༡༡༽ ལོ་ཙཱ་བ་དིང་རི་ཆོས་གྲགས།
ལོ་ཙཱ་བ་དིང་རི་ཆོས་གྲགས་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་། རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་འགའ་ཡང་བསྒྱུར་བར་མཛད།
[1] འདི་ཉིད་ཀྱི་འགྱུར་ལ། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། ལྷ་མོ་ནག་པོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་དང་། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་དང་། ཡང་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་འདི་ཉིད་ཀྱིས་སྒྲ་སྒྱུར་མཛད་པ་བཅས་སོ།།[2] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༤༡
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༡༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༡ ནས་ ༣༥༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།