༥༽ མྱང་འདས་ཀྱི་འགྲེལ་པ་དང་། ༦༽ ཚེ་མདོའི་ཊཱིཀ་སོགས།

༥༽ མྱང་འདས་ཀྱི་འགྲེལ་པ་དང་། ༦༽ ཚེ་མདོའི་ཊཱིཀ

༧༽ རྫོགས་པ་གསུམ་གྱི་མདོའི་འགྲེལ་པ། ༨༽ ཆོས་འཁོར་མའི་འགྲེལ་པ།

 

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། དབྱིག་གཉེན་གྱིས་མཛད་པའི་མྱང་འདས་ཀྱི་འགྲེལ་པ་དྷརྨ་བོ་དྷིའི་འགྱུར། ཡང་མྱང་འདས་ཆེ་ཆུང་གི་འགྲེལ་པ་གཉིས་མཛད་བྱང་མི་གསལ། དབྱིག་གཉེན་གྱིས་མཛད་པའི་ཚེ་མདོའི་ཊཱི་ཀ་བོདྷི་རུ་ཙིའི་འགྱུར། དེས་མཛད་པའི་རྫོགས་པ་གསུམ་གྱི་མདོའི་འགྲེལ་པ། (གོང་གསལ་གཉིས་བོད་མ་ཡོད་གསུངས།)

དེས་མཛད་པའི་ཆོས་འཁོར་མ་དེའི་འགྲེལ་པ། དྲང་སྲོང་བི་མུ་ཏྲིའི་འགྱུར། ཞེས་བོད་མ་ཡོད་པར་གསལ་ཡང་བོད་འགྱུར་གྱི་མ་དཔེ་མ་རྙེད་དོ།།   །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༤༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༠ ནས་ ༣༢༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *