ངོ་མཚར་རྨད་དུ་བྱུང་བ་མི་རོ་གསེར་སྒྲུང་། (ལེའུ་སོ་བདུན་ཅན།)

༄༅། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བ་མི་རོ་གསེར་སྒྲུང་ཞེས་བྱ་བ་བཞུགས་སོ།།

༼འདི་ལ་གཏམ་ལེའུ་སུམ་ཅུ་བདུན་ལྷག་ཡོད་བཞུགས།༽  (དབུ་ཤོག་ ༡)

 

རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། །
ཕྱི་ནང་དག་པའི་སྣོད་བཅུད་གསལ་བ་དང་། །
ངེས་དོན་དབུ་མའི་ལྟ་བ་སྟོན་མཛད་པ། །
སྟོན་པ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །


དེ་ཡང་སློབ་དཔོན་ཀླུ་སྒྲུབ་དང་། རྒྱལ་པོ་བདེ་བྱེད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བ། མཁས་པ་དང་སྐྱེ་བོ་རྣམས་ཀྱིས་འཆད་པར་མཛད་པའི་བཅུད་ལེན་གང་དགོས་བློར་ཞུགས་ནས། འཆད་པ་དང་གསན་པ་ཙམ་གྱིས་མཆོག་ཐུན་ (ཤོག་ ༢) དངོས་གྲུབ་འབྱུང་ངོ་། །ཞེས་པའི་གླེང་གཞི་ནི། རྒྱ་གར་གྱི་ཡུལ་དབུས་ན་སྒྱུ་མ་མཁན་སྤུན་བདུན་ཡོད་དེ། དེའང་རྒྱང་མི་རིང་བའི་དཔག་ཚད་གཅིག་ན། རྒྱལ་བུ་སྤུན་གཉིས་ཡོད་དེ། སྤུན་རྒན་པ་སྒྱུ་མ་མཁན་གྱི་རྩར་སྒྱུ་མའི་འཁྲུལ་འཁོར་སློབ་ཏུ་སོང་བ་ལ། ལོ་བདུན་གྱི་བར་དུ་བསླབས་ཀྱང་། སྒྱུ་མ་མཁན་གྱིས་སྒྱུ་མའི་གནད་མ་བསྟན་པས་མ་ལོབ་པར་ཡོད་པ་ལ། ནམ་ཞིག་སྤུན་གཞོན་པས་ཕུ་བོ་ལ་རྒྱགས་ཕྱེ་བསྐྱལ་བའི་ཕྱིར་དེར་སླེབས་ཏེ་སྒོ་གསེང་ནས་བལྟས་པས། སྒྱུ་མའི་འཁྲུལ་འཁོར་གྱི་གནད་མཐོང་བའི་མོད་ལ་ཁོང་དུ་ཆུད་པར་གྱུར་ཏོ། །ཕུ་བོ་ལ་རྒྱགས་ཕྱེ་མ་གཏད་པར་ཕྱིར་ཕུ་བོ་ཁྲིད་ནས་ཕོ་བྲང་དུ་ལོག་པར་གྱུར་ཏོ།།
དེ་ནས་ཕུ་བོ་ལ་སྨྲས་པ། སྒྱུ་མ་བསླབས་རུང་ཤེས་པའི་ངེས་པ་མེད་དོ། །དེ་བས་ངེད་རང་གི་ར་བ་ན། རྟ་བཟང་ལྟ་བས་ཆོག་མི་ཤེས་པ་གཅིག་ཡོད་པས། ཁྲིད་དེ་སྒྱུ་མ་མཁན་སྤུན་བདུན་ཡོད་པའི་ཕྱོགས་སུ་མ་ཤོར་བར་གྱིས་ལ། ཡུལ་གཞན་དུ་ཚོང་ལ་དངོས་པོ་རྣམས་ཁུར་ལ་ཤོག །ཅེས་སྨྲས་ནས་ཁོ་རང་གིས་སྒྱུ་མའི་རྟ་སྤྲུལ་ལ། ཕུ་བོས་དེ་ལྟར་ཉན་ཏེ། ངས་ལོ་བདུན་ལ་སྒྱུ་མ་བསླབས་ཀྱང་མ་ཤེས། བདག་གི་ནུ་བོ་འདི་ལྟ་བུའི་ཡ་མཚན་ཆེ་བ་རྙེད་འདུག །འདི་ལ་བཞོན་ན་ཅི་བྱེད་བསམས་ནས་བཞོན་པའི་མོད་ལས། སྒྱུ་མའི་བག་ (ཤོག་ ༣) ཆགས་ཀྱིས་རྟ་ཁ་མཆིས་ཏེ། སྒྱུ་མ་མཁན་སྤུན་གྱི་སྒོ་དྲུང་དུ་སླེབས་སོ། །དེར་སླེབས་པ་དང་བྲོས་པས་ནི་མ་ཐར། རྟ་སྒྱུ་མ་མཁན་པོས་ཉོ་བའང་སྲིད་སྙམ་པ་ལ། སྒྱུ་མ་མཁན་སྤུན་བདུན་ལ་སྨྲས་པ། བདག་གི་ནུ་བོས་རྙེད་པའི་རྟ་ཁྱད་པར་ཅན་དེ་འདི་ཡིན་པས་གཟིགས་སམ་སྨྲས་པས། ཁོང་རྣམས་ཀྱིས་སྒྱུ་མའི་རྟར་ཤེས་ནས་འདི་ཡི་སྒྱུ་མ་ཤེས་ནས། བདག་ཅག་རྣམས་ཀྱི་སྒྱུ་མ་ཤེས་ནས་ཡ་མཚན་དུ་མི་འགྱུར་བས། འདི་ཉོས་ནས་བསད་པར་བྱ་སྙམ་ནས་སྒྱུ་མ་མཁན་གྱིས་ཉོས་ཤིང་། རིན་ཡང་འདོད་པ་བཞིན་འཇལ། དེ་ནས་སྒྱུ་མ་མཁན་སྤུན་བདུན་གྱི་ར་བ་འོག་གཅིག་ཏུ་བཏགས་ཏེ་ནམ་ཞིག་གསོད་པར་བཤམ་པའི་ཚེ། ཁྲག་མང་བའི་ཕྱིར་ཆུ་བླུད་པར་ཁྲིད་དེ། སྤུན་ལ་ལས་རྣ་བ་ནས་བཟུང་། ལ་ལས་རྐང་ལག་དང་མཇུག་མ་ནས་བཅངས་ཏེ། མི་འཆོར་བར་བྱས་ཏེ། ཆུ་ཀླུང་གི་འགྲམ་དུ་ཕྱིན་ཏོ། །རྟ་དེའི་བསམ་པ་ལ། བདག་གི་ཕུ་བོ་མགོ་མ་ཐོན། ད་འདི་རྣམས་ཀྱི་ལག་ཏུ་ཚུད་དེ་སྤྲུལ་པ་སྒྱུ་མར་ཆོག་པའི་སེམས་ཅན་ཅི་འདྲ་ཞིག་ཡོད་སྙམ་པའི་མོད་ལ། ཆུ་ནང་དེར་ཉ་གཅིག་བྱུང་བས་དེར་སྤྲུལ། སྤུན་བདུན་གྱིས་སྲམ་བདུན་ལ་སྤྲུལ་ནས་བདས་སོ།།
ཡང་ཉ་དེ་བྲོས་པས་མ་ཐར་བ་དང་། ནམ་མཁར་ཕུག་རོན་གཅིག་བྱུང་བ་དེར་སྤྲུལ་ལོ། །སྤུན་བདུན་གྱིས་དེ་མ་ཐག་ཏུ་ཁྲ་བདུན་ལ་སྤྲུལ་ནས་རི་རླུང་མེད་པར་དེད་དོ། །ཟིན་ལ་ཁད་ལ་ལྷོ་ཕྱོགས་བྷེ་དའི་ཡུལ་དཔལ་གྱི་རི་ཞེས་བྱ་བ་ན་བྲག་ཕུག་བདེ་བྱེད་ཅེས་བྱ་བའི་ནང་ན། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སྐུ་དྲུང་དུ་བྲོས་སོ། །ཁྲ་བདུན་གྱིས་ཀྱང་ཕུག་པའི་འགག་ཏུ་ཡོང་ནས། རས་པ་བདུན་ལ་སྤྲུལ་ལོ། །དེར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལ། (ཤོག་ ༤) ཕུག་རོན་འདི་ཁྲ་བདུན་གྱིས་དེད་པའི་རྒྱུ་མཚན་ཅི་ཡིན་དགོངས་ཏེ། ཕུན་རོན་ཁྱོད་འདི་ལྟ་བུའི་བྲེད་དངངས་ཅི་ཡིན་དྲིས་པ་ལ། དེས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་ནས། ད་དེ་རང་གི་ཕུག་པ་འདིའི་འགག་ན་རས་པ་བདུན་འདུག་པ་འདི་རྣམས་སློབ་དཔོན་གྱི་མདུན་དུ་ཡོང་ནས་སློབ་དཔོན་གྱི་ཕྱག་ཕྲེང་རེ་ཞུ་ཟེར་ཡོང་། དེ་དུས་ང་ཕྱག་མཚན་ཕྲེང་བའི་མདོ་འཛིན་དུ་སྙམ་པ་ཡིན་པས། མདོ་འཛིན་ཞལ་དུ་བཞེས་ནས་ཕྲེང་བ་རྣམས་ཕྱིར་གཏོར་བར་ཞུ་ཞེས་ཞུས་པས། དེ་བཞིན་དུ་རས་པ་སྤུན་བདུན་བྱུང་ནས། སློབ་དཔོན་གྱི་ཕྲེང་བ་ཞུ་ཟེར་རོ། །སློབ་དཔོན་གྱིས་ཕྲེང་བའི་མདོ་འཛིན་ཞལ་དུ་བཞེས་ཕྱག་ཕྲེང་ཕྱིར་གཏོར་བས། སྐད་ཅིག་དེ་ཉིད་ལ་འབུར་གྱུར་ཏོ། །རས་པ་རྣམས་ཁྱིམ་བྱ་དེ་ཕོ་བདུན་དུ་གྱུར་ནས་འབུ་རྣམས་སྐད་ཅིག་དེ་ཉིད་ལ་ཟོས་སོ། །དེ་མ་ཐག་སློབ་དཔོན་གྱིས་མདོ་འཛིན་ཞལ་ནས་བཏོན་པར་གྱུར་ཏེ། མི་དེས་དབྱུག་པ་ཐོགས་ནས་ཁྱིམ་བྱ་བདུན་པོ་གསོད། བསད་པ་དང་མི་རོ་བདུན་བྱུང་ངོ་།།
སློབ་དཔོན་ཤིན་ཏུ་ཐུགས་མ་དགྱེས་ཏེ། ངས་ཁྱོད་ཀྱི་སྲོག་མགོ་བཏོན་པའི་མཐར། ཁོང་བདུན་ཚེའི་དུས་བྱེད་པ་འདི་ནི་མ་ལེགས་འདྲ་བྱུང་བ་ཡིན་གསུངས་པ་དང་། མི་དེས་སྨྲས་པ་དང་། བཀའ་དྲིན་བསབ་པའི་ཕྱིར་གང་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་ཞུས་པ་དང་། འོ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ན་རོ་དངོས་གྲུབ་ཅན་ཞེས་བྱ་བ། སྐེད་པ་མན་གསེར་ལས་བྱས་པ། སྟོད་གཡུ་ལས་བྱས་པ། དབུ་ལ་དུང་གི་ཐོར་གཙུག་ཡོད་པ་ཁྱོད་ཀྱིས་ (ཤོག་ ༥) ལོན་ཨེ་ཐུབ། ཐུབ་ན་ང་ཡི་བསམ་པ་འགྲུབ་པ་ཡིན་ཏེ། འཛམ་བུ་གླིང་གི་མི་རྣམས་ལོ་སྟོང་ཕྲག་རེ་ཐུབ་པ་ཐུན་མོང་གི་དངོས་གྲུབ་ཁམས་ཆེ་བ་གཅིག་ཡོང་བ་ཡིན་གསུངས་པས། ངེད་ཀྱང་ཁས་བླངས་ཏེ། བདག་འགྲོ་བའི་ལམ་དང་བྱ་ཐབས། མི་རོ་ལེན་པར་རྒྱགས་དང་བྱ་ཐབས་ཐམས་ཅད་སློབས་ཤིག །བཀའ་བཞིན་འཚལ་ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས་འོ་ན། ལམ་ནི་དཔག་ཚད་གཅིག་ཕྱིན་པ་ན། ལུང་པ་རོང་ཤིན་ཏུ་དོག་པ་འཇིགས་ཤིང་ཡ་ང་བ་དེར། རོ་ཤིན་ཏུ་གང་ནས་ཡོད་དེ། ཁྱོད་ཕྱིན་པ་དང་དེ་རྣམས་ཐམས་ཅད་ལངས་ནས་ཡོང་། དེ་ལ་རོ་ཆེ་བ་རྣམས་ལ་ཧ་ལ་ཧ་ལ་སྭཱ་ཧཱ། ཞེས་ཐུན་གཏོར་རོ། །དེ་ནས་ལུང་པ་གཅིག་འདས་པ་ན། བྱིས་པའི་རོ་མང་པོ་ཡོད། དེ་རྣམས་ལ་ཏི་ར་ཏི་ར་ཕཊཿ ཞེས་ཐུན་གཏོར་རོ། །དེའི་དཀྱིལ་ན་རོ་དངོས་གྲུབ་ཅན་དེ་ཕར་བྲོས་ནས་འགྲོ་སྟེ། ཤིང་ཨ་མྲའི་སྡོང་པོ་གཅིག་ལ་འཛེགས་ཏེ་སྡོད་པས། དེ་དུས་སྟ་རེ་ཟླ་བ་དཀར་པོ་འདིས། བྲེག་པའི་ཚུལ་གྱིས་མར་བབས་ཡོང་། དེ་ཕད་བུ་བརྒྱ་ཤོང་ཁྲ་མོའི་ནང་དུ་ཆུགས་ལ། ཐག་པ་བརྒྱ་ཁྲེས་ཁྲ་མོས་བསྡམས། མར་ཟན་ཟོས་པས་ཟད་མེད་ཟ་ཞིང་ཉིན་མཚན་བཅད་ནས་ཁ་ནས་ལན་ཚིག་གཅིག་ཀྱང་མ་ཤོར་བར་གྱིས་ལ་ཚུར་སླེབས་པ་གཅིག་གྱིས། ཁྱོད་རྒྱལ་བུ་ཡིན་ལ། བྲག་ཕུག་བདེ་བྱེད་དུ་སླེབས་པ་ཡིན། མིང་རྒྱལ་བུ་བདེ་བྱེད་བཟང་པོ་ཞེས་བྱ་བར་ཐོགས་ཤིག་གསུངས་ནས་བརྫངས་སོ།།
རྒྱལ་པོ་དེས་ཀྱང་སོང་བ་ལ། སློབ་དཔོན་གྱིས་བསླབས་པའི་ལམ་འཇིགས་པ་རྣམས་བསལ་ཞིང་ཕྱིན་པས། ནམ་ཞིག་རོ་དངོས་གྲུབ་ཅན་དེ་མཐོང་སྟེ་དེད་པ་ལས་ཤིང་ཨ་ (ཤོག་ ༦) མྲའི་སྡོང་པོ་ལས་འཛེགས་པ། དེར་སྡོང་པོའི་རྩ་བར་ཕྱིན་ནས་ཁ་སོ་བྱས་ཏེ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིན། སྟ་རེ་ཟླ་བ་དཀར་པོ་ཡིན། མར་ཟན་ཟོས་པས་ཟད་མེད་ཡིན། ཕད་བུ་བརྒྱ་ཤོང་ཁྲ་མོ་ཡིན། ཐག་པ་བརྒྱ་ཁྲེས་ཁྲ་མོ་ཡིན། ང་རང་བདེ་བྱེད་བཟང་པོ་ཡིན། རོ་འཁོགས་ཁྱོད་བབས་སམ། སྡོང་འཁོགས་འདི་བསྒྱེལ་ཞེས་སྨྲས་པས། ཤིང་མ་བསྒྱེལ་དང་ང་རང་བབས་ཡོང་ཟེར་བྱུང་བ་དང་། ཕད་བུའི་ནང་དུ་བཅུག་ནས་བསྡམས། མར་ཟན་ཟ་ཞིང་རྒྱབ་ལ་ཁུར་ཡོང་བས། ཉིན་ལམ་མང་དུ་སོང་བ་དང་། རོ་དངོས་གྲུབ་ཅན་གྱིས་སྨྲས་པ། ཉི་མ་ཡང་རིང་། ཐང་ཡང་ཆད། ཡང་ན་ཁྱོད་རང་སྒྲུང་མཁས་པས་གཏོང་ཟེར་བ་དང་། རྒྱལ་བུས་ཅི་ཡང་མ་སྨྲས་པས། འོ་ན་ཁྱོད་རང་གིས་གཏོང་ན་མགོ་གུག་གུག་པ་གྱིས། ང་རང་གི་གཏོང་ན་མགོ་སྒྱེད་སྒྱེད་གྱིས་ཟེར་བ་ལ། རྒྱལ་བུས་མགོ་སྒྱེད་སྒྱེད་པ་བྱས་པ་དང་། དེ་ཡན་གླེང་གཞིའོ།། །།

༈ དེ་ནས་རོ་དེས་སྒྲུང་སྨྲས་པ། དང་པོ་ཙ་ན་ཡུལ་གྲོང་ཆེ་བ་ཞིག་ན། ཕྱུག་པོའི་བུ་གཅིག །ཤིང་བཟོ་བའི་བུ་གཅིག །ལྷ་རྗེའི་བུ་གཅིག །མགར་བའི་བུ་གཅིག་དང་དྲུག་པོ་དེར་ཕ་མ་གྱེས་རྒྱལ་བྱས་ནས་ཡུལ་གཞན་ཞིག་ན་ཕྱིན་ཏོ། །ལུང་པའི་མདོ་གཅིག་ཏུ་སླེབས་པ་དང་། དེར་མི་རེ་རེའི་བླ་ཤིང་རེ་རེ་བཙུགས་ཏེ། ལུང་སུལ་རེ་རེ་ལ་ལྟོ་འཚོལ་དུ་སོང་ངོ་། །ལོ་དྲུག་སོང་བ་དང་སླེབས་པ་ཆད་དོན་བྱས་སོ། །གལ་ཏེ་མ་སླེབས་པ་བྱུང་བ་དང་། བླ་ཤིང་སྐམ་པ་སོགས་འདུག་ན། གང་དུ་སོང་བའི་ལུང་སུལ་དེ་ལ་འཚོལ་བར་བྱའོ། །དེ་ནས་ཕྱུག་པོའི་བུ་ལུང་སུལ་ཞིག་ཏུ་ཕྱིན་པས། ལུང་པའི་ཕུའི་ (ཤོག་ ༧) ནགས་དང་སྤང་གི་མཚམས་ན། ཁང་པ་བེའུ་ཆུང་ཞིག་ཡོད་པའི་སྒོ་དྲུང་དུ་སླེབས། དེ་ནས་ཨ་ཕྱི་བཟའ་མི་གཉིས་ཤིག་ཏུ་རྒན་པ་འདུག་སྟེ། བུ་ཁྱོད་གང་ནས་སླེབས་པ་ཡིན། ད་གང་དུ་འགྲོ་རྒྱུ་ཡིན་གསུངས་པས། ཕྱུག་པོའི་བུ་ཡིས་སྨྲས་པ། བདག་ནི་རྒྱང་རིང་པོ་ནས་ཡིན་ཏེ། ལྟོ་འཚོལ་བའི་ཕྱིར་འདིར་སླེབས་པ་ལགས་སོ། །རྒན་རྒོན་གཉིས་ཀྱིས་སྨྲས་པ། འོ་ན་ཁྱོད་རང་འདིར་སླེབས་པ་ལེགས། ངེད་གཉིས་ལ་བུ་མོ་སྐྱེ་འབྲས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད། དེ་དང་བཟའ་མི་གྱིས་ལ་བདག་གི་བུ་ཡང་ཁྱོད་ལ་བགྱིས་ཤིག །ཅེས་སྨྲས་མ་ཐག་ཏུ་བུ་མོ་དེ་ཡང་ཕྱིར་བྱུང་། ཁོའི་བསམ་པར་བདག་གི་ཕ་མའི་དྲུང་ནས་འདིར་བྲོས་ནས་འོང་བ་འཚིངས་ཏེ། འདི་ནི་ལྷ་ཡི་བུ་མོ་བས་ཀྱང་མཚར་བ་ཞིག་འདུག་པས། འདིའི་ཁྱོ་བྱས་ནས་འདི་རང་དུ་བསྡད་སྙམ་མོད། བུ་མོ་དེ་ཡི་ཁྱེའུ་བྱོན་པ་ལེགས། ཞེས་གཏམ་མང་དུ་དྲིས་ནས་ནང་དུ་སོང་སྟེ་དགའ་མགུར་སྤྱོད་ཅིང་གནས་སོ།།
ནམ་ཞིག་ཡུལ་དེའི་མདའ་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་ལ། དེའི་གཡོག་རྣམས་ཀྱིས་སོས་ཀའི་དུས་སུ་ཆུ་ལ་རྩེད་མོ་བྱེད་དུ་ཕྱིན་པས། ལུང་པའི་ཕུ་ན་གནས་པའི་ཕྱུག་པོའི་བུ་ཡི་ཆུང་མའི་སོར་གདུབ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་ཡོད་པ་ཞིག་ཆུས་ཁྱེར་བ་དེ་རྣམས་ཀྱིས་ཟིན་ནོ། །དེ་ཡ་མཚན་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཁྱོད་རྣམས་ལེགས་སོ། །ལུང་པ་འདིའི་ཕུ་ན་སོར་གདུབ་འདི་འདྲ་གོན་པའི་བུ་མོ་ཞིག་ཡོད་འདུག་པས། དེ་ངའི་དྲུང་དུ་ཁྲིད་ཤོག་ཟེར་བཏང་ངོ་། །དེ་རྣམས་ཕྱིན་པ་དང་། བུ་མེད་དེ་ (ཤོག་ ༨) མཐོང་བས་ཧ་ལས་ཏེ། འདི་ནི་ཤིན་ཏུ་ལྟ་བས་མི་ངོམ་པ་ཞིག་འདུག་བསམ་པས། བུ་མོ་དེ་ལ་སྨྲས་པ། ཁྱོད་རྒྱལ་པོའི་དྲུང་དུ་འགྲོ་ཟེར་ནས། ཕྱུག་པོའི་བུ་དང་བཟའ་མི་གཉིས་ཀ་རྒྱལ་པོ་ལ་ཕུལ་ལོ།།
དེ་ནས་རྒྱལ་པོས་དེ་མཐོང་མ་ཐག་འདི་ནི་ངེས་པར་ལྷའི་བུ་མོ་ཡིན་འདུག །བདག་གིས་བཙུན་མོ་གཞན་རྣམས་ནི་ཁྱི་ཕག་དང་འདྲ་འདུག་སྙམ་ནས་བུ་མོ་དེ་ལ་རྩིས་ཆེར་བྱེད་འདུག །མོ་རང་ནི་རྒྱལ་པོའི་དབང་མ་བྱུང་བ་ཙམ་མ་གཏོགས་ཕྱུག་པོའི་བུ་གཅིག་པོ་ཡིན་ལ་བྱེད་དོ། །དེ་རྒྱལ་པོས་རིག་ནས་གཡོག་རྣམས་ལ་ཕྱུག་པོའི་བུ་འདི་མེད་པར་གྱིས་ཤིག་གསུངས་བསྒོས་སོ། །དེ་བཞིན་དུ་གཡོག་རྣམས་ཀྱིས་ཕྱུག་པོའི་བུ་རྩེད་མོ་བྱེད་པ་ལ་བསྙད་ནས་ཆུ་རླུང་ཆེན་པོའི་འགྲམ་ཞིག་ཏུ་ཁྲིད་ནས་དོང་བྲུས་ཏེ་ཕ་བོང་ཆེན་པོ་ཞིག་གིས་མནན་ཏེ་བསད་དོ།།
དེ་ནས་ནམ་ཞིག་གྲོགས་པོ་དེ་རྣམས་ཀྱིས་ཕྱོགས་ཕྱོགས་ནས་དུས་ཚེས་ལ་བླ་ཤིང་བཙུགས་པ་དེར་འདུས་ནས། བརྟག་པ་བྱས་པས་གཞན་རྣམས་ཚང་ཡང་ཕྱུག་པོའི་བུ་མ་ཚང་བར་འདུག་ཅིང་། དེའི་བླ་ཤིང་སྐམ་པར་མཐོང་སྟེ། མཐོང་བས་དེ་རྣམས་བློ་མ་བདེ་ནས་ལུང་པ་དེ་ལ་འཚོལ་དུ་ཕྱིན་ཏེ། བཙལ་བས་མ་རྙེད་ནས། རྩིས་མཁན་བུས་རྩིས་བྱས་པས། ཁོ་ཆུ་འགྲམ་འདི་འདྲ་བ་ཞིག་ན་ཕ་བོང་ཆེན་པོས་མནན་ཏེ་ཚེའི་དུས་བྱས་འདུག །ཅེས་སྨྲས་སོ། །དེར་ཕྱིན་པ་དང་ཕ་བོང་བསལ་མ་ཐུབ་ནས་ཐམས་ཅད་བྱེད་རྒྱུ་མ་རྙེད་པར་སོང་བ་དང་། མགར་བའི་བུས་ལྕགས་ཀྱི་ཐོ་བ་ཁྱེར་ཏེ་ཕ་བོང་ཁྲོལ་མ་བཅག་ནས་དོང་བྲུས་པས་རོ་དོན་ནོ། །དེ་ལ་ལྷ་རྗེའི་བུ་ཡིས་ཤི་སོས་ (ཤོག་ ༩) ཀྱི་སྨན་སྦྱར་ནས་རོ་ཡི་ཁར་བླུགས་པས་ཕྱུག་པོའི་བུ་སྐྱོན་མེད་པར་སོས་པ་དང་། ཕན་ཚུན་གཏམ་དྲིས་ཏེ། ཁྱོད་འཆི་བའི་རྐྱེན་ཅི་བྱས་ཟེར་བ་དང་། ཁོས་སྔར་གྱི་ལོ་རྒྱུས་རྣམས་རྒྱས་པར་བཤད་པས། བུད་མེད་དེ་ལྟ་བུ་ངོ་མཚར་ཆེ། ད་རྒྱལ་པོའི་ལག་ནས་ཇི་ལྟར་བྱས་ནས་འཕྲོག་གྲོས་བྱས་པས། ཤིང་བཟོའི་བུས་ཤིང་གི་བྱ་ཁྱུང་འཁྲུལ་མ། གཟེར་མགོ་མས་ནས་བརྡུངས་ན་ཡར་འགྲོ་བ། ཡས་ནས་བརྡུངས་ན་མར་འབེབས་པ། འཕྲེད་ལ་བརྡུངས་ན་ཐད་ལ་འགྲོ་བ་ཞིག་བརྒྱན་ཏེ་བཟོས། དེ་ལ་རི་མོ་མཁན་གྱི་བུས་ཚོན་སྣ་ཚོགས་པ་བསྐྱེས་ནས་ཤིན་ཏུ་བཀྲ་བར་བྱས་སོ། །དེའི་ནང་དུ་ཕྱུག་པོའི་བུ་ཞུགས་ནས་ནམ་མཁའ་ལ་འཕུར་ཏེ་རྒྱལ་པོའི་ཕོ་བྲང་གི་རྩེ་ལ་ལྡིང་ངོ་། །དེར་རྒྱལ་པོ་འཁོར་བཅས་ཀྱིས་གཟིགས་པ་དང་ངོ་མཚར་སྐྱེས་ནས་འདི་ལྟ་བུའི་བྱ་སྔར་མ་མཐོང་བས། བཙུན་མོས་ཕོ་བྲང་གི་ཡང་ཐོག་ཏུ་སོང་ལ་ཟས་སྣ་ཚོགས་པ་བྱིན་གསུངས། དེ་བཞིན་དུ་བཙུན་མོས་ཕོ་བྲང་གི་ཡང་ཐོག་ཏུ་ཕྱིན་པ་དང་། བྱ་དེ་ཡང་ཐོག་ཏུ་བབས་སོ། །ཤིང་གི་བྱ་ཁྱུང་དེའི་སྒོ་ནས། བཙུན་མོ་དང་ཕྱུག་པོའི་བུ་གཉིས་ངོ་འཕྲད་དོ། །བཙུན་མོ་དེ་ཤིན་ཏུ་དགའ་ནས་ཁྱོད་དང་འཕྲད་རྒྱུ་མི་ཡོང་བསམ་ཡང་། ད་ལམ་འདིར་འཕྲད་པས་ཆོག་པ་འདི་ཤིང་བྱའི་རྫུ་འཕྲུལ་འདི་ཅི་ཡིན་ཟེར། ཁོས་ཀྱང་ལོ་རྒྱུས་རྣམས་རྒྱས་པར་བཤད། ད་ཁྱོད་རྒྱལ་པོའི་བཙུན་མོ་བྱེད་དམ། ང་རང་གཉིས་སྙིང་ཐག་པ་ནས་བཟའ་མི་བྱེད། བཟའ་མི་བྱེད་ན་ཤིང་གི་བྱ་ཁྱུང་ནང་ཚུར་ཤོག །ནམ་མཁའ་ལ་འཕུར་ནས་སོང་ན་སུས་ཀྱང་གནོད་ (ཤོག་ ༡༠) འཚེ་མི་ཡོང་བྱས། བཙུན་མོས་ཀྱང་ཁྱོད་རང་དང་ཡིད་དགའ། སྔ་མ་འཕྲད་པས་གྲོགས་ཀྱི་མཆོག་ཡིན་ཟེར་ནས་བྱ་ཁྱུང་གི་ནང་དུ་ཞུགས་ནས་ནམ་མཁའ་ལ་འཕུར་རོ།།
དེར་རྒྱལ་པོ་འཁོར་བཅས་ཀྱིས། ཀྱེ་མ་ཡིད་དུ་འོང་བའི་བྱ་དེར་ཟས་སྟེར་བ་ལ་བཙུན་མོ་བཏང་བས། དེ་ནི་ནམ་མཁའ་ལ་ཁྱེར་ཟེར་ནས་ས་ལ་འདྲེ་ཞིང་ངུའོ། །དེ་ནས་ཕྱུག་པོའི་བུ་ཡིས་བྱ་ཁྱུང་གི་གཟེར་མགོ་མར་བརྡུངས་ནས་བབས་ཏེ་གྲོགས་པོ་རྣམས་ཡོད་སར་སླེབས་སོ། །དེར་སྔོན་ལ་ཁོ་རང་དོན་པ་དང་། གྲོགས་པོ་རྣམས་ན་རེ་དོན་བཟང་ངམ་ཟེར། དོན་ཤིན་ཏུ་བཟང་བཙུན་མོ་དོན་ཤོག་ཅེས་སྨྲས་པ་དང་། བྱ་ཁྱུང་དེའི་ནང་ནས་གྲོགས་པོ་རྣམས་ཀྱིས་ལྟ་བས་ཆོག་མི་ཤེས་པ་ཡོད་ལ་ཆགས་པར་གྱུར་ཏོ།།
དེ་ནས་ཕྱུག་པོ་བུ་ཡིས་གྲོགས་པོ་རྣམས་ཀྱིས་ཕན་བཏགས་སོ། །ང་རང་ཤི་ཡུལ་ནས་བཏོན། ཆུང་མ་བཙུན་མོ་འདི་ཡང་ཁུག་པའི་ཐབས་བྱས། ད་དྲིན་ཁུར་བའི་ང་རང་བཟའ་མི་བྱེད་ཆོག་པ་ཞུ་ཟེར་བ་དང་། དེར་རྩིས་མཁན་གྱི་བུས་མ་ཉན། ཁྱོད་རང་ཡང་གར་ཡོད་མི་འདུག་པ་ལ་ངས་རྩིས་བྱས་ནས་རྙེད་པ་ཡིན་པས་བཙུན་མོ་ང་རང་བྱེད་ཟེར་རོ། །ཡང་མགར་བའི་བུས་མ་ཉན་ཏེ་ཁྱོད་ཀྱི་རྩིས་ཀྱིས་མཐོང་ཡང་ཕ་བོང་གི་འོག་ཏུ་ཚུད་ནས་བསལ་མ་ཐུབ་པ་ལ་ངས་ཐོ་བས་བཅགས་པ་ཡིན་པས་བཙུན་མོ་ང་རང་བྱེད་ཟེར་རོ། །དེ་ནས་ལྷ་རྗེའི་བུས་མ་ཉན་ཏེ། ཕ་བོང་བཅག་ཀྱང་རོས་བཙུན་མོ་མི་ལོན་པ། ངས་ཤི་སོས་ཀྱི་སྨན་སྦྱར་ནས་བྱིན་པས་ཕྱུག་པོའི་བུ་སོས་ནས་བཙུན་མོ་ལོན་པ་ཡིན་པས་བཙུན་མོ་ང་དབང་ཆེ་ཟེར། ཡང་ཤིང་བཟོ་བའི་བུས་ན་རེ། བཙུན་ (ཤོག་ ༡༡) མོ་ཁུག་པ་ངས་ཤིང་གི་བྱ་ཁྱུང་མ་བཅོས་ན། རྒྱལ་པོ་ལ་དམག་ནི་མི་ཐུབ་ཕོ་བྲང་ནང་དུ་འགྲོ་བས་མི་ཐར། བཙུན་མོ་ཁུག་པའི་ཐབས་མེད། ངའི་ཤིང་གི་བྱ་ཁྱུང་ལས་བྱུང་བ་ཡིན་པས་བཙུན་མོ་ང་དབང་ཟེར། ཡང་རི་མོ་མཁན་གྱིས་ན་རེ། ཁྱོད་ཀྱིས་ཤིང་གི་བྱ་ཁྱུང་སྐྱ་བོ་དེ་ལ་བཙུན་མོས་ལྟོ་སྟེར་མཁན་མི་ཡོང་། ངས་ཚོན་སྣ་ཚོགས་པས་མཛེས་པར་བྱས་པ་ཡིན་པས་དེ་ལ་བརྟེན་ནས་བཙུན་མོ་ཁུགས་པ་ཡིན་པས་ང་དབང་ཟེར། འོ་ན་ཐམས་ཅད་ཀྱི་རྒྱོབ་ཟེར་གྱིས་གཏུབ་ནས་བཙུན་མོ་བསད་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས། དེ་འདྲའི་སྙིང་རྗེ་བ་ལ་ཨང་ཟེར་བ་ཁ་ནས་ཤོར་བས། རོ་དངོས་གྲུབ་ཅན་གྱིས་ན་རེ། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཀྱང་ཕར་ཟེར་ཏེ་འཕུར་ཤོར་རོ། །རོ་དངོས་གྲུབ་ཅན་ནས་བྱུང་བའི་ཕྱུག་པོ་སྤུན་གྱི་ལེའུ་སྟེ་དང་པོ་འོ།། །།

དེ་ནས་ཡང་འགྲོ་ལུགས་སྔར་བཞིན་བྱས་པ་ལས། དུར་ཁྲོད་བསིལ་བའི་ཚལ་ནས་རོ་དངོས་གྲུབ་ཅན་ལེན་དུ་ཕྱིན་ནས་ཁུར་ཏེ་ཡོང་བས་རོས་སྒྲུང་དུ་བཏང་བས། དང་པོ་ཙ་ན། ཡུལ་གྲོང་ཆེན་པོ་ཞིག་ན་རྒྱལ་པོ་ཞིག་ཡོད་དེ། ལུང་པ་དེའི་ཕུ་ན་རྫིང་ཆེན་པོ་ཞིག་ཡོད་དེ། ཀླུ་ཡི་སྦལ་པ་གཉིས་ཀྱིས་རྫིང་དེའི་གླིང་བུ་དེ་བཀག་ནས་ཞིང་པ་རྣམས་ལ་ཆུ་མི་གཏོང་བ་ལས། ལོ་རེ་བཞིན་དུ་དྲག་ཞན་རེ་མོས་བྱས་པས་མི་རེ་རེ་སྦལ་པའི་ལྟོ་ལ་འགྲོ་དགོས་པ་ལ། ནམ་ཞིག་དེའི་རེས་མོས་རྒྱལ་པོ་ལ་ཐུག་པ་ལས། མ་སོང་ན་རྒྱལ་སྲིད་ཁྲིམས་ཡིན། འགྲོ་བ་ལ་ནི་རྒྱལ་པོ་ཡབ་སྲས་གཉིས་ལས་མེད་པས། ཡབ་སྲས་གཉིས་ཀས་འགྲོ་ཟེར་ཞིང་ཤིན་ཏུ་ངམ་སྐབས་ཡབ་རྒྱལ་པོ་ (ཤོག་ ༡༢) ན་རེ། ང་ན་སོ་རྒས་པས་མི་ཕངས་པས་ང་འགྲོ་བས། བུ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་དུ་སྲུངས་ཤིག་གསུངས་སོ། །རྒྱལ་བུས་ན་རེ། ལྷ་ཅིག་དང་ཡབ་ཀྱི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་འདི་གཤེགས་པར་མི་རིགས་ཀྱིས། བཙུན་མོ་བསུས་པས་སྲས་ཀྱང་དགོས་ཚད་ཡོང་བས། སྦལ་པའི་ལྟོ་ལ་བདག་འགྲོ་ཟེར་ནས་མ་ཉན། དེ་ནས་བྱོན་པར་ཐག་བཅད་དེ། སྐྱེ་བོ་རྣམས་ཀྱང་སྐྱོ་བཞིན་པའི་ངང་ནས་སྐྱེལ་ཐུང་བྱས་ཏེ། རྒྱལ་བུ་དེ་ཉིད་ལ་སྐུ་ན་ཕྲ་མོའི་དུས་ནས་འགྲོགས་པའི་མི་ལྟོགས་ཀྱི་བུ་གཅིག་ཡོད་པ་དེའི་སར་བྱོན་ནས། ད་ཁྱོད་རང་ཕ་མའི་ཁ་ལ་ཉན་པ་དང་། ཁམས་བདེ་མོ་གྱིས་ཤིག །བདག་ནི་རྒྱལ་སྲིད་ཀྱི་ཁམས་དང་རྒྱལ་པོའི་བཀའ་མ་གཅོག་པར་སྦལ་པའི་ལྟོ་ལ་འགྲོ་འོ་གསུངས་པ་དང་། མི་ལྟོགས་ཀྱི་བུ་དེ་ཡང་སྡུག་བསྔལ་ཞིང་རྒྱལ་པོ་ལ་ཞུས་པ། བདག་ཆུང་ངུ་ནས་རྒྱལ་པོ་ཁྱོད་ཀྱིས་བསྐྱངས་པ་ཡིན། ད་ཁྱོད་ཀྱི་སླད་ལ་ང་འགྲོ་བ་ཡིན། རྒྱལ་པོ་མ་བྱོན་ཅིག་ཅེས་སྨྲས་པས་མ་གསན་ཏེ། དཔོན་གཡོག་གཉིས་ཀ་འགྲོགས་དགོས་ཏེ་སོང་ངོ་། །རྫིང་དེའི་རྩར་སླེབས་པ་དང་། རྫིང་གི་ཁ་ནས་སྦལ་པ་སེར་སྔོན་གཉིས་གྲོས་བྱེད་པ་ཐོས་ཏེ། དེ་གཉིས་ན་རེ། རྒྱལ་བུ་དཔོན་གཡོག་གཉིས་པོ་འདིས་ཤེས་པ་ཡིན་ན་ངེད་རང་གཉིས་ཀྱི་མགོ་ལ་དབྱུག་པ་རེ་བརྒྱབ་ནས་གསེར་སྦལ་ང་རྒྱལ་པོས་ཁྱུར་མིད་བྱས་ན། གཡུ་སྦལ་ཁྱོད་མི་ལྟོགས་བུས་མིད་ན་ཁོང་གཉིས་སྐྱུག་པ་སྐྱུགས་ཚད་གསེར་གཡུ་ཐོན་པ་ཡོང་ལ། ཕྱིན་ཆད་ཀྱང་རྫིང་འདིར་སྦལ་པའི་ལྟོ་མ་དགོས་པ་ཞིག་ཡོང་འདུག་ཀྱང་། དེ་ཁོང་གཉིས་ཀྱིས་མི་ཤེས་ཟེར། དེར་རྒྱལ་བུ་ (ཤོག་ ༡༣) ཡི་སྲོག་ཆགས་ཐམས་ཅད་ཀྱི་སྐད་མཁྱེན་པས། དཔོན་གཡོག་གཉིས་ཀྱི་སྦལ་པའི་མགོ་ལ་དབྱུག་པ་རེ་བརྒྱབ་པས་བསད། སོ་སོར་ཁྱུར་མིད་བྱས་པས་གསེར་གཡུ་མང་པོ་གང་དགོས་བསྐྱུགས་པ་དང་། ད་ངེད་རང་དཔོན་གཡོག་གཉིས་ཀྱིས་སྦལ་པ་ནི་བསད་ཆུ་ནི་དྲོངས། ད་ང་ཡུལ་དུ་འབྱོན་ཞུས་པས། རྒྱལ་བུས་མ་གསན་ཏེ། ཡུལ་ལ་ཕྱིན་ཀྱང་རོ་ལངས་ཟེར་ཡོང་། དེ་ལས་ཡུལ་གཞན་ཞིག་གི་རྒྱང་རིང་པོ་ན་འགྲོ་བ་དགའ་གསུངས་ཏེ། ལ་གཅིག་བརྒྱབ་ནས་བྱོན་ནོ།།
ལ་རྩ་ཞིག་ཏུ་ཕྱིན་པ་དང་། ཆང་ཚོང་མ་མ་སྨད་ཀྱི་ཁོང་སར་སླེབས་སོ། །ཆང་ཉོས་པས་ཆང་རིན་སྤྲོད་ཟེར་རོ། །གསེར་གཡུ་བསྐྱུགས་ཏེ་རིན་འཇལ་བས། མོས་གོ་ནས་ནང་དུ་བོས་ཏེ་ཆང་མང་པོ་བྱིན་པས་བཟི་བར་གྱུར་ནས་གསེར་གཡུ་བསྐྱུགས་སོ། །དྲན་པས་ཟིན་པ་དང་། ཁྱིམ་གྱི་ཕྱི་ནང་ཐོན་འདུག །བྱ་ཐབས་མེད་པར་སོང་སྟེ། ལུང་མདོ་ནས་མར་སོང་སྟེ། ཐང་ཞིག་གི་དཀྱིལ་ན་བྱིས་པ་མང་པོ་ཚོགས་འདུག་པས། དེ་ཐམས་ཅད་རྩོད་བྱེད་ཅིང་འདུག་པས། ཁྱོད་ཚོ་ཅི་ལ་རྩོད་དྲིས་པས། ངེད་ཚོ་ཐང་དཀྱིལ་འདི་ནས་གྲིབ་ཀྱི་ཞྭ་ཆུང་གཅིག་རྙེད་པས་འདི་སུས་བྱེད་མ་འཆམ་པ་ཡིན་ཟེར། འདིས་ཅི་ཡོང་དྲིས་པས། འདི་སུ་ཡི་མགོ་ལ་གོན་ཡང་ལྷ་འདྲེ་མི་གསུམ་གྱིས་མི་མཐོང་བ་ཡིན་ཟེར། འོ་ན་ཁྱོད་ཚོས་ཐང་གི་གཤམ་མ་གིར་སོང་ལ་གང་མགྱོགས་ལྟོས་ཤོག་དང་གྲིབ་ཀྱི་ཞྭ་ཆུང་ངས་ཚགས་བྱས་ནས་སུ་མགྱོགས་པ་དེ་ལ་སྟེར་བ་ཡིན་བྱས་པ་ལ། བྱིས་པ་རྣམས་ཐང་གཤམ་དུ་ཕྱིན་པས་ཡར་རྒྱུག་བྱུང་བ་དང་། མི་ལྟོགས་ཀྱི་བུས་གྲིབ་ཀྱི་ཞྭ་ཆུང་ (ཤོག་ ༡༤) གོན་པས། བྱིས་པ་རྣམས་ཀྱིས་ད་ཀི་འདིར་ཡོད་པ་ཡིན་ཏེ་གར་སོང་ཟེར་ཏེ་མ་རྙེད་པར་ངུས་ཤིང་ལོག་གོ །དེ་ནས་ཕར་ཕྱིན་པ་དང་། རྒྱ་གསང་གཅིག་ན་འདྲེ་མང་པོ་འཚོགས་ནས་རྩོད་ཅིང་འདུག་པས། ཁྱོད་ཚོ་ཅི་ལ་རྩོད་དྲིས་པས། ལྷམ་ཆུང་འདི་མ་འཆམ་པ་ཡིན་ཟེར། འདིས་ཅི་ཡོང་དྲིས་པས། འདི་རྐང་པ་ལ་གོན་པ་ཙམ་གྱིས་གང་ཡིད་ལ་བསམ་པ་ཙམ་གྱིས་ས་དེར་སླེབས་པ་ཡིན་ཟེར། འོ་ན་ཁྱོད་རང་ཚོ་རྒྱང་སྲང་གི་གཤམ་ནས་རྒྱུགས་ཤོག་དང་སུའི་མགྱོགས་པ་ལ་ལྷམ་སྤྲད་བྱས་པས། ཐམས་ཅད་ཡར་རྒྱུག་བྱུང་བ་དང་། ལྷམ་དེ་བཟུང་གྲིབ་ཀྱི་ཞྭ་ཆུང་གོན་པས། ལྷ་འདྲེ་ཐམས་ཅད་ཀྱི་ད་ཀི་འདི་ག་ན་ཡོད་པ་ལ་ད་མི་འདུག་ཟེར་ནས་ལོག་སོང་ངོ་།།
དེར་ཁོང་དཔོན་གཡོན་གཉིས་ཀྱིས་ལྷམ་ཡ་རེ་གྱོན་ནས་རྒྱལ་པོ་བསྐོ་བཞག་བྱེད་པ་ཞིག་ན་སླེབས་སྐབས་ཤོག་ཅིག །ཅེས་སྨོན་ལམ་བཏབ་ནས་ཉལ་བས། སང་ཞོགས་པ་དེར་ཡུལ་གཞན་ཞིག་གི་རྒྱལ་པོ་བསྐོ་བཞག་བྱེད་པ་ཞིག་ན། ཤིང་སྡོང་ཁོག་ཆེན་པོ་ཞིག་གི་ནང་དུ་སླེབས་པར་བྱུང་བ་དང་། དེའི་ཉིན་ཁྲོམ་ཆེན་པོ་འཚོགས་པ་བྱུང་སྟེ། ཨ་ཕྱི་གནམ་གྱི་གུང་རྒྱལ་མས་ནམ་མཁའ་ནས་གཏོར་མ་འཕངས་པ་སུའི་མགོ་ལ་ཕོག་པ་དེ་ལ་རྒྱལ་པོ་བསྐོ་རྒྱུ་ཡིན་ཟེར་བ་ལ། ཨ་ཕྱིས་གཏོར་མ་འཕངས་པས་རྒྱལ་པོ་དཔོན་གཡོན་གཉིས་ཡོད་པའི་ཤིང་སྡོང་ལ་ཕོག་པས་མི་རྣམས་ན་རེ། ཅི་ཟེར་ཤིང་གི་རྒྱལ་པོ་མི་ཡོང་ཟེར། ཡང་མི་ལ་ལས་ན་རེ། ཤིང་གི་ནང་ན་སུ་ཡོད་མི་ཤེས་པས་ལྟོས་དང་ཟེར། བལྟས་པས་རྒྱལ་པོ་དཔོན་གཡོག་གཉིས་ཐོན་ནོ། །དེ་ལ་མི་རྣམས་ (ཤོག་ ༡༥) ཡིད་མ་ཆེས་ཏེ་འདི་མཐའ་མིར་འདུག །སང་ཉིན་སྐྱུག་པ་འགྲན་དགོས་ཟེར་ཁྲོམ་བཀྱེས་སོ། །སང་ཉིན་ལ་ལས་འོ་མ་བཏུང་བའི་སྐྱུག་པ་དཀར་པོ་དང་། ལ་ལས་སྔོ་ཚོད་བཏུང་བའི་སྐྱུག་པ་སྔོན་པོ་སོགས་ཁ་དོག་རིགས་མི་འདྲ་བ་བསྐྱུགས་སོ། །དེར་རྒྱལ་པོ་ཡི་གསེར་གྱི་སྐྱུག་པས་སེར་ན་རེ་བ་བསྐྱུགས་ནས་ཡུལ་འདིའི་རྒྱལ་པོ་ངས་བྱེད་པ་ཡིན་ཟེར། ཡང་མི་ལྟོགས་ཀྱི་བུས་གཡུའི་སྐྱུག་པ་སྔོ་ན་རེ་བསྐྱུགས་ནས་ཡུལ་འདིའི་བློན་པོ་ངས་བྱེད་པ་ཡིན་ཟེར་ནས་རྒྱལ་བློན་བྱས་སོ།།
ཡུལ་དེའི་རྒྱལ་པོ་ལ་སྔ་བ་དེའི་སྲས་མོ་ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་ཞིག་ཡོད་པ་དེའང་བཙུན་མོ་བྱས་སོ། །ཕོ་བྲང་དང་ཁད་ཉེ་བ་ན་མཁར་རིང་པོ་ཤིན་ཏུ་མཐོ་བ་ཞིག་ཡོད་པ་ན་བཙུན་མོ་དེ་ཉིན་རེ་བཞིན་མཁར་དེའི་ནང་ན་འགྲོ་བར་བྱེད་དོ། །ནམ་ཞིག་མི་ལྟོགས་ཀྱི་བུ་བློན་པོར་གྱུར་པ་དེ་ཡི་བསམ་པ་ལ་བཙུན་མོ་འདི་ཅི་ཡི་ཕྱིར་ན་མཁར་འདིའི་ནང་ན་འགྲོ་བ་སུ་ཡོད་སྙམ་ནས། ཉིན་གཅིག་བཙུན་མོའི་ཕྱི་བཞིན་དུ་འབྲངས་ནས་གྲིབ་ཀྱི་ཞྭ་ཆུང་གོན་ནས་སོང་བ་ལ། སྒོ་རེ་རེ་ཕྱེ་སྐས་རེ་བཙུགས་ཤིང་མཁར་གྱི་རྩེ་ལ་ཡོང་ནས། དེ་ན་ཤིན་ཏུ་སྤྲོ་བ་དར་ཟབ་ཀྱི་གདན་མཐོ་ལ་མཛེས་པར་བཤམས་པ་དེར་བཙུན་མོ་རང་ཡང་ཆས་གོས་རྣམས་བརྗེས་ནས་དར་གོས་ལ་སོགས་པ་གྱོན། ཁྲུས་དང་སྤོས་ལ་སོགས་པས་མཛེས་པར་བྱས་ནས། ཨ་ཀ་རུ་ཡི་སྤོས་ཀྱིས་མཆོད་ནས་གནས་སོ། །དེའི་ཉེ་བར་བློན་པོའི་གྲིབ་ཀྱི་ཞྭ་ཆུང་ལྷ་འདྲེ་མི་གསུམ་གྱིས་མི་མཐོང་བ་དེ་ཡོད་པ་ལས། དུམ་ཙམ་སོང་བ་དང་གནམ་ནས་བྱ་ཤིན་ཏུ་མཛེས་པ་གཅིག་བྱུང་བ་དང་། བཙུན་མོ་དེས་ཀྱང་སྤོས་ཀྱིས་བསུ་བ་བྱས། མཁར་གྱི་སྟེང་ (ཤོག་ ༡༦) དུ་རྡོ་ཤིན་ཏུ་འཇམ་པའི་སྟེང་དུ་བབས་པ་དང་། བྱ་ཤུན་གྱི་ནང་ནས་ལྷའི་བུ་ཤིན་ཏུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་བློ་ཡི་ཡུལ་ལས་འདས་པ་གཅིག་བྱུང་སྟེ། དེར་གཅིག་གིས་གཅིག་ལ་འཁྱུད་ཅིང་། དར་ཟབ་ཀྱི་བཞུགས་འབོལ་ལ་བཞུགས། བཟའ་བཏུང་སྣ་ཚོགས་མཆོད་པར་བྱེད་དོ། །ལྷའི་བུས་ན་རེ། ཁྱོད་ཀྱི་ཁྱོ་མདོང་དང་གསུམ་གནམ་གྱི་གུང་རྒྱལ་མས་བསྐོས་པ་ཞིག་ཡོད་འདུག་པ་ཇི་ལྟར་འདུག་གིས་ཟེར། བཙུན་མོ་ན་རེ། ཅི་འདྲ་ཡང་མི་ཤེས། ན་སོ་གཞོན་པ་གཅིག་འདུག །སྐྱོན་ཡང་མཐོང་བ་ནི་སྔར་མ་བྱུང་ཟེར། སང་ཉིན་ཡང་སྔ་མོར་བྱོན་ཟེར་ཞིང་དེ་ཉིན་གྱེས་སོ། །བཙུན་མོའང་མོད་ལ་བསྡུས་ཏེ་ཕྱིར་རྒྱལ་པོའི་དྲུང་དུ་སོང་ངོ་། །སང་ཡང་སྔར་ལུགས་བཞིན་སོང་བ་ལས། བློན་པོས་ཀྱང་སྔར་ལུགས་བཞིན་སོང་བ་ལ། དེའི་ཉིན་ཡང་ལྷའི་བུ་ན་རེ། ཁྱོད་ཀྱི་ཁྱོ་དེ་ལྟ་བུའི་ཕྱིར་བྱིའུ་ཞིག་ཏུ་སྤྲུལ་ནས་ཡོང་གིས་གསུངས། བཙུན་མོས་ཀྱང་དེ་བཞིན་དུ་ཞུ་ཟེར་ནས་དེ་ཉིན་གྱེས་སོ།།
སང་ཞོགས་པ་དེར་བློན་པོས་རྒྱལ་པོ་ལ་སྨྲས་པ། མཁར་དེའི་ནང་ན་ལྷའི་བུ་དེ་བཞིན་འདུག་པ་སོགས་ཀྱི་ལོ་རྒྱུས་རྣམས་རྒྱས་པར་བཤད་པས། ད་སང་ཞོགས་པ་མེ་རྐང་ཆེན་པོ་ཞིག་ཡོད་པ་མཛོད། ངས་བྱིས་ཆུང་མཇུག་སྒྲོ་ནས་བཟུང་སྟེ་མེ་རྐང་ལ་བསྐྱུར། དེ་ལ་ཁྱོད་རང་གི་རལ་གྲི་རྒྱོབ་ལ་སོད་ཅིག །ཅེས་སྨྲས་སོ། །སང་ཞོགས་པ་དེ་རྒྱལ་བུ་བསུ་བ་གྲལ་བསྒྲིགས་ནས་ཡོང་པ་ལ། ལྷའི་སྤྲུལ་པའི་བྱིའུ་ཁྲ་སིང་ངེ་བ་ཞིག་སྐས་ཀྱི་གདང་བུའི་སྟེང་དུ་འཛེགས་ཏེ་བྱུང་བ་ལ། བློན་པོས་གྲིབ་ཀྱི་ཞྭ་ཆུང་གྱོན་ནས་བློ་རྒྱབ་ཏུ་བྱིའུ་མཇུག་སྒྲོ་ནས་བཟུང་སྟེ་མེའི་དཀྱིལ་དུ་འཕངས་པ་ལས། རྒྱལ་པོས་རལ་གྲི་བརྒྱབ་པར་བཅོམ་པ་ལས། བཙུན་ (ཤོག་ ༡༧) མོས་ཕྱག་ནས་བཟུང་བས་རལ་གྲི་མ་ཕོག་ཀྱང་གཤོག་པ་ཐམས་ཅད་ཚིག་ནས་ནམ་མཁའ་ལ་འཕུར་སོང་། བཙུན་མོ་ནི་བརྒྱལ་སངས་པ་ཙམ་གྱིས་སྡུག་བསྔལ་བྱེད་དོ།།
སང་ཉིན་དེ་བཙུན་མོའི་མཁར་ལ་འགྲོ་བའི་ཕྱི་བཞིན་འབྲངས་ནས་བློན་པོ་ཕྱིན་ཏེ། སྔར་བཞིན་གྲབ་བཤམས་ཚར་ནས་ཀྱང་ཡུན་རིང་པོར་བསྒུགས་ནས་ལྷའི་བུ་མ་བྱུང་བར་ཤིན་ཏུ་སྡུག་བསྔལ་ཞིང་ནམ་མཁར་ཁོ་ན་བལྟས་པས། ནམ་ཞིག་བྱ་དེ་སྔར་ལུགས་ལྡིང་བྱུང་ནས། མཛེ་རྒན་ལུས་ལ་ཤུ་བས་གང་ཞིང་སྣག་ཁྲག་དང་ཆུ་སེར་འཛག་པ་ཞིག་བྱུང་། བཙུན་མོས་འཇུས་ནས་ངུས་པས། ད་མ་ངུ་ཁྱོད་ཀྱི་ཁྱོ་དེ་གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་འདུག་པས། བདག་དོན་མེད་དུ་མེ་ནང་དུ་བྲུལ་བ་ཞིག་བྱུང་། ངའི་ལུས་འཚིགས་པས་ཁྱོད་ས་རུ་ཡོང་མི་ཐུབ་པ་འདུག་ཟེར་བ་གཉིས་ཀས་གྲོས་བྱས་ནས་ཟླ་བ་བྱུང་ངོ་ཅོག་གིས་ཐང་རེ་ཡོང་པའི་ཆད་བྱས་ཏེ། ལྷའི་བུ་ནམ་མཁའ་ལ་སོང་ངོ་། །བཙུན་མོས་རྒྱལ་པོ་ལ་མཐོང་སྐྱེས་ནས་གུས་པ་དང་ལྡན་པ་ཞིག་ཏུ་སོང་། བློན་པོ་ནི་བཞུགས་པར་མི་སྡོད་ཟེར་ནི་གྲིབ་ཀྱི་ཞྭ་ཆུང་གོན་ནས་སོང་། གཙུག་ལག་ཁང་གཅིག་ཏུ་ཕྱིན་པ་དང་། སྒོའི་སྲུབ་ལ་བལྟས་པས་གཙུག་ལག་ཁང་གི་ནང་ན་དཀོར་གཉེར་གཅིག་གིས་ཤོག་དྲིལ་བོང་བུའི་གཟུགས་བྲིས་པ་གཅིག་གི་སྟེང་ན་ཁོ་རང་འདྲེ་ལོག་བྱས་པས། སྐད་ཅིག་ལ་ཁོ་རང་བོང་བུ་ཆེན་པོ་ཞིག་ཏུ་གྱུར་ཏོ། །མཆོད་ཁང་གི་ནང་ཐམས་ཅད་དུ་སྐད་འདོན་ཞིང་བང་རྒྱུག །རྒྱབ་འདྲེལ་གན་ལོག་ཏུ་བྱས་ནས་དཀོར་གཉེར་དུ་སོང་སྟེ། ཤོག་དྲིལ་དེ་ལྷའི་ཕྱག་སྤྲག་ཏུ་བཅུག་ནས་ཕྱིར་བྱུང་ (ཤོག་ ༡༨) ནས། བློན་པོ་ཕྱིན་ནས་ཤོག་དྲིལ་ཐོགས་ཏེ། སྔར་ལེགས་པོ་མ་བྱས་པས་ཆང་ཚོང་མ་སྨད་ཀྱི་རྩར་ཕྱིན་ནས། ད་ཁྱོད་མ་སྨད་ཀྱིས་སྔར་ཡག་པོ་བྱས་པས་ཡག་ལན་ལ་འཇལ་དུ་ཕྱིན་པ་ཡིན། ཟར་བྱས་ནས་བསླུ་བརྒྱབ་སྟེ་གསེར་ཞོ་གསུམ་བྱིན། དེར་ཆང་ཚོང་མ་མ་སྨད་ཀྱིས་སྨྲས་པ། ཁྱོད་མི་བཟང་གསེར་འདི་ཙམ་ཡོང་བ་ཅི་ལ་བརྟེན་ནས་བྱུང་། ཟེར་བ་ལ་ང་ལ་གསེར་འདི་ཙམ་ཡོང་བ་ཤོག་དྲིལ་འདི་ལ་རྒྱབ་འདྲལ་བྱས་པས་བྱུང་བ་ཡིན། འོ་ན་ངེད་གཉིས་རྒྱབ་འདྲེལ་བྱས་པས་བོང་བུ་གཉིས་སུ་གྱུར་ཏེ། དེ་རྒྱལ་པོའི་དྲུང་དུ་ཁྲིད་ནས་མཁར་ལས་བྱས་པའི་ས་རྡོ་ཐམས་ཅད་འདི་ལ་བཀལ་ཞུས། དེར་བོང་བུ་གཉིས་ཀྱིས་ལོ་གསུམ་དུ་ལས་བྱས་རྒལ་པ་རྣག་དང་ཆུ་སེར་མང་དུ་འཛག་ཅིང་། རྒྱལ་བུ་མཐོང་རེས་ཀྱིས་བོང་བུ་གཉིས་ཀྱིས་མཆི་མ་ཕྲུམ་ཕྲུམ་འདོན་པ་ཞིག་བྱུང་བས། རྒྱལ་པོས་བློན་པོ་ལ་སྨྲས་པ། བོང་བུ་འདི་གཉིས་སྐྱོན་ཅན་དུ་འདུག་པས་ངན་པ་མ་བྱེད་གསུངས་པས། ཁོས་ཤོག་(དྲིལ་ལ་རྒྱབ་འདྲེལ་བྱེད་བཅུག་པས་ཨ་ཕྱི་ཤི་ལ་ཁད་ལ་ལུས་རྣག་ཁྲག་ཏུ་སོང་བ་གཉིས་བྱུང་ངོ་། །དེ་ལ་རྒྱལ་པོ་བདེ་བྱེད་བཟང་པོས། དེ་རང་སྙིང་རྗེ་ཨང་བྱས་པས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཀྱང་ཕར་ཟེར་ནས་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་ལེའུ་སྟེ་གཉིས་པའོ།། །།

༈ ཡང་སྔར་བཞིན་སོང་ནས་རོ་དངོས་གྲུབ་ཀྱི་རྩར་སླེབས་པ་ཐང་སྡོང་རྒན་ནི་མ་བཅད་དམ། རོ་རྒན་བབས་འོང་བྱས་པའི་ལམ་ཐག་རིང་བར་ཐང་ཡང་ཆད་ཉི་མ་ཡང་རིང་། ཡང་ (ཤོག་ ༡༩) ན་ཁྱོད་ཀྱིས་སྒྲུང་ཁ་དཔེ་ཡང་ཐང་། ཡང་ན་ངས་སྒྲུང་ཞིག་སྨྲ་བ་ཁྱོད་ཀྱིས་མགོ་སྒྱེད་སྒྱེད་གྱིས་བྱས་པས། རྒྱལ་པོས་མགོ་སྒྱེད་སྒྱེད་བྱས་པས་འོ་ན། ཡུལ་གླིང་ཆེན་པོ་ཞིག་ན་རྒྱལ་པོ་ཞིག་ཡོད་པས། དེའི་ལུང་པའི་ཕུ་ན་བློན་པོ་མུ་ཏིག་སྐྱུག་ཟེར་བའི་བཟའ་མི་གཉིས་ཡོད་པ། མུ་ཏིག་སྐྱུག་སེམས་དགའ་བས་མུ་ཏིག་སྐྱུག་ཚན་ཆེ་བར་ཡོད་པའི་ནམ་ཞིག་རྒྱལ་པོ་དེའི་མུ་ཏིག་སྐྱུག་དེ་ཕྱིར་བཀུག་ནས་མུ་ཏིག་ཅིག་སྐྱུག་དགོས་བྱས་པའི་འཕྲིན་བཏང་ཚེ། མུ་ཏིག་སྐྱུག་མོ་ཡིས་སྨྲས་པ། ཁྱོད་རང་རྒྱལ་པོ་ཚངས་པར་མུ་ཏིག་སྐྱུག་འགྲོ་ཚེ། ང་ཡང་མཉམ་དུ་ཁྲིད་རོགས་བྱེད་པའམ། ཡང་ན་ཁྱོད་འདྲ་བའི་གཟུགས་གཞི་ཁྱོད་ཀྱི་ཉལ་བའི་སླད་དུ་འདྲི་བའི་ངའི་སེམས་རྟེན་བཞག་དགོས་ཚུལ་གྱི་སྡུག་ཆེན་ཡོད་ཚུལ་གྱི་མདོག་བྱས། རྒྱལ་པོའི་སར་མུ་ཏིག་སྐྱུག་པར་འགྲོ་ཚེ་ངེད་རང་གཉིས་པོ་འགྲོ་བ་མི་འཐད་པས། ང་ཡི་གཟུགས་ཇི་ལྟ་བ་བཞིན་བྲིས་ཆོག་ཟེར་བའི་ཁོ་རང་ཉལ་བའི་གྱང་ངོས་སུ་ཁོ་རང་འདྲ་བ་ཞིག་བྲིས་ནས་བཞག །ཁོ་རང་རྒྱལ་པོ་ཚངས་པར་འགྲོ་བའི་ལམ་དུ་ཞུགས་ནས་ས་ཁུག་གསུམ་ཙམ་སླེབས་ཚེ་བགྲང་ཕྲེང་མལ་དུ་ལུས་སོང་བ། ཕྲེང་བ་ལེན་པར་ཕྱི་ལོག་གིས་འོང་ནས་ཁོ་ཡི་ཁོ་རང་ཁྱིམ་གྱི་སྒོ་གསེབ་ནས་བལྟས་པས། མུ་ཏིག་སྐྱུག་གི་ཆུང་མས་ཁྱིམ་མཚེས་ཀྱི་མི་ཞིག་བཙལ་ནས་ཁོ་ཡི་ཉལ་ས་ནང་དུ་ཕོ་མོ་གཉིས་དགའ་མགུར་སྤྱོད་མི་དེ་ཡིན་ཁྱོད་ཀྱི་ཉལ་སའི་གྱང་ངོས་ཀྱི་མི་གཟུགས་འདིས་འབོད་པར་འདུག་སྨྲས་ནས་མོས་ (ཤོག་ ༢༠) ཐལ་བ་སྦར་མོར་བཟུང་ནས་མུ་ཏིག་སྐྱུག་གི་ཁ་ལ་རྒྱོབ་ཟེར། ཁོ་ཡི་གཟུགས་བྲིས་པ་དེ་བྲབ་ཅིང་འདུག་པ་མཐོང་ནས། མུ་ཏིག་སྐྱུག་སེམས་ཤིན་ཏུ་ཉམ་ཐག་པ་བྱས་ནས་ཕྱིར་རྒྱལ་པོ་ཚངས་པར་སོང་བ། རྒྱལ་པོ་ནས་མུ་ཏིག་སྐྱུག་ནང་དུ་སྤྱན་དྲངས་ནས་ཟས་སྣ་ཕུན་སུམ་ཚོགས་པའི་ཞལ་སྐྱེམས་དྲངས་ནས་ཚིམས་པར་བྱས་ཏེ། ཁྱོད་ནས་མུ་ཏིག་ཅིག་སྐྱུགས་དགོས་བྱས་པས། སྔོན་ཁོ་ཡི་ཆུང་མ་དང་ཁྱིམ་མཚེས་མི་གཉིས་ཀྱི་སྤྱོད་པ་དེ་ཡིད་ལ་བཅག་པའི་སྡུག་བསྔལ་གྱིས་བསྐྱུག་རྒྱུ་མེད་པས། རྒྱལ་པོ་དཔོན་བློན་འཁོར་བཅས་བཀའ་བགྲོས་པའི་མུ་ཏིག་སྐྱུག་འདི་དགའ་བའི་དགོད་བྲོ་བ་ཞིག་བྱེད་དགོས་ཚུལ་གྱི་རྩེད་མོ་སྣ་ཚོགས་པ་བྱས་པ་དང་། རྒྱལ་པོ་ནས་མེ་ཏོག་ཅིག་བཙུན་མོ་ (ཤོག་ལ་གཏོར་བས་སེམས་མཚར་སྣང་གི་རྩེད་མོ་བྱས་པས། རྒྱལ་མོ་ནས་རྒྱལ་པོ་ལ་མི་དགའ་ཚུལ་གྱིས་རྣམ་རྟོག་བྱས་ནས་ཁྲོ་བའི་ཚུལ་ངོ་གནག་པར་བྱས་ནས་སྡོད་པ། མུ་ཏིག་སྐྱུག་ཀྱང་སྔ་མ་ལྟར་སེམས་པ་དགའ་སྡུག་གི་རྐྱེན་གྱིས་སྔར་ལྟར་ལ་མུ་ཏིག་བསྐྱུག་རྒྱུ་མེད་པས། རྒྱལ་པོ་ནས་ཁྱོད་ལ་ང་ཡི་བླ་མཆོད་ལྟར་ཁྱིམ་གདན་ནས་སྟོན་མོ་བྱ་དགའ་ཡིད་སྤྲོ་བར་བྱས་པའི་ཚེ་མུ་ཏིག་མི་བསྐྱུགས་པས། ད་ཁྱོད་ལ་རྔན་པར་ཆད་པ་ཞིག་གཅོད་དགོས་པ་ཡིན་གསུངས་ནས། ཕག་ཁང་ཕུག་གི་ཁྲི་མུན་ཚང་ནང་དུ་ཆུགས་ཤོག་ཟེར་བས། བློན་པོ་རྣམས་ནས་རྒྱལ་པོས་བསྒོས་ལྟར་མུ་ཏིག་སྐྱུག་ཕག་ཁང་ཕུགས་སུ་བཙུད་དོ།།
ཞག་འགའ་རེ་སོང་བའི་ཚེ་ཕག་རྫི་ཁ་ཤོ་ཞིག་ཡོད་པ་དེས་ཕག་རྣམས་དེད་ཅིང་ཕག་ (ཤོག་ ༢༡) ཁང་དུ་བཙུད་པའི་ལག་ཏུ་ཕག་དབྱུག་བཟུང་ནས་ཕག་ཁང་སྒོ་ནས་བསྒུགས་འདུག་པ། ཅི་ཡིན་སྙམ་ནས་བསྡད་པ། རེ་ཞིག་གི་དུས་རྒྱལ་པོའི་བཙུན་མོ་དེ་རང་དངོས་སུ། ཕག་རྫིའི་རྩར་བྱུང་བས། ཕག་རྫི་ན་རེ། ངས་ཁྱོད་ཤིན་ཏུ་བསྒུག་ཡུན་རིང་བ་འདི་ལྟ་བུ་ཅི་ཡིན་ཟེར་ཤིན་ཏུ་ཁྲོས་ནས། ཕག་དབྱུག་དེས་བཙུན་མོར་ལན་གསུམ་བརྒྱབ་བོ། །བཙུན་མོས་རོགས་གཅིག་པུ་མ་ཁྲོ་ཞིག །ང་རང་ད་བར་རྒྱལ་པོ་གཟིམ་མ་ཚར་བར་འོང་རྒྱུ་མ་བྱུང་བས། ཨ་ཕོ་ཁྱོད་ཀྱི་དེ་འདྲ་མ་ཟེར་ཟེར་ནས། ཕག་རྫིའི་མགུལ་དུ་འཁྱུད་ཅིང་། ཁ་བཏུག་མཆུ་ཡང་ཡང་འཇིབས། མུ་ཏིག་སྐྱུག་གི་བསམ་པར། ལར་བུད་མེད་ལ་ཆག་བཞག་སོགས་མེད། ཁ་སང་ངེད་ཀྱི་ཆུང་མ་ཡང་། ཁྱོད་རང་སོང་ཤུལ་སེམས་བརྟེན་གཟུགས་སོགས་འདྲི་རོགས་ཟེར་བ་བདེན་སྙམ་ཚེ། མི་གཞན་ཞིག་བཙལ་བའི་མུ་ཏིག་སྐྱུག་ཁ་ལ་རྒྱོབ་ཟེར་ཐལ་བ་གཏོར་འདུག་པ་དང་། རྒྱལ་པོ་ནས་བཙུན་མོ་ལ་མེ་ཏོག་གི་རྩེད་མོ་རྩེ་བའི་ཚེ། སེམས་མ་དགའ་བའི་རྣམ་རྟོག་ཆེན་པོ་བྱེད་པ། དེ་ནུབ་ཕག་རྫི་ཁ་ཤོ་བཙུན་མོ་འོང་སྔ་ཕྱིའི་བར། ཕག་དབྱུག་གིས་སྐྱུག་བྲོ་བ་གསུམ་རྒྱག་སྐབས། ཁ་ཤོའི་མཆུ་ཞིམ་མངར་ཟས་ལྟར་ནུས་ནས། གཉིས་ཀ་འབྲལ་མི་ནུས་པའི་ཡིད་སྐྱོ་བ་འདི་བཞིན་བྱེད་པ། མུ་ཏིག་སྐྱུག་དེས་ཨ་མཚར་པོ་བློ་འགྱུར་རྩ་མེ་འཇིག་རྟེན་གྱི་བུད་མེད་བསམས་ནས་ཤིན་ཏུ་མཚར་ནས་དགོད་ཆེན་པོ་ཞིག་ཤོར་སོང་བས། དེ་དང་ལྷན་དུ་ཕག་ཁང་ཕྱེད་ཙམ་མུ་ཏིག་བསྐྱུགས་བྱུང་བས་ (ཤོག་ ༢༢) དེ་བཞིན་རྒྱལ་པོས་ཐོས་ཚེ། དེའི་ཕྱི་ཉིན་ནས། ཁྱོད་ལ་བརྡ་གུ་རོ་མཆོག་ཕུན་ཚོགས་ཀྱི་སྐྱེམས་དྲངས་ནས་བྱ་དགའ་བྱེད་དུས་མུ་ཏིག་མི་བསྐྱུགས། ཕག་ཁང་གི་ཁྲི་མུ་ན་ནས་མུ་ཏིག་བསྐྱུགས་པ་ཅི་ཡིན་སྨྲས་པས། མུ་ཏིག་སྐྱུག་ནས། ད་ནི་ཁྱེད་རྒྱལ་པོ་ནས་མུ་ཏིག་སྐྱུག་འོང་དགོས་གསུངས་ཚེ། ང་ཡི་ཆུང་མ་ནས་ཁྱོད་རང་སོང་ཚེ་ཁྱོད་འདྲ་བའི་གཟུགས་གཞི་འདྲི་རོགས་ཟེར་བ་བདེན་སྙམ་པ་དེ་བཞིན་བྲིས་ནས་ལམ་དུ་འོང་སྐབས་ཕྲེང་བ་ཞིག་ལུས་འདུག་པ་དེ་སྐབས། ཕྱིར་ལོག་ནས་འོང་པས། ཆུང་མས་ཁྱིམ་མཚེས་ཀྱི་མི་བཙལ་ནས་ངེད་ཀྱི་ཉལ་ས་ནང་ཉལ་པོ་བྱེད་ཅིང་ཐལ་བ་སྦར་གང་བཟུང་ནས་མུ་ཏིག་སྐྱུག་གི་ཁ་ལ་རྒྱོབ། ཟེར་ནས་ཐལ་བས་བྲབ་པ་མཐོང་ནས་ཤིན་ཏུ་སྡུག་པས། རྒྱལ་པོའི་དྲུང་དུ་སླེབས་པ། བཟའ་བཏུང་རྩེད་མོ་སོགས་ཅི་དགར་སྤྱད་ཀྱང་བདག་གི་སེམས་སྡུག་པའི་སྟབས་ཀྱིས། སྐྱུག་རྒྱུ་མི་འདུག་ལགས། ཁ་སང་རྒྱལ་པོས་བཙུན་མོ་ལ་མེ་ཏོག་གཏོར་བའི་དུས། བཙུན་མོ་མི་དགའ་བའི་རྣམ་འགྱུར་ཆེན་པོ་བྱེད་པ། ངེད་ཕག་ཁང་ནང་སྡོད་སྐབས། རྒྱལ་པོའི་བཙུན་མོ་ནི། ཕག་རྫི་ཁ་ཤོའི་སར་འོང་འདུག་པ། སླེབས་སྔ་ཕྱི་བར་ཕག་རྫིས་དབྱུག་པ་ལན་གསུམ་བརྒྱབ་པས། བཙུན་མོ་ནས་ཕག་རྫི་ལ་ཨ་ཕོ་ཨ་ཕོ་ཟེར་ཁ་གཏུག་མཆུ་ནུ་བ། མགུལ་དུ་འཁྱུད་པ་སོགས་ཀྱི་དགའ་མགུར་སྤྱད་པ་མཐོང་ནས། བུད་མེད་འདི་རྣམས་ཤེས་པ་ཆུང་། སྤྱོད་པ་ངན། ཨ་མཚར་པོ་བསམས་ནས་དགོད་ཤོར་བས། དེ་དང་ལྷན་དུ་མུ་ཏིག་བྱུང་ (ཤོག་ ༢༣) བ་ཡིན་ལགས་ཞུས་པས། རྒྱལ་པོ་ནས་དེ་ལྟ་བུ་ཡིན་འདུག །ངེད་རང་གཉིས་ཆུང་མ་ནས་མ་ལོ་འདུག་པས། བཙུན་མོ་ཕག་རྫི་ཁ་ཤོ་དང་མཉམ་དུ་ཡུལ་གཞན་ཞིག་ཏུ་བརྫངས་སོ། །ཁྱོད་ཀྱི་ཆུང་མ་ཁྱིམ་མཚེས་ཀྱི་མི་དེ་དང་བཅས་མཐའི་ཡུལ་ཕྱོགས་སུ་བརྫངས་སོ།།
ངེད་རང་གཉིས་རྒྱལ་སྲིད་མཉམ་དུ་བཟུང་བའི་ཆུང་མ་འདོད་ཆགས་ཆུང་བ་ཞིག་ལེན་ཞེས་སྨྲས་པ། འདོད་ཆགས་ཆེ་ཆུང་བལྟ་ལུགས་ཇི་ལྟར་ལགས་ཞུས་པས། རྒྱལ་པོ་ནས་འདོད་ཆགས་ཆེ་ཆུང་བལྟ་བ་ལ། མངའ་འོག་གི་བུད་མེད་རྣམས། འཚོགས་བཅོལ་བའི་ཤོག་བུ་ཁ་རེའི་གདན་ཐོག་ཏུ། ཤ་རྒྱན་རེག་པར་བྱས་ནས་སྡོད་བཅོལ་ན། དེ་རྣམས་མཐོང་བར་བོང་བུ་ཕོ་མོ་མང་པོ་བཞིན། ཕྱོགས་གཅིག་བསྲེ་ནས་ཆགས་པ་སྤྱད་བཅོལ། དེ་ནས་བུད་མེད་ཀྱི་ཞབས་ལ་ཤོག་བུ་འབྱར་ཡོད་རིགས་འདོད་ཆགས་ཆེ་བར་འགྱུར། ཤོག་བུ་མི་འབྱར་བ་རྣམས་འདོད་ཆགས་ཆུང་བར་འགྱུར་བ་ཡིན་པ། ཤོག་བུ་མ་འབྱར་བ་གང་རེ་ཞིག་ལ་བཙུན་མོ་ཆོག་ཟེར་བ་དང་། རྒྱལ་པོའི་ཁྱིམ་མཚེས་ཀྱི་རྒན་མོ་མ་སྨད་ཀྱིས་ཐོས་པ། རྒྱལ་པོ་དང་མུ་ཏིག་སྐྱུག་གིས་གྲོས་བྱེད་པ་རྣམས་བཤད་ནས། མངའ་འོག་གི་བུད་མེད་རྣམས་བསྡུ་སྐབས་ངེད་རང་གཉིས་ཤོག་ཟེར་འོང་བ། བུད་མེད་དེའི་ཤོག་བུའི་གདན་ལ་ང་རང་སྡོད་ན་དེ་སྔ་ང་རང་མི་གཞན་གྱི་སྐྱོན་གྱིས་མ་གོས་པས་ཤོག་བུ་འབྱར་མི་འོང་སྨྲས་པས། མ་རྒན་གྱི་བུ་མོ་ཁྱོད་གཞན་སྐྱོན་མ་གོས་པ་དེ་ལྟར་ཡང་། འདོད་ཆགས་ཀྱི་དབང་གིས་ཤོག་བུ་མི་འབྱར་བ་མི་འོང་། ང་ལ་བྱ་ཐབས་ཀྱི་བློ་ཞིག་ཡོད་ (ཤོག་ ༢༤) པས་བྱ་རྒྱུ་ཡོད་ཟེར། མ་རྒན་གྱིས་མོ་རང་འདམ་གྱི་པདྨོའི་ནང་སྟན་ཆད་ལ་མར་བཀུས་ནས་བཅུག་བཞག་དང་ཆོག་ཟེར་བ། ཕྱི་ཉིན་མངའ་འོག་གི་བུད་མེད་བསྡུས་ནས་སྔར་བཞིན་བུད་མེད་རྣམས་ཤོག་བུའི་གདན་དུ་སྡོད་བཅུག་པའི་མིག་ལམ་འབབས་པར་བོང་བུ་མང་པོ་འདྲེག་ནས་ཆགས་པ་སྤྱད་བཅོལ་བའི་ཚེ། བུད་མེད་རྣམས་ཀྱི་རྐུབ་ལ་ཤོག་བུ་མི་འབྱར་བ་གཅིག་ཀྱང་མ་བྱུང་ངོ་། །ཁྱིམ་མཚེས་རྒན་མོ་ནས་སྔར་བཞིན་བྱས་ནས། ཤོག་བུ་མ་འབྱར་འདུག་པ། བཙུན་མོ་འདི་ཡི་ལེགས་ཟེར་ནས། རྒྱལ་པོ་དང་མུ་ཏིག་སྐྱུག་གཉིས་ནས། ཁྱིམ་མཚེས་རྒན་མོའི་བུ་མོ་ཁབ་ཏུ་བཞེས་ནས་རྒྱལ་སྲིད་སྔར་བཞིན་སྐྱོང་བ་ལ་གནས་སོ། །སྨྲས་པ། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་བུད་མེད་རྣམས་ལ་ཆག་བཞག་མེད་ཟེར་ཤོར་བས། རྒྱལ་བུ་ལས་ཟད་ཀྱི་ཁ་ནས་གཏམ་གཅིག་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཆང་ཟེར་ནས་བྲོས་སོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བློན་པོ་མུ་ཏིག་སྐྱུག་གི་ལེའུ་སྟེ་གསུམ་པའོ།། །།

༈ ཡང་སྔར་བཞིན་རོ་དེ་ཁྱེར་འོང་བས། རོ་དེས་ང་རང་ས་ཐག་རིང་། ཐང་ཆད་ཁྱོད་ཀྱིས་ཉོན་དང་ངས་སྒྲུང་ཞིག་འཆད་ཟེར་བས། མགོ་སྒྱེད་སྒྱེད་བྱས་ནས་ཁ་མ་གྲག་པར་ཉན་བསྡད་པས། ལ་མཐོན་པོ་ཞིག་གི་རྩེ་ལ། ཝ་དང་སྤྱང་ཀི་རི་བོང་གསུམ་འཛོམས་ཡོད་པ། ལུང་པ་དེའི་སྐེད་ནས་སྔགས་ཞྭ་ནག་ཅན་ཞིག་གི་ཕྲག་ཏུ་གཏོར་ཁལ་གཅིག་བཀལ། ལག་ན་གཤོང་གཅིག་ཐོགས་ནས་འོང་བ་མཐོང་ནས། རི་བོང་གིས་སྨྲས་པ། (ཤོག་ ༢༥) ཨ་མྱེ་འདི་ཡི་ཕྲག་གི་གཏོར་ཁལ་འདི་ལེན་ནམ་ཟེར། ཝ་སྤྱང་གཉིས་ཀྱི་དེ་མི་ལོན་ནོ་བྱས་པས། རི་བོང་གིས་དེ་ལོན་པའི་ཐབས་ང་ལ་ཡོད་བྱས་ནས། ཁོ་ཨ་མྱེའི་སྔོན་ནས་ཞྭ་མདོག་བྱེད་འགྲོ་བ། ཨ་མྱེའི་ང་དེད་འོང་བས་གཏོར་ཁལ་བཅའ་ལག་མལ་དུ་བསྐྱུར་འགྲོ་བས་ཁྱེད་གཉིས་ཀྱི་དེ་ཁུར་ཤོག་དང་ཆོག་བྱས་པས། དེ་བཞིན་ཁོ་རང་ཨ་མྱེའི་སྔོན་དུ་རྐང་ཡ་བཙུགས། རྐང་ཡ་ཞ་མདོག་བྱས་ནས་འོང་བ། ཨ་མྱེ་དེའི་ཁུར་པོ་དེར་བསྐྱུར་ནས་རི་བོང་འདི་གསད་རྒྱུ་རེད་བསམས་ནས་ལག་ཏུ་རྡོ་ཆེ་བ་གཉིས་བཟུང་ནས་འདེད་འོང་པ། རི་བོང་དེ་ཟིན་ལ་ཁད་བྱས་ནས་ས་ཁུག་གཅིག་གཉིས་བར་དུ་འོང་བས། རི་བོང་ཇེ་མགྱོགས་སུ་འཕགས་ཤོར་བ། ཨ་མྱེ་དཀའ་ཆེས་ནས་ངལ་གསོས་བསྡད་ཚེ། ཝ་སྤྱང་གི་གཏོར་ཁལ་མཆོད་ཆ་ཁུར་ནས་ལ་རྒྱབ་དེར་རི་བོང་བཅས་ལྷན་ཅིག་འདུས་སོ།།
ཁོང་གསུམ་ནས་གཏོར་ཁལ་དེ་ཕེད་པའི་ནང་དུ་མར་ལོག་གཅིག་དང་ཐུད་ལོག་གཅིག །ཁྲི་ལོ་ཅིག་ཚྭ་སྐེ་ཁུག་གང་ཡོད་པ་དེ་རྣམས་བགོ་མཁན་རི་བོང་གིས་བྱས། མར་ཐུད་གཉིས་པོ་དེ་ཕ་ཚད་དུ་བཞག་ནས། ཨ་མྱེ་དེའི་རྡོ་རྒང་འདི་གཉིས་ཀྱི་བྱེད་བསམ་པ་ཡིན་སྨྲས་ནས་དོན་མེད་ཅིག་བྱས། ཝ་མོ་ཁྱོད་ལ་ཕྲུ་གུ་རྣམས་འཚར་རྒྱུ་ཡོད་པས་ཚྭ་འདི་ཁྱོད་ལ་མཁོ་འདི་ཆུ་དང་སྦྱོར་ལ་ཕྲུ་གུ་རྣམས་ལ་མང་ཙམ་བྱུག་དང་གྲ་ཤིན་ཏུ་ཡག་པར་འབྱུང་། སྤྱང་ཀི་ཁྱོད་ལ་ཁྲི་ལོ་འདི་མཁོ། ཕྲུ་གུའི་རྣ་བ་ལ་ཁྲོལ་དང་ཉིན་ཐང་ཕྱུག་རྫི་རྣམས་ཀྱི་དགྲ་སོགས་རྒྱོབ་དུས་རྣ་བ་ཁྲོབ་ནས་སྐྲག་དངངས་མི་འབྱུང་བ་ཕན་ (ཤོག་ ༢༦) རྒྱུ་རེད། སྨྲས་པས། ཝ་སྤྱང་གཉིས་བདེན་པར་བསམས་ནས་ཁུར་ཞིང་། ཝ་ནས་ཟེར་ལྟར་ཚྭ་ཆུ་བྱུག་པས་སྤུ་རྣམས་བྱི་ནས་གཅེར་བུར་སོང་འདུག །སྤྱང་ཀིས་ཁྲི་ལོ་ཕྲུ་གུའི་རྣ་བར་སྤྲུག་པས་དངངས་སྐྲག་གིས་རྣ་བ་གས་ནས་འཆི་འདུག །སྤྱང་ཀི་དེས་ཝ་མོ་གང་ཞིག་བྱས་ཡོད་དམ་སྙམ་ནས་ཝའི་རྩར་སོང་བས་ཁོ་རང་གཉིས་ལོ་རྒྱུས་ཞིབ་པར་སྨྲ་དུས། ངེད་རང་གཉིས་ལ་རི་བོང་གིས་བསམ་ངན་བྱས་པ་འདྲ། ངེད་རང་གཉིས་ཀ་འགྲོ་རི་བོང་ཨེ་སོད་བལྟ་དགོས་བྱས། དེའི་ཞག་གསུམ་ཙམ་སོང་ཚེ་རི་བོང་དེའི་བསམ་པ་ལ། མར་ཐུད་རྒྱག་ཚད་ཟས་ཚར་ཡང་། ཝ་སྤྱང་གཉིས་པོས་ངན་ལན་འདྲ་འཇལ་འོང་བསམས་ནས་ཁོ་རང་ཆུ་ནང་འདྲེ་ལོག་ལན་གསུམ་བྱས། བྱེ་མའི་ནང་འདྲེ་ནས་གྲ་སྡུད་ནས་འཆི་ལ་ཁད་བྱས་ནས་ཉལ་ལ་ནང་དུ་སོ་གཙིགས། །མིག་ཅེར་ནས་ཉལ་བསྡད་པ། ཝ་སྤྱང་གཉིས་དེར་སླེབས་ནས་ཁྱོད་ཀྱི་ངེད་རང་གཉིས་ལ་ངན་ཕུང་གནོད་ཆེན་བསྐྱལ་བས་ཁྱོད་ད་ལྟ་གསོད་རྒྱུ་ཡིན་སྨྲས་པས། གྲོགས་པོ་ཁྱེད་གཉིས་འཆི་ལ་ཐུག་མི་འདུག །ང་ནི་ལུས་ཀྱི་གྲ་འདི་ལྟར་རྫོགས་པ་དང་། མིག་ཅེར་བ། ཁ་བཞི་ཤོ་ཆགས་པ་འདི་བཞིན་བྱུང་བ། ཨ་མྱེ་ལ་མཐུ་ཆེན་པོ་འདུག་ཟེར་ནས་ཁ་གྲག་ཡོད་མེད་ཀྱིས་ཉལ་བསྡད་པས། ཝ་སྤྱང་གིས་རི་ལ་ལེ་ཁག་མི་འདུག་ཟེར་ནས་ཕྱིར་ལོག་སོང་ངོ་།།
རི་བོང་སྔོན་གྱི་མར་ཐུད་ཟ་ཆེ་ནས་སྐོམ་ཚད་ལངས་འོང་བས། རི་དེའི་འདབས་ཐང་ཆེན་པོ་ཞིག་ལ་མཚོ་ཆེན་པོ་ཡོད་པའི་འགྲམ་དུ་ཆུ་རྒྱག་ཚད་བཏུང་། མཚོ་དེའི་ཁར་བྲག་འབུར་པོ་ཞིག་ལ་ཉལ་བསྡད་པས། ནམ་ཞིག་ཁ་བ་ཆེན་པོ་འབབ་བྱུང་ཚེ་བྲག་དེའི་གཡས་གཡོན་ (ཤོག་ ༢༧) ཤིང་ཐར་ཐོར་སྐྱེས་པའི་རྩེ་ལ་ཁ་བ་ཆགས་པ་ཤིང་འགོ་ན་བྲུལ་བ་རྒྱ་མཚོའི་ནང་དུ་ཅལ་ཟེར་ལྷུང་སོང་བ། རི་བོང་གཉིད་ལོག་པ་སྐྲག་སད་དུ་གྱུར་ནས་རྒྱ་མཚོ་ནས་ཅིག་ལངས་བྱུང་སྙམ་གཏད་མེད་བྲོས་སོང་ངོ་། །ལམ་དུ་སྤྱང་ཀི་ཞིག་དང་ཐུག་པ་ཨ་ཕོ་རི་བོང་གར་བྲོས་པ་ཡིན་བྱས་པས། རྒྱ་མཚོའི་ནང་ནས་ཅལ་སྒྲ་ཆེན་པོ་གྲག་ནས་ང་རང་བྲོས་པ་ཡིན་སྨྲས་པས། སྤྱང་ཀི་ཡང་མཉམ་དུ་བྲོས་སོ། །ལ་ཁ་དེ་ནས་སྟག་ཅིག་འོང་གིན་ཡོད་པ་རི་སྤྱང་གཉིས་བྲོས་པ་ཅི་ཡིན་ཟེར། སྔ་མ་ལྟར་རྒྱ་མཚོ་ནས་ཅལ་སྒྲའི་སྐད་ཆ་བཤད་པས་སྟག་ཀྱང་མཉམ་དུ་བྲོས་སོ།།
རི་དེའི་རྩེ་གངས་དང་མ་ཐུག་པར་སོང་། སེང་གེ་ཞིག་དང་འཕྲད་པས་སེང་གེས་ཁྱེད་གསུམ་ཅི་ལ་བྲོས་པ་ཡིན་བྱས་པས་གཡུ་རལ་གསིག །མཆེ་བ་གཙིགས། སྡེར་མོ་བསྒྲད། རྔམ་ཟིལ་ཆེ་བར་བྱས། རི་བོང་གི་སྔོན་ལྟར་སེང་གེ་ལ་སྨྲས་ཀྱང་། སེང་གེ་ང་རྒྱལ་ཤིན་ཏུ་ལངས་ནས། གཅན་གཟན་གྱི་རྒྱལ་པོ་གངས་ཀྱི་སེང་གེ་ང་ལ་འགྲན་ཟླ་བྱེད་པ་གཅིག་ཀྱང་མེད་པ། ཁྱོད་རི་བོང་ནས་རྫུན་ཕུག་མེད་ལབ་རེད་མ་གཏོགས། རྒྱ་མཚོ་ནས་ཅལ་ཟེར་མཁན་སུ་འོང་རྒྱུ་མེད་ཟེར་ནས། བསད་གྲབས་བྱས་པས། རི་བོང་དེ་བློ་སྟོབས་ཆེ་བའི་སྟོབས་ཀྱིས་སྨྲས་པ། གཅན་གཟན་རྒྱལ་པོ་རིན་པོ་ཆེ། བདག་རྒྱ་མཚོའི་འགྲམ་དུ་བསྡད་པ་ལ་རྒྱ་མཚོའི་ནང་ནས་ཅལ་ཟེར་བ་དེ་ཁྱེད་ལས་དགུ་འགྱུར་གྱི་རྔམས་ཟིལ་ཆེ་བ་ཞིག་འདུག་པ། ད་ལྟ་ཕེབས་ན་མཐོང་རྒྱུ་ཡོད་ཞུས་པས། སེང་གེ་དེས་འོ་ན་ངེད་རང་གཉིས་པོ་འགྲོ་ནས་མཐོང་རྒྱུ་ཡོད་དགོས་ཟེར་བས། རི་བོང་གིས་སེང་གེ་རྒྱ་མཚོའི་ཁ་ལ་ཁྲིད་ནས། ད་ཐབས་ (ཤོག་ ༢༨) ཅི་དྲག་བསམ་པ་སྔར་ཁོ་རང་ཉལ་བའི་བྲག་ཅོག་མགོར་སོང་། མར་བལྟས་པས་རྒྱ་མཚོའི་ནང་དུ་ཁོ་ཡི་གཟུགས་བརྙན་འཆར་བར་བྱས་པ་མཐོང་ཚེ་ཚུར་འོང་ནས་སེང་གེ་ལ། ཁྱེད་རང་གི་བྲག་ཅོག་མགོ་ནས་མར་སོང་ལ་རྒྱ་མཚོའི་ནང་ལྟོས་དང་། ཤིན་ཏུ་ཆེ་གཉན་ཅན་དེ་འདུག་པས། སེང་གེ་ང་རྒྱལ་ལངས་ནས་བྲག་མགོ་ནས་བལྟས་པས། སེང་གེ་ཁོ་ཡི་གཟུགས་མཚོ་ནང་འཆར་འོང་བ་གཞན་ཞིག་རེད་བསམས་ནས་སེང་གེས་གཡུ་རལ་གསིག་ཙ་ན་མཚོའི་ནང་ནས་ཀྱང་རལ་པ་གསིག་འོང་བས་སེང་གེ་ཞེ་སྡང་ལངས་ནས་མཚོའི་ནང་མཆོངས་པས་འཆི་སོང་ངོ་། །གཏམ་ཕུག་མེད་རི་བོང་ཅལ་ལ་འདྲོགས། སེང་གེ་ང་རྒྱལ་ཆེ་བས་རང་སྲོག་བཅད། །ཟེར་བའི་དཔེ་དེ་ཡིན་སྨྲས་པས། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས། རི་བོང་དེ་གཟུགས་ཆུང་ཡང་བློ་སྟོབས་ཆེ་བ་དེ་འདྲ་ཟེར་ལགས་ཟེར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་སྔར་ལྟར་འཕུར་སོང་། རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རི་བོང་སྟོབས་ཆེན་གྱི་སེང་གེ་ཕབ་པའི་ལེའུ་སྟེ་བཞི་པའོ།། །།

