༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་ཞེས་བྱ་བ་བཞུགས་སོ།།

༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་ཞེས་བྱ་བ་བཞུགས་སོ།།[1]

 

༄༅། །རྒྱ་གར་སྐད་དུ། ཀྲ་ཧ་མན་ཏི་ན་མ་དྷ་ར་ནི། བོད་སྐད་དུ། གཙང་མ་ཀླུ་འབུམ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སྨོན་དུ་གསོལ་བ།

ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཚངས་པ་ལ་x ཀླུའི་རྒྱལ་པོ་ཚངས་ཆེན་ལ་x ཀླུའི་རྒྱལ་པོ་དབང་པོ་ལ་x ཀླུའི་རྒྱལ་པོ་ཉེ་བའི་དབང་པོ་ལ་x ཀླུའི་རྒྱལ་པོ་རྒྱ་མཚོ་ལ་x ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་ལ་x ཀླུའི་རྒྱལ་མོ་དུག་མེད་བཅས་ལ་x ཀླུའི་རྒྱལ་པོ་མཚོ་ཆེན་གྱི་བུ་ལ་x ཀླུའི་རྒྱལ་པོ་ཆུ་སྲིན་ལ་x ཀླུའི་རྒྱལ་པོ་དགའ་བོ་ལ་x ཀླུའི་རྒྱལ་པོ་ཉེ་དགའ་བོ་ལ་x ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་x ཀླུའི་རྒྱལ་པོ་མི་ཞུམ་ལ་x ཀླུའི་རྒྱལ་པོ་ཉེ་བར་མི་ཞུམ་པ་ལ་x ཀླུའི་རྒྱལ་པོ་བལྟ་ན་མཛེས་ལ་x ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་x ཀླུའི་རྒྱལ་པོ་འཇོག་པོ་ལ་x ཀླུའི་རྒྱལ་པོ་སྐྱ་རེངས་ལ་x ཀླུའི་རྒྱལ་པོ་ཆུ་ལྷ་ལ་x ཀླུའི་རྒྱལ་པོ་མངའ་ཀ་ལ་x ཀླུའི་རྒྱལ་པོ་བན་དྷ་ཀ་ལ་ཕྱག་འཚལ་ལོ།།

ཀླུའི་རྒྱལ་པོ་སེར་མོ་དྲུག་པ་ལ་x ཀླུའི་རྒྱལ་པོ་སྙིང་པོ་བཀོད་པ་ལ་x ཀླུའི་རྒྱལ་པོ་དཔལ་ལྡན་ལ་x ཀླུའི་རྒྱལ་པོ་དཔལ་མགྲིན་ལ་x ཀླུའི་རྒྱལ་པོ་དཔལ་ཕྲེང་ལ་x ཀླུའི་རྒྱལ་པོ་དཔལ་བཟང་ལ་x ཀླུའི་རྒྱལ་པོ་ཆུ་སྐྱེས་ལ་x ཀླུའི་རྒྱལ་པོ་སྟག་རི་ལ་x ཀླུའི་རྒྱལ་པོ་ལག་བཟང་ལ་x ཀླུའི་རྒྱལ་པོ་ཚངས་པ་ལ་x ཀླུའི་རྒྱལ་པོ་རི་རབ་ལ་x ཀླུའི་རྒྱལ་པོ་ཉི་འོད་ལ་x ཀླུའི་རྒྱལ་པོ་ཟླ་འོད་ལ་x ཀླུའི་རྒྱལ་མོ་བཟང་སྡུག་ལ་x ཀླུའི་རྒྱལ་པོ་དུར་པ་ལ་x ཀླུའི་རྒྱལ་པོ་འབྲུག་སྒྲོགས་ལ་x ཀླུའི་རྒྱལ་པོ་གློག་བྱིན་ལ་x ཀླུའི་རྒྱལ་པོ་རྒྱས་བྱེད་ལ་x ཀླུའི་རྒྱལ་པོ་ཆར་འབེབས་ལ་x ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་x ཀླུའི་རྒྱལ་པོ་དྲི་མེད་ལ་x ཀླུའི་རྒྱལ་པོ་སྟོབས་ཅན་ལ་x ཀླུའི་རྒྱལ་པོ་བ་གླང་མགོ་ལ་x ཀླུའི་རྒྱལ་པོ་རི་དྭགས་མགོ་ལ་x ཀླུའི་རྒྱལ་པོ་གླང་པོ་ཆེའི་མགོ་ལ་x ཀླུའི་རྒྱལ་པོ་སླན་སྟོབས་ཅན་ལ་x ཀླུའི་རྒྱལ་པོ་སྐྱེ་བོའི་ཚེ་ལ་x ཀླུའི་རྒྱལ་པོ་རིས་བཀྲ་ལ་x ཀླུའི་རྒྱལ་པོ་མིག་བཀྲ་ལ་x ཀླུའི་རྒྱལ་པོ་སྣ་ཚོགས་སྡེ་ལ་x ཀླུའི་རྒྱལ་པོ་མིག་གཏོང་བ་ལ་x ཀླུའི་རྒྱལ་པོ་གཏོང་བ་པ་ལ་x ཀླུའི་རྒྱལ་པོ་བཏང་བཟུང་ལ་ཕྱག་འཚལ་ལོ།།

ཀླུའི་རྒྱལ་པོ་སྒྲ་སྒྲོགས་ཀྱི་བུ་ལ་x ཀླུའི་རྒྱལ་པོ་རྟོག་པའི་བུ་ལ་x ཀླུའི་རྒྱལ་པོ་དཔལ་ལྷ་ལ་x ཀླུའི་རྒྱལ་པོ་དཔལ་བཟང་ལ་x ཀླུའི་རྒྱལ་པོ་ཚངས་པ་ལ་x ཀླུའི་རྒྱལ་པོ་སྲིན་བུ་ལ་x ཀླུའི་རྒྱལ་པོ་མཐའ་ཡས་ལ་x ཀླུའི་རྒྱལ་པོ་གསེར་ལ་x ཀླུའི་རྒྱལ་པོ་གླང་པོ་ཆེའི་རྩལ་ལ་x ཀླུའི་རྒྱལ་པོ་དཀར་གསལ་ལ་x ཀླུའི་རྒྱལ་པོ་སེར་སྐྱ་ལ་x ཀླུའི་རྒྱལ་པོ་ཨེ་ལ་འདབ་ལ་x ཀླུའི་རྒྱལ་པོ་དཀར་པོ་ལ་x ཀླུའི་རྒྱལ་པོ་སོག་མ་མེད་ལ་x ཀླུའི་རྒྱལ་པོ་ནག་པོ་ལ་x ཀླུའི་རྒྱལ་པོ་ཉེ་ནག་པོ་ལ་x ཀླུའི་རྒྱལ་པོ་སྟོབས་ཅན་ལ་x ཀླུའི་རྒྱལ་པོ་སྲེད་མེད་ཀྱི་བུ་ལ་x ཀླུའི་རྒྱལ་པོ་ལ་པ་ལ་x ཀླུའི་རྒྱལ་པོ་སྐྱེས་བྱེད་ལ་x ཀླུའི་རྒྱལ་པོ་སྲིན་བུ་ལ་x ཀླུའི་རྒྱལ་པོ་བྲག་ལག་ལ་x ཀླུའི་རྒྱལ་པོ་གྷ་གྷ་ལ་x ཀླུའི་རྒྱལ་པོ་པག་ཤུ་ལ་x ཀླུའི་རྒྱལ་པོ་སིད་ལ་x ཀླུའི་རྒྱལ་པོ་བཀྲ་ཤིས་ལ་x ཀླུའི་རྒྱལ་པོ་མ་དྲོས་པ་ལ་x ཀླུའི་རྒྱལ་པོ་རབ་བརྟན་ལ་x ཀླུའི་རྒྱལ་པོ་ས་འཛིན་ལ་x ཀླུའི་རྒྱལ་པོ་མུ་ཁྱུད་འཛིན་ལ་x ཀླུའི་རྒྱལ་པོ་མདོག་འཛིན་ལ་x ཀླུའི་རྒྱལ་པོ་བཟང་པོ་ལ་x ཀླུའི་རྒྱལ་པོ་རབ་བཟང་ལ་x ཀླུའི་རྒྱལ་པོ་སྟོབས་བཟང་ལ་x ཀླུའི་རྒྱལ་པོ་ནོར་བཟང་ལ་ཕྱག་འཚལ་ལོ། །

ཀླུའི་རྒྱལ་པོ་ནོར་བུ་འགུལ་ལ་x ཀླུའི་རྒྱལ་པོ་ནག་པོ་གཉིས་ལ་x ཀླུའི་རྒྱལ་པོ་སེར་པོ་གཉིས་ལ་x ཀླུའི་རྒྱལ་པོ་དམར་པོ་གཉིས་ལ་x ཀླུའི་རྒྱལ་པོ་དཀར་པོ་གཉིས་ལ་x ཀླུའི་རྒྱལ་པོ་ཕྲེང་ལྡན་ལ་x ཀླུའི་རྒྱལ་པོ་དམར་འཕྲེང་ཅན་ལ་x ཀླུའི་རྒྱལ་པོ་བེའུ་འདྲ་ལ་x ཀླུའི་རྒྱལ་པོ་ཁྲུམས་བསྟོད་ལ་x ཀླུའི་རྒྱལ་པོ་རྔ་ལx ཀླུའི་རྒྱལ་པོ་ཨ་མྲ་མུ་ཏིག་ལ་x  ཀླུའི་རྒྱལ་པོ་ནོར་བུའི་བུ་ལ་x ཀླུའི་རྒྱལ་པོ་ཡུལ་འཁོར་བསྲུངས་ལ་x ཀླུའི་རྒྱལ་པོ་འཕགས་སྐྱེས་པོ་ལ་x ཀླུའི་རྒྱལ་པོ་མིག་མི་བཟང་ལ་x ཀླུའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་x ཀླུའི་རྒྱལ་པོ་ཤིང་རྟའི་བཞིན་ལ་x ཀླུའི་རྒྱལ་པོ་ཙམ་མར་སྐྱེས་ལ་x ཀླུའི་རྒྱལ་པོ་ཀོའུ་ཧ་མ་ལ་x ཀླུའི་རྒྱལ་པོ་ལྔ་ལེན་ལ་x ཀླུའི་རྒྱལ་པོ་བདུད་རྩི་སྨན་ལ་x ཀླུའི་རྒྱལ་པོ་ཐིབས་པ་ལ་x ཀླུའི་རྒྱལ་པོ་བུང་པ་ལ་x ཀླུའི་རྒྱལ་པོ་དུས་ལ་བྱུང་བ་ལ་x ཀླུའི་རྒྱལ་པོ་སྟོབས་ཅན་ལ་x ཀླུའི་རྒྱལ་པོ་མིའི་རྩ་བ་ལ་x ཀླུའི་རྒྱལ་པོ་གླང་པ་ཆེ་ལ་x ཀླུའི་རྒྱལ་པོ་ཡི་མ་ཡིན་པ་ལ་x ཀླུའི་རྒྱལ་པོ་གཟིངས་ལ་x ཀླུའི་རྒྱལ་པོ་མཆོག་པོ་ལ་x ཀླུའི་རྒྱལ་པོ་བ་ལུ་ཀ་ལ་x ཀླུའི་རྒྱལ་པོ་ཨུ་ལུ་ཀ་ལ་x ཀླུའི་རྒྱལ་པོ་ཧུ་ལུ་ཀ་ལ་x ཀླུའི་རྒྱལ་པོ་ཨེ་ལས་ལོ་མ་ལ་x ཀླུའི་རྒྱལ་པོ་འགྲོ་སྒྲ་ལ་x ཀླུའི་རྒྱལ་པོ་འཆི་སྒྲ་ལ་x ཀླུའི་རྒྱལ་པོ་གཟི་ཅན་ལ་x ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ལ་x ཀླུའི་རྒྱལ་པོ་གཞི་འཛིན་ལ་x ཀླུའི་རྒྱལ་པོ་མེ་ཏོག་ཨུཏྤལ་ལ་x ཀླུའི་རྒྱལ་པོ་སེན་མོ་ཅན་ལ་x ཀླུའི་རྒྱལ་པོ་ཡིན་མེ་འཛིན་ལ་x ཀླུའི་རྒྱལ་པོ་འཕེལ་བ་ལ་x ཀླུའི་རྒྱལ་པོ་ཐར་པ་ལ་x ཀླུའི་རྒྱལ་པོ་བློ་ཅན་ལ་x ཀླུའི་རྒྱལ་པོ་རབ་ཐར་ལ་x ཀླུའི་རྒྱལ་པོ་བ་ལ་ལ་x ཀླུའི་རྒྱལ་པོ་མགྱོགས་དགའ་ལ་x ཀླུའི་རྒྱལ་པོ་འདུས་པ་དགའ་ལ་x ཀླུའི་རྒྱལ་པོ་དགའ་བོ་ལ་x  ཀླུའི་རྒྱལ་པོ་གསལ་བ་ལ་x ཀླུའི་རྒྱལ་པོ་ཨི་ལ་པ་ལ་x ཀླུའི་རྒྱལ་པོ་འདས་པ་ལ་x ཀླུའི་རྒྱལ་པོ་གཉེན་དགའ་བོ་ལ་x ཀླུའི་རྒྱལ་པོ་ལྡན་མཛེས་ལ་x ཀླུའི་རྒྱལ་པོ་མཆོག་ཅན་གྲོགས་མ་ལ་x ཀླུའི་རྒྱལ་པོ་བཞིན་བཟང་ལ་x ཀླུའི་རྒྱལ་པོ་མེ་ལོང་གདོང་ལ་x ཀླུའི་རྒྱལ་པོ་ཏིང་འཛིན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སེངྒེ་འཛིན་ལ་x ཀླུའི་རྒྱལ་པོ་འགྲོ་ལྡིང་ལ་x ཀླུའི་རྒྱལ་པོ་ནག་པོ་གཉིས་ལ་x ཀླུའི་རྒྱལ་པོ་དཀར་པོ་གཉིས་ལ་x ཀླུའི་རྒྱལ་པོ་ཉེ་དཀར་གཉིས་ལ་x ཀླུའི་རྒྱལ་པོ་སྔོན་པོ་གཉིས་ལ་x ཀླུའི་རྒྱལ་པོ་དེར་ག་ལ་ཕྱག་འཚལ་ལོ།།

བདག་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཚངས་པ་དང་དཔལ་ལྡན་དྲག་པོ་དང་། དྲང་སྲོང་ཡོད་པ་པོ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཞན་ཡང་གང་དག་པའི་དཀྱིལ་འཁོར་འདིར། དུས་དུས་སུ་འབྲུག་སྒྲོགས་པ། དུས་དུས་སུ་གློག་འབྱིན་པ། དུས་དུས་སུ་ཆར་འབེགས་པ། དུས་དུས་སུ་ལོ་ཐོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་བཟུང་བ་དང་། དགེ་བའི་བཤེས་གཉེན་གྱིས་གསུངས་པ་ལ་སྐྱབས་གསོལ་བ་དང་། ས་བདག་ཀླུར་གྱུར་པ་མཐའ་དག་ལ་ཡར་ནམ་མཁའི་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་ཚན་གྱིས་འཇིགས་པ་དང་། རྒྱལ་པོ་ལས་ཀྱི་འཇིགས་པ་ལས་ཐར་བར་གྱུར་ཅིག །གཞན་ཡང་ས་འཛིན་པ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་པ་རྣམས་ཀྱང་། ཚེ་རིང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །དབང་ཆེ་བར་གྲགས་པ་དང་། རྫུ་འཕྲུལ་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། འཁོར་འཕེལ་ཆེ་བ་དང་། དགྲའི་དཔུང་རབ་ཏུ་འཇོམས་པ་དང་། རྫུ་འཕྲུལ་ཆེ་བ་དང་ལྡན་པ། འོད་དང་ལྡན་པ་དང་། ཁ་དོག་དང་ལྡན་པ་དང་། གྲགས་པ་དང་ལྡན་པ་དང་། རྫུ་འཕྲུལ་ཆེ་བ་དང་། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་བུ་དང་བཅས་པ་དང་། ཚ་བོ་དང་བཅས་པ་དང་། སྤུན་དང་བཅས་པ། བློན་པོ་དང་བཅས་པ། ཕོ་ཉ་དང་བཅས་པ། མག་པ་དང་བཅས་པ། དེ་དག་གིས་ཀྱང་བདག་གི་བསམ་པ་འགྲུབ་ཏུ་གསོལ། རེ་བ་སྐོང་དུ་གསོལ། བསྲུང་བ་མཛད་དུ་གསོལ།

ཀླུ་ལ་མཐོལ་བཤགས་སུ་གསོལ་བ་ནི། ཀླུའི་ཐུགས་དང་འགལ་བ་ཅི་བགྱིས་པ་དང་། བདག་གིས་ཀླུའི་ཕོ་བྲང་བཤིག་གམ། གནས་ཁང་བཅོམ་མམ། རྡོ་གཉན་སློགས་སམ། ས་གཉན་བསྐོས་སམ། ཆུ་མིག་གཉན་པོ་བསུབས་སམ། བྲག་གཉན་དྲལ་ལམ། ཤིང་གཉན་བཅད། ས་བདག་ཀླུའི་ཐུགས་དང་འགལ་བ་ཅི་མཆིས་མཐོལ་ལོ་བཤགས་སོ། །ཀླུའི་སྤྱན་བཅར་བ་དང་། ཀླུའི་ཐུགས་ཕྱུང་བ་མཆིས་སམ། ཡན་ལག་བཅད་པ་མཆིས་སམ། བདག་གིས་ཀླུའི་གཉན་གྱི་བུ་གསད་དམ། ཀླུའི་ར་བཅད་པ་མཆིས་སམ། དེ་དག་ཐམས་ཅད་མཐོལ་ཞིང་བཤགས་སོ། །བདག་གིས་ཀླུའི་སྤྱན་བཅར་བའམ། ཐུགས་ཕྱུང་བ་མཆིས་ན་ཡང་མཐོལ་ཞིང་བཤགས་སོ། །བཟོད་པར་གསོལ་ལོ། །བདག་གིས་ཚེ་སྔ་མ་དང་ཡར་སྔ་མ། དུས་གསུམ་དུ་ཀླུའི་ཐུགས་དང་འགལ་བ་བཟོད་པར་གསོལ་ལོ། །བདག་གིས་ཀླུ་ལ་འཕྲིན་ལས་སུ་བཅོལ་བ་ནི། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ནད་དུ་གྱུར་པ། ཞ་གྲུམ་དང་མཛེས་དད་། ཕོལ་མིག་དང་། ཀླུའི་ལྐུགས་པ་དང་། མྱོས་པ་དང་། ཀླུའི་གཟི་མདངས་ཉམས་པ་དང་། ཀླུའི་ནད་དུ་གྱུར་པ་ཐམས་ཅད་མ་གཏང་ཅིག །

ཀླུ་ལ་སྨོན་ལམ་ཕར་གསོལ་བ་ནི། ཀླུའི་བྱེ་ཚན་གྱིས་འཇིགས་པ་དང་། མེས་འཇིགས་པ་དང་། རྭ་ཙ་བྱུ་རུ་ལྕགས་ཀྱི་འཇིགས་པ་དང་། ཀླུའི་ཤ་རུལ་གྱིས་འཇིགས་པ་དང་། ཀླུ་རྣམས་འཇིགས་པ་བཞི་དང་བྲལ་བར་གྱུར་ཅིག །ཀླུ་སྐྱབས་དམ་པ་དང་ལྡན་པར་གྱུར་ཅིག །ཀླུ་གནས་ཁང་དང་ལྡན་པར་གྱུར་ཅིག །ཀླུ་ཞ་བོ་དང་། གྲུམ་པོ་དང་། འཕྱི་བོ་དང་། དལ་རྒལ་དང་། ཀླུ་ཤུ་བ་ཅན་དང་། ཀླུ་ཞར་བ་དང་། ལོང་བ་དང་། འབྲུམ་བུ་ཅན་དང་། ལྐུགས་པ་དང་། མྱོས་པ་དང་། ཀླུ་གཟི་མདངས་ཉམས་པ་དང་། ཀླུ་ཁྲག་སྐམས་པ་དང་། ཀླུ་སྐམས་པ་དང་། ཀླུ་རྣམས་ནད་དང་བྲལ་བར་གྱུར་ཅིག །ཀླུ་རྣམས་ཀྱི་སྨན། ན་ག་བུས་པ་དང་། ན་ག་གེ་སར་དང་། ཛ་ཏི་ཕ་ལ་དང་། རྒྱ་མཚོའི་ལྦུ་བ་དང་། ཆུ་སྲིན་སྡེར་མོ་དང་། པདྨ་གེ་སར་དང་། དར་ཡ་ཀན་དང་། ཨ་ཀ་རུ་དང་། པུ་ཤེལ་རྩེ་དང་། ག་བུར་དང་། གུར་གུམ་དང་། བུ་རམ་དང་། སྦྲང་རྩི་དང་། ཀ་ར་དང་། རྡར་ཀ་དང་། རྒུན་འབྲུམ་དང་། ཞོ་དང་། འོ་མ་དང་། རིན་པོ་ཆེ་དང་། འབྲུ་སྣ་ཚོགས་ཏེ། ཀླུ་ཐམས་ཅད་ཀྱི་ནད་ཀྱི་གསོས་སུ་ཕུལ་བས། སྨན་གྱི་ཆར་འབབ་པར་གྱུར་ཅིག །ཀླུ་བཀྲེས་པ་ཟས་དང་། འཕོངས་པ་ནོར་དང་ལྡན་པར་གྱུར་ཅིག །དེ་ལྟར་བདག་གིས་སྨོན་ལམ་དུ་ཕུལ་བས། དེ་ལྟར་བདག་ཀྱང་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག །བདག་ཀྱང་མི་ཚེ་འདི་ལ་དགེ་བ་བཅུ་སྤྱོད་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བུ་ཚ་རྒྱུན་དུ་སྦྱིན་པ་གཏོང་བ་དང་། བཙན་ཕྱུག་ཕན་དར་བར་གྱུར་ཅིག །

ས་བདག་ཀླུ་ལ་མཐོལ་ལོ་བཤགས་སུ་གསོལ་བ། ས་བདག་ཧལ་ཁྱི་དང་། ཐེ་སེ་དང་། རྩན་ཀུན་དང་། དྲང་སྲོང་ཤེ་རུ་རྩེ་ལ་སོགས་ཏེ། ས་བདག་ནི་མ་ལྡེག་ཅིག །ཡུལ་བདག་ནི་མ་འཁྲུག་ཅིག །ལྷ་ཆེན་པོ་བཞི་དང་། ས་བདག་ཕོ་མོ་རྣམས་ཀྱིས་བདག་ཅག་ལ་རོགས་དན་མཛོད་ཅིག །ནད་མ་གཏང་ཅིག །བཀྲ་མི་ཤིས་པ་ཤིས་པར་གྱུར་ཅིག །མི་གྲུབ་པ་འགྲུབ་པར་གྱུར་ཅིག །ལོ་སྐག་ཟླ་སྐེག་དང་། ཞག་སྐག་དང་། སྐག་སྔོན་བསུ་དང་། ཕྱི་སྐྱེལ་ཐམས་ཅད་བཟློག་ཅིག །ཨོཾ་ཨ་ཀ་ནི་ཀ་ནི་ཨ་བྱི་ལ་མན་དྲ་ཡེ་མན་དྲ་ཡེ་སྭཱཧཱ། ཀླུའི་རྒྱལ་པོ་རྣམས་ཀྱི་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆོད་ཅིག །

སྨོན་ལམ་གསོལ་བ། ཀླུར་བཅད་པ་མ་མཆིས་ན་ཡང་། མཐོལ་ཤིང་བཤགས་སོ། །མ་བསད་སྟོང་འབུལ་ལོ། །མ་རྐུས་འཇམ་འབུལ། མ་འཕྲོགས་ཀྱི་སྐྱིན་པ་འབུལ། རང་བཅད་པ་ལྕགས་ཀྱིས་བསབ་པོ། སྤྱན་བཅར་བ་གཟི་མཆོད་ཀྱིས་བསབ་བོ། །ཕྱག་བཅད་པ་དབང་པོ་ལག་པས་བསབ་བོ། །ཤ་བཅད་པ་བསེས་བསབ་བོ། །ཁྲག་ཉམས་པ་མཚལ་གྱིས་བསབ་བོ། །དབུགས་ཆད་པ་སྤོས་མེ་དྲི་ངད་བདུག་གིས་བསབ་བོ། །ཞབས་སེན་ཆད་པ་ཆུ་སྲིན་སྡེར་མོས་བསབ་བོ། །ཐུགས་ཆད་པ་སྙིང་ཞོ་ཤས་བསབ་བོ། །དམིགས་པ་ཟངས་ཀྱི་བསབ་བོ། །གླ་གོར་ཞོ་ཤ་དང་། ག་བུར་དང་། གུར་གུམ་དང་། སྦྲང་རྩི་ལ་སོགས་པའི་རྩི་དགུ་སྨན་དང་བཅུས། ས་བདག་ཀླུ་ལ་མཆོད་པ་འབུལ། མ་བསད་སྟོང་ཕུལ། འཇིག་རྟེན་འདི་ན་བཞུགས་པའི་ཀླུ་གཉན་ཞི་བྱིན་ཆེ་བ། ཀླུ་ཐམས་ཅད་ཀྱི་སྤྱན་ལམ་དུ་བདག་དང་རྒྱུ་སྦྱོར་བ་འཁོར་དང་བཅས་པའི་ཕ་མེས་ཀྱི་ཀླུའི་ཐུགས་དང་འགལ་བ་བགྱིས་ན་ཡང་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །འཕྲིན་ལས་བཅོལ་ལོ། །བདག་ཅག་འཁོར་དང་བཅས་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཀླུ་ནད་དུ་གྱུར་པ། ཞ་གྲུམ་དང་། མཛེས་དང་ཕོལ་མིག་དང་ལོང་བ་དང་། ལྐུགས་པ་དང་། དེ་དག་ཐམས་ཅད་མ་བཏང་ཅིག །

ཁྱད་པར་དུ་བདག་གི་ལུས་ངག་ཡིད་གསུམ་ལ་ཀླུ་ནད་དུ་གྱུར་པ་ཐམས་ཅད་མ་བཏང་ཅིག །ཤིག་ཅིག །ཁྲོལ་ཅིག །བཟུང་བ་ཐོངས་ཤིག །བཅིངས་པ་ཁྲོལ་ཅིག །ན་ག་ཤིག །ན་ག་ཕུད། ན་ག་ཁྲོལ། ན་ག་ཐོར། ཀླུ་རྣམས་ཀྱིས་ཀྱང་བདག་ལ་གྲོགས་དན་མཛོད་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །རྐྱེན་དབང་ཟློག་ཅིག །བདུད་དཔུང་ཤིག །བགེགས་དཔུང་ཆོམས་ཤིག །ཀླུ་རྣམས་སྡུག་བསྔལ་དང་འབྲལ་བར་གྱུར་ཅིག །ཀླུ་སྐྱབས་དམ་པ་དང་ལྡན་པར་གྱུར་ཅིག །ཀླུ་རྣམས་ལ་རྩི་སྨན་སྣ་ཚོགས་དང་། མངར་སྨན་སྣ་ཚོགས་བསགས་ཤིང་ཕུལ་བས། ཀླུའི་གནས་ཁང་ཐམས་ཅད་དུ་སྨན་གྱི་ཆར་འབབ་པར་གྱུར་ཅིག །

ས་བདག་ཀླུ་རྣམས་ལ་སྨོན་ལམ་དུ་གསོལ་བ། ཀླུ་རྣམས་ཀྱི་སྡུག་བསྔལ་བྱང་བར་གྱུར་ཅིག །ཀླུ་བྱེ་ཚན་གྱི་འཇིགས་པ་དང་། མེས་འཇིགས་པ་དང་། རྒྱལ་པོའི་ལས་ཀྱིས་འཇིགས་པ་དང་། བྱ་ཁྱུང་ཀ་རུ་ནས་འཇིགས་པ་དང་། ར་ཙ་བྱུ་རུ་ལྕགས་ཀྱིས་འཇིགས་པ་དང་། ཤ་རུལ་གྱིས་འཇིགས་པ་དང་། ཀླུ་རྣམས་འཇིགས་པ་བཞི་དང་བྲལ་བར་གྱུར་ཅིག །ཐར་བར་གྱུར་ཅིག །ཀླུ་གནས་ཁང་པ་དང་ལྡན་པར་གྱུར་ཅིག །ཀླུ་ཞ་བོ་དང་། གྲུམ་པོ་དང་། འཕྱེ་བོ་དང་། དལ་རྒལ་ཅན་དང་། ཀླུ་ཞར་བ་དང་། ལོང་བ་དང་། ཤུ་བ་ཅན་དང་། ཀླུ་འབྲུམ་བུ་ཅན་དང་། ཀླུ་ཕོལ་མིག་དང་། ལྐུགས་པ་དང་། མྱོས་པ་དང་། ཀླུ་གཟི་མདངས་ཉམས་པ་དང་། འཐབ་པ་དང་། ཀླུའི་ཁྲག་སྐམས་པ་དང་། གཞོགས་ཕྱེད་སྐམས་པ་ལ་སོགས་པའི་ནད་དེ་རྣམས་ཐར་བར་གྱུར་ཅིག །ཀླུ་བཀྲེས་པ་ཟས་དང་། ཕོངས་པ་ནོར་དང་། ལོངས་སྤྱོད་སྣ་ཚོགས་དང་ལྡན་པར་གྱུར་ཅིག །ཀླུའི་ཕོ་བྲང་བཤིག་པ་དང་། ཀླུ་འཕྱམས་པ་དང་། ཀླུ་ལོངས་སྤྱོད་དང་བྲལ་བ་རྣམས་ཀྱང་འདོད་པ་ལྔ་དང་འཕྲད་པར་གྱུར་ཅིག །དེ་ལྟར་བདག་གིས་སྨོན་ལམ་ཕུལ་བས། བདག་ཀྱང་ལོངས་སྤྱོད་དང་ལྡན་པར་གྱུར་ཅིག །ཚེ་འདི་ལ་དགེ་བ་བཅུ་ཐོབ་པར་གྱུར་ཅིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཅིག །ཚེ་འདི་ལ་ནད་མེད་པ་དང་། ཚེ་རིང་བ་དང་། བུ་ཚ་རིགས་རྒྱུད་འཕེལ་བ་དང་། རྟག་ཏུ་སྦྱིན་པ་གཏོང་ཞིང་བརྩན་ཕྱུག་ཕན་དར་བར་གྱུར་ཅིག །རྫོགས་སོ།།

ད་ནི་ཀླུ་ལ་མཐོལ་བཤགས་དབུལ་བར་བྱ་སྟེ། བདག་གི་སྦྱིན་བདག་འཁོར་དང་བཅས་པས། དེ་ལྟར་སྡིག་པ་བཤགས་ནས། ཡང་དང་ཡང་དུ་གཤེགས་སམ། བདག་ཅག་འཁོར་དང་བཅས་པས་སྐྱེ་གནས་ཐམས་ཅད་དུ་ཀླུའི་ཐུགས་དང་འགལ་བ་ཅི་བགྱིས་པ་མཐོལ་ལོ་བཤགས་སོ། །ཀླུའི་དེ་ནི་ཕོ་བྲང་བ། མཚོ་མོ་མ་ཕམ་དང་། རྒྱ་མཚོ་ཡི་གླིང་བུ་དང་། །ནེའུ་སེང་དེ་ནི་སྔོན་པོ་དང་། །གཡུ་མཚོ་ཡི་ནི་སྔོན་པོ་དང་། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གི་ནི་མ་རིག་པས། །མཚོ་སྙོགས་དེ་ནི་གཞོབ་བཏང་བས། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །ནགས་ཚལ་དེ་ནི་འཐུག་པ་དང་། །ནེའུ་གསིང་དེ་ནི་མཚོ་ག་ན། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ཤིང་བཅད་དེ་ནི་ན་སློག་པས། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །ཧ་བོ་དེ་ནི་གངས་བཟང་བ། །གངས་དཀར་དེ་ནི་ཏེ་སི་ལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །གཡའ་རི་དེ་ནི་སྔོན་པོ་དང་། །སྤང་རི་དེ་ནི་ལྗང་ལྗོང་ན། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །མེ་བསྲེགས་དེ་ནི་གཞོབ་ཤོར་བ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །

ཀླུ་ཡི་དེ་ནི་ཕོ་བྲང་ན། །བྲག་རི་དེ་ནི་ཟུར་བུ་དང་། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །བྲག་བསྲེགས་དེ་ནི་ཤིན་སྔུབས་པ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །གཡུ་མཚོ་དེ་ནི་སྔོན་མོ་དང་། །མ་དྲོས་དེ་ནི་མཚོ་ཆེན་ལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །མཚོ་སྙོགས་དེ་ནི་གཏིང་དཀྲུགས་པ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །མཚེའུ་ཡིས་ནི་ཀྱལ་ཀྱིལ་ན། །ཁྲོན་པ་དེ་ནི་ཆུ་མིག་དོང་། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །མཚོ་སྙོགས་དེ་ནི་གཞོབ་བཏང་བ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །

ཀླུ་ཡི་དེ་ནི་ཕོ་བྲང་ན། །ནེའུ་གསིང་དེ་ནི་སྔོན་པོ་དང་། །ཕ་བོང་དེ་ནི་ངོས་བཟང་ལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ན་སློག་དེ་ནི་རྡོ་བཅག་ལ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །ཤིང་ཆེན་དེ་ནི་སྤེན་མ་དང་། །སེ་བ་དེ་ནི་ལང་ལིང་དང་། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ཤིང་བཅད་དེ་ནི་གཞོབ་བཏང་བ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །

ཀླུ་ཡི་དེ་ནི་ཕོ་བྲང་བ། །བྱེ་ཐང་དེ་ནི་སྐྱ་བོ་ལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །རྡོ་ལོག་དེ་ནི་ཕུར་བཏབ་པས། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །བྱེ་ཐང་དེ་ནི་ཆེན་པོ་དང་། །སྤང་ལྗང་དེ་ནི་ན་ཆེན་དང་། །ནེའུ་གསིང་དེ་ནི་ཚང་ཚིང་དུ། །ན་སྐོས་དེ་ནི་ཡང་སྐོས་པ། །མི་འཆབ་དེ་ནི་མཐོལ་ལོ་བཤགས། །ཀླུ་ཡི་དེ་ནི་ཕོ་བྲང་བ། །མཐོ་བཙུགས་དེ་ནི་འབྱོར་གྲུས་པ། །མི་འཆབ་དེ་ནི་མཐོལ་ལོ་བཤགས་སོ། །ཀླུ་ཡི་དེ་ནི་ཕོ་བྲང་བ། །བདག་གིས་ནི་མ་རིག་པས། །སྨེ་ཤོར་དེ་ནི་ལ་ཤོར་བ། །མི་འཆབ་དེ་ནི་མཐོལ་ལོ་བཤགས་སོ། །ཀླུ་ཡི་དེ་ནི་ཕོ་བྲང་བ། །རི་མཐོ་དེ་ནི་ངོས་བཟང་བ། །ཆུ་བོ་དེ་ནི་ཟུ་ལུ་ལུ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །ཀླུ་མགོ་མང་པོ་ཀྱུ་རུ་རུ། །སྦྲུལ་མགོ་མང་པོ་རོག་གེ་རོག །སྐྱེས་ལྗང་མང་པོ་འདེམ་སེ་འདེམ། །གཡུ་མཚོ་སྔོན་པོ་མདངས་ཡ་ལ་ལ། །ནེའུ་གསིང་སྔོན་མོ་སྔོ་དང་ལམ་སེ་ལམ། །ཀླུ་ཡི་དེ་ནི་སྐོར་ཁང་ལྡན། །ཀླུ་རྒྱལ་དེ་ནི་བཞུགས་པ་དང་། །ཀླུ་བཙུན་དེ་ནི་བཞུགས་པ་དང་། །ཚངས་པ་དང་ནི་སྩལ་ཏུ་གསོལ། །

བདག་ཅག་གིས་ནི་འཁོར་བཅས་ལ། །མཐུ་དད་ཡེ་འཕྲོག་གྲོགས་མཛོད་ཅིག །ཀླུ་ཡི་ཡན་ལག་མི་བདེ་ཞིང་། །དབང་པོ་རྒུད་པར་གྱུར་པ་རྣམས། །ཕྱག་ན་རྡོ་རྗེའི་བྱིན་རླབས་དང་། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །སྨན་རྣམས་བདུད་རྩི་ལྔ་དང་ལྡན། །ཀླུ་ཡི་ཡན་ལག་བདེ་བ་དང་། །དབང་པོ་རྣམས་ནི་རྒྱས་གྱུར་ཅིག །ཀླུ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མི་བདེ་བའི་སྡུག་བསྔལ་ཀུན་ལས་ཐར་བར་གྱུར་ཅིག །དེ་ནི་ཀླུ་ལ་མཆོད་པ་འབུལ། །མཆོད་པ་རྣམ་པ་ལྔ་ཡང་འབུལ། །དགེ་བསྙེན་ཀླུ་རྒྱལ་བཞུགས་པ་དང་། །ཀླུ་བཙུན་དེ་ནི་བཞུགས་པ་དང་། །བདག་ཅག་དེ་ནི་མཆོད་པ་འབུལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །

ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཁྱུང་གི་དེ་ནི་གཤེགས་འདེངས་སུ། །གུར་ཁང་དེ་ནི་གསེར་གྱིས་མཆོད། །ཞལ་ཟས་དེ་ནི་སྣ་ཚོགས་སུ། །བདུད་རྩི་དེ་ནི་བཅུད་དུ་སྦྱར། །དཀར་འཇམ་དེ་ནི་གདན་དུ་བཏིང་། །རྒོད་ཀྱི་དེ་ནི་འཐེ་གོངས་སུ། །རྨ་བྱ་དེ་ནི་གདོངས་བཙུགས་ནས། །ཀླུ་ལ་དེ་ནི་མཆོད་པ་འབུལ། །མི་ཡོན་དེ་ནི་ཀླུ་ལ་འབུལ། །ཀླུ་ཡོན་དེ་ནི་མི་ལ་གསོལ། །ཅི་དང་ཅི་རུ་འཇལ། །མི་དང་ཀླུ་རུ་འཇལ། །དགྱེས་ཤིང་དེ་ལ་དགའ། །ཉིན་དང་གདུགས་སུ་འཇལ། །གྲོ་དང་ཟ་བར་འཇལ། །ཀླུ་བདུད་མི་མ་འབབ་ཅིག །ང་ལྷ་ཀླུ་ལ་མཆོད་པ་འབུལ། །ཀླུའི་ཕོ་བྲང་རྒྱན་དང་ལྡན་པ་འདིར། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཙོང་ངེ་ཙོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ས་བདག་ཀླུའི་ཐུགས་དང་འགལ་བ་མཐོལ་ལོ་བཤགས་སོ། །

ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆོད་པར་གྱུར་ཅིག །ས་ནད་ཐམས་ཅད་བྱེད་པར་གྱུར་ཅིག །ན་ག་ཕུད། ན་ག་ཁྲོལ། ན་ག་ཤིག །ན་ག་ཐོར། ཕ་བདེ་ལེགས་སུ་གྱུར་ཅིག །མ་བདེ་ལེགས་སུ་གྱུར་ཅིག །མངལ་བདེ་ལེགས་སུ་གྱུར་ཅིག །རྐང་གཉིས་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་མང་རྣམས་བདེ་ལེགས་སུ་གྱུར་ཅིག །སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །

ཀླུའི་གཏོར་མ་དང་མཆོད་པ་རྣམ་ལྔ་དང་། །ཆབ་གཏོར་བཤམས་ལ། ཀླུ་འབུམ་འདི་སྟོན་ན། ཀླུ་ནད་ཐམས་ཅད་རྒྱུན་ཆོད་པར་འགྱུར་རོ། །ལྷོ་བྲག་ཁོང་ཐིང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་འགྲོ་བ་སེམས་ཅན་ལ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། ཀླུ་དང་གཉན་དང་ས་བདག་དར་བར་གཟིགས་ནས། བྲག་དམར་སེངྒེའི་རྫོང་ལ་ཚངས་པ་ཀླུ་གཉན་གནས་ནས། ཀླུ་རྒྱལ་སོགས་མ་མེ་དང་གྲོས་བྱས་ནས་གཏོང་བའོ། །གཙང་མ་ཀླུ་འབུམ་འདི་ལྷོ་བྲག་གི་ལྷ་གོར་སྟོན་པར་གཏད། །དེ་ནས་གཙང་གི་ཁྲོ་ཚང་སྟོན་པ་ལ་གཏད། །དེས་བསྟོད་ལུངས་ཀྱི་ཐེ་སྟོན་པ་ལ་གཏད། །གཙང་མ་ཀླུ་འབུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།  དགེ་ལེགས་འཕེལ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་སོགས། པོད། ༼༡༽ སོག་ཡུལ་རྒྱལ་ཡོངས་དཔེ་མཛོད། དཔེ་ཐུང་དབུ་ཅན་བྲིས་མ། ཤོག་གྲངས་ ༡ན༡ ནས་ ༢༡ན༥ བར་ཤོག་བུ་ ༢༢ ཅན་བཞུགས་པ་ལས་ཟུར་འདོན་ཞུས་པའོ།།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༥ ནས་ ༧༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *