ལྔ་པ། སེམས་ཙམ་སྐོར།
༡༥༽ སེམས་ཙམ་ ༼ཕི༽ པ་ལ། རྒྱ་གར་སྐད་དུ། སཱུཿཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ། བོད་སྐད་དུ། (ཐེག་པ་ཆེན་པོ་) མདོ་སྡེའི་རྒྱན་གྱི་བཤད་པ། གཞུང་དངོས་ཀྱི་མཇུག་བྱང་ལས། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་བྱང་ཆུབ་སེམས་དཔའ་ཆེན་པོ་རྟོགས་པ་རྣམ་པར་བྱང་བས་བཤད་པ་ལས། སྤྱོད་པ་དང་མཐར་ཐུག་པའི་སྐབས་ཞེས་བྱ་བ་སྟེ། ལེའུ་ཉི་ཤུ་རྩ་གཅིག་པའོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་བཤད་པ་རྫོགས་སོ། །
རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
ཐེག་མཆོག་མདོ་སྡེ་ཀུན་གྱི་རྒྱན། །བཤད་པ་འདིའི་གཞུང་ཚད་ནི། །
ཤླཽ་ཀ་སུམ་སྟོང་དག་དང་རྩ། །དྲུག་བརྒྱ་ལྔ་བཅུ་ཡིན་པར་བསྒྲགས། །
ཞེས་གསུངས་པ་ལྟར་གཞུང་ཚད་ཤླཽ་ཀ་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་པའོ། །གཞུང་དངོས་ཀྱི་མཛད་བྱང་ལ་མཛད་པ་པོའི་མཚན་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[1]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གསལ་ལ། བུ་སྟོན་ (1290-1364) ཆོས་འབྱུང་ལས[2]། རྣལ་འབྱོར་སྤྱོད་པའི་སེམས་ཙམ་པའི་བསྟན་བཅོས་ལ། བཅོམ་ལྡན་འདས་བྱམས་པས་མཛད་པའི་མདོ་སྡེ་རྒྱན་བམ་པོ་གསུམ། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཅུ་དང་ཤླཽ་ཀ་ཉིས་བརྒྱ་བདུན་ཅུ། ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (大乘莊嚴經論 T31, No1604) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཕི༽ ཚན་གྲངས་ ༧ སྐབས་ ༢༡ ལྡེབ་ ༡༢༩བ༡ ནས་ ༢༦༠ན༧ བར་ཡིག་ཕྲེང་ ༡༨༣༤ ཚེག་ཁྱིམ་ ༡༠༧༤༨༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཕི༽ ཚན་གྲངས་ ༧ སྐབས་ ༢༡ ལྡེབ་ ༡༣༥བ༧ ནས་ ༢༨༧ན༨ བར་ཡིག་ཕྲེང་ ༢༤༢༦ ཚེག་ཁྱིམ་ ༡༠༧༡༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཕི༽ ཚན་གྲངས་ ༧ སྐབས་ ༢༡ ལྡེབ་ ༡༢༩བ༧ ནས་ ༢༧༩ན༥ བར་ཡིག་ཕྲེང་ ༢༠༩༢ ཚེག་ཁྱིམ་ ༡༠༧༢༠༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཕི༽ ཚན་གྲངས་ ༧ སྐབས་ ༢༡ ལྡེབ་ ༡༢༤བ༡ ནས་ ༢༥༥ན༧ བར་ཡིག་ཕྲེང་ ༡༨༣༤ ཚེག་ཁྱིམ་ ༡༠༧༤༨༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ ཤོག་གྲངས་ ༡༡༣༡ ནས་ ༡༤༥༢ བར་བཞུགས་པ་བཅས་སོ།།
༡༦༽ སེམས་ཙམ་ ༼བི༽ པ་ལ། རྒྱ་གར་སྐད་དུ། མ་དྷྱཱན་ཏ་བི་བྷ་ག་ཊཱི་ཀ །བོད་སྐད་དུ། (བསྟན་བཅོས་) དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། གཞུང་ཚད་བམ་པོ་གཉིས་དང་ཤླཽ་ཀ་བཞི་བཅུ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[3]། དབུས་མཐའ་རྣམ་འབྱེད་ཚིག་ལེའུར་བྱས་པ། དེའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་འདྲ་མིན་གཉིས། ཞེས་གསུངས་པ་ལྟར་རྒྱ་འགྱུར་ཡང་མཆིས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། རྒྱའི་སྐད་དུའང་། (辯中邊論 T31, No1600) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼བི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༧ན༧ བར་ཡིག་ཕྲེང་ ༣༦༠ ཚེག་ཁྱིམ་ ༢༡༢༥༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་འབྱེད། པོད་རྟགས། ༼བི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༢བ༧ བར་ཡིག་ཕྲེང་ ༤༩༩ ཚེག་ཁྱིམ་ ༢༡༠༣༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼བི༽ ཚན་གྲངས་ ༡ ལྡེབ་ ༡ན༢ ནས་ ༢༩བ༥ བར་ཡིག་ཕྲེང་ ༣༨༥ ཚེག་ཁྱིམ་ ༢༡༠༣༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼བི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༧བ༡ བར་ཡིག་ཕྲེང་ ༣༦༡ ཚེག་ཁྱིམ་ ༢༡༠༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼བི༽ དེབ་ཨང་ ༧༡ ཤོག་གྲངས་ ༣ ནས་ ༦༥ བར་བཞུགས་པ་བཅས་སོ།།
༡༧༽ སེམས་ཙམ་ ༼བི༽ པ་ལ། རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷཾ་གྷ་བྲིཏྟི། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼བི༽ ཚན་གྲངས་ ༢ ལྡེབ་ ༢༧བ༡ ནས་ ༣༨བ༦ བར་ཡིག་ཕྲེང་ ༡༦༠ ཚེག་ཁྱིམ་ ༡༢༩༢༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་འབྱེད། པོད་རྟགས། ༼བི༽ ཚན་གྲངས་ ༢ ལྡེབ་ ༣༢བ༧ ནས་ ༤༥ན༥ བར་ཡིག་ཕྲེང་ ༢༠༠ ཚེག་ཁྱིམ་ ༡༢༨༢༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼བི༽ ཚན་གྲངས་ ༢ ལྡེབ་ ༢༩བ༥ ནས་ ༤༡ན༧ བར་ཡིག་ཕྲེང་ ༡༦༤ ཚེག་ཁྱིམ་ ༡༢༨༢༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼བི༽ ཚན་གྲངས་ ༢ ལྡེབ་ ༢༧བ༡ ནས་ ༣༨བ༥ བར་ཡིག་ཕྲེང་ ༡༥༩ ཚེག་ཁྱིམ་ ༡༢༩༢༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼བི༽ དེབ་ཨང་ ༧༡ ཤོག་གྲངས་ ༧༡ ནས་ ༩༨ བར་བཞུགས་པ་བཅས་སོ།།
༡༨༽ སེམས་ཙམ་ ༼རི༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སང་གྲ་ཧ་བྷཱ་ཥྱཾ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ། བསྟན་བཅོས་ཕུལ་དུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས། ཡུལ་བྲག་དམར་ལྷ་སྡིངས། རི་ཧས་པོ་རིའི་རྩ། ཆུ་བོ་ལོ་ཧི་ཏའི་འགྲམ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས། དབྱིག་འདུལ་པེ་དཀར་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤླཽ་ཀ་ནི་ཉིས་སྟོང་ཆིག་བརྒྱ་བརྒྱད་ཅུ་ཡོད་དེ། བམ་པོ་ནི་བརྒྱད་དུ་བྱས་སོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[4]། ཐེག་བསྡུས་ཀྱི་འགྲེལ་པ། སློབ་དཔོན་ནོར་གྱི་རྩ་ལག་གིས་མཛད་པ་ནག་ཚོའི་འགྱུར། ནོར་གྱི་རྩ་ལག་དང་དབྱིག་གཉེན་འགྱུར་ཁྱད་ཡིན་པས་འདི་དབྱིག་གཉེན་དུ་ཁོ་བོ་སྨྲའོ། །ཞེས་གསལ་ལོ།།
ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་ 18 པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[5]། ༡༽ ཐོགས་མེད་ཀྱིས་མཛད་པའི་དབུ་མ་དང་རྗེས་སུ་མཐུན་པ་བམ་དོ་པྲཛྙཱ་ར་ཙིའི་འགྱུར། (བོད་མ་མེད་གསུངས།) ༢༽ ཐེག་པ་ཆེན་པོའི་དོན་བསྡུས་པ་བམ་གསུམ་སློབ་དཔོན་བཤད་མ་ཐག་པས་མཛད་པ་པཎྜི་ཏ་དོན་དམ་པ་བས་འགྱུར། ༣༽ ཡང་རྒྱས་བསྡུས་གཉིས་ཀ་སློབ་དཔོན་གོང་གསལ་གྱིས་མཛད་པ། ༤༽ དེའི་རྒྱ་ཆེར་འགྲེལ་པ་རྣམ་པ་བཞི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཞེས་གསལ་བ་ལྟར་ཐེག་པ་ཆེན་པོའི་དོན་བསྡུས་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་གོང་དང་གཅིག་མིན་དཔྱད་དགོས་ལ། གཅིག་མིན་ན་གསུང་བཟང་འདི་ཉིད་མ་རྙེད་པས་མ་འོངས་པར་ཐབས་འཚོལ་གྱིས་ཞལ་སྐོང་ཞུ་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་ཆ་ཤས་བཞུགས་པ་དང་། རྒྱའི་སྐད་དུའང་། (攝大乘論釋 T31, No1597) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༣ ལྡེབ་ ༡༢༡བ༡ ནས་ ༡༩༠ན༧ བར་ཡིག་ཕྲེང་ ༩༦༦ ཚེག་ཁྱིམ་ ༦༡༦༦༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཐེག་བསྡུས། པོད་རྟགས། ༼ལི༽ ཚན་གྲངས་ ༣ ལྡེབ་ ༡༤༡བ༣ ནས་ ༢༣༢བ༥ བར་ཡིག་ཕྲེང་ ༡༤༥༩ ཚེག་ཁྱིམ་ ༦༡༥༩༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ལི༽ ཚན་གྲངས་ ༣ ལྡེབ་ ༡༢༩བ༥ ནས་ ༢༡༢བ༥ བར་ཡིག་ཕྲེང་ ༡༡༦༣ ཚེག་ཁྱིམ་ ༦༡༦༠༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༣ ལྡེབ་ ༡༢༡ན༡ ནས་ ༡༩༠ན༧ བར་ཡིག་ཕྲེང་ ༩༧༣ ཚེག་ཁྱིམ་ ༦༡༦༦༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼རི༽ དེབ་ཨང་ ༧༦ ཤོག་གྲངས་ ༣༡༤ ནས་ ༤༩༠ བར་བཞུགས་པ་བཅས་སོ།།
༡༩༽ སེམས་ཙམ་ ༼རི༽ པ་ལ། རྒྱ་གར་སྐད་དུ། པི་བྲི་ཏྟི་གུ་ཧྱཱ་རྠ་པིཎྜ་བྱཱ་ཁྱཱ། (ཐེག་བསྡུས་ཀྱི་གནས་དང་པོའི་བཤད་པ་) དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ། གཞུང་དངོས་ཀྱི་མཇུག་མཐར། ཅི་འགྱུར་བ་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ། དཀར་ཆག་འཕང་ཐང་མ་ལས[6]། ཤེས་བྱའི་གནད་ཀྱི་ཏི་ཀ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ། ཞེས་དང་། བུ་སྟོན་ (1290-1364) ཆོས་འབྱུང་ལས[7]། དེའི་གནས་དང་པོའི་ཤེས་བྱའི་གནས་ཀྱི་བཤད་སྦྱར་དོན་གསང་བ་རྣམ་པར་ཕྱེ་བ་བམ་པོ་བཅུ་བཞི། འདི་དཀར་ཆག་འཕང་ཐང་མར་དབྱིག་གཉེན་གྱིས་མཛད་ཟེར། ཞེས་གསལ་ལ། སྡེ་བསྟན་དཀར་ཆག་ལས[8]། འདི་ལ་སྔོན་གྱི་དཀར་ཆག་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཟེར་བ་སྣང་སྟེ་མིན་པ་འདྲའོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༥ ལྡེབ་ ༢༩༦བ༡ ནས་ ༣༦༡ན༧ བར་ཡིག་ཕྲེང་ ༩༡༠ ཚེག་ཁྱིམ་ ༥༧༤༡༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཐེག་བསྡུས། པོད་རྟགས། ༼ལི༽ ཚན་གྲངས་ ༥ ལྡེབ་ ༣༥༦བ༧ ནས་ ༤༣༤ན༨ བར་ཡིག་ཕྲེང་ ༡༢༤༢ ཚེག་ཁྱིམ་ ༥༧༣༦༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ལི༽ ཚན་གྲངས་ ༥ ལྡེབ་ ༣༤༢ན༧ ནས་ ༤༢༩ན༣ བར་ཡིག་ཕྲེང་ ༡༢༡༥ ཚེག་ཁྱིམ་ ༥༧༣༥༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༥ ལྡེབ་ ༢༩༧བ༡ ནས་ ༣༥༡ན༢ བར་ཡིག་ཕྲེང་ ༧༥༢ ཚེག་ཁྱིམ་ ༤༨༤༣༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼རི༽ དེབ་ཨང་ ༧༦ ཤོག་གྲངས་ ༧༨༢ ནས་ ༩༤༢ བར་བཞུགས་པ་བཅས་སོ།།
༢༠༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། ཏྲིང་ཤི་ཀ་ཀཱ་རི་ཀཱ། བོད་སྐད་དུ། (ཐམས་ཅད་རིག་ཙམ་དུ་སྟོན་པ་) སུམ་ཅུ་པའི་ཚིག་ལེའུར་བྱས་པ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ་ལས[9]། རི་ཕུག་[10]ནས་རྒྱ་དཔེ་རྣམས་གདན་དྲངས་ཏེ་མཇལ་བས། པོད་ཆེ་ཆུང་བཞི་བཅུ་ཞེ་གཉིས་ཀྱི་ནང་དུ་ཏ་རྐ་ཛཱ་ལ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པ་ཆ་ཚང་། ཞེས་སོགས་ནས། ཏྲི་ཾཤི་ཀཱ་སུམ་ཅུ་པ་དབྱིག་གཉེན་གྱིས་མཛད་པ་ཆ་ཚང་། ཞེས་བྱུང་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (唯識三十論頌 T31, No1586) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༣ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༢༠ ཚེག་ཁྱིམ་ ༩༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༣ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༢༠ ཚེག་ཁྱིམ་ ༩༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༣ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༢༠ ཚེག་ཁྱིམ་ ༩༠༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༣ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༢༠ ཚེག་ཁྱིམ་ ༩༠༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༣ ནས་ ༦ བར་བཞུགས་པ་བཅས་སོ།།
༢༡༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། བིངྴ་ཀ་ཀཱ་རི་ཀཱ། བོད་སྐད་དུ། (ཕྱི་རོལ་གྱི་དོན་འགོག་པ་) ཉི་ཤུ་པའི་ཚིག་ལེའུར་བྱས་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་ 18 པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[11]། དབྱིག་གཉེན་གྱིས་མཛད་པའི་སེམས་ཙམ་ཉི་ཤུ་པ་གསུམ། (བོད་མ་མེད་གསུངས།) ཞེས་འཁོད་པས་འདི་དང་གཅིག་མིན་དཔྱད་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཀྱང་། རྒྱའི་སྐད་དུ། (唯識二十論 T31, No1590) བསྒྱུར་ནས་བཞུགས་སོ།།
ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པ་དང་། ཚད་མ་རང་ལས་མཁས་པའི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དམིགས་པ་བརྟག་པ་གཉིས་ལམ་ལུགས་ལོ་རྒྱུས་གཉིས་ཀའི་ངོས་ནས་ཕན་ཚུན་ཐག་ཉེ་ཞེས་མཁས་པ་འགས་གསུང་སྲོལ་ཡོད་འདུག་པ་ལྟར་དཔྱད་དགོས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༢ ལྡེབ་ ༣ན༤ ནས་ ༤ན༢ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༨༧ ཚེག་ཁྱིམ་ ༦༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༢ ལྡེབ་ ༣བ༡ ནས་ ༤བ༡ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༨༧ ཚེག་ཁྱིམ་ ༦༧༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༢ ལྡེབ་ ༤ན༦ ནས་ ༥ན༥ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༨༧ ཚེག་ཁྱིམ་ ༦༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༢ ལྡེབ་ ༣ན༣ ནས་ ༤ན༢ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༨༧ ཚེག་ཁྱིམ་ ༦༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༨ ནས་ ༡༠ བར་བཞུགས་པ་བཅས་སོ།།
༢༢༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། བིངྴ་ཀ་བྲིཏྟི། བོད་སྐད་དུ། ཉི་ཤུ་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[12]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པའི་རབ་ཏུ་བྱེད་པ། དེའི་རང་འགྲེལ་ཤླཽ་ཀ་སུམ་བརྒྱ། ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༣ ལྡེབ་ ༤ན༣ ནས་ ༡༠ན༢ བར་ཡིག་ཕྲེང་ ༨༤ ཚེག་ཁྱིམ་ ༤༩༡༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༣ ལྡེབ་ ༤བ༡ ནས་ ༡༡ན༡ བར་ཡིག་ཕྲེང་ ༡༠༥ ཚེག་ཁྱིམ་ ༤༨༩༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༣ ལྡེབ་ ༥ན༥ ནས་ ༡༠བ༧ བར་ཡིག་ཕྲེང་ ༨༠ ཚེག་ཁྱིམ་ ༤༨༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༣ ལྡེབ་ ༣ན༣ ནས་ ༡༠ན༣ བར་ཡིག་ཕྲེང་ ༩༨ ཚེག་ཁྱིམ་ ༤༩༡༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༡༢ ནས་ ༢༦ བར་བཞུགས་པ་བཅས་སོ།།
༢༣༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། ཏྲི་སཱ་བྷཱ་བ་ནིར་དེ་ཤ །བོད་སྐད་དུ། རང་བཞིན་གསུམ་ངེས་པར་བསྟན་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
དེ་ཡང་རྒྱ་གར་སྐད་དུ། སྭ་བྷཱ་ཝ་ཏྲ་ཡ་པྲཿབེ་ཤ་སཱ་དྷ་ན། བོད་སྐད་དུ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ནི། །བརྟན་པ་རྣམས་ཀྱི་རང་བཞིན་གསུམ། །ཤེས་བྱ་ཟབ་པར་འདོད་པ་ཡིན། །[13]ཞེས་དང་། རྒྱ་གར་སྐད་དུ། ཏྲི་སྭ་བྷ་བ་ནིར་དེ་ཤ །བོད་སྐད་དུ། རང་བཞིན་གསུམ་ངེས་པར་བསྟན་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྟགས་དང་གཞན་གྱི་དབང་དང་ནི། །ཡོངས་སུ་གྲུབ་པ་ཉིད་དག་སྟེ། །རང་བཞིན་གསུམ་པོ་བརྟན་རྣམས་ཀྱི། །ཟབ་མོ་ཡི་ནི་ཤེས་བྱར་འདོད། །[14]ཅེས་གསལ་བ་ལྟར། ཀླུ་སྒྲུབ་ཀྱིས་མཛད་པའི་རང་བཞིན་གསུམ་བསྟན་པ་དང་། དབྱིག་གཉེན་གྱི་རང་བཞིན་གསུམ་ངེས་པར་བསྟན་པ་གཉིས་ཧ་ལམ་གཅིག་མཚུངས་ཡིན་པས་དེ་གཉིས་མཚུངས་བསྡུར་གྱིས་དཔྱད་དགོས་པར་སྣང་ལ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ནི་བསྟན་འགྱུར་གྱི་སྡེ་ཚན་དབུ་མ་དང་། སྒྱུར་བྱེད་སྐད་གཉིས་སྨྲ་བ་ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པས་བསྒྱུར་བ་ཞིག་ཡིན་ཅིང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ་ནི། བསྟན་འགྱུར་གྱི་སེམས་ཙམ་པའི་སྡེ་ཚན་དུ་བཞུགས་ལ། དེ་ནི་པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་ལེགས་པར་བསྒྱུར་བ་ཞིག་ཡིན།
དེ་བཞིན་རང་བཞིན་གསུམ་ལ་འཇུག་པའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རང་བཞིན་གསུམ་ངེས་པར་བསྟན་པའི་ལེགས་སྦྱར་གྱི་མ་དཔེ་ད་ལྟའང་བཞུགས་ལ། མདོར་ན་མཛད་པོའི་མཚན་དང་། བསྟན་བཅོས་ཀྱི་མཚན། སྒྱུར་བྱེད་ཀྱི་ལོ་པཎ། བསྟན་འགྱུར་གྱི་སྡེ་ཚན་བཅས་ཐ་དད་དུ་བཞུགས་ཤིང་། བསྟན་བཅོས་ཀྱི་ལུས་ཚིག་རྐང་བདུན་ཅན་ཡིན་པ་མཚུངས་ཀྱང་། གཞུང་ཚད་ཀྱི་ཆ་ནས་རྒྱས་བསྡུས་ཀྱི་བར་ཁྱད་ཆེ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པར་གཞུང་ཚད་ཚིག་རྐང་བདུན་ཅན་ ༡༣༩ སྟེ་ཚིགས་བཅད་སོ་བཞི་དང་རྐང་པ་གསུམ་ཡོད་ལ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པའི་གཞུང་ཚད་ལ་ཚིག་རྐང་བདུན་ཅན་ ༥༨ ཅན་ཏེ་ཚིགས་བཅད་བཅུ་བཞི་དང་རྐང་པ་གཉིས་བཞུགས་པ་བཅས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༤ ལྡེབ་ ༡༠ན༣ ནས་ ༡༡བ༤ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༡༡༧༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༤ ལྡེབ་ ༡༡ན༡ ནས་ ༡༢བ༦ བར་ཡིག་ཕྲེང་ ༣༠ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༡༡༦༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༤ ལྡེབ་ ༡༡ན༡ ནས་ ༡༢བ༢ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༡༡༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༤ ལྡེབ་ ༡༠ན༣ ནས་ ༡༡བ༤ བར་ཡིག་ཕྲེང་ ༣༣ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༡༡༧༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༢༩ ནས་ ༣༣ བར་བཞུགས་པ་བཅས་སོ།།
༢༤༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། པཉྩ་སྐནྡྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[15]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཤླཽ་ཀ་བརྒྱ་སུམ་ཅུ་རྩ་གཉིས། དེའི་འགྲེལ་པ་བྱེ་བྲག་ཏུ་བཤད་པ། སློབ་དཔོན་བློ་བརྟན་གྱིས་མཛད་པ། བམ་པོ་བཞི། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རྣམ་བཤད། བམ་པོ་གཉིས་དང་ཤླཽ་ཀ་བརྒྱ། སློབ་དཔོན་སའི་རྩ་ལག་གིས་མཛད་པ་བམ་པོ་ལྔ། ཞེས་གསལ་ལ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་འདི་བོད་འགྱུར་དང་། རྒྱ་ནག་འགྱུར་གཉིས་ཀའི་བརྗོད་དོན་ཆུ་ལ་ཆུ་བཞག་ལྟར་མཐུན་པའི་ཐོག །གཞུང་འདི་ཉེ་རབས་བོད་འགྱུར་ནས་ལེགས་སྦྱར་སྐད་དུ་བསྐྱར་གསོའི་བསྐྱར་བསྒྱུར་གནང་བར་མ་ཟད། དབྱིན་འགྱུར་ཡང་མཆིས་པ་བཅས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། རྒྱའི་སྐད་དུའང་། (大乘五蘊論 T31,No1612) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༥ ལྡེབ་ ༡༡བ༤ ནས་ ༡༧ན༧ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༡༠༤༣༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༥ ལྡེབ་ ༡༢བ༦ ནས་ ༡༩ན༢ བར་ཡིག་ཕྲེང་ ༡༠༡ ཚེག་ཁྱིམ་ ༡༠༤༣༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༥ ལྡེབ་ ༡༢བ༢ ནས་ ༡༧བ༧ བར་ཡིག་ཕྲེང་ ༧༦ ཚེག་ཁྱིམ་ ༡༠༤༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༥ ལྡེབ་ ༡༡བ༤ ནས་ ༡༧ན༥ བར་ཡིག་ཕྲེང་ ༨༠ ཚེག་ཁྱིམ་ ༡༠༤༣༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༣༥ ནས་ ༤༨ བར་བཞུགས་པ་བཅས་སོ།།
༢༥༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀྟི་སཱུ་ཏྲ་ཁཎྜ་ཏཾ། བོད་སྐད་དུ། རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། སརྦ་ཛྙཱ་དེ་ཝ་དང༌། ལོ་ཙཱ་བ་བནྡེ་རྩངས་དེ་ཝིནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲཱི་ཝརྨས་ཀྱང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་ཚད་བམ་པོ་གཅིག་གོ །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༦ ལྡེབ་ ༡༧བ༡ ནས་ ༢༩ན༢ བར་ཡིག་ཕྲེང་ ༡༦༣ ཚེག་ཁྱིམ་ ༨༨༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༦ ལྡེབ་ ༡༩ན༣ ནས་ ༣༡བ༦ བར་ཡིག་ཕྲེང་ ༡༩༧ ཚེག་ཁྱིམ་ ༨༨༥༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༦ ལྡེབ་ ༡༧བ༧ ནས་ ༢༨བ༧ བར་ཡིག་ཕྲེང་ ༡༥༥ ཚེག་ཁྱིམ་ ༨༨༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༦ ལྡེབ་ ༡༧ན༦ ནས་ ༢༨བ༣ བར་ཡིག་ཕྲེང་ ༡༥༩ ཚེག་ཁྱིམ་ ༨༨༧༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༥༡ ནས་ ༧༨ བར་བཞུགས་པ་བཅས་སོ།།
༢༦༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀ་ཏི། བོད་སྐད་དུ། (དེའི་འགྲེལ་པ་) རྣམ་པར་བཤད་པའི་རིགས་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བམ་པོ་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སི་ཾཧ་དང༌། ཤཱཀྱ་སི་ཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་ཚད་བམ་པོ་བཅུའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༧ བམ་པོ་ ༡༠ ལེའུ་ ༥ ལྡེབ་ ༢༩ན༢ ནས་ ༡༣༤བ༢ བར་ཡིག་ཕྲེང་ ༡༤༧༨ ཚེག་ཁྱིམ་ ༨༦༨༥༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༧ བམ་པོ་ ༡༠ ལེའུ་ ༥ ལྡེབ་ ༣༡བ༦ ནས་ ༡༥༦ན༥ བར་ཡིག་ཕྲེང་ ༡༩༧༦ ཚེག་ཁྱིམ་ ༨༦༨༤༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༧ བམ་པོ་ ༡༠ ལེའུ་ ༥ ལྡེབ་ ༢༨བ༧ ནས་ ༡༤༧ན༤ བར་ཡིག་ཕྲེང་ ༡༦༥༦ ཚེག་ཁྱིམ་ ༨༦༨༤༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༧ བམ་པོ་ ༡༠ ལེའུ་ ༥ ལྡེབ་ ༢༨ན༣ ནས་ ༡༣༨བ༢ བར་ཡིག་ཕྲེང་ ༡༥༤༠ ཚེག་ཁྱིམ་ ༨༦༨༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༨༡ ནས་ ༣༢༢ བར་བཞུགས་པ་བཅས་སོ།།
༢༧༽ སེམས་ཙམ་ ༼ཤི༽ པ་ལ། རྒྱ་གར་སྐད་དུ། ཀརྨ་སིདྡྷི་པྲ་ཀ་ར་ཎ། བོད་སྐད་དུ། ལས་གྲུབ་པའི་རབ་ཏུ་བྱེད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་སློང་གཙང་བན་དེ་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་ཚད་བམ་པོ་གཅིག་གོ །དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་ 18 པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[16]། དབྱིག་གཉེན་གྱིས་མཛད་པའི་བྱ་བ་གྲུབ་པའི་གཏན་ཚིགས་གཉིས། ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༨ ལྡེབ་ ༡༣༤བ༢ ནས་ ༡༤༥ན༦ བར་ཡིག་ཕྲེང་ ༡༥༤ ཚེག་ཁྱིམ་ ༨༩༩༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༨ ལྡེབ་ ༡༥༦ན༥ ནས་ ༡༦༨བ༦ བར་ཡིག་ཕྲེང་ ༢༠༢ ཚེག་ཁྱིམ་ ༩༠༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༨ ལྡེབ་ ༡༤༧ན༤ ནས་ ༡༥༩བ༡ བར་ཡིག་ཕྲེང་ ༡༧༣ ཚེག་ཁྱིམ་ ༩༠༠༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༨ ལྡེབ་ ༡༣༨བ༢ ནས་ ༡༤༩ན༦ བར་ཡིག་ཕྲེང་ ༡༥༩ ཚེག་ཁྱིམ་ ༨༩༩༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༣༥༥ ནས་ ༣༨༠ བར་བཞུགས་པ་བཅས་སོ།།
༢༨༽ སེམས་ཙམ་ ༼ཤི༽ པ་ལ། རྒྱའི་སྐད་དུ། ཏའི་ཆིང་པའི་ཧཱ་མིང་མུན་ལུན། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། བུ་སྟོན་ (1290-1364) ཆོས་འབྱུང་ལས[17]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཞེས་གསུངས་པ་ལས་དོགས་སློང་མ་མཛད་ཀྱང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[18]། རྒྱའི་དཔེ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་སྣང༌། དེང་སང་བོད་རྣམས་དཔལ་ལྡན་ཆོས་སྐྱོང་གིས་མཛད་ཅེས་གྲགས་སོ། །དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སམ་ཙང་ཞེས་བྱ་བས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་བསྒྱུར་ཅིང༌། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པའོ། །ཞེས་གསལ་ལོ།།
དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[19]། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་ཆོས་བརྒྱ། སེམས་ཙམ་པའི་གྲུབ་མཐར་འོས་ཤིང་འཚམ་པའི་ཤེས་བྱ་གཞི་ལྔ་དང་ཆོས་བརྒྱའི་འགྲེལ་བརྗོད་ཅིག་ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་མཛད་ཡོད། གཞུང་འདི་ལོ་ཆེན་ཧྱན་ཙང་གིས་རྒྱ་ནག་གི་སྐད་དུ་བསྒྱུར་བའི་འགྱུར་བྱང་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གསལ་རུང་། བོད་ཀྱི་འགྱུར་(སྡེ་པར་146a7-b2)དུ་རྒྱའི་དཔེ་ལས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་སྣང་། དེང་སང་བོད་རྣམས་སུ་དཔལ་ལྡན་ཆོས་སྐྱོང་ (Dharma pala) གིས་མཛད་ཅེས་གྲགས་སོ། །དཔལ་ལྡན་དབང་ཕྱུག་རྒྱའི་ལོ་ཙཱ་བ་ཐང་སམ་ཙང་ཞེས་བྱ་བས་རྒྱ་གར་ལས་རྒྱའི་ཡུལ་དུ་བསྒྱུར་ཅིང་། ཕྱིས་སྟོན་པ་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བསྒྱུར་བར་ཞུས་པའི་དོན་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་རབ་ཏུ་བྱུང་བ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པའོ། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ། (大乘百法明門論 T31, No1614) བསྒྱུར་ནས་བཞུགས་སོ།།
དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་ལས[20]། སྡེ་པ་བཅོ་བརྒྱད་ཅི་ལྟར་གྱེས་པ་སློབས་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་ཆོས་བརྒྱད་ཅེས་བྱ་བ།[21] རྒྱ་ལ་བཞུགས་པའི་འགྲེལ་པ། ཤོག་གྲངས་ ༢༢༠ ནས་ ༢༢༣ བར་དཔེ་ཐུང་ངོ་ཤོག་ ༨ ཐོག་ཆ་ཚང་བཞུགས་འདུག་པ་འདི་ཡིན་ནམ་སྙམ་མོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༩ ལྡེབ་ ༡༤༥ན༧ ནས་ ༡༤༦བ༢ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༩༠༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼སི༽ ཚན་གྲངས་ ༩ ལྡེབ་ ༡༦༨བ༦ ནས་ ༡༧༠ན༥ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༩༠༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སི༽ ཚན་གྲངས་ ༩ ལྡེབ་ ༡༥༩བ༡ ནས་ ༡༦༠བ༦ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༨༩༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཤི༽ ཚན་གྲངས་ ༩ ལྡེབ་ ༡༤༩ན༦ ནས་ ༡༥༠བ༢ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༩༠༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ ཤོག་གྲངས་ ༣༨༤ ནས་ ༣༨༧ བར་བཞུགས་པ་བཅས་སོ།།
༢༩༽ སེམས་ཙམ་ ༼སི༽ པ་ལ། རྒྱ་གར་སྐད་དུ། པཉྩ་སྐན་དྷ་བྷཱ་ཥྱཱཾ། བོད་སྐད་དུ། ཕུང་པོ་ལྔའི་བཤད་པ། སློབ་དཔོན་སའི་རྩ་ལག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༢ ལྡེབ་ ༣༢ན༡ ནས་ ༡༣༩ན༧ བར་ཡིག་ཕྲེང་ ༡༥༠༥ ཚེག་ཁྱིམ་ ༩༢༤༠༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཕུང་པོ་ལྔའི་འབྱེད། པོད་རྟགས། ༼ཧི༽ ཚན་གྲངས་ ༢ ལྡེབ་ ༡༠༡ན༧ ནས་ ༢༣༡ན༨ བར་ཡིག་ཕྲེང་ ༢༠༨༢ ཚེག་ཁྱིམ་ ༩༢༣༢༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཧི༽ ཚན་གྲངས་ ༢ ལྡེབ་ ༩༣ན༥ ནས་ ༢༢༡ན༥ བར་ཡིག་ཕྲེང་ ༡༧༩༣ ཚེག་ཁྱིམ་ ༩༢༣༢༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼སི༽ ཚན་གྲངས་ ༢ ལྡེབ་ ༣༦བ༣ ནས་ ༡༥༢ན༧ བར་ཡིག་ཕྲེང་ ༡༦༢༢ ཚེག་ཁྱིམ་ ༩༢༤༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼སི༽ དེབ་ཨང་ ༧༧ ཤོག་གྲངས་ ༧༥༠ ནས་ ༡༠༡༥ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༥༣
[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༧
[3] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༡
[4] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༨
[5] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༡
[6] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༣
[7] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༨
[8] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༥༨
[9] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨
[10] བུ་སྟོན་རིན་ཆེན་གྲུབ་ཀྱིས་ཕྱག་བཏབ་པའི་གཙང་གི་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་ཡིན།
[11] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢
[12] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༩
[13] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༧༦༥
[14] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ ༧༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༩
[15] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༩
[16] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢
[17] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༩
[18] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༠
[19] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༧༨
[20] ཏུན་ཧོང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༢༢༠
[21] ཡིག་རྙིང་འདིའི་གི་གུ་རྣམས་ཕྱིར་ལོག་ཅན་ཡིན་ནའང་འདིར་མི་ཡོང་བས་ནམ་རྒྱུན་བཅོས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༥ ནས་ ༢༩༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།