ག༽ ཇོ་བོ་རྗེའི་གསུང་ཐོར་བུ་སྣ་ཚོགས་པའི་སྐོར།
དེ་ཡང་བསྟན་འགྱུར་དང་། ཇོ་བོ་རྗེའི་གསུང་འབུམ། བློ་སྦྱོང་བརྒྱ་རྩ་སོགས་སུ་མ་གསལ་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་ཐོར་བུར་གནས་པའི་རིགས་ལ། ༡༽ ཡི་གེ་དྲུག་པ་ལ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བསྟོད་པ་དང་། ༢༽ གཟུངས་བསྡུས་སུ་བཞུགས་པའི་ཇོ་བོ་རྗེའི་མཚན་འབུམ། ༣༽ ཇོ་བོས་སྙེ་ཐང་དགོན་པ་བ་ལ་གསུངས་པའི་ཚིག་དྲུག །༤༽ གངས་ཅན་པའི་དམིགས་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་གྱི་གསུང་བཏུས། ༥༽ ཇོ་བོའི་གསུང་བཏུས།
༦༽ བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་སྒྲོས་ཐོར་བུ། ༧༽ འདུལ་བ་ནས་འཕྲོས་པའི་ཇོ་བོའི་གསུང་སྒྲོས། ༨༽ མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་ལ་ཕེབས་མཁར་ལྷ་བླ་མ་བྱང་ཆུབ་འོད་ལ་ཞལ་གདམས་སུ་སྩལ་པ་ཐར་འདོད་དཔའ་བོའི་སྙིང་ནོར། ༩༽ ཕྲེང་ལུགས་རྒྱ་མཚོ་ཞེས་བྱ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པ། ༡༠༽ ཇོ་བོ་རྗེས་མཛད་པའི་ཚྭ་དགུ་མ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་པའི་རིམ་པ། ༡༡༽ ཇོ་བོས་མཛད་པའི་ཚྭ་དགུ་མའི་སྨོན་ལམ། ༡༢༽ ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ་བཅས་ཆོས་ཚན་བཅུ་གཉིས་གསར་དུ་རྙེད་སོན་བྱུང་བ་རྣམས་ཀྱང་སྐབས་འདིར་ཁ་སྐོང་ཕྱོགས་བསྒྲིགས་ཞུས་ཡོད། ཆོས་ཚན་འདི་དག་སོ་སོའི་སྐོར་གླེགས་བམ་དེ་ཉིད་ཀྱི་གླེང་བརྗོད་ནང་ཞིབ་ཕྲ་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།