེག་ཁྱིམ་ ༣༩༠༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༩ ལྡེབ་ ༡༡༨བ། ཕྲེང་ ༥ ནས་ ༡༢༤བ། ཕྲེང་ ༢ བར། ཡིག་ཕྲེང་ ༨༢ ཚིག་རྐང་ ༧-༥༤༥ ཚེག་ཁྱིམ་ ༣༩༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༡༠༧བ། ཕྲེང་ ༧ ནས་ ༡༡༣ན། ཕྲེང་ ༣ ཡིག་ཕྲེང་ ༧༤ ཚིག་རྐང་ ༧-༥༤༧ ཚེག་ཁྱིམ་ ༣༨༩༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༢༩༡ ནས་ ༣༠༣ བར་གསལ་བ་བཅས་སོ།།
༩༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། སྭཱ་དྷི་ཥྛཱ་ན་ཀྲ་མ་པྲ་བྷེ་དཾ། བོད་སྐད་དུ། སྒྱུ་ལུས་ཀྱི་དོན་འགྲེལ། བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་བྱུང་། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །འོན་ཀྱང་མངོན་པར་བྱང་ཆུབ་པའི་གཞུང་གཤམ་དུ་ཡོད་པས་དེར་གཟིགས་པར་འཚལ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༡༡ན། ཕྲེང་ ༣ ནས་ ༡༡༤བ། ཕྲེང་ ༡ བར། ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༢༤༦། ༩-༤། ༡༡-༢༤ ཚེག་ཁྱིམ། ༡༨༧༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༡༠ ལྡེབ་ ༡༢༧ན། ཕྲེང་ ༨ ནས་ ༡༣༠ན། ཕྲེང་ ༤ བར། ཡིག་ཕྲེང་ ༤༥ ཚིག་རྐང་ ༧-༢༡༤། ༩-༤། ༡༡-༢༤ ཚེག་ཁྱིམ་ ༡༨༥༠ ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༡༠ ལྡེབ་ ༡༢༤བ། ཕྲེང་ ༢ ནས་ ༡༢༧ན། ཕྲེང་ ༧ བར། ཡིག་ཕྲེང་ ༤༠ ཚིག་རྐང་ ༧-༢༡༤། ༩-༤། ༡༡-༢༤ ཚེག་ཁྱིམ་ ༡༨༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༡༡༣ན། ཕྲེང་ ༣ ནས་ ༡༡༥བ། ཕྲེང་ ༡ བར། ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༢༡༤། ༩-༤། ༡༡-༢༤ ཚེག་ཁྱིམ་ ༡༨༧༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༣༠༦ ནས་ ༣༡༢ བར་བཞུགས་པ་བཅས་སོ།།
༡༠༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཨ་བྷི་བོ་དྷི་ཀྲ་མ་ཨུ་པ་དེ་ཤ །བོད་སྐད་དུ། འོད་གསལ་གྱི་དོན་འགྲེལ། མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག །མཛད་བྱང་ལས[9]། །འཕགས་པ་ཀླུ་སྒྲུབ་མན་ངག་ལ་བརྟེན་ནས། །བདག་གིས་མཆོག་ཏུ་གསང་བ་འདི་བཤད་པས། །ཀུན་གྱི་ཀུན་རྫོབ་བདེན་པ་དག་གྱུར་ནས། །མཐར་ཐུག་དོན་རྟོགས་བྱང་ཆུབ་མི་དམིགས་བསྔོ། །མངོན་པར་བྱང་ཆུབ་པའི་རིམ་པ་འབྲས་བུ་དང་བཅས་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ནས་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༡ ལྡེབ་ ༡༡༤བ། ཕྲེང་ ༢ ནས་ ༡༡༧ན། ཕྲེང་ ༢ བར། ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༢༤༦། ༩-༤། ཚེག་ཁྱིམ། ༢༡༨༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༡༡ ལྡེབ་ ༡༣༠ན། ཕྲེང་ ༤ ནས་ ༡༣༢བ། ཕྲེང་ ༨ བར། ཡིག་ཕྲེང་ ༤༥ ཚིག་རྐང་ ༧-༢༡༤། ༩-༤ ཚེག་ཁྱིམ་ ༢༡༩༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༡༡ ལྡེབ་ ༡༢༧ན། ཕྲེང་ ༧ ནས་ ༡༣༠ན། ཕྲེང་ ༦ བར། ཡིག་ཕྲེང་ ༤༢ ཚིག་རྐང་ ༧-༢༡༤། ༩-༤། ཚེག་ཁྱིམ་ ༢༡༨༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༡ ལྡེབ་ ༡༡༥བ། ཕྲེང་ ༣ ནས་ ༡༡༨ན། ཕྲེང་ ༢ བར། ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༢༡༤། ༩-༤། ཚེག་ཁྱིམ་ ༢༡༨༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༣༡༤ ནས་ ༣༢༠ བར་བཞུགས་པ་བཅས་སོ།།
༡༡༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། མ་ཧོ་མ་བི་དྷིཿ བོད་སྐད་དུ། རོ་བསྲེག་པའི་ཆོ་ག །མཇུག་བྱང་ལས[10]། གསང་བ་འདུས་པའི་རོ་བསྲེག་གི་ཆོ་ག་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༡༡༧ན། ཕྲེང་ ༢ ནས་ ༡༡༨བ། ཕྲེང་ ༡ བར། ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༢༢ ཚེག་ཁྱིམ། ༡༢༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༡༢ ལྡེབ་ ༡༣༢བ། ཕྲེང་ ༨ ནས་ ༡༣༤བ། ཕྲེང་ ༣ བར། ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༢༢ ཚེག་ཁྱིམ་ ༡༢༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༡༢ ལྡེབ་ ༡༣༠ན། ཕྲེང་ ༦ ནས་ ༡༣༢ན། ཕྲེང་ ༢ བར། ཡིག་ཕྲེང་ ༢༥ ཚིག་རྐང་ ༧-༡༢༢ ཚེག་ཁྱིམ་ ༡༢༠༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༡༡༨ན། ཕྲེང་ ༢ ནས་ ༡༡༩བ། ཕྲེང་ ༡ བར། ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༡༢༢ ཚེག་ཁྱིམ་ ༡༢༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༣༢༢ ནས་ ༣༢༦ བར་གསལ་བ་བཅས་སོ།།
༡༢༽ རྒྱུད་ ༼ངི༽ པ་ལ། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ། པེ་ཅིན་བསྟན་འགྱུར་དཀར་ཆག་ཏུ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་འཇམ་དཔལ་ཡེ་ཤེས་སེམས་དཔའ་བཞུགས། ཞེས་བྱུང་། སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ། ཞེས་སྡེ་བསྟན་དཀར་ཆག་[11]ཏུ་གསལ་བས་དཔྱད་དགོས་པར་སྣང་ལ། གསུང་དངོས་ཀྱི་དབུར་བཅོམ་ལྡན་འདས་གསུང་གི་དབང་ཕྱུག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་དང་། མཛད་བྱང་[12]དུ། དེ་ལྟར་ཚུལ་བཞིའི་བཤད་པའོ། །དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་སློབ་དཔོན་ཨཱརྱ་དེ་བས་མཛད་པ་རྫོགས་སོ། །ཞེས་སློབ་དཔོན་ཨཱརྱ་དེ་བས་མཛད་པར་གསལ་ནའང་། འདིར་ལེགས་སྦྱར་གྱི་མཚན་དང་། འགྱུར་བྱང་གང་ཡང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[13]། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བར་གསལ་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[14]། ཡ་ར་ལ་ཧ་ལ་སོགས་པའི་ཚུལ་བཞིར་བཤད་པ། སློབ་དཔོན་ཨཱརྱ་དེ་བས་མཛད། ལྡེབ་གྲངས་ ༡༧༦ན། ༡༩༠བ། བར་བཞུགས་པར་གསལ་བས་གཞུང་འདི་ཉིད་གཅིག་ཡིན་འདུག་ལ། གཞུང་འདི་ཉིད་སློབ་དཔོན་ཨཱརྱ་དེ་བའི་ཡིན་མིན་སྐོར་དཔྱད་པ་རྒྱས་པ་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༣ ལྡེབ་ ༡༡༨བ། ཕྲེང་ ༡ ནས་ ༡༢༡ན། ཕྲེང་ ༦ བར། ཡིག་ཕྲེང་ ༤༡ ཚེག་ཁྱིམ། ༢༣༢༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༡༣ ལྡེབ་ ༡༣༤བ། ཕྲེང་ ༣ ནས་ ༡༣༧བ། ཕྲེང་ ༦ བར། ཡིག་ཕྲེང་ ༥༢ ཚེག་ཁྱིམ་ ༢༣༣༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༡༣ ལྡེབ་ ༡༣༢ན། ཕྲེང་ ༣ ནས་ ༡༣༥ན། ཕྲེང་ ༦ བར། ཡིག་ཕྲེང་ ༤༦ ཚེག་ཁྱིམ་ ༢༣༡༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡༣ ལྡེབ་ ༡༡༩བ། ཕྲེང་ ༡ ནས་ ༡༢༢ན། ཕྲེང་ ༦ བར། ཡིག་ཕྲེང་ ༤༡ ཚེག་ཁྱིམ་ ༢༣༢༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པའི་ཤོག་གྲངས་ ༣༢༨ ནས་ ༣༣༥ བར་གསལ་བ་བཅས་སོ།།
༡༣༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་དུ། ནི་ར་བི་ཀལྤ་པྲ་ཀ་ར་ཎ། བོད་སྐད་དུ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་ཆེན་པོ་མ་ཧཱ་ཀཱ་རུ་ཎ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༢༠ ལྡེབ་ ༡༣༣བ། ཕྲེང་ ༤ ནས་ ༡༣༤ན། ཕྲེང་ ༡ བར། ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༤ ཚེག་ཁྱིམ། ༥༢༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཙི༽ ཚན་གྲངས་ ༢༠ ལྡེབ་ ༡༤༦ན། ཕྲེང་ ༨ ནས་ ༡༤༧ན། ཕྲེང་ ༤ བར། ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙི༽ ཚན་གྲངས་ ༢༠ ལྡེབ་ ༡༣༤བ། ཕྲེང་ ༣ ནས་ ༡༣༥ན། ཕྲེང་ ༧ བར། ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༤༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༢༠ ལྡེབ་ ༡༣༣ན། ཕྲེང་ ༧ ནས་ ༡༣༤ན། ཕྲེང་ ༣ བར། ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༢༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པའི་ཤོག་གྲངས་ ༡༣༠༢ ནས་ ༡༣༠༤ བར་བཞུགས་པ་བཅས་སོ།།
༡༤༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་དུ། པྲ་ཏི་པཏྟི་སཱ་ར་ཤ་ཏ་ཀཾ །བོད་སྐད་དུ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པ།[15] སློབ་དཔོན་ཨཱརྱ་དེ་བའི་ཞལ་སྔ་ནས་མཛད་པ། འདི་ནི་ཤར་ཕྱོགས་སངྣ་ག་རའི་གནས་བརྟན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཁས་པ་ལ་དངོས་གྲུབ་ཀྱིས་བརྒྱན་པ་དཔལ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔ་ནས་མན་ངག་གི་བཤད་པས་ཡང་དག་པར་གསུངས་པའི་སྒྲ་དོན་ཇི་ལྟ་བུ་བཞིན་དུ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་བྱ་བས་ལེགས་པར་བསྒྱུར་བའོ། །དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[16]། འཕགས་པ་ལྷས་མཛད་པའི་ཆོས་ཀྱི་སྒོ་བརྒྱ་པ། དེས་མཛད་པའི་ཡི་གེ་བརྒྱ་པའི་རྩ་བ། (བོད་མ་ཡོད་གསུངས།) ཞེས་གསལ་བ་ལྟར་ཆོས་སྒོ་བརྒྱ་པ་ཞེས་པ་འདི་སྙིང་པོ་ཞེས་གསལ་བ་འདི་ཉིད་མིན་ནམ་སྙམ། ཡི་གེ་བརྒྱ་པའི་རྩ་བ་ཞེས་པ་དེ་ཡང་དབུ་མ་བཞི་བརྒྱ་ཡིན་ན་ལས། དེ་མིན་ཡི་གེ་བརྒྱ་པ་ལོགས་སུ་མ་རྙེད་ལ། དཀར་ཆག་འཕང་ཐང་མ་ལས་[17]ཀྱང་། ཚིགས་སུ་བཅད་པ་བརྒྱ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། ཤུ་ལོག །ཅེས་བྱུང་བ་རྣམས་གཅིག་མིན་དཔྱད་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༦༨ པ། ལྡེབ་ ༢༧༨བ༡ ནས་ ༢༨༣ན༢ བར་ཕྲེང་ ༦༥ དང་། ཚིག་རྐང་ ༧-༣༡༤། ༩-༦༦། ༡༣-༢༠། ༡༧-༨ ཚེག་ཁྱིམ་ ༣༥༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༢༩ པ། ལྡེབ་ ༡༥༢ན༨ ནས་ ༡༥༧བ༧ བར་ཕྲེང་ ༨༨ དང་། ཚིག་རྐང་ ༧-༣༡༤། ༩-༦༦། ༡༣-༢༠། ༡༧-༨ ཚེག་ཁྱིམ་ ༣༦༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༢༩ པ། ལྡེབ་ ༡༤༩བ༥ ནས་ ༡༥༤བ༣ བར་ཕྲེང་ ༦༩ དང་། ཚིག་རྐང་ ༧-༣༡༤། ༩-༦༦། ༡༣-༢༠། ༡༧-༨ ཚེག་ཁྱིམ་ ༣༦༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༦༨ པ། ལྡེབ་ ༢༧༨བ༧ ནས་ ༢༨༣ན༢ བར་ཕྲེང་ ༦༦ དང་། ཚིག་རྐང་ ༧-༣༡༤། ༩-༦༦། ༡༣-༢༠། ༡༧-༨ ཚེག་ཁྱིམ་ ༣༦༩༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པའི་ཤོག་གྲངས་ ༡༧༥༤ ནས་ ༡༧༦༥ བར་བཞུགས་སོ།།
༡༥༽ རྒྱུད་ ༼ཟི༽ པ་ལ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། སློབ་དཔོན་འཕགས་པ་ལྷས་མཛད་པ། གཞུང་འདིར་ལེགས་སྦྱར་གྱི་མཚན་བྱང་དང་། འགྱུར་བྱང་གང་ཡང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[18]། ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༡༧ ལྡེབ་ ༡༢༩བ། ཕྲེང་ ༥ ནས་ ༡༣༢བ། ཕྲེང་ ༥ བར། ཡིག་ཕྲེང་ ༤༣ ཚེག་ཁྱིམ། ༢༣༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༡༧ ལྡེབ་ ༡༦༢བ། ཕྲེང་ ༦ ནས་ ༡༦༦བ། ཕྲེང་ ༡ བར། ཡིག་ཕྲེང་ ༦༠ ཚེག་ཁྱིམ་ ༢༣༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༡༧ ལྡེབ་ ༡༤༡ན། ཕྲེང་ ༥ ནས་ ༡༤༤བ། ཕྲེང་ ༣ བར། ཡིག་ཕྲེང་ ༤༨ ཚེག་ཁྱིམ་ ༢༣༨༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༡༧ ལྡེབ་ ༡༢༩བ། ཕྲེང་ ༤ ནས་ ༡༣༢བ། ཕྲེང་ ༥ བར། ཡིག་ཕྲེང་ ༤༤ ཚེག་ཁྱིམ་ ༢༣༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པའི་ཤོག་གྲངས་ ༥༢༤ ནས་ ༥༣༡ བར་གསལ་བ་བཅས་སོ།།
༡༦༽ རྒྱུད་ ༼ནུ༽ པ་ལ། འཇམ་པའི་ ༼མ་བྱུང༌།༽ དབྱངས་ཀྱི་དཔྱད་འཕགས་པ་ལྷས་མཛད་པ་ཤླཽ་ཀ་བརྒྱ་པ། དེ་ལྟར་སྡེ་བསྟན་དཀར་ཆག་ཏུ་མ་བྱུང་ཞེས་འཁོད་ཀྱང་། དཔེ་བསྡུར་མ་རྒྱུད། ༼ནུ༽ དེབ་ཨང་ ༣༧ ནང་། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་བཞུགས་སྷོ། །གྲུབ་པ་འཕགས་པའི་ལྷས་མཛད། ཅེས་གསལ་ལ། གཞུང་དངོས་ཀྱི་མཇུག་བྱང་ལས[19]།
འདི་ནི་ཆོ་ག་བསྡུས་ནས་བཤད་པ་སྟེ། །
འཇམ་དཔལ་གཞོན་ནུའི་རབ་ཏུ་གསང་བ་ཡི། །
དཔྱད་འདི་ཚིགས་བཅད་བརྒྱ་ཡི་གྲངས་བྱས་པ། །
གྲུབ་པ་འཕགས་པའི་ལྷས་ནི་འདི་བྱས་སོ། །
བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་རྫོགས་སྷོ། །ཞེས་པ་ལས་གཞུང་འདིར་རྒྱ་གར་སྐད་དང་། འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[20]། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལ། གཞུང་འདི་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་། སྣར་ཐང་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༩ ལྡེབ་ ༨༥ན། ཕྲེང་ ༧ ནས་ ༨༨བ། ཕྲེང་ ༨ བར། ཡིག་ཕྲེང་ ༥༨ ཚིག་རྐང་ ༩-༢༩༤ ཚེག་ཁྱིམ་ ༢༦༥༩། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༡༠ ལྡེབ་ ༡༡༤བ། ཕྲེང་ ༢ ནས་ ༡༡༨བ། ཕྲེང་ ༣ བར། ཡིག་ཕྲེང་ ༥༨ ཚིག་རྐང་ ༩-༢༩༤ ཚེག་ཁྱིམ་ ༢༦༦༧། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པའི་ཤོག་གྲངས་ ༢༧༥ ནས་ ༢༨༣ བར་གསལ་བ་བཅས་སོ།།
༡༧༽ སྣར་ཐང་རྒྱུད་ ༼ཞུ༽ པ། རྒྱ་གར་སྐད་དུ། ནཱཻརཱ་དི་པི་པཉྩ་ད་ཤ་སྟོ་ཏྲ། བོད་སྐད་དུ། བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ། སློབ་དཔོན་ཆེན་པོ་བསོད་སྙོམས་པ་འཕགས་པ་ལྷས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་སོགས་གང་ཡང་མ་འཁོད་ལ། ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
དཔྱད་དགོས་པ་ཞིག་ལ་སྡེ་དགེ་བསྟན་འགྱུར་རྒྱུད་ ༼ཏ༽ པའི་ཤོག་གྲངས་ ༢༡༧བ༥ ནས་ ༢༡༨བར་དང་། པེ་ཅིན་བསྟན་འགྱུར་གྱི་རྒྱུད་འགྲེལ་ ༼ཟ༽ པའི་ཤོག་གྲངས་ ༩༤ན༢ ནས་ ༩༥ན༣ བར། སྣར་ཐང་བསྟན་འགྱུར་རྒྱུད་ ༼ཟ༽ པའི་ཤོག་གྲངས་ ༨༨ན༡ ནས་ ༨༩ན༤ བར། ཅོ་ནེ་བསྟན་འགྱུར་གྱི་རྒྱུད་ ༼ཏ༽ པའི་ཤོག་གྲངས་ ༢༢༡བ༥ ནས་ ༢༢༢བ༥ བར་དང་། བསྟན་འགྱུར་དཔེ་བསྡུར་མ་རྒྱུད་། ༼ཏ༽ དེབ་ཨང་ ༥ པའི་ཤོག་གྲངས་ ༡༥༥༢ ནས་ ༡༥༥༤ བར་བཞུགས་པའི་སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ། ཞེས་པ་གཉིས་ནི། མཛད་པ་པོའི་མཚན་དང་། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་དུ་གསལ་མིན་ཙམ་ལས། དེ་མིན་བསྟན་བཅོས་ཀྱི་མཚན་དང་། ཚིག་རྐང་རིང་ཐུང་དང་། གཞུང་ཚད་མང་ཉུང་། ལྷག་པར་ཚིག་འབྲུ་རེ་གཉིས་ཙམ་ལས་གཞུང་ཚན་གཅིག་མཚུངས་རེད་འདུག་པས། དོན་དངོས་སློབ་དཔོན་སུའི་གསུང་མིན་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༤༢ ལྡེབ་ ༢༡༡ན། ཕྲེང་ ༧ ནས་ ༢༡༢བ། ཕྲེང་ ༦ བར། ཡིག་ཕྲེང་ ༢༢ ཚིག་རྐང་ ༩-༦༤། ༡༥-༨ ཚེག་ཁྱིམ་ ༦༠༤། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༤༢ ལྡེབ་ ༣༠༢བ། ཕྲེང་ ༡ ནས་ ༢༠༤བ། ཕྲེང་ ༢ བར། ཡིག་ཕྲེང་ ༡༧ ཚིག་རྐང་ ༩-༦༤། ༡༥-༨ ཚེག་ཁྱིམ་ ༦༠༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞུ༽ དེབ་ཨང་ ༤༢ ཤོག་གྲངས་ ༡༦༠༦ ནས་ ༡༦༠༨ བར་བཞུགས་པ་བཅས་སོ།།
༡༨༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བྷ་ཡ་ན་ཀྲོ་ཏ་ས་ཙ་ན་ན་མ། བོད་སྐད་དུ། ཁྲོ་བོ་རེག་ཚིག་གི་བསྒྲུབ་པའི་ཐབས་ཞེས་བྱ་བ། ཞེས་དང་། མཇུག་བྱང་ལས[21]། བརྫུས་སྐྱེས་ཀྱི་སློབ་དཔོན་ཨརྱ་དྷེ་བས། མུ་སྟེགས་པའི་སྦྱོར་བ་རྣམས་བཤིག་པའི་ཕྱིར་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་རྡོ་རྗེ་གདན་པ་དང་། བོད་ཀྱི་ལོ་ཙཱ་བ་བ་རི་བས་བསྒྱུར་བའོ། །ཞེས་བྱུང་ངོ་། །ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༢ ལྡེབ་ ༡༢༣བ། ཕྲེང་ ༣ ནས་ ༡༢༨ན། ཕྲེང་ ༢ བར། ཡིག་ཕྲེང་ ༧༣ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༡༨༩༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༢ ལྡེབ་ ༡༡༥བ། ཕྲེང་ ༥ ནས་ ༡༡༩བ། ཕྲེང་ ༣ བར། ཡིག་ཕྲེང་ ༥༥ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༡༨༩༦། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༥༠ ནས་ ༨༥༨ བར་དུ་འཁོད་པ་བཅས་སོ།།
༡༩༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བྷ་ཡ་ཤུ་ལ་སྟམ་བྷ་སན་ཙ་ན། བོད་སྐད་དུ། རེག་འབིགས་མའི་བསྒྲུབ་ཐབས། སློབ་དཔོན་ཨརྱ་དྷེ་བས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་སོགས་མི་གསལ་ལོ། །ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༣ ལྡེབ་ ༡༢༨ན། ཕྲེང་ ༢ ནས་ ༡༢༨བ། ཕྲེང་ ༨ བར། ཡིག་ཕྲེང་ ༡༦ ཚིག་རྐང་ ༡༡-༢༧ ཚེག་ཁྱིམ་ ༣༨༨། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༣ ལྡེབ་ ༡༡༩བ། ཕྲེང་ ༣ ནས་ ༡༢༠ན། ཕྲེང་ ༧ བར། ཡིག་ཕྲེང་ ༡༢ ཚིག་རྐང་ ༡༡-༢༧ ཚེག་ཁྱིམ་ ༣༧༧། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༦༠ ནས་ ༨༦༢ བར་དུ་འཁོད་པ་བཅས་སོ།།
༢༠༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། ཨ་ཝི་ཤིན་ཙ་ཏུ་མ་བྷི་ཏི། སྐལ་འཇོག་དབང་གི་ཆོ་ག །དབང་གི་ཆོ་ག་ཨརྱ་དྷེ་བས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་སོགས་མ་འཁོད་ལ། ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༤ ལྡེབ་ ༡༢༩ན། ཕྲེང་ ༡ ནས་ ༡༣༠བ། ཕྲེང་ ༢ བར། ཡིག་ཕྲེང་ ༢༦ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༧༩༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༤ ལྡེབ་ ༡༢༠བ། ཕྲེང་ ༡ ནས་ ༡༢༡བ། ཕྲེང་ ༦ བར། ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༧༨༦ བཅས་དང་། འདིར་འགྱུར་བྱང་མི་གསལ་ཞིང་། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༦༣ ནས་ ༨༦༦ བར་དུ་འཁོད་པ་བཅས་སོ།།
༢༡༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བྷ་ཡ་ཀྲོ་ཏ་གྷུ་ཡ་ས་མ་ཡ་སན་ཙ་ན། བོད་སྐད་དུ། ཁྲོ་བོ་རེག་ཚིག་གི་དམ་ཚིག་གསང་བའི་བསྒྲུབ་ཐབས། པེ་ཅིན་བསྟན་འགྱུར་དཀར་ཆག་ཏུ། བདེ་མཆོག་རེག་ཚིག་གིས་བསྒྲུབ་ཐབས་ཨརྱ་དྷེ་བས་མཛད་པ་བཞུགས་སོ། །ཞེས་བྱུང་། གཞུང་དངོས་མཇུག་བྱང་ལས[22]། བདེ་མཆོག་རེག་ཚིག་གི་བསྒྲུབ་ཐབས། ཨརྱ་དྷེ་བས་མཛད་པ་རྫོགས་སོ། །རྡོ་རྗེ་གདན་པ་དང་། བ་རི་ལོ་ཙཱ་བས་བསྒྱུར་བའོ། །ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐར་བསྟན་འགྱུར་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༥ ལྡེབ་ ༡༣༠བ། ཕྲེང་ ༢ ནས་ ༡༣༡བ། ཕྲེང་ ༧ བར། ཡིག་ཕྲེང་ ༡༩ ཚིག་རྐང་ ༩-༤༣ ཚེག་ཁྱིམ་ ༤༣༤། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༥ ལྡེབ་ ༡༢༡བ། ཕྲེང་ ༦ ནས་ ༡༢༢བ། ཕྲེང་ ༧ བར། ཡིག་ཕྲེང་ ༡༦ ཚིག་རྐང་ ༩-༤༣ ཚེག་ཁྱིམ་ ༤༢༠ བཅས་དང་། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༦༨ ནས་ ༨༧༠ བར་དུ་འཁོད་པ་བཅས་སོ།།
༢༢༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བྷ་ཡ་ཧཾ་མེ་བྷི་ཏི་ན་མ། བོད་སྐད་དུ། ཁྲོ་བོ་རེག་ཚིག་གི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། ཞེས་དང་། གཞུང་དངོས་ཀྱི་མཇུག་བྱང་ལས[23]།
ཁྲོ་བོ་རེག་ཚིག་གི་སྦྱིན་སྲེག་འདི། །དགེ་སློང་བྱང་ཆུབ་སེང་གེས་བྲིས། །
གཞན་ལ་དབང་པོར་འདི་མི་ཚ། །རང་གི་ཤེས་རབ་སྦྱང་ཕྱིར་བྱས། །
འོན་ཀྱང་མཁས་པའི་གཞུང་རྣམས་དང་། །འགལ་ཞིང་ནོར་བ་འདི་ལ་མེད། །
ཨྠི། ཞེས་གསལ་བར་དཔྱད་དགོས་པར་སྣང་ལ། ཨརྱ་དྷེ་བས་མཛད་དོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། དགེ་སློང་བྱང་ཆུབ་སེངྒེས་བྲིས་ཞེས་པ་ལས་བསྒྱུར་ཞེས་མི་སྣང་། ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་བཞུགས་ནའང་། པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༦ ལྡེབ་ ༡༣༡བ། ཕྲེང་ ༤ ནས་ ༡༣༣ན། ཕྲེང་ ༢ བར། ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༨༤༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༦ ལྡེབ་ ༡༢༢བ། ཕྲེང་ ༧ ནས་ ༡༢༤ན། ཕྲེང་ ༥ བར། ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༠༠ ཚེག་ཁྱིམ་ ༨༣༡ བཅས་དང་། འདིར་འགྱུར་བྱང་མི་གསལ་ཞིང་། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༧༢ ནས་ ༨༧༥ བར་དུ་འཁོད་པ་བཅས་སོ།།
༢༣༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བྷ་ལི་དྷ་བྷི་ཏི་ན་མ། བོད་སྐད་དུ། ཁྲོ་བོ་རེག་ཚིག་གི་གཏོར་ཆོག །པེ་ཅིན་བསྟན་འགྱུར་དུ། གཏོར་མའི་ཆོ་ག་ཞེས་གསལ། མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་མོད། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[24]། རྒྱུད་འགྲེལ། ༼འུ༽ ཁྲོ་བོ་རེག་ཚེག་གི་གཏོར་ཆོག །སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་གདན་པ་དང་། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར། ལྡེབ་གྲངས་ ༡༧༡བ། ༡༧༢བ། བར་བཞུགས་པར་གསལ་ལོ། །ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་བཞུགས་ཀྱང་། པེ་ཅིན་དང་སྣར་ཐར་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༧ ལྡེབ་ ༡༣༣ན ཕྲེང་ ༢ ནས་ ༡༣༣བ། ཕྲེང་ ༥ བར། ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༣༩། ༩-༧ ཚེག་ཁྱིམ་ ༤༢༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༧ ལྡེབ་ ༡༢༤ན། ཕྲེང་ ༥ ནས་ ༡༢༤བ། ཕྲེང་ ༧ བར། ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༩། ༩-༧ ཚེག་ཁྱིམ་ ༤༡༥། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པའི་ཤོག་གྲངས་ ༨༧༦ ནས་ ༨༧༧ བར་དུ་འཁོད་པ་བཅས་སོ།།
༢༤༽ རྒྱུད་འགྲེལ་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་དྷེ་བ་ཏྲ་ས་ན་ཙ་ན། བོད་སྐད་དུ། ལྷ་ཆེན་པོ་གསུམ་གྱི་བསྒྲུབ་ཐབས། གཞུང་འདིའི་མཇུག་མཐར། ལས་བྱེད་ཀྱི་བསྒྲུབ་ཐབས་ཨརྱ་དྷེ་བས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་གསལ་ལ། ཆོས་ཚན་འདི་ཉིད་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་པར་མ་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐང་པར་མ་གཉིས་སུ་བཞུགས་པ་ལྟར་ཞལ་སྐོང་ཞུས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༨ ལྡེབ་ ༡༣༣བ། ཕྲེང་ ༥ ནས་ ༡༣༤ན། ཕྲེང་ ༧ བར། ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༤༤ ཚེག་ཁྱིམ་ ༣༥༨། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༦༨ ལྡེབ་ ༡༢༤ན། ཕྲེང་ ༥ ནས་ ༡༢༥བ། ཕྲེང་ ༡ བར། ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༤ ཚེག་ཁྱིམ་ ༣༥༠། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༧༩ ནས་ ༨༨༠ བར་དུ་འཁོད་པ་བཅས་སོ། །གོང་གསལ་ཆོས་ཚན་དགུ་པོ་རྣམས་ཅོ་ནེ་དང་སྡེ་དགེ་བསྟན་འགྱུར་དུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་གསལ་བ་ལྟར་ཞལ་སྐོང་གིས་བཀོད་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༧༢
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༧༢
[3] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༩
[4] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༨༠
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཁི༽ དེབ་ཨང་ ༡༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༢༦
[6] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་ ༡༦༥
[7] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཁི༽ དེབ་ཨང་ ༡༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༤༠༣
[8] སྤྱོད་བསྡུས་སྒྲོན་མ། ཝཱར་ཎ་མཐོ་སློབ། ༢༠༠༠ ལོ། ཁས་དབང་ཟམ་གདོང་རིན་པོ་ཆེའི་སྔོན་གླེང་།
[9] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༣༢༠
[10] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༣༢༥
[11] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༡༢༡
[12] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་ ༣༣༥
[13] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༤༣
[14] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༥
[15] ཀྱེའི་རྡོ་རྗེའི་རྫོགས་རིམ་སྙིང་པོ་བརྒྱ་པ་ཨཱ་རྱ་དེ་བས་མཛད་པ་དང་། དེའི་འགྲེལ་པ་ཧེ་རུ་ཀ་དེ་བས་མཛད་པ་རྣམས་དཔལ་བསོད་ནམས་རྣམ་པར་རྒྱལ་བ་སོགས་ལ་གནང་ཞིང་། སོ་སོས་ལེགས་པར་བསྒྱུར་བ་སོགས་བོད་དུ་ཆོས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་མཛད། ཅེས་ (མཁས་བཙུན་བཟང་པོ་ལགས་ཀྱིས་མཛད་པའི་རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼༡༢༽ ལག་བྲིས་དེབ་གཟུགས། བོད་ཀྱི་དཔེ་མཛོད་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༡༦ཐོག་) གསལ་ལོ།།
[16] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༣
[17] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༢
[18] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༥༩
[19] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༨༣
[20] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤༣
[21] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ༢༠༠༨ ལོ། ཤོག་གྲངས་ ༨༥༨
[22] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༨༧༠
[23] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༨༧༥
[24] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༤༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༣ ནས་ ༤༠༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།