ཇ༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད།
༡༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། རྡོ་རྗེའི་མྱུང་བུ་ (སྙུང་བུ་མིན་ནམ་སྙམ།) ཞེས་བྱ་བའི་བསྟན་བཅོས་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པ་དྷ་རྨ་དེ་ཝའི་འགྱུར། (འདི་གཏན་ཚིགས་རྡོ་རྗེ་ཟེགས་མའམ་རྡོ་རྗེ་ཚེར་མ་ཡིན་མིན་བརྟག །བོད་ལ་མེད་གསུངས།) ཞེས་དང་། ༢༽ དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[2]།
སློབ་དཔོན་ཆོས་གྲགས་པས་མཛད་པའི་བྱང་ཆུབ་ཀྱི་སེམས་ལ་སློབ་པའི་ཚུལ་རྒྱ་ཆེར་བཤད་པ་བམ་པོ་ཉེར་ལྔ་པ་ལོ་ཙཱ་བ་ཉི་གྲགས་ཀྱི་འགྱུར། (འདི་ཐེག་ཆེན་པ་རྣམས་ལ་ཉེ་བར་མཁོ་བ་ཐུན་མོང་མིན་པ་ཞིག་ཏུ་སྣང་། འདི་བོད་མ་མེད་གསུངས།) ཞེས་གསལ་བ་ལྟར་དང་། གཞན་ཡང་རྒྱ་ནག་གི་བསྟན་འགྱུར་ལྟར་ན། ༣༽ རྡོ་རྗེ་ཁབ། 《金剛針論》T32, No1642 གོང་གསལ་རྡོ་རྗེའི་མྱུང་བུ་དང་། རྡོ་རྗེ་ཁབ་གཉིས་ཆོས་ཚན་གཅིག་དང་ཐ་དད་གང་ཡིན་དཔྱད་དགོས་པར་སྣང་ལ། གོང་གསལ་ཆོས་ཚན་གསུམ་པོ་རྣམས་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཡོད་ཀྱང་། བོད་བསྒྱུར་ཞུ་རྒྱུར་ལུས་པ་རྣམས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༤
[2] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༡ ནས་ ༤༢༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།