༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ།དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གསུངས་པའི་རིམ་པས་སྟོང་པ་ཉིད་དུ་བསྒོམ་པའི་རྗེས་ལ། སྣ་ཚོགས་པདྨ་ཉི་མའི་སྟེང་དུ་ཧཱུཾ་ཡིག་ནག་པོའོ། །དེ་ཉིད་ཁོ་ན་ཡོངས་སུ་གྱུར་པ་ལས། རྗེ་བཙུན་དཔལ་ནག་པོ་ཆེན་པོ་ནི། ཞལ་གཅིག་ཕྱག་གཉིས། སྐུ་མདོག་ནག་པོ་སྤྱན་གསུམ་པ་ཆེར་འབར་བ། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འ
མུ་མཐུད་ཀློགས།གསར་འཇུག
སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ།
༄༅༅། །རྒྱ་གར་སྐད་དུ། ཁ་དྷིར་དྷ་ར་སྟོ་ཏྲ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ།འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཕགས་མའི་ཕོ་བྲང་སེང་ལྡེང་ནགས་ན་སྒྲོལ་མ་རྩེ། །ཨུ་དུམ་ཝ་ར་སེང་ལྡེང་རྒྱ་ཤུག་ནྱ་གྲོ་ཏ། །ཙན་དན་འབྲས་བུ་གསུམ་སྟོང་ཛ་ཏི་ལི་ཤིའི་ཚལ། །ཁ་ཟུམ་ཁ་བྱེ་མེ་ཏོག་ཤིང་ལོ་ཉམས་དགའི་གནས། །ལྗོན་ཤིང་འབྲས་བུ་སྨིན་དང་མ་སྨིན་ཏཾ་པོ་ལ། །ཡན་ལག་བརྒྱད་ལྡན་ཆུ་ནི་ལྷུང་ལྷུང་སྒྲ་སྙན་ལ། །རྨ་བྱ་ནཻ་ཙོ་
མུ་མཐུད་ཀློགས།ཐམས་ཅད་གྲུབ་པ་དཔལ་འཕེལ་ལྷ་མོ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟོད་པ།
༄༅༅། ཨོཾ་ཐམས་ཅད་གྲུབ་པ་དཔལ་འཕེལ་ལྷ་མོ་ཁྱོད་ལགས་ཀྱེ། །རྣམ་ཐར་ཡོངས་རྫོགས་དྲི་མེད་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་མངའ་མཛད་བསྡུ་བའི་ཏོག་ལྟར་མཛེས། །ཞབས་གཉིས་རོལ་པས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད། །ཚད་མེད་བཞིའི་བདུད་བཞིའི་དཔུང་རྣམས་བཅོམ་པ་ཀྱེ། །གང་གིས་འདོད་དོན་གསོལ་བ་དེ་དག་གྲུབ་པ་ཀྱེ། །སྐུ་དང་ཕྱག་ཞབས་རིན་ཆེན་དུ་མས༌བརྒྱན་ཀྱེ། །བསྡུ་བ་དངོས་པོ་བཞི་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་མོ་རབ་བརྗིད་དུས་གསུམ་ས་ལེར་མཁྱེན་པ་ཀྱ
མུ་མཐུད་ཀློགས།ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་སྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། བཛྲ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་སད་ཏ་ན་བ་ལ། བོད་སྐད་དུ། ཕྱག་ན་རྡོ་རྡེ་གཏུམ་པོ་ཆེན་པོ་ཁྲོས་པ་ཞེས་བྱ་བའི་སྒྲུབ་ཐབས།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བླ་མ་རྒྱུད་པའི་རིམ་པ་ཡི། །མན་ངག་རིན་ཆེན་བདུད་རྩིའི་རྒྱུན། །གསང་བདག་མངོན་རྟོགས་རིམ་པ་འདི། །སྒྲོ་སྐུར་མེད་པར་བྲི་བར་བྱ། །རྡོ་རྗེ་འཆང་ནས་ད་ལྟའི་བར། །ཚིག་དོན་རྒྱུད་པ་བར་མ་ཆད། །དབང་གི་རྒྱལ་པོ་ལྟ་བུ་ཡི། །མཚན་ཉིད་ལྡན་པའི་བླ་མ་ལ། །སྙིང་རྗེ་ལྡན་ཞིང་ཤེ
མུ་མཐུད་ཀློགས།ཤ་ཟ་གནོད་སྦྱིན་མཁའ་འགྲོ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་ཞེས་བྱ་བ།
༄། གནོད་སྦྱིན་མོ་ཀུན་ནས་འཁྱིལ་པ་མཆེད་གསུམ་གྱི་སྒྲུབ་ཐབས་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། པ་ཤ་ཙ་མ་ཀྵི་ཏ་ཀི་ནི་ཀལ་པ་ཨུ་ཏ་ཀུན་ཏ་ལི་ས་དྷ་ན་མཿ། བོད་སྐད་དུ། ཤ་ཟ་གནོད་སྦྱིན་མཁའ་འགྲོ་ཀུན་ནས་འཁྱིལ་པའི་རྟོགས་པ་ལས་བྱུང་བའི་གྭ་ཐབས་ཞེས་བྱ་བ།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཕྱག་འཚལ་ནས་གཞན་ལོ། །དེ་ནས་འཇིག་རྟེན་པའི་ཤ་ཟའི་མཁའ་འགྲོ་མ། །གནོད་སྦྱིན་རང་རིག་པ་འཛིན་པ་ཀུན་ནས་འཁྱིལ་པ་ཡི། །གྭ་བའི་ཐབས་ཉམས་སུ་བླང་བའི་རིམ་པ་འདི་ལྟ་
མུ་མཐུད་ཀློགས།རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ།
༄། རྣལ་འབྱོར་ཡན་ལག་དྲུག་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཥཌངྒ་ཡོ་ག་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སོར་བསྡུད་དེ་བཞིན་བསམ་གཏན་དང་། །སྲོག་རྩོལ་དང་ནི་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན།རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་མདོར་བསྟན་ཚིག་དང་ནི། །རྒྱས་པར་བཤད་པའི་ཚིག་དཀའ་སྩལ། །དབང་པོ་བཅུ་ཡི་དོན་རྣམས་ནི། །རང་གིས༌འཇུག་གནས་ཐམ
མུ་མཐུད་ཀློགས།བསྡུས་པའི་རིམ་པའི་བསྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། པི་ཎ་ཌཱི་གྲ༌མ་སཱ་ངྷ་ནཾ། བོད་སྐད་དུ། བསྡུས་པའི་རིམ་པའི་བསྒྲུབ་ཐབས།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལ་ལས་གྲོལ་མཁའ་དང་མཉམ་རྟོགས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་ཞིའི་རང་བཞིན་རྣལ་འབྱོར་པ་རྣམས་ཉིད་ཀྱིས་རྟོགས་བྱ་བ། །རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་པར་དཀའ་ལ་རང་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བ་རྣམས་སྐུ་བདེ་བ་མཉམ་མེད་མཉམ་པའི་རྣམ་པར
མུ་མཐུད་ཀློགས།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འཕགས་མ་སྒྲོལ་མ་བསྒྲུབ་པའི་ཐབས་ཞེས་བྱ་བ།
༄། རྗེ་བཙུན་མའི་བསྒྲུབ་ཐབས་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། ཨརྱབི་ཛ་ཡ་ཏྲེ་ལོ་ཀྱ་ཏཱ་ར་ས་ད་ན་མ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འཕགས་མ་སྒྲོལ་མ་བསྒྲུབ་པའི་ཐབས་ཞེས་བྱ་བ།སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོབ་གཞན་དོན་སྡུག་བསྔལ་འདོན་པའི་མཐོང་བའི་བྱང་ཆུབ་སེམས་ཀྱི་སྤྱན་གྱིས་ནི། །སྡུག་པ་ཅན་ཡལ་བར་མི་འདོར་སྔོན་གྱི༌སྨོན་ལམ་དམ་བཅས་དྲན་པའི་རྒྱུན། །བར་ཆད་མེད་པའི་སྐུ་ལ་བཏུད་དེ་བདག་གིས་ནི། །ཇི་ལྟར་
མུ་མཐུད་ཀློགས།རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག
༄༅༅། །རྒྱ་གར་སྐད་དུ། ནཱ་ནཱ་ཏནྟྲ་ཨུདྡྷྲྀ་ཏོ་བ་ལིཾ་བི་དྷིཿ། བོད་སྐད་དུ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག །ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །སྐུ་མཆོག་རང་གི་སྣང་བས་འཁྱུད། །སྐྱོབ་པ་མ་ལུས་སྤྲོ་མཛད་པ། །རྡོ་རྗེ་སེམས་དཔའ༌ཕྱག་འཚལ་ནས། །དེ་བཞིན་གཤེགས་རྣམས་རབ་སྟེར་བ། །ལྷ་མོ་ཆོས་དབྱིངས་དབང་ཕྱུག་མ། །མ་ལུས་རྒྱལ་བ་རྣམས་ཀྱི་ཡུམ། །འགྲོ་བ་སྐྱོབ་ལ་རབ་བཏུད་ནས། །གང་གི་སྐུ་དྲིན་ཆེན་པོ་ཡ
མུ་མཐུད་ཀློགས།རལ་པ་གཅིག་མའི་སྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ་ཐབས།འཕགས་མ་ཨེ་ཀ་ཛཱ་ཊཱི་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧྲཱིཾ་ཧཱུཾ་ཧ་ཧ་ཧ་ཧ་ཧེ་ཧེ་ཧཾ་ཧཿཕཊ་མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཨོཾ་ཨཱཿརལླི༌ཧཾ་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་གཉིས་རལ་གཅིག་སྒྲུབ་པའི་ཐབས། །རལ་གཅིག་ཁམ་པ་གྱེན་བརྫེས་པའི། །ལྷ་མོ་གྲི་གུག་ཐོད་པ་བསྣམས། །དེ་བཞིན་ལྷ་མོ་ཕྱག་བཞི་
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



