བདུན་པ། སྐྱེས་རབས་སྐོར།
བཀའ་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་ཅི་རིགས་པར་བཏུས་པ་
བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་སྐྱེས་པའི་
རབས་སྣ་ཚོགས་ཀྱི་སྐོར་ལ།
༡༣༡༽ སྐྱེས་རབས་ ༼གེ༽ པའི་གཏམ་དུ་བྱ་བའི་སྐོར་ལ། རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌།
བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། (ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་རྒྱ་དཔེ་གསུམ་དང་གཏུགས་ནས་ལེགས་པར་བཅོས་པའོ། །མཚན་ལ་ལར་དབུ་མ་རིན་ཆེན་ཕྲེང་བ། ཞེས་བྱ་ལ་འདི་སྐྱེས་རབས་ཀྱི་སྡེ་ཚན་དུ་བཞག་འདུག་གོ །འདིའི་ལེགས་སྦྱར་གྱི་མ་དཔེའི་ཆ་ཤས་བཞུགས་ལ། རྒྱའི་སྐད་དུའང་
(寶行王正論 T32, No1656) བསྒྱུར་ནས་བཞུགས་ཤིང་། རིན་ཆེན་ཕྲེང་བར་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པའི་རྒྱ་འགྲེལ་བཞུགས་ཀྱང་བོད་འགྱུར་ཙམ་ལས་འདིའི་རྒྱ་དཔེ་མི་བཞུགས། འོན་ཀྱང་ལེའུ་དང་པོར་ཚིགས་སུ་བཅད་པ་བརྒྱ་བཞུགས་པའི་ཚིགས་བཅད་ཉེར་གཅིག་གི་རྒྱ་དཔེ་ཆད་པ་ཉེ་བའི་ཆར་གསར་དུ་རྙེད་སོན་བྱུང་པར་དུ་བསྐྲུན་འདུག་པ་འདི་ཡང་དགའ་བར་འོས་པ་ཞིག་གོ།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༣ ལེའུ་ ༥ ལྡེབ་ ༡༠༧ན༡ ནས་ ༡༢༦ན༤ བར་ཡིག་ཕྲེང་ ༢༧༠ ཚིག་རྐང་ ༧-༡༥༤༨། ༡༥-༤ ཚེག་ཁྱིམ་ ༡༤༣༠༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག པོད་རྟགས། ༼ངེ༽ ཚན་གྲངས་ ༣ ལེའུ་ ༥ ལྡེབ་ ༡༢༩ན༥ ནས་ ༡༥༢བ༤ བར་ཡིག་ཕྲེང་ ༣༧༦ ཚིག་རྐང་ ༧-༡༥༤༨། ༡༥-༤ ཚེག་ཁྱིམ་ ༡༤༣༥༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༣ ལེའུ་ ༥ ལྡེབ་ ༡༢༤ན༣ ནས་ ༡༤༦བ༣ བར་ཡིག་ཕྲེང་ ༣༡༦ ཚིག་རྐང་ ༧-༡༥༤༨། ༡༥-༤ ཚེག་ཁྱིམ་ ༡༤༣༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༣ ལེའུ་ ༥ ལྡེབ་ ༡༡༦ན༡ ནས་ ༡༣༥ན༢ བར་ཡིག་ཕྲེང་ ༢༦༨ ཚིག་རྐང་ ༧-༡༥༤༨། ༡༥-༤ ཚེག་ཁྱིམ་ ༡༤༣༢༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༢༨༨ ནས་ ༣༣༤ བར་བཞུགས་པ་བཅས་སོ།།
༡༣༢༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། སྭཔྣ་ཙིནྟ་མ་ཎི་པ་རི་ཀ་ཐཱ། བོད་སྐད་དུ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༥ ལྡེབ་ ༡༦༥ན༥ ནས་ ༡༦༦བ༥ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༥༣། ༩-༧༦ ཚེག་ཁྱིམ་ ༡༡༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག པོད་རྟགས། ༼ངེ༽ ཚན་གྲངས་ ༥ ལྡེབ་ ༡༩༨བ༧ ནས་ ༢༠༠བ༣ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༥༣། ༩-༧༦ ཚེག་ཁྱིམ་ ༡༡༧༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༥ ལྡེབ་ ༡༩༤ན༥ ནས་ ༡༩༦ན༢ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༧-༥༣། ༩-༧༦ ཚེག་ཁྱིམ་ ༡༡༧༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༥ ལྡེབ་ ༡༧༤ན༢ ནས་ ༡༧༥བ༡ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༥༣། ༩-༧༦ ཚེག་ཁྱིམ་ ༡༡༥༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༤༤༥ ནས་ ༤༤༩ བར་བཞུགས་པ་བཅས་སོ།།
༡༣༣༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། དཱ་ད་པ་རི་ཀ་ཐཱ། བོད་སྐད་དུ། སྦྱིན་པའི་གཏམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༦ ལྡེབ་ ༡༦༦བ༥ ནས་ ༡༨༧བ༡ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༣༢། ༩-༨། ༡༧-༡༤ ཚེག་ཁྱིམ་ ༥༥༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག པོད་རྟགས། ༼ངེ༽ ཚན་གྲངས་ ༦ ལྡེབ་ ༢༠༠བ༣ ནས་ ༢༠༡ན༨ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༣༢། ༩-༨། ༡༧-༡༤ ཚེག་ཁྱིམ་ ༥༥༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༦ ལྡེབ་ ༡༩༦ན༢ ནས་ ༡༩༦བ༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༣༢། ༩-༨། ༡༧-༡༤ ཚེག་ཁྱིམ་ ༥༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༦ ལྡེབ་ ༡༧༥བ༡ ནས་ ༡༧༦ན༤ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༢། ༩-༨། ༡༧-༡༤ ཚེག་ཁྱིམ་ ༥༥༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༤༥༠ ནས་ ༤༥༢ བར་བཞུགས་པ་བཅས་སོ།།
༡༣༤༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་སཾ་ཀྲཱན་ཏ་པ་རི་ཀ་ཐཱ། བོད་སྐད་དུ། སྲིད་པ་ལས་འདས་པའི་གཏམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ་ (大乘破有論 T30, No1574) བསྒྱུར་ནས་བཞུགས་སོ།།
གཞན་ཡང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལས[1]། རྩོམ་པའི་སྒོ་ནས་རིགས་ཚོགས་ལྔ། བསྟོད་ཚོགས་བཅོ་བརྒྱད། གཏམ་ཚོགས་ལྔ་ལ་སོགས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་ལུགས་གསལ་བར་བྱས། ཞེས་གཏམ་ཚོགས་ལྔ་ཡོད་པར་གསུངས་ཀྱང་ཡོངས་གྲགས་བསྟན་འགྱུར་ཁག་ཏུ་གཏམ་ཚོགས་གོང་གསལ་ཁག་བཞི་ལས་མི་སྣང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༧ ལྡེབ་ ༡༦༧བ༡ ནས་ ༡༦༨བ༤ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༥༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག པོད་རྟགས། ༼ངེ༽ ཚན་གྲངས་ ༧ ལྡེབ་ ༢༠༡ན༨ ནས་ ༢༠༢ན༦ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༥༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༧ ལྡེབ་ ༡༩༦བ༧ ནས་ ༡༩༧བ༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༥༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༧ ལྡེབ་ ༡༧༦ན༤ ནས་ ༡༧༧ན༡ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༨ ཚེག་ཁྱིམ་ ༥༥༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༤༥༣ ནས་ ༤༥༥ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་མཁྱེན་བཀའ་འབུམ། ༼ད༽ ཤིང་དཔར། ཤོག་གྲངས་ ༡༤ན༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༣ ནས་ ༢༡༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།