ཁ༽ སློབ་དཔོན་དབྱིག་གཉེན་གྱི་གསུང་གི་མཚན་བྱང་།

ཁ༽ སློབ་དཔོན་དབྱིག་གཉེན་གྱི་གསུང་གི་མཚན་བྱང་།

 

དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། ཤེར་ཕྱིན། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། སྤྲིང་ཡིག་བཅས་སྡེ་ཚན་དགུ་ཡི་ནང་ཆོས་ཚན་ ༣༩ བཞུགས་པ་ལས། དང་པོ། བསྟོད་ཚོགས་ལ་གཅིག་སྟེ། ༡ དཀོན་མཆོག་གསུམ་གྱི་བསྟོད་པ་དང་། གཉིས་པ། རྒྱུད་ཀྱི་སྐོར་ལ་གཅིག་སྟེ།

༡ འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། གསུམ་པ། ཤེར་ཕྱིན་གྱི་སྐོར་ལ་གཉིས་ཏེ། ༡ དབྱིག་གཉེན་གྱིས་མཛད་པར་གྲགས་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། ༢ འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ་བཅས་སོ།།

བཞི་པ། མདོ་སྡེའི་སྐོར་ལ་བཅུ་སྟེ། ༡ སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ་དང་། ༢ ཚིགས་སུ་བཅད་པ་གཅིག་པའི་བཤད་པ། ༣ འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། ༤ འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། ༥ ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ། ༦ འཕགས་པ་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། ༧ འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ། ༨ རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། ༩ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ། ༡༠ དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཅས་སོ།།

ལྔ་པ། སེམས་ཙམ་སྐོར་ལ་བཅོ་ལྔ་སྟེ། ༡ ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ་དང་། ༢ དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། ༣ ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ། ༤ ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། ༥ (ཐེག་བསྡུས་ཀྱི་གནས་དང་པོའི་བཤད་པ་) དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ། ༦ ཐམས་ཅད་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། ༧ ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ། ༨ ཉི་ཤུ་པའི་འགྲེལ་པ། ༩ རང་བཞིན་གསུམ་ངེས་པར་བསྟན་པ། ༡༠ ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༡༡ རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། ༡༢ རྣམ་པར་བཤད་པའི་རིགས་པ། ༡༣ ལས་གྲུབ་པའི་རབ་ཏུ་བྱེད་པ། ༡༤ ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ༡༥ ཕུང་པོ་ལྔའི་བཤད་པ་བཅས་སོ།།

དྲུག་པ། མངོན་པའི་སྐོར་ལ་བཞི་སྟེ། ༡ ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། ༢ དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ། ༣ བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། ༤ ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། བདུན་པ། འདུལ་བའི་སྐོར་ལ་གཅིག་སྟེ། ༡ གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། བརྒྱད་པ། སྐྱེས་རབས་སྐོར་ལ་གསུམ་སྟེ། ༡ ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དང་། ༢ ཚུལ་ཁྲིམས་ཀྱི་གཏམ། ༣ ཚོགས་ཀྱི་གཏམ། དགུ་པ། སྤྲིང་ཡིག་སྐོར་ལ་གཉིས་ཏེ། ༡ འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་དང་། ༢ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་འཕྲིན་ཡིག་བཅས་ཆོས་ཚན་ཁག་ ༣༩ བཞུགས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༠ ནས་ ༣༠༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *