༤༽ ལོ་ཙཱ་བ་མར་ཐུང་དད་པ་ཤེས་རབ།

༤༽ ལོ་ཙཱ་བ་མར་ཐུང་དད་པ་ཤེས་རབ།

 

ལོ་ཙཱ་བ་དད་པ་ཤེས་རབ་མཆོག་ནི། (མར་ཐུང་དད་པ་ཤེས་རབ།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང༌། དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་གཞུང་ལུགས་ལ་ཐོས་བསམ་ལེགས་པར་གནང་བ་དང་།

ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཞིང་ཆུབ་པར་སྦྱངས་ནས་སྒྲ་སྒྱུར་མཛད། སྒྱུར་རྩོམ་ནི་བསྟན་འགྱུར་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་སོགས་བཞུགས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༩ ནས་ ༣༨༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *