༄༅༅། །རྒྱ་གར་སྐད་དུ། བྷཱ་མ་ག༌ཏཱ་མ་དྷྱ་ནཱ་མ། བོད་སྐད་དུ། དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ།སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །གང་གིས་དེ་ཉིད༌རབ་བརྟག་མིན། །རྣམ་ཤེས་བྱ་མིན་གཞི་མ་ཡིན། །མཚོན་མིན་བརྟག་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང་། །རྣམ་བརྟག་མ་ཡིན་སྣང་བ་མེད། །མཚན་མ་མེད་ཅིང་གསལ་བྱེད་མེད། །གཉིས་མིན་གཉིས་མེད་མ་ཡིན་དང་། །ཞི་དང་བློ་འཇུག་རྣམ་སྤངས་པ། །ཡི་གེ་མེད་པ་ཡི་གེ་ཡིས། །ཐུགས་རྗེ་ཉིད་ཀྱི༌
མུ་མཐུད་ཀློགས།གསར་འཇུག
རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ།
༄༅༅། །རྒྱ་གར་སྐད་དུ། ཧསྟཱ་བྷ་བ་པྲ༌ཀ་ར་ཎ་ཀཱ་རི་ཀཱ། བོད་སྐད་དུ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ།བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པར་མཐོང་ན་དོན་མེད་དོ། །དེའི་ཆ་མཐོང་ན་དེ་ལ་ཡང་། །སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན། །བརྟགས་པའི༌དངོས་པོ་ཐམས་ཅད་ལ། །རང་གི་ངོ་བོ་བརྟགས་པ་ན། །ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་ནི། །ཇི་སྙེད་ཡོད་པ་གཞན་ལས་བརྟགས། །ཆ་མེད་བརྟག་པར་བྱ་མིན་ཕྱིར། །ཐ་མ
མུ་མཐུད་ཀློགས།འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ།
༄༅༅། །རྒྱ་གར་སྐད་དུ། ས་ཁ་ལི་ཏ་པྲ་མརྡ༌ན་ཡུཀྟཱ་ཧེ་ཏུ་སིདྡྷི་ནཱ་མ། བོད་སྐད་དུ། འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས༌གྲུབ་པ་ཞེས་བྱ་བ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྟོན་པ་འཇིག་རྟེན་སྒྲོན་མ་དང་། །ཉོན་མོངས་ནད་སེལ་བདུད་རྩིའི་ཆོས། །སློབ་དང་མི་སློབ་ལ་སོགས་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ཏེ། །སྙིགས་མ་ལྔ་ཡི་འཇིག་རྟེན་འདིར། །འགྲོ་ལ་ཕན་ཕྱིར་ལམ་བཤད་པ། །བདུད་དང་བདུད་ལ་ཕྱོགས་པ་དག །ལམ་ལ་ལོག་པར་ལྟ་བའི་ཕྱིར། །རང་གི་
མུ་མཐུད་ཀློགས།བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ།
༄༅༅། །རྒྱ་གར་སྐད་དུ། ཙ་ཏུཿཤ་ཏ་ཀ་ཤཱསྟྲཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོང་ངེས༌རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་། །གཞན་དབང་འགྲོ་བའི་ངང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པ་བྱ་བ་མིན་ལྟར་རོ། །ཁྱོད་ཀྱིས་འདས་དུས་ཐུང་ངུ་ལྟར། །མ
མུ་མཐུད་ཀློགས།ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ།
༄༅༅། །རྒྱ་གར་སྐད་དུ། ཧསྟ་བཱ་ས་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། །བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པར་མཐོང་ན༌དོན་མེད་དོ། །དེ་ཡི་ཆ་མཐོང་དེ་ལ་ནི། །སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན། །བརྟག་པའི་དངོས་པོ་ཐམས་ཅད་ལ། །རང་གི་ངོ་བོ་བརྟགས་པ་ན། །གཞན་གྱི་ཀུན་རྫོབ་ཤེས་པ་ཡིས། །སྤྱོད་ཡུལ་ཇི་སྙེད་བརྟགས་པ༌ཡིན། །ཆ་མེད་བརྟག་པར་བྱ་མིན་ཕྱིར། །ཐ་མ༌ཡང་ནི་མེད
མུ་མཐུད་ཀློགས།ལྷ་ཆེན་པོ་གསུམ་གྱི་བསྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་དྷེ་བ་ཏྲ་ས་ན་ཙ་ན། བོད་སྐད་དུ། ལྷ་ཆེན་པོ་གསུམ་གྱི་བསྒྲུབ་ཐབས།དེའི་སྡེ་དཔོན་རེག་ཚིག་ལ་ཕྱག་འཚལ་ལོ། །རེག་ཚིག་ཚོགས་ལ་ཕྱག་འཚལ་ཏེ། །དེ་ཡི་ལས་བྱེད་བསྒྲུབ་ཐབས་བྲི། །རྟེན་ལ་བསྙེན་ཏེ་གཟུགས་ལ་བསྒྲུབ། །གཟུགས་གཉིས་དག་གིས་ལས་སྦྱར་སྦད། །ལྷ་ཆེན་དམིགས་པ་འབྲིང་ཀླུ་མགོ་མངམ་ཟའི་སྙིང་། །རྟེན་བྱས་འདི་རྣམས་བརྗོད་པར་བྱ། །ལོ་ཀི་ཤ་རི་དྷ་བ་བྷྲ་མ་བྷད་ཏྲ་བྷད་ཏྲུ་ཧྲི་ཏཾ་ཛ། ཞག་བཅུ་བསྙེན་པ་འདི་བྱའོ། །དེ་
མུ་མཐུད་ཀློགས།ཁྲོ་བོ་རེག་ཚིག་གི་གཏོར་ཆོག
༄༅༅། །རྒྱ་གར་སྐད་དུ། བྷ་ལི་དྷ་བྷི་ཏི་ན་མ། །བོད་སྐད་དུ། གཏོར་མའི་ཆོ་ག་ཞེས་བྱ་བ། ཁྲོ་བོ་རེག་ཚིག་གི་གཏོར་མ།རང་ན་བྷུ་རུ་ལ་ཕྱག་འཚལ་ལོ། །བཤམ་དང་སྦྱང་དང་བསང་བ་དང་། །བསྐྱེད་དང་བྱིན་གྱིས་བརླབས་པ་དང་། །དགྲ་བགེགས་བཀུག་བསྟིམ་སྤྱན་དྲང་དང་། །དེ་བཞིན་གཏོར་མ་དབུལ་བ་དང་། །བསྟོད་ཅིང་གསོལ་གདབ་གཤེགས་གསོལ་ལོ། །འབྲུ་སྣ་ལྔ་ཡི་ཟན་ལ་ནི། །ཟུར་གསུམ་ཟུར་རྣོ་རྩ་བ་བརྟན། །དཀྱིལ་མཐུག་དཔལ་བྱས་དཀྱིལ་དུ་གཟུགས། །དེ་ཡི་མཐའ་མ་འཐེབ་སྐྱ
མུ་མཐུད་ཀློགས།ཁྲོ་བོ་རེག་ཚིག་གི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ།
༄༅༅། །རྒྱ་གར་སྐད་དུ། བྷ་ཡ་ཧཾ་མེ་བྷི་ཏི་ན་མ། བོད་སྐད་དུ། ཁྲོ་བོ་རེག་ཚིག་གི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ།ཟ་བྱེད་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཟ་བྱེད་རྔམ་པ་དགྲ་བགེགས་སྒྲོལ། །དྲང་སྲོང་མཆོག་ལ་ཕྱག་འཚལ་ཏེ། །རྟེན་པའི་དངོས་གྲུབ་ཀུན་དང་ཉེ་བའི་ཕྱིར། །གཞན་ལ་ཕན་དོན་དུ་སྦྱིན་སྲེག་ཆོ་ག་བཤད་པར་བྱ། །ཐབས་དང་ཤིང་དང་མེ་དང་རྫས། །དུས་དང་ཆོ་ག་རྣམས་སུ་ངེས། །དུར་ཁྲོད་སའི་འཇིམ་པ་ལ་ཁྲག་གིས་སྦྲུས་ལ། །གྲུ་གསུམ་རྩེ་མོ་ལྷོར་བསྟན་པ། །ངོ
མུ་མཐུད་ཀློགས།ཁྲོ་བོ་རེག་ཚིག་གི་དམ་ཚིག་གསང་བའི་བསྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། ༼ཀ༽བྷ་ཡ་༼ཁ༽ཀྲོ་ཏ་༼ག༽གྷུ་ཡ་༼ང༽ས་མ་ཡ་༼ཅ༽སན་ཙ་ན། བོད་སྐད་དུ། ༼ཀ༽ཁྲོ་བོ་༼ཁ༽རེག་ཚིག་གི་༼ག༽དམ་ཚིག་༼ང༽གསང་བའི་༼ཅ༽བསྒྲུབ་ཐབས།བཅོམ་ལྡན་འདས་རེག་ཚིག་ལ་ཕྱག་འཚལ་ལོ། །ངོ་བོ་ཉིད་སྟོང་ཞིང་ཐུགས་རྗེས་འཇིགས་པའི་སེམས་ཅན་སྐུར་སྐུའི་རྣམ་འགྱུར་སྣང་བའི། །དེ་ནས་རབ་གཏུམ་ཁྲོ་བོ་ཁྲོ་མོ་རྣམས་ལ་ཁྲོས་པའི་སྐུ་ལ་ཕྱག་འཚལ་ཏེ། །དེ་ཉིད་བསྒྲུབ་ཕྱིར་དེའི་བསྒྲུབ་ཐབས་སྔར་མ་ཐོབ་པ་རྣམས་ཐོབ་པར་བྱེད་པའི་ཕྱིར་བྲི། དབང་སྐུ
མུ་མཐུད་ཀློགས།སྐལ་འཇོག་དབང་གི་ཆོ་ག
༄༅༅། །རྒྱ་གར་སྐད་དུ། ཨ་ཝི་ཤིན་ཙ་ཏུ་མ༌བྷི་ཏི། བོད་སྐད་དུ། །སྐུ་གསུམ་གྱི་འབྲས་བུ་སྐལ་འཇོག་དབང་གི་ཆོ་ག །དཔལ་གྱི་མཆོག་དབང་གི་བདེ་མཆོག་ལ་ཕྱག་འཚལ་ལོ། །བདེ་ཆེན་ཆོས་སྐུ་ཟག་མེད་བདེ་མཆོག་དཔལ་ལ་ཕྱག་འཚལ་ལོ། །སྐལ་ངན་སྐལ་འཇོག་དབང་གི་ཆོ་ག་འདི་བརྩམ་བྱ། །བླ་མ་ལ་བཞི་རྫོགས་སུ་དབང་ཐོབ་ལྟུང་རྩ་ལྟུང་བཞི་པ་སྤངས་བསྙེན་དབང་བསྙེན་སུམ་འབུམ་རྫོགས་པའི། །དང་པོར་ས་བརྟག་འཇིག་རྟེན་པ་ལ་གཏོར་མ་གཏང་ས་བསླང་དང་། །ས་སྦྱངས་ས་བསྲུང་སྔོན་
མུ་མཐུད་ཀློགས།-
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས། གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ། ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ འཁྲུངས་ཡུལ། ནལེནྡྲ། ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ། བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། …
མུ་མཐུད་ཀློགས། -
སློབ་དཔོན་ཨཱརྱ་བྷཊྚའི་སྐོར།
-
ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།
-
སློབ་དཔོན་སེངྒེ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་ལམ་བཟང་གསལ་བྱེད།
-
དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་སྨྲ་མཁན་ཞིག་ཚར་བཅད་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།



