ཁ༽ པཎ་ཆེན་བཅུ་བདུན་གྱི་ལུང་རྒྱུན་སྣར་ཐང་པར་མའི་པོད་ཐོ།
༄༅། །རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ཆོས་སྒར་དུ་ཀུན་སྤངས་པ་མཁས་གྲུབ་གཉིས་ལྡན་ངུར་སྨྲིག་འཛིན་པ་སྐྱབས་མཆོག་སྤངས་ནང་རིན་པོ་ཆེ་ནས་ཕྱི་ལོ་ ༡༩༩༠ ལོར་བསྟན་འགྱུར་ལྗགས་ལུང་སྩལ་སྐབས་ཀྱི་ལུང་ཐོ་པར་དཔེ་ནས་རྒྱ་གར་པཎ་ཆེན་བཅུ་བདུན་གྱི་ལུང་གང་བཞུགས་སྣར་ཐང་པར་མའི་པོད་ཐོའི་གོ་རིམ་དང་ཤོག་གྲངས་གསལ་འགོད་ཞུས་པ་གཤམ་གསལ།།

(ད་བར་བཞེངས་པའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་གི་ཁྲོད་ནས་ཆེ་ཤོས་འདི་ཉིད་ཡིན།)
༼མདོ་འགྲེལ་ཀ༽ བསྟོད་ཚོགས་སྐོར་ལ་ཤོག་གྲངས་ ༧༠ ནས་ ༩༣ བར། མགོན་པོ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། དེའི་རྣམ་བཤད། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། ཤེར་ཕྱིན་ལ་བསྟོད་པ། བསམ་གྱི་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། འཇམ་དཔལ་སྙིང་རྗེ་ལ་བསྟོད་པ། འཇམ་དཔལ་དོན་དམ་པའི་བསྟོད་པ། གནས་ཆེན་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་ལེ་ཚན་གཉིས། མཛད་བཅུའི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པ་ཞེས་བྱ་བ། ༼མདོ་ཇ༽ ཤོག་གྲངས་ ༨༨ ནས་ ༡༥༠ བར།
སློབ་དཔོན་སེངྒེ་བཟང་པོའི་འགྲེལ་པ་དོན་གསལ། ༼མདོ་ཙ༽ ༡ ནས་ ༢༩ མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །༼མདོ་ཙ༽ ༡༦༩ ནས་ ༣༡༠ སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏ། ༼མདོ་ཚ༽ ༡ ནས་ ༡༨ འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ། ༼མདོ་འ༽ ༢༢༧ ནས་ ༤༡༥ ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་རང་འགྲེལ། ༼མདོ་ལ༽ ༡ ནས་ ༣༨ ཞི་བ་ལྷའི་སྤྱོད་འཇུག ༼མདོ་ཨ༽ ༢༢ ནས་ ༧༤ ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ། ༼མདོ་ཨ༽ ༡༦༥ ནས་ ༢༤༤ ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས། ༼མདོ་ཀི༽ ༩ ནས་ ༢༢༠ ཞི་བ་ལྷའི་བསླབ་བཏུས་རྩ་ཚིག་དང་བསླབ་བཏུས། ༼མདོ་གི༽ ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཆོས་ཚན་བརྒྱ་དང་གསུམ། ༼མདོ་ཞི༽ ཐོགས་མེད་ཀྱི་བྱང་ས། ༼མདོ་ལི༽ ༤༧ ནས་ ༡༢༩ ཐོགས་མེད་ཀྱི་མངོན་པ་ཀུན་བཏུས། ༼མདོ་གུ༽ ༡ ནས་ ༢༩ དབྱིག་གཉེན་གྱི་མཛོད་རྩ་བ། ༼མདོ་ཟུ༽ ༡ ནས་ ༡༠༣ སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོའི་རྩ་བ། ༼མདོ་ཟུ་༽ ༡༠༣ ནས་ ༢༨༧ སློབ་དཔོན་ཡོན་ཏན་འོད་ཀྱི་ཀརྨ་ཤ་ཏམ། ༼མདོ་ཧུ༽ ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ་དང་འོད་ལྡན། ༼མདོ་ཨུ༽ ༡ ནས་ ༥ ཀླུ་སྒྲུབ་ཀྱི་དགེ་ཚུལ་གྱི་ཚིག་ལེའུར་བཅས་པ་ཀ་རི་ཀ་ལྔ་བཅུ་པ། ༼མདོ་ངེ༽ ༡༢༤ ནས་ ༡༤༦ ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ། ༼མདོ་ཅེ༽ ༡ ནས་ ༡༣ ཕྱོགས་གླང་གི་ཚད་མ་མདོ་ཀུན་བཏུས། ༼མདོ་ཅེ༽ ༡༩༤ ནས་ ༢༥༩ ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ། ༢༥༩ ནས་ ༤༢༠ རྣམ་ངེས། རིགས་ཐིགས། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྩོད་པའི་རིག་པ། རྒྱུ་གཞན་སྒྲུབ་པ། ༼མདོ་སེ༽ ༡ ནས་ ༩ ཀླུ་སྒྲུབ་ཀྱི་སྨན་གྱི་བསྟན་བཅོས་སྦྱོར་བ་བརྒྱ་པ། ༼རྒྱུད་འགྲེལ་ས༽ ༡ ནས་ ༢༢༤ ཟླ་བ་གྲགས་པའི་སྒྲོན་གསལ། ༼རྒྱུད་གི༽ ༡ ནས་ ༡༧ ཀླུ་སྒྲུབ་ཀྱི་མདོར་བྱས། མདོ་སྲེ། ༤༡ ནས་ ༤༦ བྱང་ཆུབ་སེམས་འགྲེལ། ༤༩ ནས་ ༦༢ རིམ་ལྔ། ༼རྒྱུད་མི༽ ༡༡༠ གོང་དུ་ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་གཏན་ལ་ཕབ་པ། ༼རྒྱུད་ཚི༽ ༡༩ ཀླུ་སྒྲུབ་ཀྱི་རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། ༼རྒྱུད་ཉུ༽ ༡༦༡ ནས་ ༡༦༣ ཟླ་བ་གྲགས་པའི་ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ། ༼རྒྱུད་ཏུ༽ ༡༥༠ ནས་ ༡༦༨ མཁན་ཆེན་ཞི་བ་འཚོའི་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཟླས་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག ། ༼རྒྱུད་ཏུ༽ ༢༩༥ ནས་ ༣༢༧ ཇོ་བོ་རྗེས་ལས་སྒྲིབ་རྣམ་པར་དག་བྱེད་ཀྱི་སྨོན་ཆོག །༼རྒྱུད་དུ༽ ༣༠༤ ནས་ ༣༠༦ ཀླུ་སྒྲུབ་ཀྱི་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས། ༼རྒྱུད་ཕུ༽ ༢༠༥ ནས་ ༢༠༩ ཀླུ་སྒྲུབ་ཀྱི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས། ༼རྒྱུད་ཞུ༽ ༢༠༥ ནས་ ༢༠༨ ཀླུ་སྒྲུབ་ཀྱི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་བ་མཆེད་གསུམ་གྱི་སྒྲུབ་ཐབས། ༼རྒྱུད་ཟུ༽ ༢༥༩ ཀླུ་སྒྲུབ་ཀྱི་ནག་པོ་ཆེན་པོའི་སྒྲུབ་ཐབས་ག་རོད་འགྱུར། ༼རྒྱུད་འུ༽ ༨༧ ཇོ་བོ་རྗེས་མཛད་པའི་ཤིན་ཏུ་མྱུར་བ་ལྷ་ཆེན་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། ༩༤ ནས་ ༩༦ ཇོ་བོས་མཛད་པའི་ཚོགས་བདག་གསང་སྒྲུབ། ཀླུ་སྒྲུབ་ཀྱི་སྨན་དཔྱད་ཡན་ལག་བརྒྱད་པ། ཆུ་བཟང་དང་པད་དཀར་ཕྲེང་བ་གཉིས་སུ་ལུང་རྒྱུད་མེད་གྲས་བསྟན་དགའ་རིན་པོ་ཆེའི་དྲུང་ནས་ཁ་གསབ་གནང་བ། སྡེ་དགེ་པར་མ་གཞིར་བཞག དཔེ་ཐོ་ཤོག་གྲངས་ནི། ༼མདོ་ཀ༽ ཐོགས་མེད་ཀྱི་ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ལ་བསྟོད་པ། ༡༩༦ ནས་ ༢༠༣ ཕྱོགས་གླང་གི་ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། ༼ཀ༽ ༦༩ ཀླུ་སྒྲུབ་ཀྱི་སེམས་ཀྱི་རྡོ་རྗེའི་བསྟོད་པ་ཤླཽ་ཀ་བདུན་པ། ༼དབུ་མ་ཁི༽ ༡༩༤ ཞི་བ་ལྷས་རྟོགས་ཆེན་རྒྱས་མདོའི་སྡིག་བཤགས་སྒྲུབ་པའི་ཆོས་བསླབ་པ་ཀུན་ལས་བཏུས་པ་ལ་ཕྱུང་བ། ༼ངེ༽ ༣༩ ནས་ ༤༠ དབྱིག་གཉེན་གྱི་འདོད་པའི་ཡོན་ཏན་རྣམ་ལྔའི་ཉེས་དམིགས་བཤད་པ། ༼འདུལ་བ་ཞུ༽ ༼ཟུ༽ ཡོན་ཏན་འོད་ཀྱིས། འདུལ་བ་མདོ་རྩ་བའི་རང་འགྲེལ་པོད་གཉིས། ༼རྒྱུད་ངི༽ ༥༧ འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མེ། ༼རྒྱུ་ཞི༽ ༡༢༧ ཀླུ་སྒྲུབ་ཀྱི་དངོས་པོ་སྦྱོང་བ། ༡༣༨ ཀླུ་སྒྲུབ་ཀྱི་ཚིགས་སུ་བཅད་པ་ཕྱེད་དང་ལྔའི་འགྲེལ་བ། ༼རྒྱུད་ཟི༽ ཞི་བ་ལྷས་ལྷན་ཅིག་སྐྱེས་པའི་གླུ། ༼རྒྱུད་ཟི༽ ཀླུ་སྒྲུབ་ཀྱི་གླུ། ཇོ་བོ་རྗེའི་ཆོས་ཀྱི་གླུ། ༼རྒྱུད་ཞ༽ ༢༡༥ ཇོ་བོ་རྗེའི་ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུ། ༢༡༦ ཇོ་བོ་རྗེའི་སྤྱོད་པའི་གླུའི་འགྲེལ་པ། ༼ཞི༽ ༢༥༤ ཇོ་བོ་རྗེས་ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ༼ཞ༽ ༢༠༨ ཇོ་བོ་རྗེའི་རྡོ་རྗེ་གདན་གྱི་གླུ། ༢༠༩ ཇོ་བོ་རྗེས་རྡོ་རྗེ་གདན་གྱི་གླུའི་འགྲེལ་བ། ༼ཟི༽ ༡༤ ཀླུ་སྒྲུབ་ཀྱི་རང་བཞིན་གྲུབ་པ་མེད་པ་བཞིའི་མན་ངག ༼ཟི༽ ༢༩ འཕགས་པ་ལྷའི་དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱི་མི་ཁྱབ་པ། ༡༢༤ ཇོ་བོ་རྗེའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག །༼འདི་གཉིས་ཆོས་ཆུང་བརྒྱ་རྩའི་གྲས་ཡིན།༽ ༼རྒྱུད་ཞི༽ ༢༧༨ འཕགས་པ་ལྷའི་ཀྱཻ་རྡོ་རྗེའི་རྫོགས་རིམ་གོ་བར་བྱེད་པའི་སྙིང་པོ་བརྒྱ་པ། ༼རྒྱུད་ཙུ༽ ༢༦ ཞི་བ་འཚོའི་དེ་ཁོ་ན་ཉིད་སྒྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༼རྒྱུད་པུ༽ ༡༤༠ ནས་ ༡༧༥ ཞི་བ་འཚོའི་སཙྪའི་ཆོ་ག་བཅས་གསན་ཡིག་ལྕགས་པར་དཔེ་ཐུང་བློ་གླིང་པར་མ་ལས་འབྱུང་བ་བཞིན་རགས་ཙམ་བོད་རྒྱལ་ལོ་ ༢༡༣༠ བོད་ཟླ་ ༡༡ ཚེས་ ༣ ལ་འབྲི་བཤུས་ཞུས་པའོ།།[1] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གོང་གསལ་པཎ་གྲུབ་བཅུ་བདུན་གྱི་གསུང་གི་ལུང་རྒྱུན་དཔེ་ཐོ་རིགས་གཉིས་ནི། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་སྐྱབས་རྗེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་མཆོག་ནས་ཟིན་བྲིས་བཀོད་པ་ལྟར་ལགས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༡ ནས་ ༢༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།