གཉིས་པ། རྒྱུད་ཀྱི་སྐོར།
༤༽ རྒྱུད་ ༼ཏ༽ པ་ལ། རྒྱ་གར་སྐད་དུ། ཧེ་བཛྲོདྡྷ་བ་ཀུ་རུ་ཀུ་ལླེ་ཡཱ་པཉྩ་མ་ཧོ་པ་དེ་ཤཿ བོད་སྐད་དུ། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། སློབ་དཔོན་ཞི་བ་འཚོས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལ་ཉིད་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། རྒྱུད་ཏ། པོད་རྟགས། ༼ཏ༽ ཚན་གྲངས་ ༥༥ མན་ངག། ༥ ལྡེབ་ ༢༤༢བ༧ ནས་ ༢༤༣བ༥ བར་ཡིག་ཕྲེང་ ༡༣
ཚེག་ཁྱིམ་ ༦༩༤། ཁ༽ པེ་ཅིན་བསྟན་འགྱུར། རྒྱུད་འགྲེལ། པོད་རྟགས། ༼ཟ༽ ཚན་གྲངས་ ༢༩ མན་ངག། ༥ ལྡེབ་ ༡༢༢བ༤ ནས་ ༡༢༣བ༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༧༠༧། ག༽ སྣར་ཐང་བསྟན་འགྱུར། རྒྱུད། པོད་རྟགས། ༼ཟ༽ ཚན་གྲངས་ ༢༩ མན་ངག། ༥ ལྡེབ་ ༡༡༦ན༦ ནས་ ༡༡༧ན༥ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༦༩༢། ང༽ ཅོ་ནེ་བསྟན་འགྱུར། རྒྱུད། པོད་རྟགས། ༼ཏ༽ ཚན་གྲངས་ ༥༥ མན་ངག། ༥ ལྡེབ་ ༢༤༦བ༧ ནས་ ༢༤༧བ༥ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༦༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཏ༽ དེབ་ཨང་ ༥ ཤོག་གྲངས་ ༡༦༣༢ ནས་ ༡༦༣༤ བར་བཞུགས་པ་བཅས་སོ།།
༥༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཡོ་ག་ཏནྟྲ་བ་ལི་ཾབི་དྷི་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ། ཟ་ཧོར་གྱི་མཁན་པོ་[1]ཤཱནྟ་དེ་བ་[2]ཞེས་བྱ་བ་མངོན་པར་ཤེས་པ་ལྔ་[3]དང་ལྡན་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ཀྱིས་བསྒྱུར་བའོ། །པེ་ཅིན་བསྟན་འགྱུར་དུ། རྣལ་འབྱོར་ཆེན་པོའི་རྒྱུད་གཏོར་མའི་ཆོ་ག་བཞུགས་སོ། །ཞེས་དང་། གསེར་བྲིས་བསྟན་འགྱུར་དཀར་གྱི་ཆག་ལས[4]། གསང་བ་འདུས་པའི་གཏོར་ཆོག །ཟ་ཧོར་གྱི་མཁས་པ་ཤཱནྟ་དེ་བས་མཛད། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར། ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༢༩ ལྡེབ་ ༢༧༨ན༦ ནས་ ༢༧༩ན༣ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གི༽ ཚན་གྲངས་ ༢༨ ལྡེབ་ ༢༦༦ན༡ ནས་ ༢༦༦བ༨ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༦༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གི༽ ཚན་གྲངས་ ༢༨ ལྡེབ་ ༢༦༣བ༣ ནས་ ༢༦༤བ༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༦༣༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༢༩ ལྡེབ་ ༢༧༩ན༦ ནས་ ༢༨༠ན༢ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༦༤༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ ཤོག་གྲངས་ ༧༦༩ ནས་ ༧༧༡ བར་བཞུགས་པ་བཅས་སོ།།
༦༽ རྒྱུད་ ༼ཐུ༽ པ་ལ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ། སློབ་དཔོན་བོ་དྷི་ས་ཏྭས་མཛད་པའི་འགྲེལ་པ་ཕྱི་མ་རྫོགས་སོ། །དེ་ཉིད་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐུ༽ ཚན་གྲངས་ ༩ ལྡེབ་ ༡༥༦ན༧ ནས་ ༡༦༡བ༦ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༣༩༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཆུ༽ ཚན་གྲངས་ ༨ ལྡེབ་ ༡༥༤བ༦ ནས་ ༡༦༤ན༡ བར་ཡིག་ཕྲེང་ ༩༢ ཚེག་ཁྱིམ་ ༣༩༩༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཆུ༽ ཚན་གྲངས་ ༨ ལྡེབ་ ༡༥༢ན༢ ནས་ ༡༥༧ན༧ བར་ཡིག་ཕྲེང་ ༧༦ ཚེག་ཁྱིམ་ ༣༩༨༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐུ༽ ཚན་གྲངས་ ༩ ལྡེབ་ ༡༥༦ན༧ ནས་ ༡༦༡བ༦ བར་ཡིག་ཕྲེང་ ༦༩ ཚེག་ཁྱིམ་ ༣༩༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཐུ༽ དེབ་ཨང་ ༣༦ ཤོག་གྲངས་ ༤༣༡ ནས་ ༤༤༤ བར་བཞུགས་པ་བཅས་སོ།།
༧༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་སྣང་ཞིང་། བོད་སྐད་དུ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ(རྒྱས་པ།)། སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[5]། ནག་ཚོ་ལོ་ཙཱ་བས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༥ ལྡེབ་ ༡༤༠ན༣ ནས་ ༡༥༣ན༤ བར་ཡིག་ཕྲེང་ ༡༨༤ ཚེག་ཁྱིམ་ ༡༠༦༡༤། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༥ ལྡེབ་ ༡༤༤ན༡ ནས་ ༡༥༧ན༧ བར་ཡིག་ཕྲེང་ ༡༨༩ ཚེག་ཁྱིམ་ ༡༠༦༡༢༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༤༡༧ ནས་ ༤༤༩ བར་བཞུགས་པ་ལས་པེ་ཅིན་དང་། སྣར་ཐང་བསྟན་འགྱུར་གཉིས་སུ་མི་གསལ་ལོ།།
༨༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ་ཞིང་། བོད་སྐད་དུ། ཡང་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་(འབྲིང་པོ།)། སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[6]། ནག་ཚོ་ལོ་ཙཱ་བས་བསྒྱུར་བར་གསལ་ལ། སྡེ་དགེའི་བསྟན་འགྱུར་དཀར་ཆག་ལས[7]། སློབ་དཔོན་བོ་དྷི་ས་ཏྭས་མཛད་པར་གྲགས་པ། ཞེས་ཀྱང་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༦ ལྡེབ་ ༡༥༣ན༤ ནས་ ༡༦༨ན༧ བར་ཡིག་ཕྲེང་ ༢༡༤ ཚེག་ཁྱིམ་ ༡༡༢༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༣ ལྡེབ་ ༡༦༢ན༤ ནས་ ༡༨༡ན༥ བར་ཡིག་ཕྲེང་ ༣༠༦ ཚེག་ཁྱིམ་ ༡༡༥༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༣ ལྡེབ་ ༡༥༠ན༧ ནས་ ༡༦༨ན༣ བར་ཡིག་ཕྲེང་ ༢༤༩ ཚེག་ཁྱིམ་ ༡༡༥༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༦ ལྡེབ་ ༡༥༧ན༧ ནས་ ༡༧༢ན༥ བར་ཡིག་ཕྲེང་ ༢༠༩ ཚེག་ཁྱིམ་ ༡༡༢༩༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༤༥༡ ནས་ ༤༨༨ བར་བཞུགས་པ་བཅས་སོ།།
༩༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། (རྒྱས་པ།) དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག[8] །སློབ་དཔོན་བོ་དྷི་ས་ཏྭས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[9]། བལ་པོ་མཧཱ་པཱ་ནས་སྒྲ་སྒྱུར་མཛད་པར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༧༩ ལྡེབ་ ༢༤༦ན༧ ནས་ ༢༧༥ན༥ བར་ཡིག་ཕྲེང་ ༤༠༥ ཚེག་ཁྱིམ་ ༢༢༣༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༧༨ ལྡེབ་ ༢༨༥ན༢ ནས་ ༣༢༡ན༢ བར་ཡིག་ཕྲེང་ ༥༧༧ ཚེག་ཁྱིམ་ ༢༢༣༧༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༧༨ ལྡེབ་ ༢༦༢བ༢ ནས་ ༢༩༥བ༧ བར་ཡིག་ཕྲེང་ ༤༦༨ ཚེག་ཁྱིམ་ ༢༢༣༦༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༧༩ ལྡེབ་ ༢༤༨བ༤ ནས་ ༢༧༦བ༣ བར་ཡིག་ཕྲེང་ ༣༩༡ ཚེག་ཁྱིམ་ ༢༢༣༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༧༨༨ ནས་ ༨༥༧ བར་བཞུགས་པ་བཅས་སོ།།
༡༠༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ་ཞིང་། བོད་སྐད་དུ། (འབྲིང་བ།) དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ཞེས་པ་ལས་མཛད་བྱང་དང་། འགྱུར་བྱང་གང་ཡང་མ་འཁོད་ཀྱང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[10]། མཁན་པོ་བོ་དྷི་ས་ཏྭས་མཛད་ཅིང་། བལ་པོ་མཧཱ་པཱ་ནས་སྒྲ་སྒྱུར་མཛད་པར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༨༠ ལྡེབ་ ༢༧༥ན༥ ནས་ ༢༩༥བ༦ བར་ཡིག་ཕྲེང་ ༢༨༩ ཚེག་ཁྱིམ་ ༡༥༥༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༧༩ ལྡེབ་ ༣༢༡ན༣ ནས་ ༣༤༩བ༡ བར་ཡིག་ཕྲེང་ ༣༤༣ ཚེག་ཁྱིམ་ ༡༥༦༠༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༧༩ ལྡེབ་ ༢༩༥བ༧ ནས་ ༣༡༩བ༧ བར་ཡིག་ཕྲེང་ ༣༣༧ ཚེག་ཁྱིམ་ ༡༥༦༠༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༨༠ ལྡེབ་ ༢༧༦བ༤ ནས་ ༢༩༧ན༡ བར་ཡིག་ཕྲེང་ ༢༩༢ ཚེག་ཁྱིམ་ ༡༥༦༡༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༨༦༣ ནས་ ༩༡༣ བར་བཞུགས་པ་བཅས་སོ།།
༡༡༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ་ཞིང་། བོད་སྐད་དུ། (བསྡུས་པ།) དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཞེས་དང་། སྡེ་བསྟན་དཀར་ཆག་ལས[11]། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་སྡེ་བཀླག་ཅིང་དེ་བཞིན་གཤེགས་པ་མདུན་མཆོད་དེ་སྨོན་ལམ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་ཏེ་རིམ་པར་བཀླག་པ། མཁན་པོ་བོ་དྷི་ས་ཏྭས་མཛད་པ། འདི་གསུམ་ཆོ་ག་རྒྱས་འབྲིང་བསྡུས་གསུམ་ཡིན་ནོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[12]། བལ་པོ་མཧཱ་པཱ་ནས་སྒྲ་སྒྱུར་མཛད་པར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༨༡ ལྡེབ་ ༢༩༥བ༧ ནས་ ༣༠༡བ༧ བར་ཡིག་ཕྲེང་ ༨༥ ཚེག་ཁྱིམ་ ༤༦༢༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༨༠ ལྡེབ་ ༣༤༩བ༡ ནས་ ༣༥༧བ༢ བར་ཡིག་ཕྲེང་ ༡༣༠ ཚེག་ཁྱིམ་ ༤༦༤༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༨༠ ལྡེབ་ ༣༡༩བ༧ ནས་ ༣༢༧ན༡ བར་ཡིག་ཕྲེང་ ༡༠༧ ཚེག་ཁྱིམ་ ༤༦༤༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༨༡ ལྡེབ་ ༢༩༧ན༡ ནས་ ༣༠༢བ༤ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༤༦༢༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༩༡༨ ནས་ ༩༣༢ བར་བཞུགས་པ་བཅས་སོ།།
གཞན་ཡང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་དཔར་སྐྲུན་གནང་བའི་མཁན་ཆེན་ཞི་བ་འཚོའི་གསུང་འབུམ་བསྡུ་སྒྲིག་པའི་གསལ་བཤད་ལས[13]། རྒྱུད། ༼པུ༽ ལས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ཞེས་དང་། ཚལ་པའི་བསྟན་འགྱུར་ལས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྔོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། ཞེས་སྨན་བླ་བདེ་གཤེགས་བདུན་གྱི་ཆོ་གའི་མཚན་མཚུངས་ཀྱང་། རྒྱས་བསྡུས་སོགས་མི་མཚུངས་པའི་ཆོས་ཚན་ལྔ་བཞུགས་པ་ལས། གོང་གསལ་ཆོས་ཚན་ ༩།༡༠།༡༡ གསུམ་བདེ་གཤེགས་བདུན་གྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་ཡིན་ལ། འདི་དག་ནི་སྡེ་དགེ་དང་པེ་ཅིན་སྣར་ཐང་ཅོ་ནེ་བཅས་བསྟན་འགྱུར་པར་མ་བཞི་གར་བཞུགས་མོད། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ཞེས་བསྟན་འགྱུར་པར་མ་བཞི་གར་བཞུགས་པའི་བདེ་གཤེགས་བདུན་གྱི་ཆོ་ག་འབྲིང་བ་དང་། མཚན་བྱང་ཕྱོགས་ཀུན་ནས་མཚུངས་པའི་ཆོས་ཚན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་དཔར་སྐྲུན་གནང་བའི་མཁན་ཆེན་ཞི་བ་འཚོའི་གསུང་འབུམ། དེབ་གཟུགས་ཤོག་གྲངས་ ༥༥ ཅན་ཞིག་དང་། ཤོག་གྲངས་ ༤༡ ཅན་གཉིས་བཞུགས་པ་ནི་བསྟན་འགྱུར་པར་མ་བཞི་གར་མི་གསལ་བས། ཚལ་པའི་བསྟན་འགྱུར་དུ་བཞུགས་པ་གཉིས་ཡིན་འདུག་པས། འདིར་ཆོས་ཚན་དེ་གཉིས་ཀྱང་ཁ་སྐོང་ཞུས་ཡོད་པའི་དཀར་ཆག་གཤམ་གསལ།
༡༢༽ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ། མཁན་ཆེན་ཞི་བ་འཚོའི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༣༠ ནས་ ༣༨༤ བར་བཞུགས་ཤིང་། མཇུག་ཏུ། དེ་ནས་བསྔོ་བའི་ཚིགས་བཅད་དང་། རྗེས་སུ་ཞི་བའི་ཚིགས་བཅད་བཀླགས་ནས་གྱེས་སོ། །མདོ་སྡེའི་ཆོ་ག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་ལོ།།
འོན་ཀྱང་ཆོ་ག་དེ་ཉིད་ལས[14]། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ནས། མཚན་ནས་བརྗོད་དེ། ཕྱག་འཚལ་བ་དང་། མཆོད་ཅིང་། འཕགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང་། བཀའ་ལུང་དང་མཐུན་པར་སྨོན་ལམ་གསོལ་བ་དང་། གཞན་ཡང་འཕགས་པ་དེ་དག་གི་སྤྱན་སྔར། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་ཕུལ་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་། འཕགས་པ་དེ་དག་གི་མཐུ་དཔལ་དང་། བྱིན་གྱིས་བརླབས་ཀྱིས་ལྷ་སྲས་ཁྲི་བཙུན་ལྡེ་བཙན་འཕྲུལ་མཆེད་ཀྱི་ཞལ་སྔ་ནས། ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པ་དང་། སྡིག་པའི་སྒྲིབ་པ་ཅི་མངའ་བ་ཐམས་ཅད་ཞི་ཞིང་བྱང་བར་གྱུར་ཅིག །སྐུ་ལ་སྙུན་མི་མངའ་ཞིང་། སྐུ་ཚེ་དཔག་ཏུ་མེད་པར་རིང་བ་དང་། དབུ་རྨོག་བཙན་པ་དང་། ཆབ་སྲིད་འཇམ་དར་ཆེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་པར། གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རྙེད་པར་གྱུར་ཅིག །ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་། ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། འཕྲལ་ཡུན་དུ་ལེགས་པའི་ཆོས་བཟང་པོ་ལ་གནས་པར་གྱུར་ཅིག །མངའ་རིས་ཀྱི་ཡུལ་ཐམས་ཅད་དུ་མི་ནད་ཕྱུགས་ནད་དང་། ལོ་ཉེས་དང་། དགྲའི་ཚོགས་ལ་སོགས་པའི་གནོད་པ་དང་། བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང་། ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་། རྒྱས་པ་དང་། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་། སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །ཅེས་ཆོ་ག་དང་པོར་ལྷ་སྲས་ཁྲི་བཙུན་ལྡེ་བཙན་འཕྲུལ་མཆེད་ཀྱི་ཞལ་སྔ་ནས། ཞེས་དང་། གཉིས་པར་ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱི་ཞལ་སྔ་ནས། ཞེས་མཚན་དང་བཅས་པ་གསལ་བར་བྱུང་བས། ཆོ་ག་འདི་གཉིས་མཁན་ཆེན་ཞི་བ་འཚོས་བོད་དུ་མཛད་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལ། ཆོ་ག་ཕྱི་མའི་མཛད་བྱང་དུ་སློབ་དཔོན་ཞི་བ་འཚོས་མཛད་པ་ཞེས་བྱུང་བས་གོང་འོག་གཉིས་གཅིག་གིས་འཐུས་པར་བྱས་པ་ཡིན་འདུག །དེ་བཞིན་བསྟན་འགྱུར་དུ་བཞུགས་པའི་ཆོ་ག་རྒྱས་པར་[15]ལྷ་སྲས་ཀྱི་ཞལ་སྔ་ནས་ཀྱིས་ཞེས་དང་། ཆོ་ག་འབྲིང་བར་[16]ཆེ་གེ་མོ་ལ་སོགས་པའི་ཞལ་སྔ་ནས་ཞེས་དང་། ཆོ་ག་བསྡུས་པར་ལྷའི་སྲས་ཀྱི་ཞལ་སྔ་ནས་ཀྱི་[17]ཞེས་གསལ་བས་ཆོ་ག་རྒྱས་འབྲིང་བསྡུས་གསུམ་ཡང་བོད་དུ་མཛད་པ་ཞིག་མིན་ནམ་སྙམ་པས་དཔྱད་དགོས་སོ།།
༡༣༽ དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ། མཁན་ཆེན་ཞི་བ་འཚོའི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༣ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༨༥ ནས་ ༤༢༥ བར་བཞུགས་ཤིང་། མཛད་བྱང་ལས། སློབ་དཔོན་ཞི་བ་འཚོས་མཛད་པ། རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །གོང་གསལ་ཆོས་ཚན་ ༡༢ དང་། ༡༣ གཉིས་བསྟན་འགྱུར་དུ་མི་བཞུགས་ཤིང་། གསར་རྙེད་ཡིན་ནའང་བདེ་གཤེགས་བདུན་གྱི་ཆོ་ག་རྣམས་དཀྱུས་གཅིག་ཏུ་སྐབས་འདིར་གསར་འཇུག་ཞུས་པའོ།།
༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་གྱི་མཛད་བྱང་ལས[18]། ཐམས་ཅད་མཁྱེན་པ་ཞི་བ་འཚོའི་གསུང་དངོས་མར་མེད་དུ་མི་རུང་བའི་མཚམས་སྦྱར་དང་གསལ་བྱེད་ཀྱིས་བརྒྱན་པའི་བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ་ཞེས་སོགས་གསུངས་པ་ལྟར། མཁན་ཆེན་ཞི་འཚོའི་གསུང་འདི་དག་ལ་གཞི་མཛད་པར་གསུངས་སོ།།
༡༤༽ རྒྱུད་ ༼ཙུ༽ པ་ལ། རྒྱ་གར་སྐད་དུ། ཏཏྟྭ་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། (ཕྱི་འགྱུར།) སླད་ཀྱི་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས[19]། སློབ་དཔོན་ཞི་བ་འཚོས་མཛད་པ་ལ་སོགས་པ་ནང་པའི་ལུགས་མང་པོ་མཁྱེན་ཏེ། ཞི་བ་འཚོའི་བསྟན་བཅོས་དེ་ཁོ་ན་ཉིད་བཏུས་པ་ཞེས་བྱ་བ་བོད་དུ་བསྣམས་ནས་བྱོན། བསྒྱུར་བར་བཞེད་པ་ལ་གྲུབ་པར་རྒྱ་དཔེ་རྭ་སྒྲེང་ན་བཞུགས་གསུངས། ཞེས་བྱུང་བ་ལྟར། བསྟན་བཅོས་འདི་ཉིད་མིན་ནམ་སྙམ་པས་དཔྱད་དགོས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙུ༽ ཚན་གྲངས་ ༤ ལྡེབ་ ༢༦བ༧ ནས་ ༣༩ན༢ བར་ཡིག་ཕྲེང་ ༡༧༡ ཚེག་ཁྱིམ་ ༡༠༣༢༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༤ ལྡེབ་ ༢༨ན༥ ནས་ ༤༢བ༢ བར་ཡིག་ཕྲེང་ ༢༢༩ ཚེག་ཁྱིམ་ ༡༠༣༣༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༤ ལྡེབ་ ༢༩ན༤ ནས་ ༤༢ན༦ བར་ཡིག་ཕྲེང་ ༡༨༥ ཚེག་ཁྱིམ་ ༡༠༣༣༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙུ༽ ཚན་གྲངས་ ༤ ལྡེབ་ ༢༦ན༧ ནས་ ༣༨བ༦ བར་ཡིག་ཕྲེང་ ༡༧༥ ཚེག་ཁྱིམ་ ༡༠༣༢༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཙུ༽ དེབ་ཨང་ ༤༡ ཤོག་གྲངས་ ༧༡ ནས་ ༡༠༢ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས། ༧༧༡ ཐོག་པེ་སྣར་པར་མ་གཉིས་ནང་མཁས་པ་ཞེས་གསལ།
[2] གསུང་འདི་ཉིད་ཀྱི་མཛད་པ་པོའི་མཚན་ལ་ཟ་ཧོར་གྱི་མཁན་པོ་ཤཱནྟ་དེ་བ་ཞེས་གསལ་བས། རིགས་སམ་འཁྲུངས་ཡུལ་ལྟར་ན་ཟ་ཧོར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་སྟེ་མཁན་ཆེན་ཞི་བ་འཚོ་ཡིན་མོད། འོན་ཀྱང་ལེགས་སྦྱར་གྱི་ཤཱནྟ་དེ་བ་ཞེས་པ་ནི། ཞི་བ་ལྷ་སྟེ། ངོ་མཚར་གཏམ་བདུན་མངའ་བའི་རྒྱལ་སྲས་ཞི་བ་ལྷར་གོ་བས། ཞི་བ་ལྷ་ནི་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་དུ་སྐུ་འཁྲུངས་པ་ལས་ཟ་ཧོར་རྒྱལ་པོའི་རིགས་མིན་པས་མཛད་པ་པོའི་མཚན་ལ་དོགས་གཞི་ཆེ་བ་དང་གཅིག །གཉིས་ནས་འགྱུར་བྱང་ཐད་པཎྜི་ཏ་དེ་ཉིད་དང་ཞེས་གསལ་བ་ལྟར་ན། ཤཱནྟ་རཀྵི་ཏ་སྟེ་མཁན་ཆེན་ཞི་འཚོ་ཡིན་ནམ་སྙམ་ཡང་། དེ་དང་ལྷན་དུ་བོད་ཀྱི་ལོ་ཙཱ་བ་འགོས་ཀྱིས་བསྒྱུར་བར་གསལ་བས་ན། བོད་ལ་སྔ་རྗེས་འགོས་ཀྱི་རིགས་རྒྱུད་བཞི་བྱུང་བ་ནི། ༡) ཁྲི་རལ་པ་ཅན་གྱི་དུས་སུ་རྒྱ་དཀར་ནག་གི་སྐད་ཡིག་གཉིས་ཀར་མཁས་ཤིང་ཏུན་ཧོང་གི་ས་ཆར་ཡུན་རིང་བཞུགས་ཏེ་རྒྱ་ནག་གི་ཡི་གེ་ལས་ཆོས་དཔེ་འགའ་ཞིག་བོད་སྐད་དུ་བསྒྱུར་གནང་མཛད་མཁན་འགོས་ཆོས་སྒྲུབ། ༢) ཇོ་བོ་རྗེ་ཨ་ཏི་ཤའི་དངོས་སློབ་གསང་སྔགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་གནང་མཛད་མཁན་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། ༣) རྗེ་ཙོང་ཁ་པ་ཆེན་པོ་དང་དུས་མཉམ་ཞིང་ཆོས་ལུགས་རིས་མེད་སྤྱི་དང་། རིག་གནས་ལྔ་ལ་མཁས་པའི་ཕུལ་དུ་ཕྱིན་པ་འགོས་ལོ་གཞོན་ནུ་དཔལ། ༤) རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་དུས་མཉམ་ཞིང་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་འགོས་ལོ་ཆེན་ཆོས་སྐྱོང་བཟང་པོ་བཅས་བཞི་བྱོན་པ་ལས། འགོས་ལོ་ཙཱ་བ་སྔ་ཕྱི་བཞི་ཀ་དུས་རབས་བརྒྱད་པར་བྱོན་པའི་ཟ་ཧོར་གྱི་མཁན་པོའམ་མཁས་པ་ཆེན་པོ་ཤཱནྟ་རཀྵི་ཏ་དང་དུས་མཉམ་དུ་བྱོན་པ་ཞིག་མིན་པས་དུས་ཚོད་འགྲིག་དཀའ་ལ། ལྷག་པར་དུས་རབས་བདུན་པར་བྱོན་པའི་ཞི་བ་ལྷ་ནི་དེས་བས་ཀྱང་དུས་ཚོད་འགྲིག་དཀའ་བས། གསུང་འདི་ཉིད་ཤཱནྟ་རཀྵི་ཏ་དང་། ཤཱནྟ་དེ་བ་གང་གི་གསུང་ཡིན་དང་། དེ་མིན་གང་ཟག་གསུམ་པ་ཞིག་གི་གསུང་གང་ཡིན་དཔྱད་དགོས་པར་སྣང་ལ། འདིར་ཟ་ཧོར་གྱི་མཁན་པོ་ཤཱནྟའི་མཚན་གསལ་བ་གཞི་རྩར་བཟུང་སྟེ་ཞི་བ་འཚོའི་གསུང་གི་གྲས་སུ་བཀོད་པ་ལགས་སོ།།
[3] རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས་དང་ལྔའོ།།
[4] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༧
[5] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༣༡
[6] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༣༡
[7] སྡེ་བསྟན་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༥༣
[8] གསུམ་པ་ཞར་བྱུང་བླ་མའི་གསུང་འབུམ་སོགས་མདོ་སྔགས་ཐ་སྙད་སོ་སོར་དབྱེ་དཀའ་བའི་སྐོར་ལ། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོས་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླགས་པས་ཆོག་པ་མདོ་སྡེ་ལས་བསྡུས་པའི་ལུང་མནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭ། མངའ་བདག་ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་རྡོར། མངའ་བདག་འོད་སྲུང་། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ་པ། དགེ་བཤེས་ཞུ་ལྷན་པ་ཤེས་རབ་གྲགས། སྒྲུབ་ཁང་པའི་གསན་ཡིག་ན་སྣར་བྱང་ཆུབ་ཚུལ་ཁྲིམས་ཟེར་བ་ཞིག་དེའི་ཚབ་ཏུ་འདུག་པ་མཚན་གྱི་རྣམ་གྲངས་ཡིན་མིན་བརྟག །(༤༣ན) ར་ས་ཆུ་ལས་པ་དར་མ་རྒྱལ་མཚན། སྒྲུབ་ཁང་པའི་གསན་ཡིག་ན་ཟ་ར་ཞེས་པ་སྣང་། དཔལ་ལྡན་གྲོ་མོ་ཆེ་བ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། དཔང་སྒང་པ་གྲགས་པ་དཔལ། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ་རིགས་ཀུན་བདག་པོ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཁྱབ་བདག་བཀའ་འགྱུར་བ་ནས། དྲིན་ཅན་ཞ་ལུ་བ་ཆེན་པོ། དེས་བདག་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཤར་ཁང་པ། མངའ་རིས་ནམ་མཁའ་དཔལ་ལྡན། ཞ་ལུ་པ། །དེས་བདག་ལའོ། །ཡང་ན་མངའ་རིས་ནམ་མཁའ་དཔལ་ལྡན་ནས། རི་སྦུག་དབུ་མཛད་རིན་ཆེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་སངས་རྒྱས་སྒོམ་པ་ནས། མཆིམས་ནམ་མཁའ་གྲགས། རྗེ་བསོད་ནམས་ཡེ་ཤེས། ཞང་སྟོན་བསོད་ནམས་གྲགས་པ་མན་འདྲ། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལ་ནོས་ཀྱང་བརྒྱུད་པ་མ་བྱུང་ངོ་། །ཡང་ན་ཞི་བ་འཚོ་ནས། བོ་དྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་ཨ་ཏི་ཤ །ལྷ་བཙུན་བྱང་ཆུབ་འོད། ཏེ་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། མཁན་ངག་ཆོས་པའི་གསན་ཡིག་ན་དབང་པོ་ལོ་ཙཱ་བ་ཞེས་སྣང་། དགྲ་བཅོམ་པ་རྒྱལ་མཚན། (༤༣བ) གྱ་པ་དབང་མཛེས། གྱ་པ་དཔལ་མཛེས། ཡོན་ཏན་དབང་ཕྱུག །ཤངས་པ་འདུལ་འཛིན། འདིའི་གོང་དུ་བླ་མ་ཇོ་སྟན་ཟེར་བ་ཞིག་པཎ་ཆེན་ངག་ཆོས་པའི་གསན་ཡིག་ན་འདུག་པ་བརྟག །མཁན་ཆེན་བསོད་ནམས་གྲགས་པ་མན་འདྲ། རྒྱལ་ཚབ་གྲགས་པ་དོན་གྲུབ་སོགས་ཀྱིས་མདོ་ཆོག་ཤོག་བུ་ལྔ་དྲུག་ཙམ་པའི་ཉུང་ངུ་མཛད་པ་ནི་མཁན་པོ་བོ་དྷཱི་ས་ཏྭས་མདོ་ལས་འདི་ཉིད་ཉུང་ངུར་བཏུས་པ་ཡིན་པས། དེ་ལས་ཀྱང་བསྡུས་ན་འདི་སྐད་བདག་ཐོས་ཤཱ་རིའི་བུ་སོགས་ཤེར་སྙིང་ཤླཽ་ཀ་གཅིག་ཏུ་བསྡུས་པའི་དཔེ་ཟླ་ཡིན་འདུག་པས་རྣམ་པར་དག་པར་མི་སེམས་སོ། །༸རྒྱལ་མཆོག་ལྔ་པ་ཆེན་པོའི་གསན་ཡིག་ཏུ་གསལ་ལོ།།
[9] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༨
[10] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༨
[11] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༥༩
[12] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༨
[13] མཁན་ཆེན་ཞི་བ་འཚོའི་གསུང་འབུམ། ༼སྟོད་ཆ།༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡
[14] མཁན་ཆེན་ཞི་བ་འཚོའི་གསུང་འབུམ། སྨད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༨༢
[15] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ༡༩༩༨ ལོ། ཤོག་གྲངས་ ༨༥༥
[16] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ༡༩༩༨ ལོ། ཤོག་གྲངས་ ༩༠༧
[17] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ༡༩༩༨ ལོ། ཤོག་གྲངས་ ༩༣༠
[18] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼ན༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༥༨༠
[19] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༣༩བ༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།