ཉ) བཀའ་གདམས་དཔེ་དཀོན་དུ་གསལ་བའི་གསུང་གི་མཚན་བྱང་།
ཀ༽ ཇོ་བོའི་གསུང་ཐོར་བུ་ལས་བསྟོད་ཚོགས་ལ་ཆོས་ཚན་གཅིག་བཞུགས་སོ། །ཁ༽ ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་བའི་སྐོར་ལ། ༡༽ བདེན་གཉིས་ལ་འཇུག་པ། ༢༽ ལྟ་སྒོམ་ཆུང་ངུ་དང་། ༣༽ ལྟ་སྒོམ་འབྲིང་པོ། ༤༽ ལྟ་སྒོམ་ཆེན་མོ། ༥༽ དབུ་མའི་མན་ངག་གི་འབུམ། ༦༽ བདེན་གཉིས་ཀྱི་འབུམ། ༧༽ བདེན་གཉིས་སྤྱི་བཤད་དང་། བདེན་གཉིས་འཇོག་ཚུལ་བཅས་ཆོས་ཚན་བདུན་ནོ།།
ག༽ ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ཀྱི་སྤྱོད་པའི་སྐོར་ལ། ༡༽ ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་དང་། ༢༽ འཕྲིན་ཡིག་སུམ་ཅུ་པ། ༣༽ ཇོ་བོའི་གདམས་པ་ཐུན་མོང་མིན་པ། ༤༽ ཇོ་བོ་རྗེ་ལྷ་གཅིག་གི་གདམས་པ་རིན་པོ་ཆེ་ཟ་ར་ཚགས། ༥༽ ཇོ་བོའི་གདམས་པ་གནད་ཀྱི་ཁོང་གཟེར། ༦༽ སྡེ་སྣོད་ཀྱི་ཆོས་ཐམས་ཅད་སྒོམ་པ་དབུ་མའི་མན་ངག་བཅས་དྲུག་གོ།
ང༽ ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་སྐོར་ལ། ༡༽ བྱང་ཆུབ་ལམ་གྱི་རིམ་པ་དང་། ༢༽ ལམ་རིམ་མདོར་བསྡུས་པ། ༣༽ བྱང་ཆུབ་ལམ་རིམ་བསྡུས་དོན། ༤༽ བྱང་ཆུབ་ལམ་རིམ་པའི་དཀའ་བའི་གནད་ཆེ་ལོང་ཙམ་ཞིག་བཤད་པ། ༥༽ སྙིང་པོའི་སྐོར། ༦༽ ལྐོག་ཆོས་སམ། བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་དམར་ཁྲིད་ཡི་གེར་བྲིས་པ། ༧༽ བཀའ་གདམས་གཞུང་པ་བའི་སྤྱོད་ཕྱོགས་ཀྱི་གདམས་ངག །༨༽ ངོ་སྤྲོད་ལྔ་ཚོམས། ༩༽ རྨི་ལམ་ངན་པ་དང་། ལྟས་ངན། ནད་རིམས་སྲུང་བའི་སྔགས། ༡༠༽ བྱང་ཆུབ་ལམ་གྱི་རིམ་པའི་མན་ངག །༡༡༽ སྟོང་ཉིད་ཀྱི་ལྟ་བར་ཞེན་པ་ཟློག་ཕྱིར་དཀོན་བརྩེགས་ལས་དྲངས་པའི་ལུང་། ༡༢༽ ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པའི་སངས་རྒྱས་རྣམ་པ་བཅུ། ༡༣༽ ལམ་རིམ་གེགས་སེལ་གྱི་སྲུང་འཁོར་གཉིས། ༡༤༽ བྱང་ཆུབ་ལམ་གྱི་རིམ་པའི་མན་ངག །༡༥༽ བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །༡༦༽ སྨོན་པའི་རྩ་ལྟུང་ལྔ་ལ་ཁྱད་པར་གྱི་ཡན་ལག་བཞི་བཞི་སོགས། ༡༧༽ སྐྱབས་འགྲོ་ཐུན་མོང་བའི་ཆོ་ག །༡༨༽ བསྙེན་གནས། ༡༩༽ དགེ་བསྙེན་དུ་ཉེ་བར་སྒྲུབ་པའི་ཆོ་ག །༢༠༽ བྱང་ཆུབ་སེམས་དཔའི་སྡོམ་པའི་སྙིང་པོ་ལྔ་བཅུ་པ། ༢༡༽ ཆོས་འཛིན་པའི་ཕན་ཡོན་བློ་གྲོས་རྒྱ་མཚོའི་མདོ་ལས་དྲངས་པ། ༢༢༽ སྡོམ་པའི་སྙིང་པོའི་བསྡུས་དོན། ༢༣༽ ལྟུང་བ་ཕྱིར་བཅོས་པའི་ཐབས། ༢༤༽ ཆོས་ལ་བཟང་ངན་དུ་རྩི་བ་ལ་རྣམ་ཐར་བསྡུས་པའི་མདོའི་ལུང་དྲངས་ནས་དགག་པ། ༢༥༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དོན་བརྒྱད་དུ་བསྡུས་ནས་བཤད་པ། ༢༦༽ སྤྱོད་འཇུག་འཁོར་ལོ་ལྟ་བུའི་ལམ་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ། ༢༧༽ བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་བཤད་པ་བཅས་ཆོས་ཚན་ཉེར་བདུན་བཞུགས་སོ།།
ཅ༽ ཇོ་བོའི་གསུང་ཐོར་བུ་ལས་གསང་སྔགས་ལམ་རིམ་གྱི་སྐོར་ལ། ༡༽ ཇོ་བོ་རྗེས་དགོན་པ་བ་ལ་གནང་བའི་ཕྱག་ཆེན་དང་། ༢༽ ལྟ་བའི་ལུང་དང་། ༣༽ ཟབ་པའི་རིམ་པ། ༤༽ སྤྱོད་པའི་དེ་ཁོ་ན། ༥༽ མྱ་ངན་ལས་འདས་པ། ༦༽ ལོངས་སྤྱོད་ཀྱི་རྣལ་འབྱོར། ༧༽ དུས་མཆོད་ཆེན་པོ་བཞིའི་ཕན་ཡོན། ༨༽ དམ་ཚིག་ཀུན་གྱི་ཆོ་ག་ཀུན་ལས་བཏུས་པ་ལེའུ་ཉེར་ལྔ་པ། ༩༽ དེ་ཁོ་ན་ཉིད་བཅུ་པ་བཅས་དགུའོ།།
ཆ༽ ཇོ་བོའི་གསུང་ཐོར་བུ་ལས་སྒྲུབ་ཐབས་སྐོར་ལ། ༡༽ བཅོམ་ལྡན་འཁོར་ལོ་བདེ་མཆོག་མངོན་པར་རྟོགས་པ་དང་། ༢༽ མངོན་པར་རྟོགས་པ་རྣམ་པར་འབྱེད་པ། ༣༽ རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། ༤༽ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། ༥༽ འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། ༦༽ འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས། ༧༽ རྟ་མགྲིན་གྱི་སྒྲུབ་ཐབས། ༨༽ ཡི་གེ་བརྒྱ་པའི་སྒྲུབ་ཐབས། ༩༽ ཚེའི་སྒྲུབ་ཐབས། ༡༠༽ སྒྲོལ་མའི་སྒྲུབ་ཐབས། ༡༡༽ བློ་གྲོས་མི་ཟད་པའི་སྒྲུབ་ཐབས། ༡༢༽ སེངྒེ་སྒྲའི་སྒྲུབ་ཐབས། ༡༣༽ རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། ༡༤༽ ནོར་སྦྱིན་པའི་སྒྲུབ་ཐབས། ༡༥༽ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ༡༦༽ ལས་སྒྲིབ་རྣམ་སྦྱོང་གི་སྒྲུབ་ཐབས། ༡༧༽ མི་འཁྲུག་པའི་སྒྲུབ་ཐབས། ༡༨༽ སྒྲོལ་མ་དཀར་མོའི་སྒྲུབ་ཐབས། ༡༩༽ འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་བསྡུས་པ། ༢༠༽ སྒྲོལ་མའི་སྒྲུབ་ཐབས་བྱིན་རླབས་མྱུར་འཇུག་མ། ༢༡༽ སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས། ༢༢༽ སྒྲུབ་ཐབས་སྤྱིའི་མན་ངག་གསལ་བར་བྱེད་པ། ༢༣༽ འཕགས་པ་མི་གཡོ་བ་སྒྲུབ་པའི་ཐབས། ༢༤༽ འཕགས་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྒྲུབ་པའི་ཐབས། ༢༥༽ རྗེ་བཙུན་ཛཾ་བྷ་དཀར་པོའི་སྒྲུབ་ཐབས། ༢༦༽ སྨན་བླའི་སྒྲུབ་ཐབས་བཅས་ཆོས་ཚན་ཉེར་དྲུག་བཞུགས་སོ།།
ཇ༽ ཇོ་བོའི་གསུང་ཐོར་བུ་ལས་ཆོ་གའི་སྐོར་ལ། ༡༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །༢༽ ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །༣༽ ཁྲུས་ཀྱི་ཆོ་ག །༤༽ ཚོགས་ཀྱི་མཆོད་པ། ༥༽ དཀྱིལ་འཁོར་གྱི་ཆོ་ག །༦༽ རབ་ཏུ་གནས་པ། ༧༽ རོ་སྲེག་གི་ཆོ་ག །༨༽ སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ། ༩༽ ས་གཞི་བྱིན་ཆེ་བའི་འཁོར་ལོ་བཅའ་ཐབས་དང་། བཀྲ་ཤིས་ནོར་འཕེལ་བ། ༡༠༽ དཔལ་མགོན་པོ་ནག་པོའི་གཏོར་མ་བཅས་ཆོས་ཚན་བཅུ་བཞུགས་སོ།།
གོང་གསལ་ཆོས་ཚན་ ༨༦ བཞུགས་པ་འདི་དག་བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་ཇོ་བོའི་ཆོས་སྐོར་གྱི་ཁོངས་སུ་གསལ་ཡང་བསྟན་འགྱུར་པར་མ་ཁག་བཞི་དང་། དཔེ་གཞན་དུ་མི་འབྱུང་བའི་གསར་རྙེད་ཀྱི་རིགས་ཡིན་པས་དཀར་ཆག་ཟུར་དུ་བཀོད་པའོ། །དེ་ཡང་ཇོ་བོའི་གསུང་ཐོར་བུའི་དཀར་ཆག་ལས། བསྟོད་ཚོགས་དང་། མདོ་ཕྱོགས་ལྟ་བ་གཙོ་བོར་སྟོན་པ་དང་། མདོ་ཕྱོགས་སྤྱོད་པ་གཙོ་བོར་སྟོན་པ། མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ། གསང་སྔགས་ལམ་རིམ་དང་། སྒྲུབ་ཐབས། ཆོ་ག་བཅས་སྡེ་ཚན་བདུན་དུ་ཕྱེ་བ་ཆོས་ཚན་ཁག་ ༡༠༦ བཞུགས་པ་ལས། བསྟན་འགྱུར་དུ་གསལ་བའི་ཆོས་ཚན་ ༥༠ དང་། བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་ཁག་ ༥༦ བཞུགས་པ་རྣམས་འདིར་ཟུར་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༥ ནས་ ༢༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།