ང༽ བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་ལོ་པཎ།
༡༽ སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་རྒྱ་དཀར་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི།
རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ། རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གངྒཱ་དྷ་ར། རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ན། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ཙཱརྱ་ཨཱནནྡ་བཅས་ཞལ་གྲངས་ ༡༦ ཡོད།
༢༽ བོད་གངས་ཅན་ལྗོངས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བར་མཚོན་ན། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས། ལོ་ཙཱ་བ་བནྡེ་རྩངས་དེ་ཝིནྡྲ་རཀྵི་ཏ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲཱི་ཝ་རྨ། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ། ལོ་ཙཱ་བ་བནྡེ་བཟང་སྐྱོང་ངམ་དགེ་སློང་བྷ་དྲ་པཱ་ལ། ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས་བཅས་ཞལ་གྲངས་ ༡༣ ཡོད།
༣༽ གཞན་ཡང་། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང༌། ༤༽ ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན། ༤༽ རྒྱའི་ལོ་ཙཱ་བ་ཐང་སན་ཙང་གིས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང༌། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་བསྒྱུར་ཞུས་གཏན་ལ་ཕབ་པ་བཅས། མདོར་ན། རྒྱ་གར་གྱི་མཁན་པོ་དང་པཎྜི་ ༡༦ དང་། བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་ ༡༣ ལི་ཡུལ་གྱི་མཁན་པོ་ ༡ ཁ་ཆེའི་པཎྜི་ཏ་ ༡ རྒྱའི་ལོ་ཙཱ་བ་ ༡ བཅས་རྒྱལ་ཁབ་ལྔ་ཡི་ལོ་པཎ་མཁན་གསུམ་ ༣༢ རྣམས་ཀྱིས་སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་རྣམས་ལེགས་སྦྱར་གྱི་སྐད་དང་། རྒྱའི་སྐད། ལི་ཡུལ་གྱི་སྐད་བཅས་སྐད་རིགས་གསུམ་ལས་བོད་གངས་ཅན་པའི་སྐད་ཡིག་ཏུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ཅིང་། གཞན་ཡང་གསུང་བཟང་རྣམས་ལས་རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༣༣ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༦ ཡོད་ལ། སློབ་དཔོན་འདིའི་གསུང་གི་ཁྲོད་ནས་འགྱུར་བྱང་གསལ་བའི་ཆོས་ཚན་གྲངས་ ༣༢ དང་། འགྱུར་བྱང་མི་གསལ་བ་ཆོས་ཚན་ ༦ དང་། མཛད་བྱང་དང་འགྱུར་བྱང་གཉིས་ཀ་མི་གསལ་བ་ཆོས་ཚན་ ༡ བཅས་མཆིས་ལ། གོང་གསལ་གསུང་བཟང་ཆོས་ཚན་ ༣༩ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་ཆོས་ཚན་ ༡༥ དང་། ལེགས་སྦྱར་དུ་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་ ༢ ལེགས་སྦྱར་གྱི་མ་ཡིག་མ་བཞུགས་པའི་ཆོས་ཚན་གྲངས་ ༢༢ བཞུགས་ལ། ཆོས་ཚན་ ༣༩ ཡོད་པ་ནས་པེ་ཅིན་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ དང་། ཅོ་ནེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ སྣར་ཐང་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ ཡོད་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༣ ནས་ ༣༡༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།