གཉིས་པ། བསྟན་འགྱུར་དུ་མི་གསལ་བའི་དཀར་ཆག
ཀ༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག
ཀ) ཇོ་བོའི་གསུང་ཐོར་བུ་ལས་བསྟོད་ཚོགས་སྐོར།
༡༽ བྷཾ་ག་ལའི་འོད་མའི་ཚལ་མེ་ཏོག་གི་གླིང་དུ་མཛད་པའི་བདེ་མཆོག་གི་བསྟོད་པ་སོགས་བཞུགས། ཞེས་པ་ལས་རྒྱ་གར་སྐད་མི་གསལ། ཇོ་བོ་རྗེ་ལྷ་ཅིག་ཤར་ཕྱོགས་བྷཾ་ག་ལའི་ཚལ་མེ་ཏོག་གླིང་ན་བཞུགས་དུས་སུ་བདེ་མཆོག་གི་དཀྱིལ་འཁོར་གཟིགས་ནས་དེའི་དུས་སུ་བསྟོད་པ་འདི་མཛད་དོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༩༨༢ ཐོག་བཞུགས་ལ། གཞུང་གི་ལུས་ནི་ཡིག་འབྲུ་བདུན་ཅན་གྱི་ཚིགས་སུ་བཅད་པ་བརྒྱད་ལས་གྲུབ་པ་ཞིག་གོ། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༧ ནས་ ༡༨༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།