ཡང་སྔར་བཞིན་སོང་ནས་བསིལ་བ་ཚལ་ནས་རོ་ཁྱེར་འོང་བས། ཐག་ཀྱང་རིང་། ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་གཏོང་དང་ངས་ཉན། ཡང་ན་ངས་སྒྲུང་ཞིག་བཏང་བས་ཁྱོད་ཀྱིས་ཉོན། མགོ་སྒྱེད་སྒྱེད་བྱས་ནས་བསྡད་པས། གྲོང་ཁྱེར་ཞིག་གི་ནང་ནས། མི་དབུལ་པོ་བཟའ་མི་གཉིས་ལ་བུ་ཆུང་གཅིག་ཡོད་པས། ཚེར་ཕུང་ཞིག་གི་ཞབས་སུ་རི་བོང་ཞིག་ཉལ་ནས་རྣ་བ་རྒྱབ་ལ་འགྱེལ། མིག་ཅེར་གཉིད་ལོག་ཡོད་པ། བུ་དེས་རྡོ་བརྒྱབ་ནས་བསད་བསམ། རྡོ་ (ཤོག་ ༢༩) ཁུར་ནས་རྩར་སོང་བས་གཉིད་མ་སད། ཁོ་སྙིང་རྗེ་སྐྱེས་ནས་རྡོ་བསྐྱུར་ནས་ག་ལེར་བཟུང་ནས་པང་དུ་བསྡད། རི་བོང་གིས་ང་བཟུང་དོན་ཅི་ལ་ཡིན་ཟེར། བུ་ཆུང་གིས་བསད་བསམས་ཀྱང་མ་ཕོད་པར་པང་དུ་ཉར་བ་ཡིན་སྨྲས། རི་བོང་གིས་ང་མ་བསད་པ་ལེགས། ངེད་རང་གཉིས་མཉམ་དུ་སྡོད། ཁྱོད་ལ་ཕན་ཆེ་ཐོགས་རྒྱུ་ཡོད་ལས་ཆེ། བུ་ཆུང་དང་རི་བོང་གཉིས་མཉམ་དུ་སྡོད་ཆད་བྱས་ནས་སོང་བ། ཡུལ་གཞན་ཞིག་གི་ལ་ཁ་མི་མེད་པའི་ས་ཆ་གཅིག་ལ་སླེབས་ནས་བྲག་དམར་པོ་བསམ་གྱིས་མི་ཁྱབ་པའི་འགྲམ་དུ་སོང་ཙ་ན། ཕུག་པ་སྒོ་ཅན་ཞིག་ཡོད་པའི་ནང་ནས་ཡར་སོང་བས་ནང་ན་མཁར་མཐོ་རྩེག་དང་ལྡན་པ་སྒོ་རབ་གསལ་ཡིད་དུ་འོང་བ་ཞིག་ཡོད་པ། འདི་ན་སུ་ཞིག་ཡོད་སྙམ་ནས་སྒོ་དེ་ཕྱེ་ནས་སོང་། ཁང་པ་དེའི་ནང་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་ཡོད་པ། སྒོ་གཅིག་ནང་ལ་འདྲེ་མང་པོ་ཡོད་པ། རི་བོང་ནས་ངེད་རང་གཉིས་འདིར་སླེབས་པ་ཡ་མཚན་ཆེ། ངེད་རང་གཉིས་ནང་སྔ་བ་ལ་འགྲོ། ང་ལ་ཕ་ཀིའི་རྒྱབ་ལ་རྒྱལ་པོ་ཞིག་ཡོད་པ་རིམ་གྲོ་གཏོར་རྒྱག་འོང་ཞིང་ཡོད། ལྟད་མོ་ལྟ་བར་འགྲོ་རན། གཏོར་མ་དང་། ལན་ཆགས་ཡོས་ཁྲ་སོགས་བསམ་གྱིས་མི་ཁྱབ་པ་ཟ་ཁུར་བྱེད་རྒྱུ་ཡོད་པ་དང་། ལྟད་མོ་ཤིན་ཏུ་མཛེས་པ་ལྟ་རྒྱུ་ཡོད་ཚུལ་བཤད་པས། འདྲེ་རྣམས་ནས་ལྟད་མོ་བཟང་པོ་ལྟ་རྒྱུ་ཡོད་སྙམ་ནས་མཉམ་དུ་སོང་བ་དང་། རྒྱལ་པོའི་བླ་མཆོད་ནང་བཞིན་གྱི་གཏོ་བོར་བའི་རྔ་དུང་གི་སྒྲ་དང་། ཡུལ་དེའི་སྐྱེས་པ་རྣམས་ཀྱིས་གོ་མཚོན་ཐོགས་ནས་མེ་མདའ་འཕང་ཀུ་ཅོ་ཆེན་པོ་བསྒྲགས། འདྲེ་དེ་རྣམས་སྐྲག་དངངས་བྱུང་ནས། འདིར་སླེབས་པ་མ་ལེགས་སམ། ད་ཅི་དྲག་སྨྲས་པ། རི་བོང་ (ཤོག་ ༣༠) གིས་གཞན་མི་དྲག་བྲོས་དང་དེས་དྲག་ཟེར་ནས་སྔར་གྱི་ཁང་པའི་ནང་དུ་བྲོས་སོ།།
རི་བོང་ནས། རྒྱལ་པོ་དེའི་བླ་མཆོད་རྣམས་ཀྱི་ཁྱོད་རྣམས་ཤེས་འགྲོ་ཚོད་ཡིན་པས་ཞག་པོ་གཅིག་གཉིས་ལ། ཁྱོད་རྣམས་གབ་སྐུང་བྱས་ན་དྲག་བྱས་པས། འདྲེ་རྣམས་ནས་གབ་པ་རི་བོང་ནས་བློ་ཅི་དྲག་བྱས་པ་རི་བོང་ནས། ཡ་ཀི་ཟངས་ཆེན་པོའི་ནང་དུ་ཁྱོད་རྣམས་སྡོད་དང་བུ་ངེད་གཉིས་ཀྱིས་ཟངས་ཆེ་བ་གཅིག་གི་སྦུབ་ནས་ཟངས་ཁ་སྦྱར་དུ་བྱེད་པའི་ཐག་པ་ཞིག་གི་གླེག་མ་བྱས་པའི། དེ་བཞིན་འདྲེ་རྣམས་ཟངས་ཁ་སྦྱར་ནང་དུ་བཅུག་ནས་ལྕགས་ཀྱི་འཇོར་མ་མང་པོས་ཁ་མི་ཕྱེ་བར་བསྡམས་ནས། ཐབ་ཆེན་སྟེང་དུ་བཙུགས་ནས་འོག་ནས་མེ་བུས་པས་འདྲེ་རྣམས་ནས་བྱ་ཐབས་ཅི་དྲག་ཀྱང་མ་བྱུང་། དེའི་ཉིན་གཅིག་རི་བོང་ནས། དར་མཛོད་སྒོ་ཕྱེ་ནས་བུ་ཆུང་དེ་ལ་དར་གྱི་གོས་དང་ལྷམ་དོར་མ་སོགས་གྲུབ་ནས། ད་ཁྱོད་འདི་ན་སྡོད་དང་ངེད་ཀྱིས་ཁ་སང་ཕ་ཀིའི་རྒྱལ་པོ་དེའི་བུ་མོ་ཁྱོད་ཀྱི་ཆུང་མ་ལ་བླངས་ཡོང་ངོ་ཟེར་ནས་སོང་བ། རྒྱལ་པོ་དེ་ལ་ཕར་ནང་འདི་ཡི་རྒྱལ་པོ་དར་ལྷམ་ཟེར་བ་ཞིག་སྟོབས་ལོངས་སྤྱོད་དང་ལྡན་པ་ཞིག་ཡོད་པ། དེ་ཡི་བློན་པོ་རི་བོང་ང་བཏང་བ་ཡིན། ཁྱོད་རྒྱལ་པོའི་བུ་མོ་དེ་ཆུང་མ་ལ་འཕྲལ་དུ་སྟེར་དགོས་ཚུལ་བྱས་པས། རྒྱལ་པོ་ནས་ངེད་ཀྱི་བུ་མོ་འདི་རྒྱལ་པོ་ཆེ་ཁག་མང་པོས་དགོས་ཟེར་ཡང་དེ་སྔ་གཅིག་ལའང་མ་སྟེར་བ་ཡིན་པས། ཁྱོད་ལ་སྟེར་བ་ཡིན་པ། ཁྱོད་ལ་སྟེར་བ་དཀའ་ཡང་། ནངས་པར་སྔ་བ་ལ་ཁྱོད་ཀྱི་ས་ཐོག་འདིར་གནས་པའི་གཅན་གཟན་སྦར་མོ་འབྱར་ཚད་ཀྱི་ལྤགས་པ་རེ་ཁུར་ཤོག་དང་བུ་མོ་སྟེར་བ་ཡིན་ཟེར་བ། རི་བོང་ནས། གཅན་གཟན་སྦར་མོ་འབྱར་ཚད་ཀྱི་ལྤགས་པ་རྣམས་ཡོད་ཀྱང་ངེད་ (ཤོག་ ༣༡) ཀྱི་འཁྱོག་དཀའ་བས་ལེན་པ་ལ་ཁྱེད་རང་ཚང་མི་དྲག་ཅིག་ཤོག་དང་གཅན་གཟན་དེ་རྣམས་ངེད་རྒྱལ་པོ་དར་ལྷམ་ཅན་གྱི་སྒོ་ཁྱིའི་དཔེ་ལྟར་ཡིན་པའི་ལྤགས་པ་ལས་ཕན་གསོན་པོ་ཁྱེད་རང་ཚང་གི་ལག་བཞག་ཆོག་བྱས་ནས། མགྱོགས་པར་ཁོ་རང་འོག་ནས་གཅན་གཟན་སྟག་གཟིག་མགོ་བྱས་ཐམས་ཅད་ལ། ཆ་ངག་བྱས་ནས། སང་སྔ་བ་ལ། ཡ་ཀི་བྲག་དམར་ཅིལ་དུ་ཐམས་ཅད་ཤོག་དང་། ངེད་ཀྱི་འདྲེ་མང་པོ་ཐུལ་ཡོད་པ། དེའི་རོ་མང་བཞིན་ཟ་རྒྱུ་ཡོད་ཚུལ་བྱས་པ་ཐམས་ཅད་ཀྱིས་བདེན་པ་ལྟར། བྲག་གི་སྔོན་སྒོ་ར་ནང་མའི་ནང་དུ་གཅན་གཟན་ཐམས་ཅད་འདུས་བྱུང་བས། ཁོས་ཟངས་ཁ་སྦྱར་གྱི་འདྲེ་རོ་རྣམས་དོར་བཞག་ཡོད་པ། གཅན་གཟན་རྣམས་ཀྱིས་ལ་ལས་ཤ་ཟ། ལ་ལས་རུས་པ་མུར་ཡོད་པའི་ཚེ། རྒྱལ་པོ་དེ་བློན་པོ་ཡོད་རིགས་གོ་ཆོད་འོང་བར། བུ་ཆུང་དེ་ལ་ཞིབ་ཏུ་བལྟས་ནས། དར་གོས། དར་ལྷམ། དར་གྱི་འབོལ་གདན་ཡོད་པ་མཐོང་ནས། རི་བོང་ལ་ཁྱོད་ཀྱི་གཅན་གཟན་ལྤགས་པ་རྣམས་གར་ཡོད་སྨྲས་པས། རི་བོང་ནས་སྟག་གི་འགོ་བྱས་ཤོད་སྒོ་ནང་ལ་ཡོད་པའི་ཁྱོད་རང་ཟུངས་དང་ང་ཡིས་བསྟན་ཆོག་ཟེར་ནས་ཁྲིད་སོང་བ། སྒོ་ཕར་ཕྱེས་པའི་གཅན་གཟན་འདི་རྣམས་ཡིན་པས། ཁྱོད་ཀྱིས་ཟུངས་བྱས་པས། བློན་པོ་དེས་སྟག་གཟིག་མཐོང་ནས་བཟུང་བ་མི་དགོས་ལྟ་མི་ཕོད་ཀྱིས་སྒོ་འདན་ལོང་ཡོད་ཙམ་བྱས་ནས་ལོགས་སོང་ནས། ཁོ་ཡིས་རྒྱལ་པོ་ལ་ཞུས་པས། རི་བོང་གིས་ཟེར་བ་བདེན་འདུག །ཕ་ཀིའི་རྒྱལ་པོ་དེ་སྟོབས་ལོངས་སྤྱོད་དང་ལྡན་པ་ཞིག་འདུག་པས། གོས་ལྷམ་འབོལ་གདན་སོགས་དར་སྣ་ལྔ་ཡིས་བྱས་པ་ (ཤོག་ ༣༢) དང་། སྒོ་ར་ལ་གཅན་གཟན་དེ་བཞིན་ཡོད་ལུགས་ཞུས་པས། རྒྱལ་པོ་དེས་གཞན་གྱི་རྒྱལ་པོ་ལ་དར་གོས་ལོངས་སྤྱོད་སོགས་ཡོད་ཀྱང་། དར་གྱི་ལྷམ་དང་། གཅན་གཟན་མ་ཤི་བ་སྒོ་ར་ལ་ཡོད་པ་ནི་གཅིག་ལའང་ཡོད་མི་སྲིད་པ། བདག་གི་བུ་མོ་འདི་དེ་ལ་སྦྱིན་དགོས་པ་ཐག་ཆོད། དེ་བཞིན་རྒྱལ་པོའི་བུ་མོ་དེ་རྒྱལ་བུ་དར་ལྷམ་ཅན་གྱི་ཆུང་མར་བྱས་ནས་གཉེན་སྟོན་སོགས་དཔག་མེད་དུ་བྱས་སོ།།
ནམ་ཞིག་དུས་ཆུང་མ་དེ་ལ། དར་ལྷམ་ཅན་བུ་ཆུང་ཞིག་ཀྱང་ཡོད་འདུག་པ། རི་བོང་གི་བསམ་པར་འདི་གསུམ་ནི་མི་ཡིན་པ་དང་། ང་ནི་རི་བོང་ཞིག་ཡིན་པས་ནམ་ཕུགས་བུ་འདི་ཡང་ཡར་འཚར་འོང་སྐབས་རྒྱལ་བུ་འདི་ཡི་ངེད་ལ་ཡག་པོ་ཞིག་བྱེད་ཨེ་ཡོང་སྙམ། ད་རྒྱལ་པོས་ཅི་བྱེད་ཉམས་ཚོད་ཅིག་བལྟ་དགོས་སྙམ། ཁོ་རང་ན་མདོག་ཤི་ལ་ཐུག་པ་བྱས། ལྟོ་ཟས་སོགས་མ་ཟོས་ནས། ཁ་གྲག་རྒྱུ་ཡོད་མེད་ཙམ་བྱས་ཉལ་བསྡད་པ། དར་ལྷམ་ཅན་ནས་ཨ་ཕོ་རི་བོང་ཁྱོད་ན་བ་ལ་མ་ལེགས་ང་སྡུག་བསྔལ་ཤིན་ཏུ་ཆེ་བར་བྱུང་བའི་ཐབས་ཅི་ལ་དྲག་ཀྱང་། ད་དགོས་པའི་ལྷ་རྗེ་ཞིག་བཙལ་བདག་འགྲོ་འམ་བྱས་པས། རི་བོང་གིས་གཞན་ལྷ་རྗེ་ཡི་ངེད་ཀྱི་ནད་འཆོས་དཀའ་བས། ཁྱོད་འགྲོ་བ་ལ་ལུང་པ་འདི་ཡི་ཕུ། ལ་མཐོན་པོའི་ཁར་སྲིབས་སུ་རི་རོག་པོའི་འགྱིང་ཁུག་ལ། བྲག་ཕུག་ཆུང་ངུ་ཞིག་གི་ནང་དུ་ལྷ་རྗེ་བདག་འདྲ་བ་ངོ་མ་ཞིག་ཡོད་པ་དེ་ལ་ཆབ་རྟགས་སྟོན་དང་། དྲག་པས་ཁྱོད་འགྲོ་བའི་ལུགས་འདི་ལྟར་བྱེད་དགོས་བྱས་པས། ཡར་ལམ་རྫ་ཁྲབ་ཁྲོབ་ནས་སོང་། མར་ལམ་སྤང་ལམ་ནས་ཤོག་བྱས་པས། བུ་ཆུང་དེ་ལྟར་ (ཤོག་ ༣༣) བྱས་སོང་ཚེ། རི་བོང་དེ་ཡར་ལངས་ནས་སྤང་ལྟམ་ལྟེམ་ནས་རྒྱུག་པའི་བུ་ཆུང་གིས་སྔོན་ལ་སླེབས་པར་བྱས་ནས་སྔོན་བྱས་པའི་བྲག་ཕུག་ནང་འཛུལ་བསྡད་དོ། །བུ་ཆུང་དེར་སླེབས་ནས་སྔོན་གྱི་ལོ་རྒྱུས་ཇི་བཞིན་བཤད་པ་ལྷ་རྗེ་དེས་གཞན་ཐབས་ཅི་བྱས་ཀྱང་ཁྱོད་ཀྱི་ནད་པ་རི་བོང་མི་དྲག་པས་ཁྱོད་ཀྱི་རྒྱལ་པོའི་བུ་དེ་བསད་པའི་སྙིང་དྲོན་མོ་དེ་ནད་པ་རི་བོང་ལ་བྱིན་ན་དེས་དྲག་གོ་བྱས་པས། རི་བོང་དེ་རྫ་ཁྲབ་ཁྲོབ་ནས་ཕྱིར་བརྒྱུགས་ནས་ཁོ་རང་ཉལ་སར་བསྡད་པས། བུ་ཆུང་དར་ལྷམ་ཅན་ཕྱིར་སླེབས་མ་ཐག་ཏུ་ཆུང་མ་དེ་མཐོང་ཙ་ན། ཁོ་ཡིས་བུ་དེ་རྒྱབ་ལ་ཁུར་བའི་གྲི་ཞིག་གིས་སྙིང་ལེན་གྲབས་བྱེད་ཀྱི་ཡོད་པ་རི་བོང་ནས་མགྱོགས་པར་མཐོང་ཚེ། ཁྱོད་ཀྱིས་དེ་འདྲ་མ་བྱེད་ཅི་ཡིན་སྨྲས་པས། ཡ་ཀིའི་ལྷ་རྗེ་དེས་ཁྱོད་ཤི་བ་ལ་གཞན་གྱི་མི་དྲག་པས་བུ་འདིའི་སྙིང་བྱིན་ན་དྲག་ཟེར་ནས། དེ་བཞིན་ཁྱོད་དྲག་དུས་མི་དྲིན་ཆེན་ནད་དྲག་པ་ལ་བུ་འདིའི་ནད་དྲག་མི་དགོས་དང་ང་རང་སྲོག་ལ་ཐུག་ཀྱང་འཕང་སེམས་མེད་བྱས་པ་རི་བོང་ཡིད་ཆེས་ནས་བུ་འདི་བཟང་ཐག་ཆོད་བསམ། བུ་མ་བསད་དང་ནད་དྲག་ཐལ་བྱས་བུ་བསད་མ་བཅུག་གོ །དར་ལྷམ་ཅན་དང་རི་འོང་ཆུང་མ་བུ་བཅས་བློ་མཐུན་དུ་བྱས་འདྲེ་རྣམས་ཀྱི་རྒྱུ་ནོར་ལོངས་སྤྱོད་ཕུན་ཚོགས་དེ་སྤྱད་མངའ་ཐང་གུང་དང་མཉམ་པར་བྱུང་ངོ་བྱས། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས། བུ་ཆུང་དང་རི་བོང་གཉིས། བློ་མཐུན་བསོད་ནམས་ཆེ། ཟེར་ཤོར་བས་རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་ཟེར་ནས་ (ཤོག་  ༣༤) འགྲམ་ལྕག་ཅིག་བརྒྱབ་ནས་སྔར་ལྟར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་དར་ལྷམ་ཅན་གྱི་ལེའུ་སྟེ་ལྔ་པའོ།། །།

༈ ཡང་སྔར་བཞིན་རོ་དེ་བསིལ་བའི་ཚལ་ནས་རོ་དེ་ཁུར་འོང་བས། ལམ་ཐག་རིང་བར་སླེབས། རོ་དེས་ངེད་རང་གཉིས་ཐང་ཡང་ཆད། ཉི་མ་ཡང་རིང་། ཡང་ན་ཁྱོད་ཀྱི་སྒྲུང་ཞིག་གཏོང་དང་ངས་ཉན། ཡང་ན་ང་ཡིས་སྒྲུང་ཞིག་བཤད་པས། ཁྱོད་ཀྱིས་མགོ་སྒྱེད་སྒྱེད་གྱིས་བྱས་པས། ཡུལ་བདེ་སྐྱིད་འཛོམས་པ་ཞིག་གི་མི་སྟོང་ཉིད་སེང་གེ་ཟེར་བ་ཁེར་བུ་ཞིག་ཡོད་པ། ཉིན་གཅིག་ཁོ་ལ་གྲོ་ཁལ་བོང་བུ་ཡོད་པ་ལ་ལྟོ་བརྒྱག་བསྐལ་ནས་ལྟོ་འཚོལ་དུ་སོང་བ། དེའི་དགོང་མོ་ཡུལ་གཞན་ཞིག་གི་མདའ་ལ། མི་རྒན་ཕོ་མོ་གཉིས་ཡོད་པ་ཞིག་ཏུ་གནས་ཚང་བྱས་ནས་སྡོད་པ། མུན་རུབ་དགོང་ཟས་བྱེད་སྐབས། ཕོ་མོ་གཉིས་ལ་སྨྲས་པ། ངེད་ཀྱི་བོང་བུ་དང་ཁྱོད་ཚང་གླང་གཉིས་ཕྱོགས་གཅིག་བཏག་འདུག་པས། བོང་བུ་འདིས་གླང་ལ་བརྡུང་ཤས་ཆེ་སྨྲས་པ། མི་རྒན་བཟའ་མི་ནས། བོང་བུས་གླང་ལ་བརྡུངས་པ་སྔོན་ཆད་མ་བརྡུངས་པས་བརྡུང་མི་འགྲོ་ཟེར། གཞན་གྱི་བོང་བུ་དང་མི་འདྲ། ངེད་ཀྱི་བོང་བུ་འདི་ཡིས་བརྡུང་ཤས་ཆེ་བྱས་པས། ཁོ་རང་ཆབ་བསང་ལ་འགྲོ་མདོག་བྱས་ནས། གྲི་དེས་གླང་གི་ཕོ་བ་ཕེད། རྒྱུ་མ་བཏོན། གླང་ཁྲག་བོང་བུའི་རྣ་རྩེར་བྱུག་ནས་ག་ལེར་ཡར་འོང་ནས་ཉལ་བསྡད། ཕྱིར་ནང་སྔ་བར་ལངས་ནས་ཤོད་ལ་སོང་སྟེ། ཨ་ཁ་མ་ལེགས་སོ། །མདང་ངེད་ཀྱི་བོང་བུ་འདིས་བརྡུངས་ནས་གླང་ (ཤོག་  ༣༥) བསད་འདུག །རྒན་རྒོན་གཉིས་ན་རེ། ད་བྱ་ཐབས་བྲལ། རྒན་པོ་ནས་གླང་བཤའ་མི་ཐུབ་པས། ཁྱོད་ཀྱི་གླང་བཤའ་རོགས་གྱིས་སྨྲས། མ་རྒན་དང་། ཁོ་རང་གཉིས་གླང་བཤས་བསྡད་པ། ཁོས་མ་རྒན་ལ་སྨྲས་པ། ངེད་ཀྱི་རྩམ་ཁུག་དེ་རྒན་པོའི་འགྲམ་ལ་བཞག་ཡོད་པ། ད་ཚོད་རྒན་པོ་དེ་ཡིས་རྩམ་པ་འདྲ་འགམ་ཤས་ཆེ། རྩམ་པ་འགམ་ན་རྩ་བ་ཆུང་ཡང་། རྒན་པོ་དེ་འདྲ་རྩམ་པས་འཚུབ་ནས་འཆི་ཉེན་ཡོད་བྱས་པས། མ་རྒན་དེས་ངེད་ཀྱི་རྒན་པོ་འདིས་རྩམ་པ་འདྲ་བརྐུ་མི་ཤེས། གལ་ཏེ་རྩམ་པ་ཟོས་ན་འཚུབ་ཟེར་བ་གོ་མ་མྱོང་བྱས་པས། ཁོས་ཡ་ཡ་བྱས། གླང་ཕྱེད་ཙམ་བཤས་ཚར་ནས། ཡང་ཆབ་བསང་ལ་འགྲོ་རྫུས་བྱས་ནས། ཁང་ཐོག་རྒས་པོའི་རྩར་སོང་ནས། དབུགས་བསུབ་བཏང་ནས་རྒན་པོ་བསད། རྩམ་ཁུག་དེ་རྒྱུད་ལ་བཞག །རྒན་པོའི་ཁ་སྣ་ལ། ཨན་རྩམ་བཏབ། ལག་པ་ལ་བརྐུས་ནས་བསྐྱུར་ནས་བཞག་གོ།
ཁོ་རང་གཉིས་གླང་བཤའ་ཐུབ་པས་སྟེང་ཁང་ལ་སོང་ཚེ། རྒས་པོ་ཁ་སྐྱ་སེ་བ་ཞིག་བྱས་ནས་འཆི་འདུག་གོ །མ་རྒན་ནས་འགྱོད་ཀྱང་བྱ་ཐབས་མ་བྱུང་བས། ད་ཁྱོད་ཀྱིས་ཕ་རྒན་འདིའི་རོ་ཁུར་རོགས་གྱིས་མ་གཏོགས་གཞན་ནི་མི་ཁུགས་པས། ཁྱོད་ལ་རོ་གླ་ཆེ་བར་སྟེར་བྱས་པས། ཁོ་རང་གཉིས་གླ་གཏམ་རྒྱས་པར་སྦྱིན། ཕྱི་ཉིན་ཁོ་ཡིས་རོ་དེ་རྒྱབ་ལ་ཁུར་ནས། ལངས་མི་ཐུབ་པའི་ཚུལ་གྱིས། ཨ་ཁ་ལྗི་མོ་ཟེར་ཞིང་མི་ཁྱོག་མདོག་བྱས་ནས། རོ་འདིའི་རླིག་པ་དེ་ཕར་མ་བཅད་ན་ངེད་ཀྱིས་མི་ཁྱོག་བྱས་པས། མ་ (ཤོག་ ༣༦) རྒན་གྱིས་དེ་འདྲ་མ་ཟེར། ཁྱོད་རོ་ཁུར་རླིག་པའི་ཡང་ལྗི་མེད། ཁྱོད་ཀྱིས་མ་བཅད་དང་གླ་ལྷག་པོ་སྦྱིན་བྱས་པ། གླང་གཅིག་ཡོད་པ་དེ་སྦྱིན་དགོས་བྱུང་། དེ་ནས་ཁོ་ཡིས་གླང་དང་བོང་བུ་གཉིས་དེད། རོ་ཁུར་ནས་ཡོང་བ་མི་རིག་པའི་ས་མཚམས་སུ་སླེབས་རན་ལ་རོ་དེ་གླང་ལ་བཀལ་ནས་འོང་བས་ཆུ་ཆེན་པོ་ཞིག་ལ་ཟམ་ཆེན་ཡོད་པའི་དཀྱིལ་དུ་རོ་དེ་མི་སྡོད་པ་ལྟར་དུ་རྡོ་ཡིས་བསྐྱོར་ནས་ཙོག་པུར་བཞག་ནས། ལག་པ་གཡས་པའི་ནང་དུ་ཁབ་སྐུད་ཅིག་སྦྲེལ་ནས་བཞག །གཡོན་པ་དེས་མཐུ་བ་གྲུབ་པའི་ཉམས་ཚུལ་བྱས་ནས། ཁོ་རང་དེ་དང་ཉེ་བ་ཞིག་ན་གབ་ནས་བསྡད་པས། ཡུད་ཙམ་ཞིག་ན། ཚོང་དཔོན་ཞིག་གིས་མཛོ་ལ་ཇ་མང་པོ་བཀལ་ནས་ཟམ་པ་དེའི་སྟེང་ལ་འདེད་འོང་སྐབས་མཛོ་ཞིག་གིས་རོ་ལ་ཐོ་ཕུལ་གྱིས་ཟམ་འོག་ཏུ་ཟག་པས། ཁོ་པ་མྱུར་བར་ཡོང་ནས། ངའི་ཕ་བསད་སོང་བས། རྒྱལ་པོ་ལ་ཞུ་རུ་འགྲོ་རྒྱུ་ཡིན་ཟེར་ནས་འགྲོ་རྩིས་བྱས་པས། ཁྱོད་ཀྱིས་རྒྱལ་པོ་ལ་མ་ཞུ་དང་། མི་སྟོང་སྤྲད་ཆོག་བྱས་པས། འོ་ན་མི་རོ་དང་མཉམ་པའི་གསེར་སྤྲོད་དགོས་བྱས་པས། རྒྱལ་པོས་ཆད་པར་འཇིགས་ནས། གསེར་རོ་དེའི་ལྗིད་ཚད་སྤྲད་བྱུང་བ་དེ་བླངས་ནས། ཡང་གྲོང་ཁྱེར་ཞིག་གི་ཐག་ཉེའི་སྲན་ཞིང་ཞིག་གི་ནང་དུ་ཕ་ཡི་རོ་དེ་རྟ་ལ་བསྐྱོན་ནས། རྟ་དེ་ཞིང་ཁའི་ཟུར་དུ་གློད་ནས་བཞག །ཁོ་གབ་ནས་བསྡད་པས། རྟ་དེས་ཞིང་ནང་ནས་རྩྭ་དང་སྲན་མ་ཅུང་ཟོས་པས་ཞིང་བདག་གིས་ཞིང་ཁའི་ནང་གི་རྩྭ་ཟ་མ་འཇུག་ཟེར་སྐད་འབོད་མང་པོ་བྱས་ཀྱང་ཉན་མི་འདུག་བསམས་ནས་ཁོ་ཚིག་པ་ཟོས་ནས་ཡོང་སྟེ་རྡོ་ཞིག་བརྡུངས་པས་རྟ་དེ་འདྲོགས་ནས་རོ་དེ་ས་ལ་འཛར་སོང་བས། ཡང་ཁོ་ (ཤོག་ ༣༧) ཡོང་ནས་ཕ་རྒན་བསད་ཚར་འདུག །ཁྱོད་ཚང་སྲན་མ་མཐུ་བ་གང་ཟོས་པ་ལ་སྐྱིན་པོ་དང་ཚབ་བྱ་རྒྱུ་ཡོད། ང་ཡི་ཕ་འཆི་བ་འོང་རྒྱུ་མེད་ཟེར་ནས། མི་སྟོང་དགོས་ཚུལ་རྒྱལ་པོ་ཞུ་གྲབས་བྱས།
གྲོང་ཁྱེར་གྱི་ཞིང་བདག་ནས་རྡོ་འཕང་པ་ལ་ལེ་ཁག་མེད་པ་རྒྱལ་པོ་ལ་ཞུ་མི་དགོས་སད་སྟོང་སྦྱིན་ཆོག་ཟེར། སྟོང་དགུ་འགྱུར་ལོན་པ་སྔ་མ་ཇ་མཛོད་གཏམ་པའི་གྲོགས་པོ་དེའི་སར་གཏམ་ཡང་རོ་དེ་སྒམ་ཞིག་གི་ནང་བཅུག །ཐག་པ་ཞིག་གིས་དམ་པོར་བཅིངས་ནས་མདུང་མའི་སྟེང་ཐེལ་དམར་འདྲ་དང་མི་འདྲ་མང་པོ་བརྒྱབ་ནས། རྒྱབ་ཏུ་ཁུར་གླེགས་བམ་བཙོང་ཟེར་ཞིང་ཡུལ་གྲོང་མང་པོར་འགྲིམས་ཀྱང་། གོང་ཚད་མ་བྱིན་ནས། བཙོང་མ་ཐུབ་པས་བར་སྐབས་ཤིག་ནས་ཡུལ་དེའི་རྒྱལ་པོ་མཚར་སྣང་ཅན་ཞིག་ཡོད་པ་དེ་ལ་གླེགས་བམ་བཙོང་ཟེར་བོས་པས། རྒྱལ་པོ་དེ་ལྟ་བར་འོང་ནས་ཁྱོད་ཀྱི་འདི་ཅི་ལོ་བ་ཡིན། རིན་ལ་གང་དགོས་པ་ཡིན་སྨྲས་པས། ཁོ་བོའི་འདི་རྒྱ་བོད་ཀྱི་ལས་ཟོག་ཆེ་བར་ཡོད་པའི་གླེགས་བམ་ཡིན་པས། ཚོང་དཔོན་མང་པོས་ཐེལ་འདི་ཚོ་བརྒྱབ་པ་རེད། འདི་ད་རེས་ནས་ཉོས་ན། སོང་གྲོད་བབ་རེས་བ་མ་འོངས་བས་དེའི་དུས་ཁ་ཕྱེས་ནས་ལྟོས་དང་ལས་ཟོག་སྣ་ཚོགས་ཡོད་པ་ཡིན། འདི་ཉོ་མཁན་མང་ཡང་གོང་གི་མ་ཁོལ་ནས་ལུས་སོང་བ་རེད། རྒྱལ་པོས་རིན་གང་དགོས་བྱས་པས། སྒམ་འདི་ཡི་ཡང་ལྗི་དང་མཉམ་པའི་དངུལ་དགོས་བྱས་པ་ལ། རྒྱལ་བུ་ཡི་ཐེལ་མང་པོ་ཡོད་པ་དང་། གོང་ཆེ་ཚོད་ཤིན་ཏུ་གནད་ཆེ་བ་ཞིག་ (ཤོག་ ༣༨) ཡིན་འདུག་པ། ཅི་མ་ཧམ་དུ་ཉོ་དགོས་སྙམ་ནས། དངུལ་ཡང་ལྗི་དེ་དང་ཚད་པ་བྱིན་ནས་ཉོས་སོང་ངོ་། །ནམ་ཞིག་སོས་ཀའི་དུས་སྒམ་དེ་ལ་བམ་རུལ་གྱི་དྲི་ངན་པ་བྲོ་བྱུང་པས། རྒྱལ་པོས་ཁ་ཕྱེ་ནས་བལྟས་པ་ལས། རོ་གོག་རུལ་བ་ལས་ཅི་ཡང་མེད་པས། འགྱོད་ཀྱང་བྱ་ཐབས་བྲལ། ཁོ་རང་གིས་དངུལ་དེ་ཁྱེར་ནས། སྔོན་གྱི་རྒྱུ་གཏམ་པའི་གྲོགས་པོའི་སར་སླེབས་པར། དུད་དེའི་བླ་མཆོད་ཚུལ་དུ་ཁོ་རང་བསྡད་ནས་ཟས་ནོར་ཕུན་སུམ་ཚོགས་པར་བྱུང་ངོ་སྨྲས་པ། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས། སྟོང་ཉིད་སེང་གེ་ཟེར་བ་དེ་ལ། མི་རྒན་གྱི་རོ་དེས་དྲིན་ཆེ་བའི་བྱས་པས། རྒྱལ་བུ་ལས་ཟད་ཀྱི་ཁ་ནས་གཏམ་ཞིག་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་སྔར་ལྟར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱིས་སྒྲུང་ལས། སྟོང་ཉིད་སེང་གེའི་ལེའུ་སྟེ་དྲུག་པའོ།། །།

༈ ཡང་སྔར་ལྟར་རོ་དེ་ཁྱེར་འོང་ནས། ཐག་ཀྱང་རིང་། ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས། ཡང་ན་ངས་སྒྲུང་ཞིག་བཤད་ཀྱིས་མགོ་སྒྱེད་སྒྱེད་གྱིས་བྱས་པས། མགོ་སྒྱེད་ནས་ཅི་ཡང་མ་སྨྲས་ཉན་བསྡད་པས། ཡང་ཡུལ་གླིང་ཞིག་ལ། རྒྱལ་པོ་སྟོབས་ལོངས་སྤྱོད་དང་ལྡན་པ་ཞིག་ཡོད་པ་ལ། ཆིབས་ཉི་མའི་གདོང་ཅན་ཟེར་བའི་རྒྱལ་པོས་རྩིས་ཆེ་བ་ཞིག་དང་། རྟ་མང་བཞིན་ཡོད་པ་དེའི་རྟ་རྫི་བུ་སྡུག་རྫུན་མི་ཤེས་ཟེར་བ་ཅི་ལ་ཐུག་ཀྱང་རྫུན་གཏམ་ཚིག་གཅིག་མི་ཤེས་པ་གཅིག་ཡོད་པ། ནམ་ཞིག་ལ་དེའི་ཕར་ནང་ན། (ཤོག་ ༣༩) རྒྱལ་པོ་དེ་འདྲ་བ་ཞིག་ཡོད་པ་ལོ་རེ་སོས་ཀའི་དུས་དེར་ཡུལ་དེའི་ཟོ་དོར་ལ་ལྷ་གསོལ་དང་། སྐྱིད་དགའ་སྤྱོད་པའི་རྒྱལ་པོ་ཕན་ཚུན་གཉིས་ཀས་མཆོད་བསྟོད་བྱེད་པ་ལ་ལོ་གཅིག་ནང་ལ་དེ་ཁ་རྒྱལ་པོ་གཉིས་གདོང་འཛོམས་སྐབས། གསུང་གླེང་སྐབས་སྐྱིད་དགའ་ལོངས་སྤྱོད་སྣ་ཚོགས་བྱས་པ། ཚུར་ནང་གི་རྒྱལ་པོས་སྨྲས་པ། ངེད་ལ་བུ་སྡུག་རྫུན་མི་ཤེས་ཟེར་བ་རྫུན་གཏན་ནས་མི་ཤེས་པ་ཞིག་གི་རྟ་རྫི་ཡོད་བྱས་པ། ཕར་ནང་རྒྱལ་པོ་ནས་དེ་འདྲའི་རྫུན་ལབ་མི་ཤེས་པ་མི་གཅིག་ཀྱང་མེད་པས་རྒྱལ་པོ་རང་ནས་རྫུན་རེད་སྨྲས་པ། རྒྱལ་པོས་ངེད་ཀྱི་བུ་སྡུག་རྫུན་ལབ་མི་ཤེས་པ་དངོས་གསལ་ཡིན་བྱས་པ། ཕར་ནང་གི་རྒྱལ་པོ་ནས་བློ་ཤོག་དྲན་པའི་དེ་འདྲ་རྫུན་ལབ་མི་ཤེས་པ་ཡིན་ན། ཞག་བདུན་གྱི་ནང་ངེད་རང་གཉིས་འཛོམས་དུས་བྱེད་པས་ཁྱེད་ཀྱིས་བུ་སྡུག་ཁྲིད་ཤོག་དང་། རྫུན་ཨེ་ཤེས་ལྟ། རྫུན་མ་ཤེས་ན་ངའི་རྒྱལ་སྲིད་འཁོར་འབངས་བཅས་ཁྱེད་ལ་སྟེར། རྫུན་ཚིག་ལབ་ན། ཁྱོད་ཀྱི་རྒྱལ་སྲིད་འཁོར་འབངས་བཅས་ངེད་ལ་དགོས་བྱས་པ། རྒྱལ་པོ་གཉིས་སྐུག་བཞག་ནས་ལོག་གོ།
ཉིན་གཅིག་ཕར་ནང་རྒྱལ་པོ་དེའི་བསམ་པ་རྫུན་མི་ཤེས་མགོ་སྐོར་ཞིག་ཐུབ་དགོས་བསམས་ནས། ཉིན་རེ་བཞིན་དུ་རྫུན་མི་ཤེས་རྒྱལ་པོའི་རྟ་རྫི་ལ་འགྲོ་དགོས་དེའི་ཚེ་རྫུན་མི་ཤེས་ཆུང་མ་བོས་ནས་སྐྱིད་དགའ་ལོངས་སྤྱོད་ཀྱི་བཟའ་བཏུང་རྒྱས་པར་སྤྲད་ནས། གསེར་ཕྱེ་བྲེ་གང་བྱིན་པའི་སྔར་གྱི་ལོ་རྒྱུས་བཤད་པ། ཁྱོད་རང་ (ཤོག་ ༤༠) ན་མདོག་ཤིན་ཏུ་ཐུ་ཚབས་ཆེ་བར་གྱིས་དང་། རྫུན་མི་ཤེས་ཀྱི་ཐབས་ཅི་དྲག་དགོས་ཟེར་འོང་བ། གཞན་གྱིས་མི་དྲག་པས་རྒྱལ་པོའི་ཆིབས་ཉི་མའི་གདོང་ཅན་དེ་རི་ཁ་ན་གསོད་པའི་སྙིང་དེ་ངེད་ལ་བྱིན་ན་དྲག །ཆིབས་པ་དེ་སྤྱང་ཀི་ཞིག་གིས་ཟོས་ནས་རྒྱལ་པོ་ལ་ཞུས་དང་ཆོག་འདུག་བྱས་ནས་མོ་ལ་བསླབས་པ། མོ་ནས་དེ་བཞིན་ཞུ་བ་ཆོག་བྱས་ནས་ཕྱིར་ལོག་པའི་དགོང་མོ་ནས་ནད་ཚབས་ཤིན་ཏུ་ཆེ་མདོག་གིས་ཉལ་འདུག་པས། རྫུན་མི་ཤེས་ཀྱིས་ཁྱོད་ཅི་ན་ཅི་ཡི་དྲག་བྱས་པས། མོ་ནས་རྒྱལ་པོའི་ཆིབས་ཉི་མའི་གདོང་ཅན་དེའི་སྙིང་གིས་དྲག་བྱས་པས། བུ་སྡུག་ནས་གཞན་ཅི་ཡིས་དྲག་ན་དང་། རང་གི་སྲོག་བཏང་ནས་ཁྱོད་དྲག་ནི་མི་ཐུབ་པ་མེད་ཀྱང་། རྒྱལ་པོའི་ཆིབས་དེ་ཆུང་ངུ་ནས་ང་དང་མཉམ་སྐྱེ་མཉམ་རྒས་བྱས་པའི་དྲིན་ཆེན་ཡིན་པ་གསོད་ཕོད་པ་མི་འདུག་བྱས་པས། མོ་རང་ཤིན་ཏུ་སྡུག་བསྔལ་བྱས་ནས་ད་དྲག་ཐབས་ཅི་ཡང་མི་འདུག་པས། འཆི་བ་ཐུག་འདུག་བྱས་ནས་འཆི་མདོག་སོས་མདོག་གིས་ཁ་གྲག་རྒྱུ་མེད་པ་ཞག་གསུམ་མཚམས་བུ་སྡུག་དེས་ཆིབས་ཉི་མའི་གདོང་ཅན་རྩྭ་ཆུས་འགྲངས་པས་ཉལ་ཡོད་པ་དེའི་འགྲམ་དུ་སོང་ནས། སྡུག་བསྔལ་ཅི་མཆི་མ་སྟོན་པ། སྐྱེ་བ་ཅན་གྱི་ཆིབས་པ་དེས་བུ་སྡུག་ཁྱོད་ངུ་བ་ཅི་ཡིན། མ་ངུ་ཟེར་བས། བུ་སྡུག་ནས་ངའི་ཆུང་མ་འཆི་གྲབས་བྱེད་ལ་གཞན་ཅི་ཡིས་མི་ཕན་པ་ཁྱོད་ཀྱི་སྙིང་དགོས་ཚུལ་ཟེར་བས། ཁྱེད་གསོད་ཀྱང་མི་བྲ་བས་སྔར་ནས་འགྲུལ་པའི་མཐུན་ (ཤོག་ ༤༡) གྲོགས་དང་། མ་ཚད་རྒྱལ་པོའི་ཆིབས་དྲིན་ཆེན་རིན་ཐང་ཆེ་བ་ཡིན་སྟབས། གསོད་མི་ཕོད་པས་ཤིན་ཏུ་སྡུག་པས་ངུ་བ་ཡིན་སྨྲས་པས། ཆིབས་པ་དེས་ཁྱོད་རང་མ་ངུ་ཁྱོད་ཀྱི་བུད་མེད་དེ་མ་ཤི་བ་དང་། བློ་ཁ་རྫོགས་ན་ང་རང་ཁྱོད་ཀྱིས་གསོད་པ་ལ་སྡུག་བསྔལ་དང་འགྱོད་པ་སྤུ་ཙམ་མེད་པས། སོད་ལ་སྙིང་ཁུར་སོང་ཆུང་མ་ལ་བྱིན་དང་ཆོག་བྱས་ནས། ཤིན་ཏུ་དགའ་བའི་ཚུལ་སྟོན་པ། ཁོ་ནས་མི་བསད་ཀ་མེད་ཀྱིས་བསད་པའི་སྙིང་བཏོན་ནས་ཆུང་མ་ལ་བྱིན་པ་དང་། མོ་རང་དྲག་མདོག་བྱས་ནས་བསྡད་དོ།།
རྫུན་མི་ཤེས་ཀྱི་བསམ་པར། ད་ཆུང་མ་དྲག་ཐུབ་ཀྱང་རྒྱལ་པོའི་ཆིབས་མེད་པ་ཚར་བས། རྒྱལ་པོ་ལ་ཞུ་མི་ཕོད་བསམས་ནས་སྡུག་བསྔལ་ཆེན་པོ་བྱུང་ནས། ཉིན་ཐང་རྒྱལ་པོའི་སར་འགྲོ་དུས་བུ་སྡུག་རྫུན་མི་ཤེས་པ་བྱོན་དུས་ཆིབས་ཉི་མའི་གདོང་ཅན་གཙོས་རྟ་རྣམས་བདེ་མོ་ཨེ་ཡིན་ཟེར་འོང་བ། ཅི་ཞུ་ཅི་དྲག་བསམས་ནས་ཉིན་གཅིག་དེ་སྔ་རྫུན་ལབ་མ་མྱོང་ཡང་། ད་ལན་རྫུན་ཞིག་ལབ་ན་དྲག་བསམས་ནས་རྟ་རྫི་ཙ་ནས་ཐོ་ཞིག་བརྩིགས། དེ་ལ་ཁོ་ཡིས་ཕྱི་གོས་དེ་བཀོན། མགོ་ལ་ཞྭ་མོ་དེ་བཀོན་ནས་རྒྱལ་པོ་ཡིན་ཤག་བྱས། ཁོ་རང་དེ་ཡི་སྔོན་དུ་བསྡད་པ། རྒྱལ་པོས་གསུང་ཚུལ་བྱས་པ། བུ་སྡུག་རྫུན་མི་ཤེས་བྱོན་ནམ། རྟ་ཉི་མའི་གདོང་ཅན་གཙོས་རྟ་རྣམས་ཨེ་བདེ་བྱས། རྒྱལ་པོ་ལགས་ཁམས་མ་བདེ། ཆིབས་ཉི་མའི་གདོང་ཅན་སྤྱང་ཀིས་ཟ་ཤོར་བ་ཡིན་ཞུས་པས་ཐོ་དེ་འགྱེལ་ནས་འོང་། ཡང་སྔར་བཞིན་ (ཤོག་ ༤༢) བརྩིགས་ནས་སྔོན་ལྟར་བྱས་པས་རྒྱལ་པོ་ལགས། ཆིབས་ཉི་མའི་གདོང་ཅན་ཤི་འདུག་ལགས་ཞུས་པ། ཡང་ཐོ་དེ་འགྱེལ་འོང་བས་དེ་མི་དྲག་ཏུ་བསམས་ནས། ཆིབས་ཉི་མའི་གདོང་ཅན་བོར་ཤོར་བྱས་པས་ཡང་ཐོ་དེ་འགྱེལ་འོང་། དེ་ནས་སྔོན་ལྟར་ཐོ་དེ་བརྩིགས་ནས། ད་དྲང་གཏམ་ཞིག་བྱས་ན་ཨེ་དྲག་སྙམ་ནས་རྒྱལ་པོ་ཡིན་མདོག་གི་བུ་སྡུག་རྫུན་མི་ཤེས་བྱོན་ནམ། ཆིབས་ཉི་མའི་གདོང་ཅན་གཙོས་རྟ་རྣམས་བདེ་མོ་ཨེ་ཡིན། ཁོ་ནས་རྒྱལ་པོ་ལགས། ཁམས་མ་བདེ་བ་ངེད་ཀྱི་ཆུང་མ་ན་ནས་ཤི་ལ་ཐུག་ནས། གཞན་ཅི་ཡིས་མི་དྲག་རྒྱལ་པོའི་ཆིབས་ཉི་མའི་གདོང་ཅན་གྱི་སྙིང་བྱིན་ན་དྲག་ཟེར་ནས། ཆིབས་དེ་གསོད་མ་བྲ་ཡང་། ཆིབས་ཀྱིས་ན་རེ། ང་རང་སོད་དང་སྡུག་བསྔལ་མེད་ལུགས་ཟེར་བས་ཆིབས་དེ་གསོད་དགོས་བྱུང་ནས་ཆུང་མ་ལ་སྙིང་དེ་བྱིན་པ། ཆུང་མ་དྲག་ཀྱང་རྒྱལ་པོའི་ཆིབས་དེ་མེད་ཤོར། དེའི་ལེ་གུས་ངེད་ཀྱི་ལུས་ཐོག་ལ་མཛད་ཐུབ་པ་མཁྱེན་ལགས་ཞུས་ནས་སྔར་གྱི་ལོ་རྒྱུས་རྣམས་དྲང་ཞུས་སྨྲས་པས། ཐོ་དེ་ཡིན་ལུགས་སུ་བསྡད་སོང་བས་ཁོ་ཡི་བསམ་པ་བདེན་དྲང་ཞུས་བྱས་ན་དགའ་བསམ།
ཞག་བདུན་གྱི་དུས་ཐོག་རྒྱལ་བུ་གཉིས་ལ་ཁ་དེར་འཛོམས་ནས་དངུལ་ཁྲི་རེ་བརྩིགས་ནས་དེར་སྡོད་པའི་འཁོར་འབངས་ཐམས་ཅད་ཀྱིས་བསྐོར་བའི་སྟོན་མོ་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱས་ནས་ཡོད་ཚེ། བུ་སྡུག་རྫུན་མི་ཤེས་མགྱོགས་པར་ཤོག་ཟེར་བའི་འཕྲིན་བྱུང་བས། ཁོ་མགྱོགས་པར་རྒྱལ་པོའི་དྲུང་དུ་སོང་བ། རྒྱལ་ (ཤོག་ ༤༣) པོ་ནས་བུ་སྡུག་རྫུན་མི་ཤེས་བྱོན་ནམ། ཆིབས་ཉི་མའི་གདོང་ཅན་གཙོས་རྟ་རྣམས་བདེ་མོ་ཨེ་ཡིན་དྲིས་པས། རྫུན་མི་ཤེས་ཀྱིས་རྒྱལ་པོ་ལགས། ཁམས་བདེ་བར་མ་གྱུར། ང་ཡི་ཆུང་མ་ན་ནས་གཞན་གང་གི་མི་དྲག །ཆིབས་ཉི་མའི་གདོང་ཅན་སྙིང་གིས་ནད་དྲག་ཟེར་ནས། ངས་རྟ་བསད་ནས་སྙིང་ཆུང་མ་ལ་བྱིན་དགོས་བྱུང་བས། དེ་ལ་རྒྱལ་ཁྲིམས་ཅི་མཛད་མཁྱེན་ལགས་ཞུས་པས། རྒྱལ་པོ་ནས་ང་ཡི་ཆིབས་ཉི་མའི་གདོང་ཅན་དེ་འདྲ་བ་ས་ཐོག་འདིར་རྙེད་རྒྱུ་ཡོད་པ་མིན་ཡང་། བུ་སྡུག་རྫུན་མི་ཤེས་ཟེར་བ་འདིས་རྫུན་གཏན་ནས་མི་ལབ་ཟེར་བ་འདི་ཡིན་པ། རྒྱལ་པོ་ཁྱེད་ཀྱི་རྒྱལ་སྲིད་ཀྱི་སྡུག་ཕམ་པ་ལ་ཕྱི་གཞི། ནང་རྫས་འཁོར་འབངས་བཅས་ངེད་ལ་སྟེར་དགོས་བྱས་པ། རྒྱལ་པོ་ནས་སྔ་གཏམ་ཚར་བའི་བྱེད་ཐབས་གང་ཡང་མ་བྱུང་བའི་རྒྱལ་སྲིད་འབངས་བཅས་ཚུར་ཤོག་བྱས་ནས་ཚུར་ནང་རྒྱལ་པོ་ལ་ཤོར། མི་རྫུན་མི་ཤེས་པ་ཡང་ཕར་ནང་གི་རྒྱལ་ཚབ་ཏུ་བཞག་ནས་རྒྱལ་བློན་གཉིས་སྐྱིད་དགའ་བ་དགུང་དང་མཉམ་པར་འདུག་སྨྲས་པ། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་རྫུན་མི་ཤེས་ཟེར་བ་ནི་མི་བདེན་པ་ཨང་ཟེར་ཤོར་ནས། རྒྱལ་བུ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་ཟེར་ནས། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་རོ་དེ་སྔར་ལྟར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བུ་སྡུག་རྫུན་མི་ཤེས་ཀྱི་ལེའུ་སྟེ་བདུན་པའོ།། །།

༈ ཡང་སྔར་ལྟར་སོང་ནས་རོ་དངོས་གྲུབ་ཅན་དེ་ཁྱེར་འོང་བས། རོ་དེས་ཐག་ཀྱང་ (ཤོག་ ༤༤) རིང་། ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས་དང་ངས་ཉན། ཡང་ན་ང་ཡིས་སྒྲུང་ཞིག་བཤད་པས་མགོ་སྒྱེད་སྒྱེད་གྱིས་དང་ཟེར་བས་ཅི་ཡང་མ་སྨྲས་མགོ་སྒྱེད་སྒྱེད་བྱས་ནས་ཉན་བསྡད་ཙ་ན། ཡུལ་གཅིག་ན་སྲེག་པ་ཞིག་གི་ཚེར་སྲིབ་ན་ཚང་བཅས་ཡོད་པ་དེར། ཝ་ཞིག་སླེབས་ཤིང་། ཝ་དེས་སྲེག་པ་ཁྱོད་འདིར་འདུག་པ་ཅི་ཡིན་སྨྲས། སྲེག་པ་ནས་ཕྲུ་གུ་མགོ་ཐོན་ཕྱིར་ཚེར་སྲིབ་འདིར་ཚང་བཅས་པ་ཡིན་བྱས་པས། ཝ་དེས་འོ་ན་ངེད་རང་གཉིས་མཉམ་པོར་ཚང་ཞིག་བྱས་ནས་འདུག །ཁྱོད་ཀྱི་ཕྲུ་གུ་བྱ་གཅན་གཟན་གྱིས་མི་ཁུར་བའི་དོ་དམ་རོགས་ངས་བྱ་ཟེར། སྲེག་པས་བདེན་སྙམ་ནས་དེ་བྱེད་དང་ཆོག་ཟེར། ཁོ་རང་གཉིས་ཚང་གཅིག་བྱས་ནས་བསྡད།
རེ་ཞིག་སྲེག་པ་ལ་ཕྲུ་གུ་སྐྱེ་འོང་བས་དེ་རྣམས་ཚང་ནང་ཕྱོགས་གཅིག་བཞག་ནས་སྲེག་པ་རི་ཁར་རྒུམ་བུ་ཐུ་བར་སོང་། ཝ་དེས་སྲེག་པའི་ཕྲུ་གུ་རྣམས་ཟོས། གཅིག་ཤུལ་དུ་ལུས་པ་མ་གཏོགས་ཝ་དེས་ཟ་ཚར་སོང་བས། སྲེག་པ་དེས་ཝ་ཡི་ཕྲུ་གུ་ཟོས་པ་ཧ་གོ་ནས་ཤིན་ཏུ་སྡུག་ཅིང་ང་ཡི་བུ་བསད་པའི་ལན་མོ་ཞིག་ཨེ་ལོན་བསམས་ནས་བསྡད་དོ། །ཉིན་གཅིག་སྲེག་པས་འདི་སྐད་སྨྲས་སོ། །ཝ་གཡུ་ལོ་ཁ་དེ་རིང་ངེད་རང་གཉིས་རྒོད་ཤོར་བ་དགའ་ཐོག་སྐྱིད་བཞག་པའི་ས་ཞིག་ལ་འགྲོ་ས་འདུག་པས་ཨེ་འགྲོ་ཟེར། ཝས་ན་རེ། ཤིན་ཏུ་དགའ་སྐྱིད་འཛོམས་པ་ཞིག་ལ་འགྲོ་ས་ཡོད་ན་འགྲོ་ཟེར་ནས། ཁོ་རང་གཉིས་རི་རྩིབ་གཤམ་ནས་འགྲུལ་སོང་བས་ལུང་པའི་མདའ་ཞིག་ན་ (ཤོག་ ༤༥) ཞིང་ནང་དུ་རྩེབས་སོང་བ། རྒད་པོ་ཞིག་དང་རྒན་མོ་ཞིག་ནས་སྤོ་ཏོ་བརྡུང་ཞིང་འདུག་པ་མཐོང་ནས་སྲེག་པས་ཝ་ཁྱོད་ཞིང་གང་འདིར་སྡོད་དང་ངས་དགོད་ཤོར་བ་ཞིག་བྱེད་ཟེར་ནས་སྲེག་པ་རྒན་མོའི་སྟེང་དུ་བབས་སོ། །མི་དེ་ཚིག་པ་ཟོས་ནས་ཕུང་བྱ་ཐན་བྱ་རེད་ཟེར་ནས་སྤོ་བརྡུང་དེ་ཀླད་ལ་འཕྱར་ནས་སྲེག་པ་ལ་བརྒྱབ་བོ། །སྲེག་པ་གཟུགས་ཆུང་བས་མགོ་བཞའ་བཞའ་བྱས་པས། སྤོ་བརྡུང་སྲེག་པ་ལ་མ་ཕོག་པར་རྒན་མོ་དེ་ལ་བརྒྱབ་པས་རྒན་མོས་ཨོ་རད་ཆེ་བ་བྱས་ནས་འཆི་སོང་བ་དང་། ཝ་དང་སྲེག་པ་གཉིས་དགོད་ཤོར་ནས་ཡུན་རིང་དུ་མཚར། སྲེག་པས་དེ་རིང་ངེད་གཉིས་ཤིན་ཏུ་སྐྲག་པའི་ས་ཞིག་ལ་འགྲོ་ཟེར། ཝས་འགྲོ་བྱས་ནས། ཁོང་གཉིས་འགྲོ་སོང་ནས་དུད་གཅིག་གི་ཁང་གཉར་སླེབས་སོ། །སྲེག་པས་ཝ་ཁྱོད་རང་མ་ཀིའི་སྒོ་ར་ནང་སོང་ལ་བལྟས་སྡོད་དང་། ང་ཁང་སྟེང་ལ་འགྲོ་ཟེར་ནས་དུད་དེའི་ཁང་སྟེང་དུད་ཁུང་ནང་དུ་བབས་པས། བཟའ་མི་དེ་ཚོས་ཐན་བྱ་རེད་ཟེར་ནས་རྒོད་ཕྱང་ལ་རྡོ་དང་དབྱུག་པ་བཟུང་ནས་འོང་། སྒོ་རའི་ནང་ཝ་བསྡད་པ་མཐོང་ནས་མི་རྣམས་ཀྱིས་ཝ་དེ་ཡར་འདེད་ཕྱིར་དེད་རྒྱོབ་རྒྱོབ་སོད་སོད་ཟེར་བས་ཝ་ཤིན་ཏུ་སྐྲག་ནས་ཅི་བྱེད་གང་བྱེད་མ་བྱུང་ནས་སྲོག་ཐར་ཙམ་བྱུང་། དེ་ནས་དུད་ཚང་དེའི་བསམ་པར། ཝ་འདི་ཉིན་ཉིན་འདིར་འོང་བ་འདྲ། ལམ་དུ་ལག་རྙི་བཙུག་བཞག་དགོས་འདུག་ཟེར་ནས། ཝ་འོང་བའི་རྒྱ་སྲང་ལ་ལག་རྙི་བཙུགས་བཞག །སྲེག་པས་དེ་མཐོང་བ་ལ། ཕྱི་ཉིན་ (ཤོག་ ༤༦) ཝ་ལ་སྨྲས་པ། ངེད་རང་གཉིས་ཁ་སང་དགོད་ཤོར། ཁ་སང་སྐྲག་ཆེ། དེ་རིང་ཞིམ་དགུ་མངར་བཅུ་ཟ་རྒྱུ་ཡོད་པ་ལ་འགྲོ་ཟེར་ནས། དུད་ཚང་གི་ལག་དོང་བཙུགས་ཡོད་པ་དེར་ཁོ་པ་གཉིས་སོང་ངོ་།།
རེ་ཞིག་ཝ་དེས་ང་རང་གསོད་པའི་ལག་དོང་འམ་རྙི་བཙུགས་ཡོད་པ་རེད་འགྲོ་མི་ཕོད་སྨྲས། སྲེག་པས་ན་རེ་ཁྱོད་གསོད་པའི་ལག་དོང་མ་རེད། སྐྲག་མི་དགོས་ཟ་རྒྱུ་མང་པོ་སྣང་ཟེར། སྲེག་པ་ཁོ་རང་ལག་རྙིའི་སྟེང་ཕར་འགྲོ་ཚུར་འགྲོ་བྱས་གཟན་ལ་བོར་བའི་ནས་འབྲུ་ཕྱུར་བ་ཐུད་ཕྱེ་ཁོ་རང་ཟོས། ཝ་ལ་ཁུར་ནས་འགའ་རེ་བྱིན། སྲེག་པ་ཡང་ཆེ་ནས་ལག་རྙིས་མ་ཟིན་ནོ། །ཝ་ཡི་བསམ་པར་སྲེག་པ་ཕར་འགྲོ་ཚུར་འགྲོ་འདི་ཙམ་ལས་ཟིན་རྒྱུ་མི་འདུག །ལག་དང་མི་འདྲ་སྙམ་མོ། །མར་ཐུད་ཕྱུར་བ་ཟ་འདོད་ནས་ཕར་སོང་བས་ལག་དོང་དུ་གཏིབ་ནས་ཐག་སྣེས་ལག་པ་ཟིན་ནོ། །མ་ཐར་ནས་སྲེག་པ་དེ་དགའ་ནས། ཝ་ཡིས་སྟག་གི་ཚེར་སྲིབ་ནས་ཕྱིར་བལྟས་ནས། ཝ་དེས་སྡར་སྐད་ཀྱི་ཝད་དང་ཝད་ཟེར་ནས་རྔ་མ་གཡུག་གཡུག་བྱས་སོ། །ལག་དོང་འཛུགས་མཁན་དེས་ཝ་ཡི་ཝད་དང་ཝད་ཟེར་བ་ཚོར་ནས། ཤིན་ཏུ་མགྱོགས་པར་དབྱུག་པ་རིང་པོ་ཞིག་བཟུང་ནས་ཝ་བསད་དོ། །སྲེག་པ་དེས་ཝ་ལ་ལེ་ལན་བསྡས་ནས་འདི་སྨྲས་སོ། །
གྲོགས་པོ་ནང་པས་ཕྲུ་གུ་བཅོམ་བཅོམ་ནས། །
ཡིད་ལ་བཞག་པས་སྲེག་པས་བུ་ཤ་ལོན། །
ཝ་མོ་ཁྱེད་རང་གཡབ་མོ་མ་བྱེད་སྡོད། །
མི་ (ཤོག་ ༤༧) རྒན་བེར་ག་ཁུར་ནས་འཕྲལ་དུ་བྱུང་། །
བྱས་སོ། །ཝ་ནས་ཝད་ཝད་ཟེར་ནས་འདི་འདྲ་སྨྲས། ཕུགས་སུ་བྱས་ནས་ཡོད་པ་ངས་ཤེས་ཀྱང་། །རྣམ་སྨིན་འཕྲལ་དུ་འོང་བ་ཆ་མ་མཆིས། །ཝད་ཝད་ཟེར་བ་དང་མི་རྒན་དེས་དབྱུག་པས་བྲབ་ནས་ཝ་བསད་དོ། །དེ་ལྟར་སྲེག་པ་གཟུགས་པོ་ཆུང་ཡང་ཡིད་དུ་བཞག་པས་ཕྲུ་གུའི་ཤ་ལན་ལོན་སོང་ངོ་ཟེར་བས། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་སྲེག་པས་ཝ་ལ་ཤ་ལན་གཟུགས་པོ་ཆུང་ཡང་བརྙས་ཚོད་ག་ལ་ཕོད་ཟེར་ཤོར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་གཅིག་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་སྔར་ལྟར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་སྲེག་པས་ཝ་མོ་ནས་བུ་ཡི་ཤ་ལན་བླངས་པའི་ལེའུ་སྟེ་བརྒྱད་པའོ།། །།

༈ ཡང་བདེ་བྱེད་བཟང་པོས་སྔར་ལྟར་རོ་དེ་ཁུར་འོང་པས། རོ་དེས་ཐག་ཀྱང་རིང་ཐང་ཡང་ཆད། ཡང་ན་ཁྱོད་ཀྱིས་སྒྲུང་ཞིང་ཐོངས་ངས་ཉན། ཡང་ན་ངས་སྒྲུང་ཞིག་བཏང་བས་མགོ་སྒྱེད་སྒྱེད་བྱས་ནས་ཉན། ཡང་ཡུལ་ཞིག་ན་སྟོང་ཉིད་སེང་གེ་ཟེར་བ་མི་དྲན་འཕྲུལ་ཅན་ཞིག་ཡོད་པས། སྟོང་ཉིད་སེང་གེས་ཞིང་ནང་གླང་གཉིས་གཉའ་བསྡེབས་ནས་ཉུང་ཞིང་བཏབ་ནས་རྨོས་སྐབས་ཤིག་བྲམ་ཟེ་བདེན་སྨོན་གྲུབ་པ་བྱོན་འོང་ནས། བྲམ་ཟེས་ཁྱོད་ཀྱི་སོ་ནམ་ཅི་འདྲ་ཡིན་གསུངས། སྟོང་ཉིད་སེང་གེས་ཞིང་འདི་ནང་ཕོ་སྟག་སྐྱེ་བའི་སོ་ནམ་ལགས་ཞུས། བྲམ་ཟེ་དོགས་པ་ཟོས་ཞིང་ནང་ཕོ་རྟགས་གང་སྐྱེ་བར་ཤོག་གསུངས། ཕྱིས་སུ་ཁོ་ཡི་ཞིང་ནང་ཡུང་རྡོག་གཅིག་ཀྱང་མེད་པར་ཕོ་རྟགས་ཆེ་ཆུང་མེད་པ་སྐྱེས་སོ། །སྟོང་ཉིད་ (ཤོག་ ༤༨) སེང་གེས་ཉུང་མ་མ་སྐྱེས་ཀྱང་མཇེ་ཆེ་ཕོ་འདི་ཚོས་དོན་ཞིག་ཨེ་ཐོན་ལྟ་དགོས་བསམས་ནས། ཕོ་རྟགས་སྒྲོ་བ་གང་བྱས་ནས་ཇོ་དགོན་ནང་བཙོང་དུ་ཁུར་ནས་དགོན་གསེབ་ཏུ་ཆེ་འབྲིང་ཆུང་གསུམ་ཐོལ་ར་བཀོད་ནས་བཞག་གོ།
དེར་ཇོ་མོ་རྣམས་འོང་ནས་མི་ལྟ་བའི་ཚུལ་གྱིས་ལྟ་རྟོག་ཞིབ་ཆ་མཛད། ཕོ་རྟགས་ཆེ་བ་རྣམས་ལ་ཟུར་མིག་བལྟ་ཞིང་ཨེ་ཁུག་སྙམ་ནས་ཉོ་ཚོང་ཅི་འདྲ་ཡོད་དྲིས་པས། སྟོང་ཉིད་སེང་གེས་འདོད་དབྱུག་ཐུགས་ལ་བབ་ལེ་ཡོད་བྱས། ཇོ་མོའི་ཆོས་ཁྲིམས་མ་དེས། ཆུང་བ་ལ་འཛུགས་ཚུལ་བྱས་ནས་གོང་དྲིས་པས། རྒྱ་གང་ཡིན་ཟེར། ཡང་ཆེ་བའི་གོང་དྲིས་པས། མགོ་ཆེ་བ་སྐེད་པ་ཕྲ་ལ་རིང་བ་མ་ཀི་ལ་ཅི་རེད་བྱས་པས། མ་ཀི་ཆེ་བ་དེ་ལ་ཉུང་ཞི་གང་བུ་གང་རེ་བྱིན་དང་ཆོག་བྱས་པས། ཇོ་མོས་ང་ལ་ཚོང་ཉུང་ཞིང་ངས་སྦྱིན་ཟེར་ནས། སྟོང་ཉིད་སེང་གེ་ཇོ་མོས་ཤག་ནང་ཁྲིད་ནས་སོང་། ཇོ་མོས་ཕོ་རྟགས་དེ་ཚ་ར་བྱས་ནས་ཉུང་ཞི་ཀང་གང་སྦྱིན་བྱུང་བ་ཤག་ནང་ཤོར་ཚུལ་བྱས་ནས་བུད་སོང་། ཁོ་ཡི་ཉུང་ཞི་བོར་ནས་ཨ་ཁ་ཁ་ཟེར་སྡུག་བསྔལ་བྱས་ནས་ཡུང་ཞི་ཐུ་ཞིང་བསྡད། ཇོ་མོས་ཁྱེད་ཀྱི་ཕོ་སྐད་གོ་སོང་ན་ཁྲིམས་ཡོད་པས་ཁྱེད་ཕྱིར་སོང་དང་ང་ནས་ཉུང་ཞི་སྦྱིན་བྱས། ཁོས་མི་གོ་མདོག་བྱས་ཉུང་ཞི་ཐུ་ནས་སྡོད་སྐབས་ཤིག་མུན་རུབ་སོང་ནས། ཇོ་མོས་དེ་ནུབ་སྒོ་འགྲམ་དེར་བསྐུངས་ནས་ཉལ། ཁོ་སྐྲག་ཁད་ཀྱིས་ཨ་ཛིས་ཟེར་ཞིང་བསྡད་པ། ཇོ་མོས་ཁྱོད་ཀྱི་དེ་འདྲ་མ་ཟེར་ (ཤོག་ ༤༩) མ་གཏོགས་གཞན་གྱིས་གོ་འགྲོ་ང་རང་རྒྱུད་ལ་ཉོལ་བྱས་པ་དང་རྒྱུད་དུ་ཉལ་ནས་སྡོད། ཁྱོད་འཁྱག་ཁད་ཀྱིས་ཨ་ཆུ་ཆུ་ཟེར་ནས་འདུག་པས། ཇོ་མོས་ཁྱེད་ཀྱིས་དེ་འདྲ་མ་ཟེར་བྱས་ཀྱང་མ་ཉན་ནས། ཁྱོད་དེ་ཙམ་འཁྱག་བྱུང་ན་ངས་ཁྱོད་རུམ་བྱས་པས་ཁོ་ཡང་རྒྱུད་དུ་ཉལ། ཁོ་འཁྱག་ཁད་ཀྱིས་ཨ་ཆུ་ཆུ་ཟེར་ནས་འདུག་པས། ཇོ་མོས་དེ་འདྲ་མ་ཟེར་བྱས་ཀྱང་མ་ཉན་པ་དང་། བར་སྐབས་སུ་ཁོ་ནས་ཇོ་མོ་ལ་ཆགས་པ་སྤྱད་དྲན་ཡོང་བས། ངེད་རང་གཉིས་བཟའ་མི་བྱེད་འདུག་བྱས་ནས། ཇོ་མོས་དེ་བཞིན་རུང་སྟེ་ཕྲུ་གུ་འོང་ན་ཉེས་ཆད་འབྱུང་བས་ཅི་དྲག་བྱས། ཐབས་བྱེད་རྒྱུ་ཡོད་ཟེར་ནས་ཇོ་མོས་ན་རེ། ཕོ་རྟགས་མགོ་ལ་སྣེ་ལོ་བཀོན་སྐེད་པ་ལ་ཙག་དང་སོལ་བས་རི་མོ་གྱིས་བྱས་པས་ཁོ་ནས་དེ་བཞིན་ཀྱང་ཇོ་མོ་དེ་འདོད་པ་ལ་ཧྲ་ཆེ་ནས་ཙག་རིས་དང་སོལ་རིས་སྣུབ་སྣེ་ལོ་ཤུས་ཟེར་ནས་ཁྱིམ་ཐབ་བྱས་པ་དང་། ཁོ་ཇོ་མོ་ཡིན་ཚུལ་གོས་ལྷམ་ཇོ་མོ་སྤྱི་དང་འདྲ་བ་ཞིག་བྱས་ནས་ཇོ་མོ་ཐམས་ཅད་ཀྱི་མི་བྱས་ནས་སྡོད། རེ་ཞིག་དུས་ཇོ་མོ་རྣམས་ལ་བུ་རེ་རེ་སྐྱེ་འོང་པ་དང་། ཇོ་ཁྲིམས་ཞིག་ནས་མི་བསྐུང་ཡོད་པ་འདྲ་རྩད་བཅད་དགོས་སྙམ། ཐམས་ཅད་ཀྱིས་ཁ་འཆམ་པར། དགོན་བར་ཆུ་ཤུལ་ཨོ་རང་ནང་ལྟ་མི་བསྡད། ཇོ་མོ་རྣམས་རྩེས་སྟག་བཅོལ་བས། ཁོ་ཡིས་ཕོ་རྟགས་སྐེད་པར་གླ་རྒྱུན་བཏགས་སྣེ་མོར་མགྲོན་བུ་ཞིག་བཏགས་ན་ཆོམ་བུ་ནང་ཐེབས་པ་དང་། ཇོ་མོ་བརྩོན་འགྲུས་བཟང་མོ་ལ་ནོག་ཉེས་ཨེ་དྷ་ཟེར་ནས་རྩེས་པས་ཕོ་རྟགས་ཡོད་པ་མ་རིགས་སོ།།
ཡང་མཁས་མཁས་བྱས་ནས་གཅིག་རྩེས་ (ཤོག་ ༥༠) མགྲོན་བུ་སྡེས་ཕོ་རྟགས་སྐྱ་ཟོར་བྱུང་། འདི་ལ་ཕོ་རྟགས་འདུག་པས་ཇོ་མོའི་ཁྲིམས་བཤིག་མཁན་ཟེར་ནས་ཐམས་ཅད་རྒྱུག་པས་སྟོང་ཉིད་སེང་གེ་བཟུང་ངོ་། །ཁོ་ཡི་དོ་ནུབ་ཐག་པ་ཆུ་ཤན་བྱས་ནས་བཀྱིག་བྱུང་ན་དགའ་བ་ལ། གླ་རྒྱུན་མར་ཁུའི་ནང་དུ་བཙོས་ནས་བཀྱིག་བྱུང་ན་སྡུག་པ་ལ་བྱས་པས། བཟུང་མི་རྣམས་ཀྱིས་དེ་གོ་ནས། གླ་ཤུན་མར་ཁུ་ནང་དུ་དྲངས་ནས་དམ་པོར་བསྡམས་སོ། །སྟོང་ཉིད་སེང་གེ་དེའི་མཚན་ག་རེ་བཀྱིག་ཐག་དཀྲོལ་ནས་བྲོས་སོང་བས་ཁོ་རང་གི་ཁྱིམ་དུ་སླེབས། ཇོ་མོས་ཕོ་རྟགས་དེ་ཉ་ར་བྱས་བསྡད་པ་མོ་རང་ཡང་ལྟ་བྱས་མཚར་པོ་བསམས་ནས་ཙོག་ཙོག་བྱས་པ། ཕོ་རྟགས་དེ་མོ་མཚན་ནང་འཛུལ་འོང་བ་མོ་རང་དགའ་ནས་ཡུན་རིང་པོ་ནས་ཕྱིར་མ་དོན་པས་དཀའ་བ་དང་སྐྲག་པ་བྱུང་ནས་ཧུ་ཤུ་རིང་པོ་ཤོར་བས་ལྷུང་བྱུང་ངོ་།།
ཇོ་མོས་ད་དོན་ལོ་བར་འདུ་སར་ཤེས་ནས། རྩིས་ཆེ་བར་བྱས་ནས་དར་ཚོན་སྣ་ལྔའི་ནང་དུ་བཅུག་ནས་གསེར་སྤར་ནང་དུ་བཞག །ནུབ་མོ་མི་དང་ཆད་མི་འདུག་བསམ། ནམ་ཞིག་ཡུལ་གཞན་པ་ཡོན་བདག་ཚོང་དཔོན་གྱི་སྐུ་རིམ་ལ་ཇོ་མོ་གདན་འདྲེན་བྱུང་སར་སོང་། དེས་ཞག་བཞུགས་ཞུས་པས་མ་གནང་། སྤ་རུ་དྲན་པའི་སྟབས་ཀྱིས་མི་ཁོམ་གསུངས། ང་རང་ཕར་མ་སོང་ན་མཆོད་ཆ་གནད་ཆེ་བ་ཞིག་ལུས་སོང་བ་འགྲོ་དགོས་བྱས་ནས་སྡོད་ཚུགས་མ་བྱུང་བ་དང་། ཡོན་བདག་ཚང་གི་ཁྱེད་ཅི་ནས་མ་བྱོན། མཆོད་ཆ་ལེན་པ་ངེད་རང་ཚོང་གཡོག་བཏང་བྱས་ནས་ཇོ་མོས་ང་མ་སོང་ཐབས་མེད་ཟེར། (ཤོག་ ༥༡) ཡོན་བདག་གིས་གཡོག་འདིས་ངན་རྐུན་མི་བྱེད་ཁག་ཁུར་ཆོག་བྱོན་མི་དགོས་བྱས་པས། འོ་ན་སོང་ལ་ངའི་སྔས་ཞབས་དེར་གསེར་སྤར་མདུད་སྟག་ཅན་དེ་མ་ཕེད་ལ་ཁུར་ཤོག་ཁ་ཕྱེ་མདུད་བཀྲོལ་མི་རུང་བྱས་ནས་གཡོག་དེ་བཏང་ངོ་།།
ཇོ་མོའི་ཤག་ཏུ་སོང་ནས་བསྒོ་བླག་ལྟར་གསེར་གྱི་སྤར་ཆུང་དེ་ཁྱེར་འོང་ནས་ལམ་ཁར་ངལ་བསོས་ནས་འདུག །གཡོག་གི་བསམ་པར་ཇོ་མོའི་སྤར་བུ་འདི་གནད་ཆེན་གལ་ཆེན་སྲོག་ལ་ཐུག་ཐུག་ཅི་མ་རུང་ན་སྙམ་ནས་བལྟས་པས་དར་སྣ་ལྔའི་ནང་དུ་མཇེ་ཆེ་ཕོ་ཞིག་འདུག་པ་ལ་ཨ་མཚར་པོ་ཙོག་ཙོག་ཟེར་ཤོར་ནས། མཇེ་དེ་མི་དེའི་འོག་སྒོར་འཛུལ་འོང་བས། ཐན་ཨམ་དི་རེག་བསམས་ནས་སྐྲག་འུར་གྱི་ལ་ལུང་མེད་པར་བྲོས། རྡོ་ཐོག་ཏུ་དཀའ་ཆེ་ནས་ཧུ་ཤུ་གཅིག་བྱས་པས་ཕོར་རྟགས་བུད་བྱུང་། ཁོ་སྙིང་ན་ནས་མ་རུང་པ་རེད་བསམ་རྡོ་བར་དུ་བརྡུང་ཡག་བྱས་ནས་གཡུགས་བཞག །དེའི་ཚབ་ཏུ་བྱི་བ་ཞིག་བཟུང་ནས་དར་ཚོན་ནང་དུ་བཅུག་སྤར་བུ་ནང་ཁ་རྒྱ་དང་བཅས་ཁུར་འོང་བ། ཇོ་མོ་ལ་མཆོད་ཆ་དེ་ཟེར་སྔོན་དུ་བཞག །དེ་བཟང་ཟེར་ནས་ཉར་ཚགས་བྱས་སོང་བ་དང་། དེ་ནུབ་ཁོ་ཡི་ཅི་བྱེད་བལྟ་བསམས་ནས་ཕག་ལྟས་བྱས་པས། ཇོ་མོས་ཉར་ཚགས་བཤིག་སྤ་རུ་ཕྱེ། དར་ཚོན་བཀྲོལ་བྱི་བ་དེ་ཐད་ཀྱི་ཅིག་གསེབ་ཏུ་འཕག་སོང་། མོ་རང་རྐུབ་ཁུང་སྒོ་མ་ཟེད་ནས་ཙོག་ཙོག་ཡུན་རིང་དུ་བྱས་ཀྱང་བྱི་བ་འོང་རྒྱུ་ག་ལ་ཡོད། ཇོ་མོས་སྡུག་བསྔལ་དང་ཁུ་ཚུར་བྲང་ལ་རྡོག་ནས་ཨོ་རད་ཆེ་ (ཤོག་ ༥༢) བ་ཤོར། དེ་ནས་ཇོ་མོའི་མི་བསྐུང་མཚང་རྡོལ་མཇེ་ཉོས་པའི་མི་ཁ་ངན་པ་དང་བཅས་ཀྱི་ཇོ་མོའི་དྲག་གཡེར་ངན་པ་ས་སྟེང་ཁྱབ་པ་བྱུང་། དེ་ལ་བརྟེན་ནས་སྐུ་རིམ་གདུལ་བྱ་ཅི་ཡང་མ་བྱུང་སྨྲས་པ། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་མི་སྟོང་ཉིད་སེང་གེ་དེ་དྲན་འཕྲུལ་སྐྱེན་པོ་ཟེར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་ཟེར་ནས་རོ་དེ་སྔར་བཞིན་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་སྟོང་ཉིད་སེང་གེས་ཇོ་དགོན་བསྟན་པ་བསྣུབ་པའི་ལེའུ་སྟེ་བརྒྱད་པའོ།། །།

ཡང་སྔར་བཞིན་རོ་གོག་བབ་བམ་སྡོང་རྒན་བཅད་བྱས་ཚེ། སྡོང་རྒན་མ་བཅད་རོ་རྒན་འབབ་པོ་སྨྲས་སོ། །རོ་དེ་སྒྱེ་ནང་བཅུག་ཐག་པས་བསྡམས། ཉི་མ་གཉིས་ཁུར་འོང་ཙ་ན། རོ་དེས་འོ་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས། འོ་ན་ངས་བཤད་མགོ་སྒྱེད་སྒྱེད་གྱིས་སྨྲས་སོ། །ཅི་ཡང་མ་སྨྲས་ཉན་བསྡད་པ་དང་། ཡུལ་གྱི་རྒྱལ་པོ་མངའ་ཐང་ཅན་ཞིག་ཡོད་དེ། ནོར་ཕྱུགས་རྫི་བོ་མི་རིང་ཞིག་ཡོད་པ། དེ་ཉིན་མཚོ་ཁ་ཞིག་ལ་ནོར་འཚོ་ནས་ཉལ་བསྡད་པ། མཚོ་དེའི་འགྲམ་ནས་བྱ་ནེས་ལེ་ཞིག་གི་སྦྲུལ་ཁུར་འོང་པ། ཁོ་ཡི་ཅི་མ་ཆ་ལ་སྦྲུལ་དེ་ཤ་ཚ་ཨེ་ལོན་བསམས་ནས་ལག་ཏུ་ཕྱིང་ཞྭ་ཡོད་པ་གནམ་དུ་འཕངས་ནས་ཐབས་ཅི་དྲག་བྱས་པ། བྱ་དེས་སྦྲུལ་དེ་མཚོ་ཁར་འཕངས་པ་ཁོ་ཡིས་ཚུར་བླངས་ནས་བལྟས་པས་ཤི་མ་གསོན་དུ་འདུག་པས། ཁོ་ཡི་བསམ་པར་འདི་འཆི་སོང་ན་མེ་ལ་སྲེག་ནས་ཟ་བསམ་པ། མ་འཆི་ན་སྔོན་གྱི་སྲོག་བསླུས་པ་ཡིན་པས་ (ཤོག་ ༥༣) གསོད་མི་ཉན་བསམས་ནས་ཕྱིང་ཞྭའི་ནང་བསྡུམ་ནས་གློ་ཡར་བཞག །དེའི་དགོང་མོ་ཟོག་ཕྱིར་དེད་སྐབས་ལ་སྦྲུལ་དེས་ཟེར་ནས། དེ་རིང་སྲོག་བསླུས་པ་ལ་མི་བཟང་པོ་ཁྱོད་འདྲ་བྱུང་བས། ད་ངེད་མཚོ་ནང་དུ་བསྐྱལ་རོགས་གྱིས་དང་། ཁྱོད་ལ་བཟང་ལན་འཇལ་རྒྱུ་ཡོད་པ་དེ་བཞིན་ཞུ་བྱས་པས། དེ་ལྟར་ཁོས་སྦྲུལ་དེ་མཚོ་ནང་འཕངས་བཞག །དེ་ནས་ཁོ་རང་ཕྱིར་སོང་ནས་དེ་ནུབ་ཁྱིམ་མཚེས་རྒན་མོ་བློ་ཤིན་ཏུ་བཀྲ་བ་ཞིག་ཡོད་པ་དེ་ལ་རྒྱུ་མཚན་རྣམས་ཞིབ་པར་བཤད་པས། རྒན་མོས་བུ་ཁྱོད་སྦྲུལ་དེའི་སྲོག་བསླུས་པ་ལེགས་སོ།།
མཚོ་ཡི་ནང་ནས་འགྲོ་བའི་སྦྲུལ་དཀར་པོ་དེ་ཀླུ་མི་མགོན་དཀར་པོ་ཡིན་པ་འདྲ་བའི་ནང་སར་ཁྱོད་རང་མཚོ་ཁ་ལ་འགྲོ་དུས་བཟང་ལན་འཇལ་དགོས་ཟེར་ནས་རྒྱུ་རྫས་ནོར་ཀླུ་ཡི་བང་མཛོད་མེད་པ་གཅིག་ཀྱང་མེད། དེ་རྣམས་ཁུར་མི་ཉན་སྒོ་ཕག་ཨོ་ཡོ་ཁྲ་ལོ་དེ་གར་གྱིས་དང་། ཨོ་སྤྲུག་དེ་རག་ན་ཀླུ་ཡི་བུ་མོ་ཡིན་པ་ཁྱོད་ལ་ཟས་ནོར་ཞོར་དུ་འབྱུང་ཟེར་བ། དེ་བཞིན་ཕྱིར་ཉིན་ཁོ་རང་མཚོ་ཁ་དེར་ཟོག་འཚོས་ནས་སྔར་བཞིན་བསྡད་པས། མཚོ་ཡི་ཁ་དེ་ནས་ཁ་སང་གི་མི་བཟང་དཔོན་པོ་ཁྱོད་ཡུད་ཙམ་མཚོ་ནང་འདིར་ཤོག་དང་བཟང་པོའི་དྲིན་ལན་འཇལ་ཆོག་ཟེར་བའི་སྐད་ཕྲ་ལ་རིང་བ་བྱས་ནས་བོས་བྱུང་བ། ཁོ་ནས་མིག་བཙུམ་ཐེ་ཚོམ་མེད་པར་མཚོ་དེའི་ནང་དུ་སོང་བས་ཀླུ་ཡི་ཕོ་བྲང་ནང་དུ་སླེབས་པས། ལོངས་སྤྱོད་མངའ་ཐང་ཕུན་སུམ་ཚོགས་པའི་ཕོ་བྲང་ནང་གསེར་ཁྲིའི་སྟེང་དུ་བུ་ཆུང་བལྟ་བས་ཆོག་མི་ཤེས་པ་དར་ཚོན་སྣ་ལྔའི་འབོལ་གདན་ལ་བཞུགས་ནས་དབུ་དར་དཀར་ (ཤོག་ ༥༤) གྱི་དཀྲིས་ཡོད་པ་མཐོང་། ཁ་སང་གི་སྦྲུལ་དཀར་པོ་དེ་ཡི་ཕྱི་ཤུན་ངོ་མ་དེ་གསེར་ཁྲིའི་གཡོན་ཕྱོགས་སུ་བཞག་ཡོད། ཁོ་རང་དར་གདན་སྣ་ཚོགས་སྟེང་དུ་སྟོན་མོ་བརྒྱབ་ནས། ཁ་སང་དུ་ངེད་ཀླུ་ཡི་རྒྱལ་པོ་མི་མགོན་ང་ཉིད་གཡང་གི་བོད་ཀྱི་ས་ཆ་ལ་ལྟད་མོ་ལྟ་བར་སོང་ཚེ། ཁྱུང་ཆེན་གྱི་འཕུར་ཙམ་དེས་ང་ཁུར་ཤོར་བ། བཟང་བྱེད་ཅི་ཨ་ཕོ་ཁྱེད་མེད་ན་སྲོག་ལ་ཐུག་འདུག་པས་ཁྱོད་ལ་རྒྱུ་ནོར་ཟས་སོགས་གདམས་ཀ་གྱིས་དང་སྟེར་ཆོག་ཟེར་བ་དང་། ཁོ་ནས་གཞན་ཅི་ཡང་མི་ཞུ། ང་ལ་སྒོ་ཕག་གི་ཨོ་ཡོ་ཁྲ་ཆུང་དེ་ཞུ་བྱས། ཨོ་ཡོ་ཁྲ་ཆུང་འདི་སྦྱིན་རྒྱུ་ཡོད་པ་ཞིག་མིན་ཡང་། ཁྱོད་ཀྱང་དྲིན་ཆེ་བས་སྲོག་བསླུས་པའི་མི་བཟང་དེ་ཁྱེད་ཡིན་པས་སྟེར་ཆོག་བྱས་པས་དེ་བཞིན་ཁོ་ལ་ཨོ་ཡོ་ཁྲ་མོ་ཀོར་ཐག་འབྱར་ལ་བྱིན་ནོ།།
ད་ཁྱོད་མིག་ཚུམས་ཟེར་ན་མཚོ་ཁར་བསྐྱལ་བས། ཀོ་ཡི་ཨོ་ཡོ་ཁྲ་མོ་ཁྲིད་རྒྱལ་པོའི་ཟོག་རྣམས་བསྡུས་ནས་ཁྱིམ་དུ་སྡོད་པའི་ཨོ་ཡོ་དེ་ཐབ་རྒྱུད་དུ་བཀོར་བཏང་། ཁོ་ཡི་བསམ་པ་ཁ་སང་ཀླུ་ཡི་ཕོ་བྲང་དུ་སླེབས་པའི་རྒྱུ་རྫས་ཅི་དགའ་སྦྱིན་ཟེར་བས། ཁྱིམ་མཚེས་རྒན་མོས་ཟེར་བ་ལྟར་ཨོ་ཡོ་ཁྲ་ལུ་དེ་དགོས་ཟེར་བ། ད་ངེད་ལ་ཁྱི་འདི་ལས་གཞན་རྒྱུ་རྫས་ཅི་ཡང་མེད་པས། ཁྱི་འདིས་ཅི་བྱེད་བསམ་ཚེ། ཁྱི་དེ་ཡི་ཁོག་ནས་བུ་མོ་སྐྱེ་གཟུགས་ལེགས་པ་ལང་ཚོ་ལྟ་ན་སྡུག་པ་ཞིག་རིན་པོ་ཆེ་བཻཌཱུརྱ་དང་མུ་ཏིག་བྱི་རུ་སྤོས་ཤེལ་དཀར་དམར་གྱི་དོ་ཤལ་ཡོད་པ་གཅིག་ཐོན་བྱུང་བས། དེ་ཡི་ཁྱོད་རང་སེམས་མ་སྡུག་དང་ (ཤོག་ ༥༥) རྒྱུ་ནོར་ལོངས་སྤྱོད་ངེད་རང་གཉིས་ལ་འོང་ཤས་ཆེ་ཟེར་བ་དེ་བཞིན་ཁོ་རང་ཉིན་རེ་བཞིན་རྒྱལ་པོའི་རྫི་བོ་ལ་ཕྱིན་མལ་དུ་བུ་མོ་དེ་འདུག་པའི་ཤུལ་དུ་ཟས་ཕུན་སུམ་ཚོགས་པ་ཅི་དགའ་བྱུང་འདུག་པ་ཉིན་གཅིག་ཁོ་ཡི་བསམ་པ་དེ་སྔོན་རྒྱལ་པོ་དེ་ཡི་རྫི་བོ་སོང་བས་ཁ་ཟས་སྦང་ཕྱེ་དང་ཤིང་ཁུ་ལས་མེད་པས་དཀའ་ལས་མྱ་ངན་ཆེན་པོ་བྱུང་བ། ད་ཡང་བུ་མོ་འདི་ཡི་དྲིན་གྱི་ཟ་རྒྱུ་ཕུན་སུམ་ཚོགས་པ་འདུག་རུང་། རྒྱལ་པོའི་རྫིའུ་ལ་འགྲོ་མི་ཉན་བསམས་ནས་སྔར་གྱི་ལོ་རྒྱུས་བཅས་བུ་མོ་ལ་སྨྲས་པ། བུ་མོ་དེ་ཀླུ་ཡི་བུ་མོ་ཡ་གར་མཛེས་ལྡན་ཡིན་འདུག་པས་སྤྲུལ་པ་ཡོད་ཀྱང་ཁྱེད་ལ་སྨྲས་པ། ངེད་རང་གཉིས་བཟའ་མི་འདི་བཞིན་བྱས་ན་སྡོད་པའི་ཟ་གྱོན་ཕུན་སུམ་ཚོགས་པ་ཁྱོད་རྒྱལ་པོའི་རྫི་བོ་འགྲོ་བ་གྲགས་པའི་སྔོན་གྱི་ཅི་ལས་ཅི་རག་བསྒྲུབས་ན་དགའ་བྱས་ཀྱང་། ཁོ་དབུལ་པོས་ནོར་བུ་རྙེད་ལྟར་བུ་མོའི་ངག་ལ་མ་ཉན་པར་བུ་མོ་ཡི་ཁོ་རང་མ་གཏོགས་གཞན་གྱིས་རིག་གྲབས་བྱེད་དུས་ཁྱི་ལྤགས་ནང་དུ་འཛུལ། འགྲོ་དུས་ཨོ་ཡོ་ཞིག་རེད་སོང་བ།
ཉིན་གཅིག་བུ་མོ་དེ་ཆུ་ཁུར་བ་ལ་སོང་ཚེ་ང་ཡི་ཆུང་མ་འདི་སྐྱེ་གཟུགས་ཕུན་སུམ་ཚོགས་པ་འདི་བཞིན་ཡོད་དུས་གཞན་གྱི་མཐོང་ཚེ་ཁྱི་ལྤགས་ཤིག་རེད་འདུག་པ། འཇིག་རྟེན་མི་ཡི་རོགས་མི་དགོས་འདི་མི་ཉན་དུ་བསམས་ནས། ཁྱི་ལྤགས་དེ་མེ་ནང་དུ་བསྲེག་གོ །བུ་མོ་དེ་ཁྱིམ་དུ་སླེབས་སྐབས་ང་ཡི་ཤུན་པ་གར་ཡོད་བྱས་པ། ཁོ་ཡི་ལོ་རྒྱུས་རྣམས་བཤད་པ་བུ་མོ་ནས་དེ་མ་ལེགས་སོ། །ད་ངེད་རང་སྤྲུལ་པ་བྱེད་རྒྱུ་མེད་འདུག་ཀྱང་བྱ་ཐབས་བྲལ་ལོ་ཟེར་བའི་ངང་དུ་ཁོ་རང་གཉིས་བཟའ་མི་བྱས་ནས་བསྡད། ཟས་ནོར་ཉིན་རེ་བཞིན་ཇེ་ (ཤོག་ ༥༦) ཕྱུག་ཏུ་སོང་ངོ་། །རྒྱལ་པོ་དེའི་བསམ་པར་ངེད་ཀྱི་རྫིའུ་འདི་སྔོན་ཁ་ལ་ཉན་པ་ཞིག་ཡིན་ཡང་། འདི་ལོར་བུད་མེད་ཅིག་ལོན་པས་གར་མངག་མི་འགྲོ་བ་དང་། ཁོ་རང་རྒྱུ་རྫས་ཟ་སྤྱོད་ཆེ་བ་ཞིག་ཡོད་བརྟགས་པས། འདིར་ཤོག་ཟེར་ནས་རྒྱུ་མཚན་ཞིག་དྲི་དགོས་སྙམ་པའི་ཕྱི་ཉིན་རྒྱལ་པོའི་དྲུང་འཛོམས་དགོས་པའི་འཕྲིན་བསྐུར་རོ། །
རྒྱལ་པོའི་འཕྲིན་དེ་ཐོས་ཚེ་བུ་མོ་ལ་སྨྲས་པ། རྒྱལ་པོས་ངེད་ཤོག་ཟེར་བ་ལ་འགྲོ་དགོས་བྱས་པ། བུ་མོ་དེས་ཁྱོད་ལ་སྔོན་གྱི་ལོ་རྒྱུས་རྫེའུའི་འཕྲོས་དང་། རྒྱལ་པོའི་གཡོག་ཏུ་མི་འདུག་པ། བར་དུ་ངེད་ཞུགས་པའི་ཁྱི་ལྤགས་དེ་ཡང་མེད་པ་མི་ཉན་ཚུལ་ཡོད་ཀྱང་བྱ་བ་ཚར་བའི་ད་ཁྱོད་རྒྱལ་པོའི་དྲུང་དུ་མ་སོང་ཐབས་མེད་ཡིན་པས་རྒྱལ་པོའི་དྲུང་དུ་སོང་། རྒྱལ་པོ་ནས་རྩེད་མོ་སྐུག་བཞག་སོགས་ཟེར་འོང་པས་དེ་མི་ཕོད་པས་ཅི་གསུངས་སྒྲུབ་མངག་བྱས་ནས་འོང་དགོས་བྱས་པས། ཁོ་རང་རྒྱལ་པོའི་དྲུང་དུ་སོང་། རྒྱལ་པོའི་ཞལ་ནས། ང་ནི་རྟ་རྫི་ལ་བསྐོས་ཀྱང་། ད་སྐབས་རྒྱུ་རྫས་ཆེ་བར་ཡོད་གཤིས་ཐོས། སང་ཉི་ཤར་དུ་ངེད་དཔོན་བློན་སྟོན་མོ་ལ་ཁྱོད་ནས་གདན་དྲངས་དགོས་སོ་གསུངས་པས། ཁོ་ནས་དྲངས་འདྲེན་ཡོད་སྐབས་དེ་བཞིན་ཞུ་ལགས་བྱས་ནས་ལོག་འོང་། ཕྱི་ཉིན་རྒྱལ་པོ་དཔོན་བློན་ཁོ་ཡི་ཁྱིམ་དུ་འོང་བས་ཁོ་རང་བཟའ་མི་ནས་གསོལ་དྲངས་འདྲེན་དཔག་མེད་བྱས། ཁོ་ཡིས་བུད་མེད་དེའི་གོས་རུལ་ངན་པ་གྱོན་པའི་ངོ་ལ་དྲེག་སྣག་བྱུག་ཡོད་ཀྱང་། རྒྱལ་པོ་བཞུགས་ཡུན་རིང་བ་དང་མེ་གྲོད་ཆེ་སྟབས་ཀྱི་ངོ་ལ་དངུལ་ཆུ་བྱུགས་པ་ལག་པས་ཕྱིས་སྐབས་སུ་བུ་ (ཤོག་ ༥༧) མོ་དེ་ཤ་མདོག་བརྗེས་ཏེ་ལེགས་པའི་མདོངས་ཤར་ཚེ། རྒྱལ་པོའི་བསམ་པ། འདི་ཡི་ཆུང་མ་འདི་འཕྲོག་དགོས་སྙམ་ཚེ། རྒྱལ་ཁྲིམས་རང་གི་དཔེ་ལྟར་རང་བཞིན་འཕྲོག་ཐབས་མེད་པར་སྐུག་ཅིག་བཞག་དགོས་བསམས་ནས། ཁྱོད་ཀྱི་སྟོན་མོ་ཡག་སོང་། ནངས་པར་ངེད་རང་འདིར་འོང་བ་ལ་ཁྱོད་ཀྱིས་ང་ལ་མཛུབ་མོ་ཕར་བཙུགས་གསུམ་དེ་དགོས་ཟེར་ནས་རྒྱལ་པོ་ལོག་སོང་ངོ་།།
བུ་མོས་སྨྲས། ནངས་པར་ཁྱིམ་མཚེས་ལ་རྒན་མོའི་ལྷམ་ཡ་དེ་ཕྱི་སྒོའི་ཀླད་ལ་བཏགས་དགོས། སྐྔས་མགོ་ལ་ང་ཡི་ནང་གྱོན་འདི་བཀོན་དགོས། སྐས་སྟེང་དུ་གྲང་བར་གྱི་ཁྱི་མོ་དམར་མོ་དེ་བསྐུང་ལ་འདོགས་དགོས་སྨྲས་པ་དེ་བཞིན་བྱས་ནས་བསྡད་པས། ཕྱི་ཉིན་རྒྱལ་པོ་སྒོ་ལ་སླེབས་པའི་སྐས་མིང་གི་ཁྱི་དེ་ལ་མཆུ་མུག་བྱས་ནས་ཡར་ཐོག་བྱས་པ། མི་གོ་ཚུལ་དུ་ཅི་ཡིན་བྱས་པ། རྒྱལ་པོས་མཛུབ་མོ་སྟོན་ནས་ཁྱི་ཕར་འཁོར་བྱས་པ། མཛུབ་མོ་ཚུར་བཙུགས་ཏེ་གཅིག་ཡིན་བྱས་ནས་ཁྱི་ཕར་བསྐོར། སྐས་མགོའི་ནང་གྱོན་དེར་མཛུབ་ཚུག་གཅིག་བྱས་ནས་ཕར་ཞོག་བྱས་པས་མཛུབ་མོ་གཅིག་དེ་ཡིན་བྱས་པའོ། །སྐས་ལ་འཛེགས་ནས་འོང་པས་སྒོ་ཐོད་ཀྱི་ལྷམ་བཏགས་པ་མཐོང་ཚེ་ཕར་ཞོག་བྱས་པ་མི་གོའི་ཚུལ་བྱས་པ་མཛུབ་ཚུག་གཅིག་བྱས་པ། མཛུ་གུ་ཕར་བཙུགས་གསུམ་དེ་ཡིན་བྱས་པས། རྒྱལ་པོ་དེ་སྐྱིད་ནས་ཁོ་རང་ཕྱིར་ལོག་ནས། ད་ངོས་རང་གཉིས་ཆུང་མ་རེ་དང་ང་ཡི་ཆོས་སྲིད་འབངས་བཅས་སྐུག་ལ་བཞག་པ་ཁྱོད་ནས་དེ་ལྟར་དགོས་ཞེས་སྨྲས་པ། ནངས་པར་ཉི་མ་རྩེ་ཤར་དུས་ཡུང་ཞི་ཞོ་གཅིག་ (ཤོག་ ༥༨) འདི་ངེད་ཀྱི་ཞིང་འགྲམ་ཆེན་མོའི་སྟེང་དུ་གཏོར་ནས་ངེད་རང་གཉིས་སུས་ཐུ་ཐུབ་ན་ཁྱོད་ཀྱི་ཆུང་མ་དང་ངེད་ཀྱི་རྒྱལ་སྲིད་དེ་ཡི་སྐྱོང་རྒྱུ་ཡོད་བྱས་པ། ཁོ་ཡི་ཆུང་མ་ལ་དེ་བཞིན་སྨྲས་པ། ད་ཁྱོད་ཕར་ནང་མཚོ་ཁ་དེར་སོང་ལ་རྒྱལ་པོ་ཚང་གི་སྐུག་དེ་འདྲ་བཞག་དགོས་ཟེར་བའི་བྱིས་ཆུང་སྒམ་བུ་དེ་བསྐུར་གྱིས་ལ་བོས་དང་། སྒམ་དེ་གཡར་འོང་བའི་རྒྱལ་པོའི་ཞིང་ཐོག་སྒམ་དེ་ཕྱེས་ཐུ་འོང་སྨྲས་པས། ཁོས་མཚོ་ཁ་ལ་སོང་བྱིལ་ཆུང་སྒམ་བུ་གཡོར་བྱས་བོད་པས། སྒམ་བུ་གཡར་བྱུང་བ་ཁྱེར་ནས་རྒྱལ་པོའི་ཞིང་ཐོག་ཏུ་ཁ་ཕྱེས་པས་བྱིས་ཆུང་སྒམ་བུ་གང་ཡོད་པ་དེས་ཡུང་ཞི་སྐད་ཅིག་ལ་ཐུས་སོང་། རྒྱལ་པོས་མངའ་ཞབས་མི་མང་པོས་ཐུས་ཙང་བྲེ་གང་ལས་མ་ལོན།
ཡང་རྒྱལ་པོས་གསུངས་པ། ད་ངེད་རང་གཉིས་ཉི་ཤར་དུས་རྟ་གཡག་མང་པོ་བརྡུང་ཁ་བཀྱེ་བཅོལ་བའི་སུ་ཐོབ་ན། ངེད་ཀྱི་རྒྱལ་སྲིད་དང་ཁྱོད་ཀྱི་ཆུང་མ་དེའི་བདག་བཟུང་ཆོག་བྱས་པ། ཁོ་ནས་དེ་ནུབ་བུ་མོ་ལ་ཇི་བཞིན་བཤད་པས། ད་ཁྱོད་ཀྱི་རྒྱལ་པོའི་ཟེར་དོགས་པའི་རྒྱལ་པོའི་སྨྲ་བ་ཚིག་གཅིག་ཡིན་ཡང་གསུམ་བར་ཟེར་བ་ཁྱེད་རང་དཔོན་གཡོག་གི་གཏམ་དུ་ཡིན་པ། ད་ཡང་སྐུག་སྣ་ཚོགས་འདྲེན་ཟེར་བ་ངེད་ནས་ཉན་དུ་མེད་པའི་ཁྱོད་ཀྱི་ཅི་གསུངས་ལྟར་ད་ཡང་བཞག་པ་དེ་ཞུ་གྱིས་ལ་ནང་སྔ་མོར་བྱིས་ཆུང་སྒམ་བུ་ཕྱིར་ལོངས། གཡག་རྒན་འདའ་ར་ཡར་གཡོར་གྱིས་མཚོ་ཁ་ནས་བོས་བྱས་པས། ཁོ་ཡི་དེ་བཞིན་བྱས་པས་གཡག་ཁམས་དམར་ཞར་བ་ཅིག་བསྐུར་བྱུང་བ་དེ་ཁྲིད་ནས་རྒྱལ་པོའི་དྲུང་དུ་དེ་སྔ་ཁྱེད་ཀྱིས་ཅི་གསུང་ཐམས་ཅད་སྒྲུབ་པའི་ང་རྒྱལ་བ་ཡིན་པས་ (ཤོག་ ༥༩) རྒྱལ་སྲིད་ངེད་ལ་མ་རག །ད་ཡང་ངེད་རྒྱལ་ན་སྦྱིན་དགོས་བྱས་པའི་ཆུང་མས་བསླབས་པ་རྣམས་སྨྲས་སོ། རྒྱལ་པོས་དེ་ལྟར་ཆོག་ཟེར་བདག་གཡག་རྒྱལ་པོས་བརྒྱ་ཙམ་འདེད་པ་དང་། ཁོ་ཡི་གཡག་རྒན་དེ་ཚད་བཙུགས་པས། གཡག་རྒན་དེས་རྒྱལ་པོའི་ཁལ་ལ་ལ་བསད། ལ་ལ་བྲོས་འགྱེལ་སོང་བས་ཁོ་རྒྱལ་བར་གྱུར་ཏོ།།
ཡང་རྒྱལ་པོས་ད་ནི་ངེད་རང་སྐུག་ཅིག་འདྲེན་པ་ལ། དེ་སུ་དགྱེས་སྟེང་བཞག་ཆོག་པ་ནང་སར་ཉི་མ་རྩེ་ཤར་དུ་དམག་ཁྲབ་ཅན་ཅན་སྟོང་ཚོ་རེ་འཛོམས་ནས་སུ་རྒྱལ་བ་དེ་ལ་ཆུང་མ་དང་ངེད་ཀྱི་རྒྱལ་སྲིད་སུ་དབང་ཐག་བཅད་ནས་བལྟ་ཆོག་བྱས། ཁོ་རང་བསམ་པར་ངེད་ཀྱི་ལས་ཀ་དེ་སྔོན་རྒྱལ་ཡང་། དམག་སྟོང་ཕྲག་མི་དགོས་མི་གཅིག་མངག་རྒྱུ་མེད་པ། རྒྱལ་པོས་མངའ་འོག་བརྒྱུག་ནས་མེད་པ་བཏང་ཆུང་མ་འཕྲོག་ཤོར་བསམ་པའི་དངངས་སྐྲག་ཆེན་པོ་བྱུང་ནས་ཕྱིར་འོང་བ་སྔོན་བཞིན་ཆུང་མར་སྨྲས་པས། ཆུང་མས་ཁྱོད་དངངས་སྐྲག་མི་དགོས། ཡང་སྔོན་མཚོ་ཁ་ལ་གཡག་རྒན་ཁྲིད་ནས་སོང་ལ་ལྷ་གཡག་ཕྱིར་ལོངས་དམག་གི་སྒམ་བུ་ཡར་གཡོར་གྱིས་བོས་དང་། སྒམ་ཆུང་ཞིག་ཡོད་པ་ཁ་མ་ཕྱེ་ནས་ཁུར་ཤོག་དང་རྒྱལ་ཁ་ཐོབ་རྒྱུ་ཡོད་སྨྲས་སོ། །དེ་བཞིན་བོས་པས་སྒམ་ཞིག་ཁུར་བྱུང་བ་བསྒོ་བརླག་ལྟར་རྒྱལ་པོའི་མཁར་སྒོར་ཁུར་འོང་ནས་རྒྱལ་པོས་མངའ་འོག་གི་དམག་སྟོང་ཙམ་བསྡུས་ནས་ཡོད་པ་ཁོ་ཡི་སྒམ་ཆུང་ཁ་ཕྱེ་བས། སྒམ་ནང་ནས་དམག་ཁྲབ་ཅན་ཁྲི་སྐོར་ཙམ་གྱིས་གར་འགྲོ་གར་རྒྱོབ་སུ་སྒྲ་སྨྲས་བྱུང་བས། ཁོ་སྐྲག་ནས་ས་ལ་རྒྱོབ་རྡོ་ལ་རྒྱོབ་རྒྱལ་པོ་ལ་རྒྱོབ་མཁར་ལ་རྒྱོབ་དམག་ (ཤོག་ ༦༠) ལ་རྒྱོབ་དེ་བཞིན་ས་རྡོ་ཁ་ཞབས་རྗེས་མཁར་བཤིག་རྒྱལ་པོ་བརླག་དམག་འགྱེལ་སོང་བ་ཁོ་ཡི་བསམ་པ་འགྲུབ་ནས་ཀླུའི་དམག་སྒམ་དེ་མཚོ་ཁ་ནས་ཕྱིར་བཏང་བཟའ་མི་གཉིས་ཀྱི་རྒྱལ་པོའི་རྒྱལ་སྲིད་བཟུང་ནས་མཁར་ཅག་དགུ་བད་བཅུ་དྲིལ་བུ་གཡེར་ཁ་སྒྲོགས་པའི་གསེར་འཕྲུ་རྒྱ་ཕིབས་ལྟ་ན་སྡུག་པ་སྔོན་གྱི་རྒྱལ་པོ་ལས་རྒྱལ་སྲིད་མངའ་ཐང་ཕུན་སུམ་ཚོགས་པ་ཀླུ་ཡི་བུ་མོ་དེ་ཡི་དྲིན་དུ་བྱུང་བའི་སྐྱིད་མ་ལྔ་དགུང་དང་མཉམ་སོ་སྨྲས་པས། རྒྱལ་པོ་བདེ་བྱེད་བཟང་པོའི་ཞལ་ནས་ཨ་ག་དེ་འདྲ་བའི་མི་བསོད་ནམས་ཆེན་པོ་ཟེར་ཤོར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་ཤོར་སོང་། རོ་དངོས་གྲུབ་ཅན་གྱིས་སྒྲུང་ལས་རྒྱལ་པོའི་བ་གླང་རྫི་བོ་རྒྱལ་སར་འཁོད་པའི་ལེའུ་སྟེ་དགུ་པའོ།། །།

༈ དེ་ནས་རྒྱལ་བུ་ཤིང་སྡོང་རྩེར་ཕྱིན་ནས་ཤིང་དེའི་རྩེ་མོར་རོ་ཆེན་པོ་ཞིག་འདུག །དེས་ང་མ་ལེན་ཟེར་དེ་མཐར་རོ་བྲན་མང་པོས་ང་ལོངས་ཟེར་རལ་གྲི་ངར་མའི་སྡོང་གཅོད་བཏོན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་བདེ་བྱེད་བཟང་པོ་ཡིན། དྲ་བ་ལྕག་གི་མིག་ཅན་ཡིན། ཐོ་བ་སེང་ལྡེང་སྨུག་པོ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་ནས་ཐོ་བས་བརྡུངས་དྲ་བ་ནང་བརྫངས། ཞགས་པས་བསྡམས་ནས་ཁུར་འོང་ངོ་། །གོམ་པ་བདུན་བོར་ནས་རྒྱལ་བུ་རྒྱལ་བུ་ཟེར། ཡང་ན་ཁྱོས་ཤོད་ཡང་ན་ངས་བཤད་ཟེར་བས་རྒྱལ་བུས་བླ་མའི་གསུང་ལྟར་རོ་ལ་གཏམ་ལན་མི་རུང་བསམ་ཁ་རོག་བསྡད། རྒྱལ་བུ་ལས་ཟད་ཁ་ནས་གཏམ་འོང་བ་མི་འདུག་ངས་སྒྲུང་ཞིག་བཏང་བས་ཉོན་ཟེར་བ། ལུང་པ་འདིའི་ཕུ་ན་རྒྱལ་བུ་གཅིག་ཡོད། རྒྱལ་བུ་དེའི་ (ཤོག་ ༦༡) སྡེར་ཕྱུག་པོའི་བུ་གཅིག་ཡོད། དེའི་འཁོར་དུ་སྤྲང་པོའི་བུ་གཅིག་ཡོད། ཉིན་གཅིག་རྒྱལ་པོའི་སྲས་དང་ཕྱུག་པོའི་བུ་སྤྲང་པོའི་བུ་གསུམ་འཛོམས་ནས། ལུང་པ་འདིའི་ཕུ་ལ་བུ་མོ་ཉི་འབུམ་ཟེར་བ་ཡོད། སྐྱེ་བ་སྔོན་མ་དཔག་ཏུ་མེད་པ་ནས་ཤེས་པ་ཅན་ཡིན། སྐྱེས་པ་ལ་གཏམ་ཁ་ཚིག་གཅིག་ཀྱང་མི་ལབ་པ་ཁོང་གསུམ་གྲོས་བྱས། རྒྱལ་པོའི་བུས་གཏམ་ཁ་ཁུགས་ནས་ཕྱུག་པོའི་བུའི་ནོར་སྦྱིན་ཆེད་དང་། སྤྲང་པོའི་བུ་དང་ཕྱུག་པོའི་བུས་གཏམ་ཁ་ཁུག་ན་ཁ་སུ་ལ་ལབ་པ་བྱུང་ན་རྒྱལ་པོའི་རྒྱལ་སྲིད་ཕྱེད་དང་ཕྱུག་པོའི་ནོར་བཅས་སྦྱིན་པའི་སྐུག་བཞག །ཉིན་གཅིག་རྒྱལ་པོའི་བུ་བློན་པོ་དང་བཅས་རྒྱན་ཆ་ལུགས་དང་ལྡན་པ་ཞིག་བྱས་གླང་ཆེན་ལ་རིན་ཆེན་རྒྱན་གྱིས་བརྒྱན་ནས་གླུ་གར་ལ་སོགས་པའི་རྩེ་དགའ་ཕུན་སུམ་ཚོགས་པ་བྱས་ཤིང་། བུ་མོ་དེའི་གཏམ་ལན་ཅི་ཡང་མ་སྨྲས་སོ།།
ཡང་ཕྱུག་པོའི་བུས་རྒྱན་ཆ་ལུགས་མཛེས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱས་ཀྱང་བུ་མོ་ལ་གཏམ་ཁ་བྱས་ཀྱང་། བུ་མོ་ནས་ཁ་ལན་མ་སྤྲད་པས་ཕྱིར་ལོག་འོང་ངོ་། །ཕྱི་ཉིན་སྤྲང་པོའི་བུ་དེས་གོས་ཆད་ཧྲུལ་པོ་གྱོན་ནས་ཕྱེད་རལ་པ་ལྡིང་ཁུར་བྱས་ནས་ལུང་པའི་ཕུ་ལ་སོང་། ལམ་ཁ་ནས་རྒན་མོ་ཞིག་དང་འཕྲད། རྒན་མོས་སྤྲང་པོ་གར་འགྲོ་སྨྲས། ཨ་མ་ང་ལུང་པའི་ཕུ་འདི་ན་བུ་མོ་སྐྱེས་པ་ལ་གཏམ་མི་ལབ་པ་དེ་ལ་ཁ་ལན་བྱེད་པར་འགྲོ་ཞེས་སྨྲས། རྒན་མོ་ཁྲེལ་དགོད་ཤོར་ནས། ཁ་ཉིན་རྒྱལ་པོའི་བུ་བློན་གྲངས་མང་བཅས་གླང་ཆེན་ལ་ཡོ་བྱད་སྣ་ཚོགས་བཀལ་གླུ་གར་རྩེ་འཇོ་བྱས་ཀྱང་བུ་མོའི་གཏམ་ཁ་མ་ཁུགས། ཁ་སང་ཕྱུག་པོའི་བུས་ལོངས་སྤྱོད་ (ཤོག་ ༦༢) ཡོ་བྱད་རྟ་མཆོག་ཞོན་བྱུང་ཡང་བུ་མོའི་གཏམ་ཁ་མ་ཁུགས་པར་ལོག་ནས་སོང་། སྤྲང་ཕྲུག་ཁྱོད་ཀྱིས་གཏམ་ཁ་ག་ལ་ཁུག་ཟེར། སྤྲང་ཕྲུག་ནས། ཨ་མ་ལགས་བུ་མོ་དེ་རྒྱལ་བློན་རྣམས་ཀྱི་གཏམ་ཁ་མི་ཁུག་པ་དང་། ཕྱུག་པོའི་བུའི་ཟས་ནོར་ལོངས་སྤྱོད་ཀྱིས་གཏམ་ཁ་མི་ཁུགས་ན། མོ་ལྐུག་པ་ཞིག་ཡིན་ནམ་བྱས། རྒན་མོས་བུ་མོ་ལྐུག་པ་ག་ལ་ཡིན། སྐྱེ་བ་ཚེ་རབས་ཐམས་ཅད་ནས་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་བཞེངས་པའི་སྟོབས་ཅི་སྨྲ་མཁས། སྐྱེ་མཆེད་ཚང་སྐྱེ་བ་སྔ་མ་མང་པོ་དྲན་ནས་ཡོན་ཏན་ཆེ་སྨྲས། སྤྲང་པོས་ལུང་པ་འདི་ན་རྒྱལ་པོ་ལས་སུ་ལྷག །དེ་ལ་ཁ་མ་ལབ་པ་ལྐུག་མ་བས་ལོད་སྨྲས་སོ། །རྒན་མོ་ཞེ་སྡང་ལངས་ནས་སྤྲང་པོ་ཁྱོད་ཉོན་དང་། བུ་མོ་དེ་ཉིད་སྐྱེ་བ་དཔག་མེད་ནས་སྐྱེ་བ་དྲན་ནས་མི་ལ་མི་ལབ་པའི་མོ་སྐྱེ་བ་སྔ་མའི་དུས་བུ་མོ་སྟག་གི་ལུས་བླངས་དུས་ཁྱོ་བོ་དེ་རྔོན་པའི་མདས་བསད། མོ་ལ་སྟག་ཕྲུག་ལྔ་ཙམ་སྐྱེས། ཕ་མེད་ཕྲུ་གུ་རྣམས་ལ་ལྟོ་འཚོལ་བར་སོང་བའི་ཤུལ་དུ་རྔོན་པས་སྟག་ཕྲུག་རྣམས་བསད། མོ་རང་མ་བྲོས་སྟག་ཕྲུག་སར་རྒྱུགས་པས་མོ་རང་བསད། འཁོར་བའི་སྡུག་བསྔལ་ཞིག་ཡིན། ཡང་སྐྱེ་བ་དེའི་རྒྱབ་ལ་བྱ་སྲེག་པའི་ལུས་བླངས་ཤིང་སྤན་ཕུང་གསེབ་ཏུ་ཚང་བཅས་པས་ཕྲུ་གུ་ཚོ་གཤོག་པ་ཁྱོག་ཙམ་ལ་ཕྲུགས་ལུག་རྫི་བོ་མང་པོས་མེ་བརྒྱབ། མོ་ཕྲུ་གུ་ལ་འཁོར་བས་མོ་ཡང་ཚིག །ཕོ་དེས་གཤོག་པ་ཆུ་ལ་བསྒྲེས་ནས་མེ་བཤོལ་ཀྱང་བྱ་ཐབས་བྲལ། ཁོ་རང་བཟའ་ཚང་ཐམས་ཅད་ཚིག །ཁྱིམ་ཐབས་ (ཤོག་ ༦༣) བྱས་པ་ལས་སྐྱོ་བ་མི་སྡུག་པར་བྱུང་འདུག །དེ་ཡི་ཕྱི་མ་ལ་བྱིའུ་ཅོ་ཀའི་ལུས་བླངས། ཕྱུག་པོའི་ཞིང་སྐྱིལ་ཚང་སྐྱིད་པ་བྱས་པ་ལ། སྒོ་ང་དང་ཕྲུ་གུ་རྣམས་ཡོད་ཚེ། ཞིང་ལ་ཆུ་བཏང་བའི་དུས་ཆུ་རྣམས་ཡར་འཁྱིལ། ཕྲུ་གུ་གབ་པ་བཟོས་པས་ཡུར་བ་སྤང་ཁ་བསྒྱུར་བ་དང་ཐུག་སྟེ་འདམ་འོག་ཏུ་མ་བུ་རྣམས་ཤོར། དེ་ལ་ཅོ་ཀ་ཕོ་ཡང་འཁོར་ནས་བསྡད། ཞིང་པ་དེས་ཕྱགས་མ་བརྒྱབ་ནས་ཁོ་ཡང་བསད། སྐྱེ་བ་དཔག་ཏུ་མེད་པ་ནས་དྲན་པའི་སྐྱེས་པ་ལ་གཏམ་མི་ལབ་པ་དེ་ཡིན།
དེ་ནས་ཁོ་རང་ལུང་པའི་ཕུ་ལ་སོང་། བུ་མོ་དེའི་ཐག་ཅིག་བཏགས་ཤིང་འདུག །ཁོ་ནས་འཻ་འདི་འདྲ་བྱས་ངུས་པས། བུ་མོ་ཁོ་ལ་ཡང་མིག་གིས་མ་བལྟས་པ་ཐག་དེ་བཏགས་པ་སྤོས་ནས་ཕ་ཚད་ཅིག་ལ་འདུག །ཡང་རྗེས་ལ་ཁོ་སོང་ནས་འཻ་དེ་འདྲ་བ་ལ་བྱས་ནས་ངུ་ཞིང་བསྡད་པ་ལ། བུ་མོ་དེས་གཏམ་ལབ་སར་མོ་རང་ཁྱིམ་དུ་སོང་བའི་སྒོ་དེ་དམ་པོར་བསྡམས་སོང་བས། ཡང་ཁོ་རྗེས་ལ་སོང་སྒོ་ཐེམ་ལ་སྔས་བྱས་ངུས་ནས། འཻ་འདི་འདྲ་བ་ལ་སྐྱེ་བ་སྔ་མ་ཁྱོད་ཡང་སྟག་གི་ལུས་བླངས། ང་ལྟོ་འཚོལ་ལ་སོང་བ་རྔོན་པས་བསད། ཁྱོད་ཀྱི་ཕྲུ་གུ་ལ་སྦྱིན་རྒྱུ་མ་རྙེད་ང་ལྟོ་འཚོལ་དུ་སོང་ཤུལ་ཕྲུ་གུ་བསད། ཁྱོད་དེ་ལ་འཁོར་ཚེ་ཁྱོད་བསད། དེ་དུས་སྟག་མོ་དེ་ཁྱོད་འདྲ། དེ་མིན་པ་ཡང་ཨེ་ཡིན། དེ་ནས་བྱ་སྲེག་པའི་ལུས་བླངས། སྤེན་མའི་འོག་ཚང་བཅས་རྫིའུས་མེ་ལ་བསྲེགས་ཁྱོད་ཚིག་ངའི་གཤོག་པ་ཆུ་བརྒྱབ་མེ་བལྟིས། དེ་རྒྱབ་ཅོ་ཀའི་ལུས་བླངས་ཤིང་སྐྱིལ་ཚང་བཅས་ཞིང་པས་ (ཤོག་ ༦༤) སྔོ་ཆུ་བཀྱེ་སྐབས་ཁྱོད་མ་བུ་འདམ་འོག་སོང་ང་དབྱུག་པས་བསད། ཨ་སྐྱེ་བ་སྔ་མ་དེ་འདྲ་བྱས་ངུས་པས། མོས་སྐྱེ་བ་སྔ་མ་དེ་དྲན་ནས་རིག་པ་གཏོད་རྒྱུ་མ་བྱུང་བའི་མཆི་མ་ཤར་གྱི་བྱུང་ནས་མོས་སྒོ་ཕྱེས་ནས་ཁོ་རང་རྩར་ཕྱིན་པས། ཁོས་གོང་གི་སྐྱེ་བ་རྣམས་བཤད་པས་མོ་ན་རེ་སྐྱེ་བ་ནས་སྐྱེ་བ་དྲན་པ་གཅིག་ཡིན་ཏེ། ཁྱོད་སྐྱེ་བ་སྔ་མའི་གྲོགས་སུ་འདུག་པ་ད་ནང་དུ་ཤོག །ལན་ཆགས་མ་འཁོར་བ་ཡིན་ཟེར་ནང་དུ་བོས་སོ།།
ཁོ་ཡིས་གོས་ལྷམ་ངན་པ་རྣམས་བསྐྱུར། མོས་གོས་ལྷམ་ལེགས་པོ་རྣམས་བཀོན། ཁྲུས་བྱས། སྤོས་རྩི་བདུག །དེ་ནུབ་ནས་ཁོ་རང་གཉིས་བཟའ་མི་རེད་སོང་། སང་ཁོ་དང་མོ་གཉིས་རྒྱལ་པོའི་ཕོ་བྲང་དུ་ཕྱིན། རེད་རྒྱལ་པོའི་སྤྲུང་ཕྲུག་ལ་རྒྱལ་སྲིད་ཕྱེད་གནང་། ཕྱུག་པོ་བུ་ཡི་ནོར་རྣམས་ཁོ་ལ་བྱིན་ནས་ལོ་ཁ་ཤས་སོང་བ་དང་། བུ་མོ་དེས་སྐྱེ་བ་སྔ་མ་ལ་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་གྱི་ལུང་པ་དེའི་རྒྱལ་པོར་འཁོད་པས། རྒྱལ་སྲིད་ཆོས་བཞིན་དུ་དར་བ་བྱུང་བ་ཡིན་བྱས་པར་གདའ། རྒྱལ་བུའི་ཁ་ནས་མི་བསོད་ནམས་ཆེ་བར་ཟེར་ཤོར་བས། རོ་ན་རེ། རོ་ལ་གཏམ་ལན་བྱུང་ཟེར་འགྲམ་ལྕག་གསུམ་བརྒྱབ་ནས་ཤོར་རོ། །བུ་མོ་ཉི་འབུམ་ཀྱི་སྐྱེ་བ་དྲན་པའི་ལེའུ་སྟེ་བཅུ་པའོ།། །།

༈ དེ་ནས་རྒྱལ་བུས་དེ་སྔར་བཞིན་ཁུར་ཡོང་བས། བླ་མ་ཀླུ་སྒྲུབ་x རྒྱལ་བུ་x རལ་གྲི་x དྲ་བ་x ཐོ་བ་x ཞགས་པ་x ཡིན་ལུགས་སྔོན་བཞིན་སྨྲས་ནས། རོས་ན་རེ། རྒྱལ་བུ་རྒྱལ་བུ་ཟེར། ཡང་ན་ཁྱོད་ཀྱིས་ལམ་ཐག་ (ཤོག་ ༦༥) ཐུང་། ཡང་ན་ང་ཡི་སྒྲུང་ཞིག་བཤད་ཉོན་ཨང་ཟེར། རྒྱལ་བུས་ཅི་ཡང་མ་སྨྲས་པ། ལས་ཟད་ཁྱོད་ཀྱི་ཁ་ལ་གཏམ་མི་འདུག །ལུང་པ་འདི་ནང་རྒྱལ་བུ་གཅིག་ཡོད་འདུག །དེའི་མངའ་འོག་ན་ཕ་མ་སྔ་མོ་ནས་ཤི་བའི་བུ་མོ་སྐྱེ་འབྲས་ལྡན་པ་ཞིག་ཡོད་པར་འདུག །མོ་དང་རྒྱལ་བུ་གཉིས་བསམ་པ་མཐུན་པའི་མཛའ་གྲོགས་ཡིན་འདུག །མོ་ཡི་རྩར་རྒྱལ་བུ་བྱོན་བྱུང་ནས། ང་ལ་རྒྱལ་སྲིད་བཟུང་བའི་བཙུན་མོ་ཞིག་ལེན་པར་འདུག་བཙུན་མོ་དེ་བླངས་ན་ང་འཆི་བར་འདུག་གསུངས་པ་དང་། བུ་མོ་དེས་རྒྱལ་བུ་ལ་ཞུས་པ། ཁྱེད་ཀྱིས་ཆུང་མ་བླངས་ན་དྲག །ཡུམ་གྱི་གསུང་ལྟར་ཆུང་མ་སྔ་ན་ཡབ་མ་བགྲེས་གང་སྲས་ཀྱིས་སླེབས་ནས་འོང་། ཅི་ནས་བཙུན་མོ་ལོངས་དང་དྲག་ཞུས། རྒྱལ་བུས་ན་རེ། ཆུང་མ་ལེན་པར་འདུག་ཀྱང་འཕྲལ་དུ་ང་འཆི་བར་འདུག་གསུངས། བུ་མོས་ཞུས་པ་ཁྱེད་ཀྱི་ཡབ་ནི་སྔ་མོ་ནས་སྐུ་གཤེགས་ནས་མེད། ད་ཡུམ་གྱི་གསུང་ལ་གསན་པར་དྲག་ཞུས་པ་ཡིན་པར་གདའ། དེར་རྒྱལ་བུ་དེའི་ཡུམ་དང་བློན་པོ་རྣམས་ཀྱིས་བཀའ་བགྲོས་ནས་རྒྱལ་བུ་འདི་རྒྱལ་སར་འཛིན་ན་རྒྱལ་པོ་དང་མཉམ་པའི་བཙུན་མོ་ཞིག་ལེན་དགོས་པར་འདུག །རྒྱལ་བུ་དང་མཐུན་པའི་མངའ་འོག་ན་ཕ་མ་དང་རྒྱུ་རྫས་མེད་པའི་བུ་མོ་འདི་དང་འབྲེལ་ཐག་བཅད་དགོས་འདུག་བྱས། ཡུལ་གཞན་ཞིག་གི་རྒྱལ་པོའི་བུ་མོ་བཙུན་མོ་བླངས་པར་གདའ།
བཙུན་མོ་བླངས་ནས་ཟླ་བ་གཅིག་སོང་བ་རྒྱལ་པོ་དེ་བསྙུང་ནད་དྲག་པོ་ཐེབས་ནས། ཉིན་གཅིག་རྒྱལ་པོ་དེ་འཆི་སོང་བར་གདའ་འོ། །སྔ་སོར་རྒྱལ་པོ་དང་མཛའ་བའི་ (ཤོག་ ༦༦) བུ་མོའི་སྒོ་གདོང་དུ་རྒྱལ་པོའི་བླ་འཁྱར་ཏེ་ཕེབས་འོང་བ་དང་། བུ་མོ་ནས་རྒྱལ་པོ་འདས་པ་མ་ཤེས་སོ། །རྒྱལ་པོ་དབུ་སྐྲ་ཟིང་ངེ་བ་བྱས་ནས་སྔར་གྱི་སྐུ་ཤའི་མདངས་མེད་པར་བྱས་ནས་བུ་མོའི་རྩར་བྱུང་བ་ལ། བུ་མོ་དེའི་བསམ་པ་ལ་རྒྱལ་པོ་འདི་བཙུན་མོ་བླངས་ནས་སྙུན་གཞི་དྲག་པོ་ཞིག་ཐེབས་པ་ཡིན་འདྲ་བསམ། རྒྱལ་པོ་ལ་ཞུས་པ། ཁ་སང་བཙུན་མོ་བླངས་པས་ཉིད་ཀྱི་སྐུ་གཤེགས་གསུངས་པ་སྐུ་ཤའི་མདངས་ཤོར་འདུག་ལགས་ཞུས་པས། རྒྱལ་པོས་གསུང་ནས་ཁ་སང་ཆུང་མ་བླངས་ན་ང་འཆི་བར་འདུག་ཁྱོད་ལ་བྱས་པ་ཡིན་རུང་། ད་ང་ན་བ་གཅིག་བྱུང་གསུངས་པས་མོས་ཞུས་པ། ཁྱེད་བསྙུན་རུང་། གཏོ་དང་རིམ་གྲོ་དཔག་མེད་མཛོད། བཙུན་མོ་ཁབ་ཏུ་བཞེས་པ་ཐུགས་ལ་དོགས་པ་མེད་ཞུས། རྒྱལ་པོས་དོ་དགོང་ན་མོ་གཅིག་བྱུང་ཚེ་དབང་ཞིག་བྱེད་ཅིང་ཡོད་པ། ཁྱོད་ལ་ཡང་ང་ཡི་ལུས་པོ་མཐོན་པོ་འདུག་པས་ཕྱིན་པ་དྲག་གསུངས། མོ་ཡི་བསམ་པར་སྔར་ཡིན་ན་རྒྱལ་པོ་གཟི་མདངས་དང་ཆས་རྒྱན་ལེགས་པར་བྱོན་ལ། ད་ལན་ན་བཟའ་ཐུ་བ་ཕྱིར་བརྫེས་ནས་གྱོན་པ་འདི་འདྲ་ཅི་ཡིན་བསམ་མོ་རྣམ་རྟོག་སྐྱེས། རྒྱལ་པོའི་རྗེས་ལ་ཕོ་བྲང་སྒོ་བར་མོ་རང་སོང་ངོ་། །དེར་མུས་རུབ་ཏུ་རྒྱལ་པོའི་ཕོ་བྲང་ལ་དུ་སླེབས་པ་སྒོ་གསེབ་ནས་ཉན་པས་རྔ་སྒྲ་དང་དྲིལ་སྒྲ་བུ་མོས་ཐོས་ནས། རྒྱལ་པོ་ལ་ཞུས་པ། རྔ་སྒྲ་འདི་ཆེ་བར་ཚེ་དབང་སྒྲུབ་པ་མི་འདྲ་ཟེར། བུ་མོ་ཁྱོད་ལ་ང་ཡི་ལུས་པོ་ཡོད་པ་བླ་ཁྱོད་ལ་འཁོར་བ་ཡིན། ང་ཤི་ནས་ཞག་བདུན་སོང་། དོ་དགོང་བདུན་ཚིགས་ཡིན་ཟེར་རོ།།
བུ་མོས་རྒྱལ་པོ་འདས་པ་ཡིད་ལ་མ་བསམ་ (ཤོག་ ༦༧) ཡུམ་བགྲེས་པ་དེ་དང་ངེད་རང་སྙིང་འདྲ་ཁྱེད་འདས་ཟེར་ནས་སྡུག་བསྔལ་དཔག་མེད་བྱས་རྒྱལ་པོའི་ཕྱག་ལ་འཇུས་ནས་ངུས། རྒྱལ་པོ་ད་ངུས་པས་མི་ཕན། ད་ཁྱོད་གླང་ར་དེ་ནང་སྡོད་ཅིག་གསུངས་ནས་དེ་ནུབ་ཁོང་གཉིས་གླང་རར་བྱོན། དེར་གཟིམ་ནས་བཞུགས་པའི་དུས་སུ་བཙུན་མོ་དེ་དང་རྒྱལ་པོའི་མ་གཉིས་རྩོད་འཛིང་འུ་རུ་རུ་འཁྲུགས་ཏེ། མ་དེས་ང་ཡི་བུ་འཆི་འཕྲལ་ལ་བླ་གཡུ་དང་གསེར་གཡུ་མང་པོ་སར་ཁྱོང་ནས་བསྐུང་བཞག་པ་ཁྱོད་ནས་གཡུ་གཞན་མ་ཁུར་ན་རྒྱལ་པོའི་བླ་གཡུ་དེ་གཏན་ན་དྲག་ཟེར་མང་དུ་འཐབ། གཡུ་དྲག་པས་མགོ་བྱས་གསེར་གཡུ་བཅུ་ལྷག་ཙམ་རྒྱལ་པོ་རང་གི་ཁུར་སོང་བ་མོ་ཡི་མ་ཤེས་ནས་ཤི་གསོན་འཚོགས་པའི་འཐབ་མོ་བྱེད་ཅིང་འདུག་པ་དང་། རྒྱལ་བུས་བུ་མོ་ལ་གསུངས་ང་ནི་འཆི་བར་འདུག་བསམས་ཏེ། ཁྱོད་ལ་ང་ཡི་མི་རྒྱུད་ལུས་པོ་འདི་ཡོད་པས། ཁྱོད་ལ་མཁོ་འམ་བསམ་པའི་གསེར་གཡུ་རྣམས་བཙུན་མོའི་ལག་ནས་བླངས་ཏེ་རང་རེའི་ཞིང་གུང་ཆེན་པོ་མ་གིར་ཟུར་ལ་གྲམ་པ་ཆེན་པོ་ཕ་ཀའི་དཀྱིལ་དུ་བསྐུང་ནས་རྡོ་དཀར་ཆེན་པོ་གཅིག་གི་ཐོ་བྱས་ཡོད། སང་ཆོ་ག་ཐོན་ནས་ཨ་མའི་སར་སོང་ལ་གླེང་མོ་ཞིབ་པར་ཤོད། ཁོང་གཉིས་འཛིན་འཐབ་ལ་བཅོལ་ཅིག །ཞེ་རུས་ཡོད་ན་ང་སླ་བར་ཡོད་གསུངས། ཁང་སྟེང་ནས་འདོན་པའི་ཟས་བསྔོའི་སྐད་རྫི་རི་རི་བྱུང་། ཟས་བསྔོ་ཐོབ་པ་རྣམས་ང་ལ་སྟེར་ཞིང་འདུག །ད་འགྲོ་གསུངས་ནས་བྱོན་སོང་།
དེ་ནས་མོ་ལ་བུ་ཆུང་སྐྱེས་སོ། །དེ་ནས་རྒྱལ་པོས་ཟས་སྔོ་བརྒྱ་ཚད་གསོལ། ཐུ་བ་གང་ང་ལ་བྱིན་བྱུང་། ངེད་རང་གཉིས་ཅི་བརྒྱག་ཚད་གསོལ་ལོ། ། (ཤོག་ ༦༨) དེར་རྔ་སིལ་རྣམས་ཅི་སྒྲམ་སྒྲམ་ཟེར་བ་དང་། ང་ལ་ལམ་སྟོན་འདུག་པས་འགྲོའི་གསུང་། བཞེངས་ནས་བུ་མོས་ཐུ་བ་ལ་བཟུང་ནས་རྒྱལ་པོ་མ་མངགས་སོ། །རྒྱལ་པོས་ང་བཟུང་བས་མི་ཕན་སྙིང་ན་བ་ཡིན། ཅི་ལྟར་བཤད་པ་ཚེ་ཨ་མ་ལ་གྱིས་ཁྱེད་རང་ཚོ་ཕྱོགས་ཅིག་སྡོད་གསུངས་པ་དང་། བུ་མོས་ཁྱེད་ཡུམ་དང་མཇལ་ཙམ་བྱེད་པ་བཞུགས་ཞུས་པས། ང་ཡུམ་དང་མཇལ་བའི་སྐལ་བ་མེད། དུས་བཟང་དུས་ང་ཡོང་བ་ཡིན་གསུངས། ཞེ་རུས་ཅན་ཡོད་ན་ལས་སླ་བ་ཡོད་གསུངས། རྒྱལ་པོ་བྱོན་སོང་། བུ་མོ་དེ་རྒྱལ་པོ་བྱོན་པ་དང་བུ་ཆུང་སྐྱེ་བ་སེམས་ནད་སྡུག་བསྔལ་ཆེ་བའི་ཉི་མ་ཤར་རྒྱབ་བར་གླང་ར་ན་ནང་དུ་བརྒྱལ་སོང་ངོ་། །ཉི་མ་ཤར་བ་དང་བ་གླང་གི་རྫིའུ་དེས་གླང་རྣམས་ཉི་མཐོང་དང་རྩྭ་ཆུ་ལ་བཏང་འོང་བས་བུ་མོ་འགྱེལ་འདུག་པ་མཐོང་ནས་གླང་གཡོག་རྣམས་སྐྲག་སྟེ་ཁང་སྟེང་དུ་བརྒྱུགས་ནས་ཡུམ་ལ་ཞུས་སོ།།
རང་རེའི་གླང་ར་གསེབ་ན་མདོང་མེད་པའི་རྒྱལ་པོའི་ཐུགས་མཐུན་འདྲ་བའི་བུ་མོ་གཅིག་བུ་ཆུང་སྐྱེས་ནས་ཁ་སོ་འགྲིག་ནས་ཤི་གདའ་ཞུས་པས། ཡུམ་མགྱོགས་པོར་བྱོན་ཙ་ན་བུ་མོ་བསླང་བུ་དང་བུ་མོ་གང་རེད་བལྟས་པ་ལ་བུ་ཡིན་འདུག་སྟེ། བློན་པོ་རྣམས་ལ་ཞལ་བཀོད་བྱས་པ་འབྲས་ཆང་ལ་བུ་རམ་བཏབ་པ། ཙན་དན་གྱི་གདེང་ཕུལ་དང་། གསུར་དུད་རྣམས་མགྱོགས་པོར་ཁྱེར་ཤོག་གསུངས། བློན་པོ་རྣམས་མི་བྱོན་བྱས་ཀྱང་མི་ཉན་པར་འདུག །འདི་འདྲའི་སྔོ་ལོ་གཅིག་ན་ནང་མི་ནས་འཕྱ་ཡོང་བསམ་རུང་། རྒྱལ་པོ་གྲོངས་པ་ཡང་འདིས་ལན་ཟེར། ཡུམ་གྱི་ཞལ་ནས་བུ་གཅིག་འཆི་བའི་ཚབ་འདི་བྱུང་། (ཤོག་ ༦༩) གསུར་རྣམས་མགྱོགས་པོར་ཁྱེར་ཤོག་གསུངས་པས། ཡུམ་གྱི་བཀའ་བཅག་མ་ཕོད་པར་བློན་ཆེན་རྣམས་ཀྱིས་གསུར་དུད་དང་ཤུག་པ་ཁུར་ནས་སོང་ངོ་། །དེ་མོ་རང་བྱིས་པ་གསུར་བདུག །བྱུག་པ་བྱས། འབྲས་ཆང་བུ་རམ་བཏབ་པ་བླུད་པས་བུ་མོ་གཉིད་སད་པ་ལྟར་མིག་ཧུར་ཧུར་བྱས་ནས་ཡུམ་མཐོང་བ་དང་ལག་པ་ལ་འཇུས་ནས་ངུས་པས་བརྒྱལ་སོང་། ཡུམ་གྱི་ཁྱོད་ངུ་མི་དགོས། གཏམ་གཅིག་བཤད་རྒྱུ་ཡོད་ན་ཤོད་གསུངས། བུ་མོས་ཡུམ་ཆེན་བཙུན་མོ་ཚུར་གསོན་དང་། ཆོས་རྒྱལ་ཆེན་པོས་འདི་སྐད་གསུངས། སྔ་མ་བཙུན་མོ་བླང་སྐབས་ལ། །ཁོང་རང་འདས་རྒྱུ་ཡིན་ནོ་གསུངས། །བསོད་ནམས་ཟད་མ་ང་ཉིད་ཀྱིས། །རྒྱལ་པོའི་གསུང་དེ་ཧ་མ་གོ །ཅི་ནས་བཙུན་མོ་ཁབ་བཞེས་ཞུས། །ལན་པར་འདུག་ན་ཁོང་ཉིད་ཀྱང་། །འཆི་བ་ཡིན་གསུངས་ཧ་མ་གོ །བཙུན་མོ་འདི་ནི་ཟློག་ཅིག་གསུངས། །ཁ་སང་ངེད་ཀྱི་སྒོ་དྲུང་ན། །རྒྱལ་པོ་ཕེབས་ནས་བུ་ཆུང་ལ། །བརླ་ནི་འཁོར་ཡིན་ཅི་ནས་གསུངས། །མདང་གསུམ་གླང་རར་རྒྱལ་པོ་དང་། །ང་ཡང་མཉམ་དུ་བསྡད་པ་ཡིན། །ཡུམ་ཁྱེད་ལ་ཡང་ཆ་བསྐུར་ཞུ། །རང་རེའི་ཞིང་པ་མ་ཀི་ན། །གྲམ་ཕུང་ཐོག་ལ་རྡོ་དཀར་ཐོ། །འོག་ན་བླ་གཡུ་རིན་ཆེན་གསེར། །ཡོད་གསུང་རྒྱལ་པོ་ཉིད་བདེན་ན། །ཚེས་བཟང་དུས་བཟང་མཇལ་ལོ་གསུངས། །རྒྱལ་པོ་འཇུས་ཅང་བྱོན་ཤོར་བའི། །ང་རང་དྲན་མེད་བརྒྱལ་སོང་ཞུས། །ཨ་མ་བཙུན་མོ་དེས་ད་ཁྱོད་སྟེང་གི་ཕོ་བྲང་ལ་འགྲོ་ཟེར་ཁྲིད། རྒྱལ་པོས་དེའི་ཕྱི་ཕྱིང་དཀར་ནང་རྒྱ་དར་ལས་བྱས་པའི་འབོལ་སྟེང་བཞག །ཡུམ་ (ཤོག་ ༧༠) དང་བློན་པོ་རྣམས་ཀྱི་སྲས་འབྱུང་བ་རྒྱལ་རྒྱུད་མ་ཆད་དགའ་ཟེར་རོ།།
དེ་ནས་ཚེས་པ་བཅོ་ལྔའི་ཐོ་རངས་ཁར་སིལ་སིལ་བྱས་བྱུང་། མོ་ཡི་བསམ་པར་ཁ་ས་འདི་འདྲ་ཡོད་བདེན་མེད་པ་རྒྱལ་པོ་བྱོན་འོང་བ་ཨེ་ཡིན། བུ་ཆུང་ཁྱེར་བའི་འདྲེ་ཡིན་ལས་ཆེ་བསམ་བལྟས་པས། རྒྱལ་པོ་ཕེབས་བྱུང་བུ་མོ་མ་ལ་སྡོད་གསུངས་པས་བ་སོ་དང་རུས་རྒྱན་གྱིས་སྤྲས་ནས་ཕེབས་བྱུང་། མོ་ཡི་རྩར་ཡུད་ཅིག་བཞུགས་ནས་གཟིམས་སོ། །བུ་མོའི་བསམ་པར་ཡུམ་ལ་རྒྱལ་པོ་བྱོན་རྒྱུ་ཡོད་ཞུས་ཡོད་ཀྱང་མི་བདེན་བསམ་འདུག་པ། ད་ལན་ལག་རྟགས་ཤིག་ལེན་བསམ་སྐུ་རགས་ག་ལེར་འཐེན་ཏེ་བུ་ཆུང་སྔས་འོག་བཅུག་བཞག་པ་དེར་ནམ་གསལ་བ་དང་། རྒྱལ་པོས་ང་འགྲོ་དགོས་བཀའ་བཀྱོན་ཡོང་གསུངས་ནས་བཞེངས་བྱུང་། སྐུ་རགས་བུ་ཆུང་འོག་ཏུ་ཤོར་ལགས་ཞུས་པས། ད་བུ་ཆུང་ངུས་ཡོང་ཟེར་ནས་སྐེ་རགས་བཞག་ནས་རྒྱལ་པོ་གཤེགས་སོ།།
ཉི་མ་ཤར་བ་དང་མོས་རྒྱལ་པོའི་སྐེ་རགས་ཁྱེར་ནས་ཨ་མའི་རྩར་སོང་། མདང་རྒྱལ་པོ་བྱོན་བྱུང་ལགས་ཞུས། དེ་ང་ལ་མི་ཟེར་བ་ཁྱོད་རྫུན། ཤི་ནས་འཕྲད་པ་མི་འདུག་ཟེར་བས་བུ་མོས་བྱོན་ངོ་མ་བྱུང་། སྐུ་རགས་འདི་ལག་རྟགས་ཡིན་བྱས་པས། སྐུ་རགས་མཐོང་བ་དང་མ་བརྒྱལ་སོང་། དེ་རྒྱལ་བུ་མོ་ལ་རྩིས་ཇེ་ཆེར་སོང་ནས་ལན་གཅིག་བྱོན་རྒྱུ་འདུག་ན་ང་དང་འཕྲད་ཐབས་ཅི་ནས་དགོས་ཟེར་བ་དང་། ཡང་ཟླ་བ་གཅིག་གི་ཚེས་བཅོ་ལྔ་ནུབ་མོར་སྔོན་ལྟར་སིང་སྒྲ་ཆེན་པོ་བྱུང་བུ་མོས་རྒྱལ་པོ་བྱོན་པར་ཤེས་ནས་ཡུམ་ལ་ཆ་བྱེད་བསམ་མགྱོགས་པོར་ལངས་ནས། རྒྱལ་པོས་མ་འགྲོ་སྡོད་གསུངས། ང་ཡུམ་གདན་འདྲེན་འགྲོ་ལགས་ཞུས་པས་ (ཤོག་ ༧༡) ཁྱོད་དང་ང་སྐབས་སྐབས་འཕྲད་རྒྱུ་ཡོད་པ་འདི་ཁྱོད་ནས་མེད་པ་ཞིག་བྱེད་འདུག །མ་དང་ཁྱོད་མཉམ་པོར་སྡོད། འཕྲད་ཐབས་ཤིག་ཡོད་ཀྱང་། ཁྱེད་ཚོས་མི་ཐུབ་གསུངས། བུ་མོས་ཞུས་པ། མ་དང་ཁྱེད་འཕྲད་ཐབས་ཡོད་ན་ངས་འཆི་སྲོག་ལ་ཐུག་ཀྱང་ནུས། ཁ་རོག་སྡོད་གསུངས། ཡང་བུ་མོས་ཞུས་པ། ