ག༽ མཛད་བྱང་དང་། མཛད་པ་པོའི་མཚན། རྒྱལ་སྲས་ཞི་བ་ལྷས་མཛད་པའི་གསུང་བཟང་དངོས་ཀྱི་མཛད་བྱང་ཁག་ཏུ་མཛད་པ་པོའི་མཚན་ལ་སཾ་བོད་གཉིས་ཀའི་མཚན་གསལ་བ་ལས། ལེགས་སྦྱར་གྱི་ཤཱནྟ་དེ་བ་ཞེས་འཁོད་པའི་ཆོས་ཚན་ ༣ དང་། ལེགས་སྦྱར་གྱི་མཚན་ཟུར་དུ་ཆེ་བསྟོད་ཀྱི་མཁན་པོ་དང་། སློབ་དཔོན། རྣལ་འབྱོར་གྱི་དབང་ཕྱུག་ཅེས་རིགས་གསུམ་གསལ་ལ།
མུ་མཐུད་ཀློགས།གསུང་འབུམ་དཀར་ཆག
ཁ༽ རྒྱལ་སྲས་ཞི་བ་ལྷའི་གསུང་གི་མཚན་བྱང་།
ཁ༽ རྒྱལ་སྲས་ཞི་བ་ལྷའི་གསུང་གི་མཚན་བྱང་། དེ་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་རྒྱུད་དང་། དབུ་མ། མདོ་སྡེ། སྣ་ཚོགས་བཅས་སྡེ་ཚན་བཞི་ཡི་ནང་དུ་ཆོས་ཚན་ ༡༣ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་དྲུག་སྟེ། ༡ གྲུབ་མཐའ་བདུན་པ་དང་། ༢ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ།
མུ་མཐུད་ཀློགས།རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག བཞི་པ། སྣ་ཚོགས་སྐོར།
བཞི་པ། སྣ་ཚོགས་སྐོར། ༡༢༽ སྡེ་བསྟན་བཟོ་རིག་དང་བཅས་པའི་སྣ་ཚོགས་ ༼ངོ༽ པ་ལ། ཆོས་ཚན་ཨང་ ༡༢ པ། དཔལ་ལྡན་ཞི་བ་ ༼མ་བྱུང༌།༽ ལྷས་མཛད་པའི་མོ་རྩིས། པཎྜི་ཏ་གོ་མ་ཤྲཱི་དང༌། བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། བུ་སྟོན་ཪིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[1]། ཞི་བ་ལྷའི་རྩིས་ཉི་མ་རྒྱལ་མཚན་གྱི་འགྱུར།
མུ་མཐུད་ཀློགས།རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག། གསུམ་པ། མདོ་སྡེའི་སྐོར།
གསུམ་པ། མདོ་སྡེའི་སྐོར། ༡༡༽ མདོ་སྡེ་ ༼ཇི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཏི་ཛྙཱ་ན་མ་ཧཱ་ཡཱ་ན་སཱུ་ཏྲ་བྲིཏྟི། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ། མཇུག་བྱང་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་ཞེས་བྱ་བ། སློབ་དཔོན་ཞི་བ་ལྷས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དྷརྨ་རཱ་ཛ་དང༌། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ། །ཞེས་གསལ་ལ།
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།