ག༽ མཛད་པ་པོའི་མཚན་དང་། བསྟན་འགྱུར་གྱི་སྡེ་ཚན།
སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་གསུང་རྣམས་བསྟན་འགྱུར་གྱི་སྡེ་ཚན་བཅུ་གསུམ་ལས། བསྟོད་ཚོགས་དང་། རྒྱུད། ཚད་མ། སྐྱེས་རབས་བཅས་སྡེ་ཚན་བཞིའི་ཁོངས་སུ་བཞུགས་ཤིང་། དེ་ཡང་བསྟོད་ཚོགས་སུ་ ༡ དང་། རྒྱུད་ཀྱི་ཁོངས་སུ་ ༤ ཚད་མའི་ཁོངས་སུ་ ༩ སྐྱེས་རབས་ཀྱི་ཁོངས་སུ་ ༡ བཅས་ཁྱོན་གསུང་ཆོས་ཚན་ ༡༥ བཞུགས་པའི་གསུང་བཟང་ཁག་གི་མཛད་བྱང་དང་། བསྟན་འགྱུར་དཀར་ཆག་དང་བཅས་པར་མཛད་པ་པོའི་མཚན་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་མཚན་འཁོད་པའི་གསུང་ཆོས་ཚན་ ༩ དང་། སློབ་དཔོན་དྷརྨ་ཀཱིརྟིའི་མཚན་འཁོད་པའི་གསུང་ཆོས་ཚན་ ༦ བཅས་མཛད་པ་པོའི་མཚན་ལ་ལེགས་སྦྱར་དང་། བོད་སྐད་ཀྱི་མཚན་གཉིས་ཀ་གསལ་ལ། སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་རྣམས་མ་དཔེ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཤ་སྟག་གོ། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༦ ནས་ ༤༡༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།