༄༅། །ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཏུན་ཧོང་ཡིག་ཆའི་ (IOL Tib J 595) གྲལ་དུ་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་འདི་སྐད་དུ།
རང་གི་ངོ་བོ་ཉིད་མི་རྟག །དེ་བཞིན་ངོ་བོ་ངོ་བོ་མེད། །
རང་བཞིན་ངོ་བོ་ཉིད་མེད་པས། །དེ་ཕྱིར་སྟོང་དང་མི་རྟག་གསུངས། །
ཞེས་པའི་ཚིགས་བཅད་འདི་ཉིད་བསྟན་འགྱུར་དུ་མི་སྣང་ (Ye 2019: 342) ལ། འདི་དང་འདིའི་འགྲེལ་པ་གཉིས་རྒྱ་ནག་སྐད་དུ་ལོ་ཙཱ་བ་ཤེས་རབ་སྲེད་ཅེས་པས་བསྒྱུར་བ་ལས་བོད་སྐད་དུ་བསྒྱུར་བར་སྣང་ཞེས་[1]བཤད་ལ། དཔྱད་དགོས་པ་ཞིག་ལ། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་ཀྱི་ཁྲོད་ནས་ ༤༽ 《 壹輸盧迦論》 ཚིགས་བཅད་གཅིག་མ། T30, No1573 [1] ཞེས་པ་འདི་ཉིད་དང་གཅིག་མིན་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏུན་ཧོང་ཡིག་རྙིང་། (IOL Tib J 595) Ye 2019: 342
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༩ ནས་ ༡༢༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།