གསུང་འབུམ་དཀར་ཆག

བཀའ་བསྟན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་བསྡུར་མའི་སྐོར་གླེང་བ།

བཀའ་བསྟན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་བསྡུར་མའི་སྐོར་གླེང་བ།    རྩོམ་པ་པོ། གཅོད་པ་དོན་གྲུབ།   དང་པོ། བཀའ་བསྟན་སྤྱིའི་རྣམ་གཞག་མདོར་བསྡུས།   བཀའ་བསྟན་ནམ་བཀའ་བསྟན་འགྱུར་ཞེས་པ་ནི་ནང་པ་སངས་རྒྱས་པའི་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའམ་དེའི་དགོངས་འགྲེལ་དུ་རྒྱ་གར་གྱི་ནང་པའི་པཎ་གྲུབ་རིམ་བྱོན་གྱིས་མཛད་པའི་

མུ་མཐུད་ཀློགས།

བསྟན་འགྱུར་གྱི་བྱུང་བ་མདོ་ཙམ་བརྗོད་པ།

༄༅། །བསྟན་འགྱུར་གྱི་བྱུང་བ་མདོ་ཙམ་བརྗོད་པ།། ཁག་གཉིས་པ།   ༼༢༽ ཀརྨ་པ་རང་བྱུང་རྡོ་རྗེས་གསེར་དངུལ་གྱི་བྲིས་པའི་བསྟན་འགྱུར། སྣར་ཐང་གི་བསྟན་འགྱུར་ལ་ཕྱི་མོ་བྱས་ནས་ཕྱི་ལོ་ ༡༣༣༤ ཡས་མས་ལ་ཀརྨ་རང་བྱུང་རྡོ་རྗེས་ཕྱི་ལོ་ ༡༢༨༤-༡༣༣༩ སྦྱིན་བདག་བྱས་ནས་གསེར་དངུལ་གྱི་བསྟན་འགྱུར་པོད་དྲུག་ཅུ་ཡོད་པ་བཞེངས། འདི་ནི་གསེར་དངུལ་གྱིས་བྲིས་པའི་བསྟན་འགྱུར་ཐོག་མའོ།།

མུ་མཐུད་ཀློགས།

བསྟན་འགྱུར་དཔེ་བསྡུར་མའི་གསལ་བཤད།

༄༅། །བསྟན་འགྱུར་དཔེ་བསྡུར་མའི་གསལ་བཤད་ཤེས་བྱའི་གཏེར་སྒོ་འབྱེད་པའི་འཕྲུལ་གྱི་ལྡེ་མིག།   དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་བོད་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་གྲགས་པ་ལས། བཀའ་འགྱུར་གྱི་དཔེ་གཞི་ཆ་ཚང་སྔར་བསྡུ་རུབ་བྱས་པ་ཡིན། སྔོན་དུ་བསྟན་འགྱུར་དཔེ་བསྡུར་ཞུས་ནས་དཔེ་བསྐྲུན་བྱས་པ་ཡིན།

མུ་མཐུད་ཀློགས།

སྡེ་དགེ་བསྟན་འགྱུར་ནང་གསལ་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ཁག་གི་དཀར་ཆག

༄༅། །སྡེ་དགེ་བསྟན་འགྱུར་གཞིར་བཞག་པཎ་ཆེན་བཅུ་བདུན་སོ་སོས་མཛད་པའི་བསྟན་བཅོས་ཁག་གཤམ་གསལ།   ཀ། 1. འཕགས་པ་ཀླུ་སྒྲུབ། Nagarjuna 1 དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། [Prajna_nama_mulamadhyamakakarika]   Jnanagarbha (T), ཅོག་རོ་ཀླུའི་རྒྱལ་མཚན། (T), Hasumati K (R), པ་ཚབ་ཉི་མ་གྲགས། (R) & Kanaka (R)   2. རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་བ་ཞེས་བྱ་བ། [Yuktisasthikakarika_nama] Mutitasri (T) & པ་ཚབ་ཉི་མ་གྲགས། (T)

མུ་མཐུད་ཀློགས།