༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུའི་གདོན་ཁྲོལ་བཞུགས་སོ།།[1]
༄༅། །ནམོ་གུ་རུ་བྷེ། སློབ་[དཔོན་]ཀླུ་སྒྲུབ་སྙིང་པོའི་(པོས་)མཛད་པའི་ཀླུའི་གདོན་ཁྲོལ་གྱི་ཆོ་ག་ནི། ཕུད་མ་ཉམས་པས་(པ)ཞིག་ལ། ཀླུའི་རྒྱལ་པོ་ཝ་ར་ཎའི་གཟུགས་སྟོད་མིའི་ལུས་ལ་བླིང་(གླང་)མགོ་ཅན། སྨད་སྦྲུལ་འཇུག་(མཇུག་)འཁྱིལ་བ་ཞིག་བྱ། དེའི་མཐར་ཀླུའི་སྐྱེས་པ་དང་། བུད་མེད་དང་། ཁྱིའུ་(ཁྱེའུ་)བུ་དང་།
བུད་མའི་(མེད་)གཟུགས་བཞི་བྱའོ། །དེ་རྣམས་ཟངས་གཞུང་ནང་དུ་བསོགས། སྡེར་མ་སོགས་ཀྱི་ནང་དུ་སྦྲུལ་ལ་སོགས་ཉེར་གཅིག་རེ་བྱ། དེ་རམ་ཙག་གིས་ཁྲ་བོར་བསྒྱུར། དེ་ནས་གཏོར་མ་ཐེབ་ཀྱུ་(མཐེབ་སྐྱུ་)ཉེར་གཅིག་དང་། སྣོད་གཅིག་འོ་མའི་འཕྲུལ་སྙིང་། དཀར་གསུམ་མངར་གསུམ་ལ་སོགས་པའི་ཀླུ་སྨན་སྣ་ཚོགས་བཏབ་ལ་བཤམས། སྨྱུག་ཤ་རྨ་བྱའི་སྒྲོ་པར་ཚོན་སྣ་ལྔས་བཅིང་ལ། དེ་རྣམས་རང་གི་མདུན་དུ་བཤམས་ལ། དེ་ནས་སྟན་བདེ་བ་ལ་འདུག་སྟེ་གཡས་ཕྱོགས་སུ་གདོན་གྱིས་ཉེན་པའི་ནད་པ་བཞག་ལ་དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། སེང་གེ་སྒྲའི་མངོན་རྟོགས་བསྒོམ་པ་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་སེངྒེ་སྒྲར་གསལ་པའི་(བའི་)ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སེངྒེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་གུ་རུ་སེང་ཧ་ན་ད་(སིང་ཧ་ནཱད་)བུདྡྷ་བོ་དྷི་སཏྭ་བྷྱཿ ཕྱག་བྱ། ཨོཾ་སརྦ་ཏཐཱ་གཏ་ཨརྒྷཾ་ནས་ཤཔྟ་པྲཏིཚྩ་ཧཱུཾ་སྭཱཧཱ། ཧཱུཾ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པའི། །ཁྱད་པར་ཀླུ་ནག་ས་བདག་གིས། །ནད་དང་སྡིག་(སྡུག་)བསྔལ་ཞི་མཛད་པ། །སེངྒེ་དགྲ་(སྒྲ་)ལ་ཕྱག་འཚལ་ལོ། །ཨོཾ་ཨཱ་ཧྲཱི་སེང་ཧ་ན་ད་(སིང་ཧ་ནཱད་)ཧཱུཾ་ཕཊཿ ཅེས་སྔགས་འདི་བརྒྱ་སྟོང་ཁྲི་འབུམ་བཟླས། དེ་ནས་ཡིག་བརྒྱའི་(བརྒྱས་)ཁ་བསྐང་དེ་(སྟེ)། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ཅེས་(ཞེས་)སོགས་ཚད་མེད་བཞི་བསྒོམ། ཨོཾ་བཛྲ་མུ། ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། དེ་ནས་བདེན་སྟོབས་བརྗོད། གནོད་ཅིང་འཚེ་བར་བྱེད་པའི་ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་ཀླུ་གཟུགས་འདི་ཉིད་ལ་མཆིས་པར་གྱུར། ཞེས་བརྗོད། ཀླུ་གཟུགས་ཀླུ་དང་སྣོད་ཀླུའི་ཞིང་ཁམས་དངོས་སུ་བསམ།
དེ་ནས་གཏོར་མ་རྣམས་བཟའ་བཏུང་གིས་ལོངས་སུ་བསམ་(བསམས)ཏེ་རྒྱ་ཆེར་སྐྱེད་ལ། ཨོཾ་ཨཱཿཝ་རུ་ཎ་ཡེ་ཨེ་(ཨི)དཾ་བྷ་ལིཾདྷ་གྷྲི་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འབུལ། འདི་ནི་རེག་པ་ཙམ་གྱིས་ནད་ཐམས་ཅད་ཞི་ཞིང་བདུད་རྩི་རེ་བསམ། ཨོཾ་པྲ་ཏི་རཾ་སྭཱཧཱ། ན་གུ་ལ་རཾ་སྭཱ་ཧཱ། ཨོཾ་ན་ག་ར་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཏག་ལ་ལན་བདུན་བརྗོད་ལ་གཟེར་བུའི་ནང་དུ་འོ་མ་ཐིག་(ཐིགས་)ཙམ་རེ་དང་སྦྲུལ་ལ་སོགས་པའི་གཟུགས་གཅིག་སོ་སོའི་སྣོད་རེ་རེ་དང་གཏོར་མ་ཐེབ་ཅུ་(མཐེབ་སྐྱུ་)རེ་བླུག་པ་ནད་པའི་གཡས་ཕྱོགས་སུ་བསྐོར་ཞིང་ཀླུ་སྔགས་བཤམས་སུ། ཀླུ་རྒྱལ་རིགས་ཀྱི་གདོན་ཐམས་ཅད་ཤནྟིང་གུ་(ཀུ་)རཱུ་སྭཱཧཱ། རྗེ་རིགས་ཀྱི་ནད་ཐམས་ཅད་xx། རྨིང་(དམངས་)རིགས་ཀྱི་xx། བྲམ་ཟེ་རིགས་ཀྱི་xx། ཀླུ་གདོལ་བ་(པ)ནག་པོའི་གདོན་ཐམས་ཅད་xx། གཉན་གྱི་གདོན་xx། འབྱུང་བ་ནམ་མཁའ་ལ་གནས་པའི་xx། འབྱུང་བ་ཆུ་ལ་གནས་པའི་xx། འབྱུང་བ་ས་ལ་གནས་པའི་xx། འབྱུང་བ་མེ་ལ་གནས་པའི་xx། འབྱུང་བ་རླུང་ལ་གནས་པའི་xx། མཐོང་བའི་དུག་ཐམས་ཅད་xx། བསམ་པའི་དུག་xx། སྦྱོར་པའི་(བའི)དུག་xx། རེག་པའི་དུག་xx། ཁ་རླངས་ཀྱི་དུག་xx། གདོན་སརྦ་ཤནྟིང་གུ་(ཀུ་)རུ་ཡེ་སྭཱཧཱ། ཞེས་བརྗོད་ལ་ཝ་ར་ཎའི་མདུན་དུ་ལན་ཉེར་གཅིག་རེ་འབུལ། གཏོར་མ་ཕུལ་བའི་གཟའ་(བཟའ་)བཏུང་གི་ལོངས་སྤྱོད་ཀྱིས་ཀླུ་རྣམས་ཚིམ་པར་གྱུར་ཅིག །འོ་མའི་བདུད་རྩིས་ཀླུའི་ནད་ཐམས་ཅད་སོས་པར་གྱུར་ཅིག །ནད་པ་གནོད་པའི་བསམ་པ་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །དེ་ནས་རྨ་བྱའི་མདོངས་ལ་ཟླ་བའི་དཀྱིལ་འཁོར་དུ་བསམ་ལ། དེའི་སྟེང་ཅེས་(ཞེས་)སོགས། གོང་ལྟར་སྔགས་བརྗོད། ཨོཾ་པྲ་ཏེ་རཾ་སྭཱཧཱ། ཞེས་སོགས་ལན་བདུན་བརྗོད་ལ། ཀླུ་རྒྱལ་རིགས་ཀྱི་ནད་ཐམས་ཅད་ཨ་བ་ན་ཡེ་སྭཱཧཱ། ཀླུ་རྗེ་རིགས་ཀྱི་ནད་xx། ཀླུ་དམངས་རིགས་ཀྱི་ནད་xx། ཀླུ་བྲམ་ཟེ་རིགས་ཀྱི་ནད་xx། ཀླུ་གདོལ་བ་(པ)ནག་པོའི་ནད་xx། གཉན་གྱི་ནད་xx། འབྱུང་བ་ནམ་མཁའ་ལ་གནས་པའི་xx། འབྱུང་བ་ས་ལ་གནས་པའི་xx། འབྱུང་བ་ཆུ་ལ་གནས་པའི་xx། འབྱུང་བ་མེ་ལ་གནས་པའི་xx། འབྱུང་བ་རླུང་ལ་གནས་པའི་xx། མཐོང་བའི་དུག་ཐམས་ཅད་xx།བསམ་པའི་དུག་xx། སྦྱོར་བའི་དུག་xx། རེག་པའི་དུག་xx། ཁ་རླང་གི་དུག་xx། ཐམས་ཅད་ཀྱི་གནོད་པ་ཐམས་ཅད་xx། གནོད་པའི་དུག་xx།སྟེང་གདོན་གཟའི་དུག་xx། འོག་གདོན་ཀླུའི་དུག་xx། བར་གདོན་བཙན་དང་མ་མོའི་གནོད་པ་xx། ཀླུ་གཉན་ས་བདག་གི་དུག་ཐམས་ཅད་ཀྱི་གནོད་པ་ཐམས་[ཅད་]ཨ་བ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་ཝ་རཱཎིའི་མདུན་དུ་ལན་ཉེར་གཅིག་རེ་བརྗོད། སྔགས་ཀྱི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་ནག་བུན་བུན་བཏོན་པར་བསམ་ཞིང་། ཝ་རཱ་ཎིའི་འཁོར་དང་བཅས་པ་ས་བདག་ལ་ཐིམ་པར་བསམ། ནད་སོས་པར་བསམ། ཏིང་ངེ་འཛིན་གང་མཐུན་ལན་ཉེར་གཅིག་བྱའོ། །འདིའི་ཕན་པར་ཐེ་ཚོམ་མེད་དོ། །
དེ་ནས་ཀླུ་གཟུགས་རྣམས་གནོད་བྱེད་ཕྱོགས་སུ་གཡའ་མ་སྒྲོམ་བུ་བྱས་ནས་སྦའོ། །མིན་ན་བདེན་སྟོབས་བརྗོད་དེ་འདྲེ་ཕྱོགས་སུ་འཕང་ངོ་། །ཅེས་(ཞེས་)པ་འདི་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུ་ཡི་གདོན་གྲོལ་རྫོགས་སོ། །བླ་མ་རྡོ་རྗེ་གདན་པ་ནས་བརྒྱུད་པའི་བྱིན་རླབས་ཤིན་ཏུ་ཆེའོ།། །།སརྦ་མངྒལཾ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུའི་གདོན་ཁྲོལ། དབུ་ཅན་བྲིས་མ། དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༥བ༦ བར།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༧ ནས་ ༦༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།