༡༨༽ ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི། ལོ་ཙཱ་བ་སྣར་ཐང་པུཎྱ་རསྨི་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། མཚན་གཞན་ལ་བསོད་ནམས་འོད་ཟེར་ཡང་ཞུ། སྐུ་ན་ཆུང་ངུའི་དུས་སུ་དཔལ་ལྡན་སྣར་ཐང་གི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སྦྱངས་པ་མཛད་དེ་སྔགས་ཀློག་ཐབས་བསྡུས་པ་མཛད་དོ།།
མུ་མཐུད་ཀློགས།བོད་ཀྱི་ལོ་ཙཱ་བ།
༡༧༽ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས།
༡༧༽ ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས་ནི། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རིམ་གྱིས་བཞེས་ཏེ། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།
མུ་མཐུད་ཀློགས།༡༦༽ ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ།
༡༦༽ ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ། བོད་ཀྱི་རྦ་ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ་ནི། ལོ་ཙཱ་བ་འདི་ནི་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད།
མུ་མཐུད་ཀློགས།༡༥༽ ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས།
༡༥༽ ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས། བོད་ཀྱི་ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས་སམ། ཁམས་པ་ལྡི་རི་ཆོས་གྲགས་ནི། ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན་ཅིང་། རྗེ་འདིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ནན་ཏན་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བར་མཛད།[1]
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།