བདུན་པ། མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག ཀ༽ དང་པོ། བསྟོད་ཚོགས་ཀྱི་སྐོར།

བདུན་པ། མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། བསྟོད་ཚོགས་ཀྱི་སྐོར།

 

༡༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷ་ར་སཾ་གཱི་ཏི་བྷ་ག་བཱན་སྟོ་ཏྲཿ བོད་སྐད་དུ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས། མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྡེ་བསྟན་དཀར་ཆག་དང་[1]།

གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་གཉིས་ལས[2]། འདི་རྒྱུད་དག་ལས་བྱུང་བ་ཡིན་ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༤ ལྡེབ་ ༢༣༡ན༢ ནས་ ༢༣༡བ༡ བར་ཡིག་ཕྲེང་ ༦ ཚིག་རྐང་ ༩-༢༠ ཚེག་ཁྱིམ་ ༢༧༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༡ ལྡེབ་ ༢༧༠ན༥ ནས་ ༢༧༠བ༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༢༠ ཚེག་ཁྱིམ་ ༢༩༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༡ ལྡེབ་ ༢༥༣བ༢ ནས་ ༢༥༤ན༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༩-༢༠ ཚེག་ཁྱིམ་ ༢༧༥། ང༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ ཤོག་གྲངས་ ༦༧༤ ནས་ ༦༧༥ བར་བཞུགས་པ་ལས་ཅོ་ནེ་བསྟན་འགྱུར་དུ་མི་གསལ་ལོ།།

༢༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷ་ར་སཾ་གཱི་ཏ་བྷ་ག་བ་ཏི་སྟོ་ཏྲ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ། མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོ་འཕགས་པ་འཇམ་དཔལ་མཆོག་གི་ཞབས་ཀྱི་པདྨའི་རྡུལ་ལ་བརྟེན་པས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༥ ལྡེབ་ ༢༣༡བ༡ ནས་ ༢༣༧ན༥ བར་ཡིག་ཕྲེང་ ༨༢ ཚིག་རྐང་ ༧-༣༣། ༩-༡༡། ༡༡-༨ ཚེག་ཁྱིམ་ ༤༨༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༢ ལྡེབ་ ༢༧༠བ༥ ནས་ ༢༧༧བ༣ བར་ཡིག་ཕྲེང་ ༡༡༡ ཚིག་རྐང་ ༧-༣༣། ༩-༡༡། ༡༡-༨ ཚེག་ཁྱིམ་ ༤༨༥༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༢ ལྡེབ་ ༢༥༥ན༡ ནས་ ༢༦༠བ༢ བར་ཡིག་ཕྲེང་ ༩༣ ཚིག་རྐང་ ༧-༣༣། ༩-༡༡། ༡༡-༨ ཚེག་ཁྱིམ་ ༤༨༦༠། ང༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ ཤོག་གྲངས་ ༦༧༧ ནས་ ༦༩༡ བར་བཞུགས་པ་ལས་ཅོ་ནེ་བསྟན་འགྱུར་དུ་མི་གསལ་ལོ།།

༣༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། ཨཥྚ་ཏ་ཐཱ་ག་ཏ་སྟོ་ཏྲཿ བོད་སྐད་དུ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ། སློབ་དཔོན་ཞི་བ་འཚོས་མཛད་པ། འདི་ལ་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ་གྱིས་བསྒྱུར་བར་གསལ་ལོ། །མཁན་ཆེན་ཞི་བ་འཚོས་མཛད་པའི་བསྟོད་པ་ཁྱད་པར་ཅན་འདིའི་ནང་ཡོངས་གྲགས་འདོན་སྲོལ་ཆེ་བའི། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་ཀྱི་ཚིགས་བཅད་དང་པོ་དེ་ཉིད་འདིར་གསལ་བས། དེ་ཉིད་བོད་ཀྱི་མཁས་པས་བརྩམས་པར་འདོད་པ་འཐད་པར་མི་སྣང་ཡང་། དགོས་པ་ཁྱད་པར་ཅན་ལ་གཟིགས་ནས་ཕྱིས་སུ་ཚིགས་བཅད་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་པའི་དེའི་དབུར་བོད་པའི་མཁས་པས་བསྣན་པ་ཞིག་ཅིས་ཀྱང་ཡིན་ཆོག་པར་མངོན་ནོ[4]། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༨ ལྡེབ་ ༢༣༨ན༦ ནས་ ༢༣༩ན༤ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༩-༦༨ ཚེག་ཁྱིམ་ ༦༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༥ ལྡེབ་ ༢༧༨བ༨ ནས་ ༢༧༩བ༨ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༦༨། ཚེག་ཁྱིམ་ ༦༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༥༥ ལྡེབ་ ༢༦༡བ༥ ནས་ ༢༦༣བ༥ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༦༨ ཚེག་ཁྱིམ་ ༦༨༢། ང༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ ཤོག་གྲངས་ ༦༩༩ ནས་ ༧༠༡ བར་བཞུགས་པ་ལས་ཅོ་ནེ་བསྟན་འགྱུར་དུ་མི་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྡེ་བསྟན་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༤

[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༠

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༣༢

[4] བསྟོད་པ་རྣམ་པ་བཞི། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༤༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༡ ནས་ ༡༡༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *