ཅ༽ བཀའ་གདམས་བུ་ཆོས་ཉི་ཤུ་གཉིས་ཀྱི་དཀར་ཆག

ཅ༽ བཀའ་གདམས་བུ་ཆོས་ཉི་ཤུ་གཉིས་ཀྱི་དཀར་ཆག

 

དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས་སུ་གྲགས་པའི་དཀར་ཆག་ནི།

ཀ༡ དགེ་བའི་བཤེས་གཉེན་པ་བྲམ་ཟེའི་ཁྱེའུ་གསལ་བར་ཇི་ལྟར་སྐྱེ་བ་བཞེས་པའི་ལེའུ

ཁ༢ ཡུལ་ཀོའུ་ཤི་བྷིར་རྒྱལ་བུ་ཆགས་པ་མེད་པར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ག༣ ཡུལ་ཡངས་པ་ཅན་དུ་རྒྱལ་བུ་ཀུན་ཏུ་དགར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ང༤ ཡུལ་བ་ར་ན་སིར་རྒྱལ་བུ་ལྷ་སྐྱེས་སུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཅ༥ ཡུལ་བདེ་ལྡན་དུ་རྒྱལ་བུ་དཀོན་མཆོག་འབངས་སུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཆ༦ ཡུལ་བྷཾ་ག་ལར་རྒྱལ་བུ་དད་པ་བརྟན་པར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཇ༧ ཡུལ་བྷཾ་ག་ལར་རྒྱལ་བུ་དད་པ་རབ་ཏུ་བརྟན་པར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཉ༨ རྒྱ་ཡུལ་ཧྭ་ཤང་གནས་པའི་སར་རྒྱལ་བུ་བློ་གྲོས་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཏ༩ ཡུལ་བ་ར་ན་སིར་ཁྱེའུ་དགའ་འཛིན་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཐ༡༠ ཡུལ་བ་ར་ན་སིར་དགེ་བསྙེན་བཙུན་པར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ད༡༡ ཡུལ་སྒྲ་བཅས་སུ་ཁྱེའུ་ནོར་བུ་བཟང་པོར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ན༡༢ ཡུལ་མ་ག་དྷར་ཁྱེའུ་ཟླ་བར་སྐུ་སྐྱེ་བ་བཞེས་པའི་ལེའུ།

པ༡༣ ཡུལ་སྒྲ་ལྡན་དུ་ཁྱེའུ་པདྨར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཕ༡༤ གྲོང་ཁྱེར་སྒྲ་ལྡན་དུ་ཁྱེའུ་པདྨར་སྐུ་སྐྱེ་བ་བཞེས་པའི་ལེའུ།

བ༡༥ ཡུལ་ཡངས་པ་ཅན་དུ་ཁྱེའུ་འོད་ཟེར་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

མ༡༦ ཡུལ་ཡངས་པ་ཅན་དུ་ཁྱེའུ་བྱམས་པར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཙ༡༧ གྲོང་ཁྱེར་རྩྭ་མཆོག་ཏུ་རྒྱལ་བུ་བདེ་མཆོག་ཏུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཚ༡༨ གྲོང་ཁྱེར་རྡོ་མཆོག་ཏུ་རྒྱལ་བུ་ལྷའི་རྒྱལ་པོར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཛ༡༩ ཆུ་བོ་ཡ་མུ་ནའི་གླིང་དུ་ལྷའི་རྒྱལ་པོར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཝ༢༠ ཡུལ་པདྨ་ཅན་དུ་ཁྱེའུ་དགེ་འདུན་འཕེལ་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཞ༢༡ བཀའ་བརྒྱ། ཁུ་ཆོས་གཉིས། ལུང་བསྟན། རྡོར་གླུ། ཁ་སྐོང་རྣམས་བཞུགས་སོ།།

ཟ༢༢ བཀའ་རྒྱས་བཏབ་པའི་ལེའུ་བཞུགས་སོ།།

འ༢༣ ཁུ་ཆོས་དང་པོ་བཞུགས་སོ།།

ཡ༢༤ ཁུ་ཆོས་གཉིས་པ་གྲོང་ཁྱེར་བདེ་ལྡན་དུ་རྒྱལ་བུ་སྐྱབས་སྦྱིན་དུ་སྐུ་སྐྱེ་བ་བཞེས་པའི་ལེའུ།

ར༢༥ འབུལ་མོ་ཆེ་དང་ལུང་བསྟན་སོགས་ཐོར་བུ་རྣམས་བཞུགས་སོ།།

དེ་ལྟར་བཀའ་གདམས་བུ་ཆོས་ལེའུ་ཉི་ཤུ་པ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ལས་[1]ཀྱང་།

སྐྱེས་རབས་ཁྱད་འཕགས་ཉི་ཤུ་དེ། །ལེགས་པའི་ཤེས་རབ་བུ་ཆོས་སུ། །

ཇོ་བོས་གསུང་བཞིན་ཐུགས་སུ་ཆུད། །

ཅེས་གསུངས་པ་ལྟར། མདོར་ན་ཕ་ཆོས་ནོར་བུའི་ཕྲེང་བ་དངོས་ལ་ལེའུ་ཉེར་གསུམ་དང་། བཀའ་རྒྱ། མ་འོངས་ལུང་བསྟན། རྡོ་རྗེའི་གླུ་གསུམ་ལ་རེ་རེ་སྟེ་ཉི་ཤུ་རྩ་དྲུག །བུ་ཆོས་ཉི་ཤུ་རྩ་གཉིས་ལ། རྔོག་ཆོས་ཉི་ཤུ། བུ་ཆོས་གཉིས་ཏེ་ལེའུ་བཞི་བཅུ་ཞེ་བརྒྱད་དེ། ཁ་བསྐང་ཐོར་བུའི་ལེའུ་འདི་དང་བཅས་པ་ལེའུ་ཡོངས་ལ་བདུན་ཕྲག་བདུན་ཏེ། བཞི་བཅུ་རྩ་དགུ་པ་རྫོགས་སོ། །[2]ཞེས་བྱུང་བ་ལྟར། ཁ་བསྐང་ཙམ་ལས་བུ་ཆོས་རྣམས་ཡོངས་རྫོགས་ཇོ་བོ་རྗེའི་གསུང་ཡིན་པས་ཕྱོགས་བསྒྲིགས་ཏུ་གླེགས་བམ་གཅིག་ཏུ་སྔར་སྲོལ་བཞིན་ཕྱོགས་བསྒྲིགས་ཞུས་ཡོད་ལ། ཞིབ་ཕྲ་བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་གླེགས་བམ་ཟུར་དུ་ཕྱོགས་བསྒྲིགས་ཞུས་པའི་སྔོན་གླེང་དུ་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༨༩༩

[2] བཀའ་གདམས་བུ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༧༦༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༡ ནས་ ༢༤༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *