རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག། གསུམ་པ། མདོ་སྡེའི་སྐོར།

གསུམ་པ། མདོ་སྡེའི་སྐོར།

 

༡༡༽ མདོ་སྡེ་ ༼ཇི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཏི་ཛྙཱ་ན་མ་ཧཱ་ཡཱ་ན་སཱུ་ཏྲ་བྲིཏྟི། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ། མཇུག་བྱང་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་ཞེས་བྱ་བ། སློབ་དཔོན་ཞི་བ་ལྷས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དྷརྨ་རཱ་ཛ་དང༌། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ། །ཞེས་གསལ་ལ།

འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག་ལས[1]། སློབ་དཔོན་ཞི་བ་ལྷས་མཛད་པར་གྲགས་པའི་འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ། ཞེས་བྱུང་བས་མཛད་པ་པོ་སློབ་དཔོན་ཞི་བ་ལྷ་ཡིན་མིན་རྩོད་ཅན་ཡིན་མིན་དཔྱད་དགོས་པར་སྣང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཇི༽ ཚན་གྲངས་ ༧ ལྡེབ་ ༡༧༤ན༣ ནས་ ༡༧༨ན༤ བར་ཡིག་ཕྲེང་ ༥༨ ཚེག་ཁྱིམ་ ༣༤༡༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ས་བཅུ། པོད་རྟགས་༼ཇི༽ ཚན་གྲངས་ ༧ ལྡེབ་ ༢༠༩བ༧ ནས་ ༢༡༥ན༤ བར་ཡིག་ཕྲེང་ ༨༦ ཚེག་ཁྱིམ་ ༣༤༡༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཇི༽ ཚན་གྲངས་ ༧ ལྡེབ་ ༢༠༤བ༥ ནས་ ༢༠༩བ༧ བར་ཡིག་ཕྲེང་ ༧༣ ཚེག་ཁྱིམ་ ༣༤༡༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཇི༽ ཚན་གྲངས་ ༧ ལྡེབ་ ༡༧༤ན༡ ནས་ ༡༧༨ན༣ བར་ཡིག་ཕྲེང་ ༥༩ ཚེག་ཁྱིམ་ ༣༤༡༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཇི༽ དེབ་ཨང་ ༦༧ པའི་ཤོག་གྲངས་ ༤༥༦ ནས་ ༤༦༦ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ས་སྐྱ་བཀའ་འབུམ། ཆོས་འཕགས་གསུམ་པ། ༼བ༽ དཔེ་གཟུགས། ཤོག་གྲངས་ ༩ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༣ ནས་ ༧༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *