དྲུག་པ། པཎ་གྲུབ་ཀྱི་གསུང་རྒྱའི་སྐད་དུ་བསྒྱུར་བ་དང་བསྒྱུར་རྒྱུ།
ཀ༽ རྒྱའི་སྐད་དུ་བསྒྱུར་ཟིན་པའི་པཎ་གྲུབ་ཀྱི་གསུང་།
པཎ་གྲུབ་བཅུ་བདུན་གྱི་གསུང་བོད་ཡིག་ཏུ་ཡོད་པའི་ཆོས་ཚན་ ༧༠༩ བཞུགས་པའི་ཁྲོད་ལེགས་སྦྱར་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་ཟིན་པ་ཆོས་ཚན་གྲངས་ ༧༦ བཞུགས་པ་རྣམས་ནི།
| 讚法界頌 T32, No1675 |
| 佛三身讚 T32, No1678 |
| 佛說八大靈塔名號經 T32, No1685 |
| 中論 T30, No1564 |
| 六十頌如理論 T30, No1575 |
| 迴諍論 T32, N01631 |
| 迴諍論 T32, N01631 |
| 百字論(提婆)T30, No1572 |
| 百字論(提婆)T30, No1572 |
| 因緣心論頌 T32, No1654a |
| 因緣心論釋 T32, No1654b |
| 解捲論(陳那)T31, No1620 |
| 解捲論(陳那)T31, No1620 |
| 寶行王正論 T32, No1656 |
| 大乘破有論 T30, No1574 |
| 龍樹菩薩為禪陀迦王說法要偈 T32, No1672 |
| 廣百論本 T30, No1570 |
| 解捲論(陳那) T31, No1620 |
| 解捲論(陳那) T31, No1620 |
| 般若燈論釋 T30, No1566 |
| 菩提行經(龍樹)T32, No1662 |
| 大乘集菩薩學論(法稱)T32, No1636 |
| 大乘集菩薩學論(法稱)T32, No1636 |
| 大乘集菩薩學論護身品第六之二(法稱)T32, No1636 |
| 廣釋菩提心論 T32, No1664 |
| 究竟一乘寶性論 T31, No1611 |
| 瑜伽師地論本地分 T30, No1579 |
| 六門陀羅尼經論 T21, No1361 |
| 金剛般若論(無著)T25, No1510 |
| 文殊師利菩薩問菩提經論 T26, No1531 |
| 十地經論 T26, N01522 |
| 大乘莊嚴經論 T31, No1604 |
| 辯中邊論 T31, No1600 |
| 攝大乘論釋 T31, No1597 |
| 唯識三十論頌 T31, No1586 |
| 唯識二十論 T31, No1590 |
| 大乘五蘊論 T31,No1612 |
| 大乘百法明門論 T31, No1614 |
| 阿毘達磨俱舍論本頌 T29, No1560 |
| 阿毘達磨俱舍論 T29, No1558 |
| 佛母般若波羅蜜多圓集要義論 T25, No1518 |
| 無相思塵論 T31, No1619 |
|
無相思塵論 T31, No1619 |
| 因明入正理論 T32, No1630 |
གོང་གསལ་ཆོས་ཚན་ ༤༤ རྣམས་ཀྱི་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་ཟིན་པ་ལྟར། བོད་ཡིག་ཏུའང་བསྒྱུར་ནས་བཞུགས་ཡོད། འོན་ཀྱང་པཎ་གྲུབ་བཅུ་བདུན་ལས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་གསུང་བཟང་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་རྒྱུ་ལྷག་བསྡད་ཇི་ཡོད་ཀྱི་དཀར་ཆག་ནི།
ཁ༽ པཎ་གྲུབ་ཀྱི་གསུང་བོད་བསྒྱུར་ཞུ་རྒྱུ་ཇི་ཡོད།
༡༽ མགོན་པོ་ཀླུ་སྒྲུབ། 《龍樹》
༡༽《大智度論》ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་བསྟན་བཅོས། T25, No1509
༢༽《十住毘婆沙論》ས་བཅུའི་འགྲེལ་པ། T26, No1521
༣༽《十二門論》སྒོ་བཅུ་གཉིས་ཀྱི་བསྟན་བཅོས། T30, No1568
༤༽《壹輸盧迦論》ཚིགས་བཅད་གཅིག་མ། T30, No1573[1]
༥༽《十八空性論》སྟོང་ཉིད་བཅོ་བརྒྱད་པ། T31, No1616
༦༽《釋摩訶衍論》ཐེག་པ་ཆེན་པོའི་ཆོས་འགྲེལ་བ། T32, No1668
༧༽《福蓋正行所集經》མདོ་ལས་བཏུས་པའི་བསོད་ནམས་དང་ ༼ཁྱབ་པའམ༽ ལྡན་པའི་ཡང་དག་པའི་སྤྱོད་པ། T32, No1671
༨༽《廣大發願頌》སྨོན་ལམ་རྒྱ་ཆེ་བཏབ་པའི་ཚིགས་སུ་བཅད་པ། T32, No1676
༢༽ སློབ་དཔོན་འཕགས་པ་ལྷ། 《提婆》
༡༽ 《百字論》ཡི་གེ་བརྒྱ་པ། T30, No1572 ༼བོད་པས་ཀླུ་སྒྲུབ་ཀྱི་གསུང་དང་། རྒྱས་འཕགས་པ་ལྷའི་གསུང་དུ་བཞེད།༽
༢༽《提婆菩薩破楞伽經中外道小乘四宗論》འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་གྱི་གྲུབ་མཐའ་བཞི་འགག་པ། T32, No1639
༣༽《提婆菩薩釋楞伽經中外道小乘涅槃論》 T32, No1640 འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་པའི་མྱང་འདས་ཀྱི་ལྟ་བ་འགྲེལ་བ།
༣༽ འཕགས་པ་ཐོགས་མེད། 《無著》
༡༽《能斷金剛般若波羅蜜多經論頌》ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་ཚིགས་སུ་བཅད་པའི་བསྟན་བཅོས། T25, No1514
༢༽《順中論義入大般若波羅蜜經初品法門》དབུ་མ་རྩ་ཤེ་དང་རྗེས་སུ་མཐུན་པའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལ་འཇུག་པའི་འཇུག་ངོགས་དང་པོ། T30, No1565 龍樹菩薩造 無著釋
༣༽《顯揚聖教論》འཕགས་པའི་ཆོས་གཟེངས་སུ་བསྟོད་པ། T31, No1602
༤༽《顯揚聖教論頌》 འཕགས་པའི་ཆོས་གཟེངས་སུ་བསྟོད་པའི་ཚིགས་སུ་བཅད་པ། T31, No1603
༤༽ སློབ་དཔོན་དབྱིག་གཉེན། 《世親》
༡༽《六門陀羅尼經論》འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་བསྟན་བཅོས། T21, No1361
༢༽《金剛般若波羅蜜經論》རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས། T25, No1511 ༼ཉམས་ཞིབ་པ་དག་གིས་སློབ་དཔོན་དབྱིག་གཉེན་གྱི་གསུང་འདི་དང་། གོང་གསལ་ཐོགས་མེད་ཀྱི་གསུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་བསྟན་བཅོས། 應為 No1514 之同本異譯 འདི་གཉིས་ཀ་ཐོགས་མེད་ཀྱིས་མཛད་པའི་གསུང་གཅིག་ཡིན་ནའང་། བསྒྱུར་མི་འདྲ་བ་གཉིས་བྱུང་བས་ལོ་ཙཱ་བ་གཅིག་གིས་དབྱིག་གཉེན་གྱི་གསུང་ཡིན་པར་བཀོད་འདུག་པ་བཅས་སོ།།
༣༽《金剛仙論》རྡོ་རྗེ་ལྷ། T25, No1512 ༼འདི་དབྱིག་གཉེན་གྱི་མཚན་གཡར་བ་ཞིག་ཡིན་པར་བརྗོད་སྲོལ་ཡོད་འདུག༽
༤༽《能斷金剛般若波羅蜜多經論釋》ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་གཅོད་པའི་བསྟན་བཅོས་ཀྱི་འགྲེལ་པ། T25, No1513
༥༽《寶髻經四法憂波提舍》འཕགས་པ་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བའི་མདོའི་ཆོས་བཞི་འགྲེལ་བ། T26, No1526
༦༽《涅槃經本有今無偈論》གདོད་མ་ནས་ཡོད་ཀྱང་ད་ལྟར་མེད་ཅེས་པའི་མྱང་འདས་མདོའི་ཚིགས་སུ་བཅད་པ། T26, No1528 ༼གདོད་ནས་ཡོད་ཀྱང་ད་ལྟར་མེད། །ཅེས་པའི་ཚིགས་སུ་བཅད་པ་ཐོག་མའི་ཆ་ནས་མཚན་བཏགས་པ་ཡིན། མདོ་བོད་བསྒྱུར་གྱིས་བཀའ་འགྱུར་གྱི་མྱ་ངན་ལས་འདས་པའི་མདོའི་ནང་བཞུགས་ཡོད། བོད་བསྒྱུར་ནང་ཚིགས་རྐང་དེ་ཉིད་ཇི་བཞིན་ཡིན་མིན་དཔྱད་བསྡུར་ཞུ་དགོས།༽
༧༽《遺教經論》བཀའ་ཆེམས་མདོ་དང་བསྟན་བཅོས། T26, No1529
༨༽《勝思惟梵天所問經論》འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས། T26, No1532
༩༽《轉法輪經憂波提舍》ཆོས་འཁོར་སྐོར་བའི་མདོའི་འགྲེལ་པ། T26, No1533
༡༠༽《六門教授習定論》སྒོ་དྲུག་ནས་ཏིང་ངེ་འཛིན་བསླབ་པར་གདམས་པའི་བསྟན་བཅོས། T31, No 1607
༡༡༽《佛性論》སངས་རྒྱས་ཀྱི་རིགས། T31, No1610
本論詳釋究竟一乘寶性論中第五至第七等三品,闡明一切眾生悉有佛性之義。
༡༢༽《止觀門論頌》ཞི་ལྷག་ཆོས་སྒོའི་བསྟན་བཅོས་ཚིགས་སུ་བཅད་པ། T32, No1655 修不淨觀之法門也
༡༣༽《發菩提心經論》བྱང་ཆུབ་སེམས་བསྐྱེད་ཀྱི་མདོ་དང་བསྟན་བཅོས། T32, No1659
༥༽ སློབ་དཔོན་ཕྱོགས་གླང་། 《陳那》
༡༽《取因假設論》ཚོད་དཔགས་རྟགས་ལེན་གྱི་བསྟན་བཅོས་སམ། རྟགས་ལེན་བཏགས་པའི་བསྟན་བཅོས།T31, No1622
༢༽《觀總相論頌》སྤྱི་མཚན་བརྟག་པའི་བསྟན་བཅོས་ཚིགས་སུ་བཅད་པ། T31, No1623
༦༽ དཔལ་ལྡན་ཆོས་གྲགས། 《法稱》
༡༽《金剛針論》རྡོ་རྗེ་ཁབ། T32, No1642
དེ་ལྟར་དབུ་མའི་རྒྱན་གྱུར་འཕགས་པ་ཀླུ་སྒྲུབ་ཀྱི་བསྟན་བཅོས་གྲངས་ ༨ དང་། སློབ་དཔོན་ཨཱརྱ་དེ་ཝའི་བསྟན་བཅོས་གྲངས་ ༣ མངོན་པའི་རྒྱན་གྱུར་འཕགས་པ་ཐོགས་མེད་ཀྱི་བསྟན་བཅོས་གྲངས་ ༤ དང་། སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་གྲངས་ ༡༣ ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་གྲངས་ ༢ དང་། དཔལ་ལྡན་ཆོས་གྲགས་ཀྱི་བསྟན་བཅོས་གྲངས་ ༡ བཅས་རྒྱན་དྲུག་གི་གསུང་ཁྱོན་བསྡོམས་ཆོས་ཚན་གྲངས་ ༣༡ རྣམས་རྒྱའི་སྐད་ལས་བོད་བསྒྱུར་ཞུ་རྒྱུར་ལྷག་བསྡད་ཡོད་པ་རྣམས་སོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏུན་ཧོང་ཡིག་རྙིང་ཁོངས་ནས་བརྙེད་པའི་ཚིགས་སུ་བཅད་པ་གཅིག་པའི་བསྟན་བཅོས་ཤིག་བོད་འགྱུར་ཡོད།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༣ ནས་ ༣༢༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།