བཅོ་ལྔ། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་དཀར་ཆག ཀ༽ དང་པོ། སེམས་ཙམ་སྐོར།

བཅོ་ལྔ། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། སེམས་ཙམ་སྐོར།

 

༡༽ སེམས་ཙམ་ ༼འི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་བྷཱུ་མི་བྲིཏྟི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ། མཛད་བྱང་ལས[1]། སྦྱིན་པ་རིམ་པར་ཕྱེ་བ་སྟེ་དགུ་པ་རྫོགས་སོ། །ཚུལ་ཁྲིམས་རིམ་པར་ཕྱེ་བ་ནི་གོང་དུ་ཕྱུང་བ་ཡིན། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས་ཇི་སྙེད་འགྱུར་བ་རྫོགས་སོ། །

ཞེས་གསལ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

བུ་སྟོན་ (1290-1364) ཆོས་འབྱུང་ལས[2]། བྱང་སའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བསྒྱུར་འཕྲོ། ཞེས་ཀྱང་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་ད་ལྟ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས་ ༥ རིམ་པ་ ༩ ལྡེབ་ ༡༤༡ན༡ ནས་ ༡༨༢ན༢ བར་ཡིག་ཕྲེང་ ༥༧༥ ཚེག་ཁྱིམ་ ༣༦༡༤༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་བསྡུ། པོད་རྟགས། ༼ཡི༽ ཚན་གྲངས་ ༥ རིམ་པ་ ༩ ལྡེབ་ ༡༧༦ན༣ ནས་ ༢༢༩ན༦ བར་ཡིག་ཕྲེང་ ༨༥༢ ཚེག་ཁྱིམ་ ༣༦༠༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡི༽ ཚན་གྲངས་ ༥ རིམ་པ་ ༩ ལྡེབ་ ༡༦༢བ༥ ནས་ ༢༡༠ན༦ བར་ཡིག་ཕྲེང་ ༦༦༧ ཚེག་ཁྱིམ་ ༣༦༠༧༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས་ ༥ རིམ་པ་ ༩ ལྡེབ་ ༡༤༥བ༥ ནས་ ༡༨༨བ༢ བར་ཡིག་ཕྲེང་ ༦༠༠ ཚེག་ཁྱིམ་ ༣༦༡༤༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼འི༽ དེབ་ཨང་ ༧༥ ཤོག་གྲངས་ ༣༨༧ ནས་ ༤༩༡ བར་བཞུགས་པ་བཅས་སོ།།

༢༽ སེམས་ཙམ་ ༼འི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་བཞུགས་སོ། །སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས་ ༦ ལྡེབ་ ༡༨༢ན༢ ནས་ ༡༩༡ན༢ བར་ཡིག་ཕྲེང་ ༡༢༧ ཚེག་ཁྱིམ་ ༧༥༡༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་བསྡུ། པོད་རྟགས། ༼ཡི༽ ཚན་གྲངས་ ༦ ལྡེབ་ ༢༢༩ན༦ ནས་ ༢༤༠ན༦ བར་ཡིག་ཕྲེང་ ༡༧༧ ཚེག་ཁྱིམ་ ༧༤༥༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡི༽ ཚན་གྲངས་ ༦ ལྡེབ་ ༢༡༠ན༦ ནས་ ༢༢ན༤ བར་ཡིག་ཕྲེང་ ༡༣༩ ཚེག་ཁྱིམ་ ༧༤༥༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས་ ༦ ལྡེབ་ ༡༨༨བ༣ ནས་ ༡༩༧ན༣ བར་ཡིག་ཕྲེང་ ༡༢༠ ཚེག་ཁྱིམ་ ༧༥༡༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼འི༽ དེབ་ཨང་ ༧༥ ཤོག་གྲངས་ ༥༠༡ ནས་ ༥༢༢ བར་བཞུགས་པ་བཅས་སོ།།

༣༽ སེམས་ཙམ་ ༼སི༽ པ་ལ། རྒྱ་གར་སྐད་དུ། པཉྩ་སྐནྡྷ་བི་བ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བམ་པོ་གཉིས་དང་། ཤླཽ་ཀ་བརྒྱ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༡བ༧ བར་ཡིག་ཕྲེང་ ༤༢༣ ཚེག་ཁྱིམ་ ༢༥༥༩༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཕུང་ལྔའི་རབ་འབྱེད། པོད་རྟགས། ༼ཧི༽ ཚན་གྲངས་ ༡ ལྡེབ་ ༦༧བ༡ ནས་ ༡༠༡ན༧ བར་ཡིག་ཕྲེང་ ༣༤༣ ཚེག་ཁྱིམ་ ༢༥༥༩༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཧི༽ ཚན་གྲངས་ ༡ ལྡེབ་ ༦༠བ༦ ནས་ ༩༣ན༥ བར་ཡིག་ཕྲེང་ ༤༥༥ ཚེག་ཁྱིམ་ ༢༥༥༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༦བ༣ བར་ཡིག་ཕྲེང་ ༤༨༩ ཚེག་ཁྱིམ་ ༢༥༥༩༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼སི༽ དེབ་ཨང་ ༧༧ ཤོག་གྲངས་ ༦༦༩ ནས་ ༧༤༤ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼འི༽ དེབ་ཨང་ ༧༥ པ། ༡༩༩༥ ལོ། ཤོག་གྲངས་ ༤༩༡

[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *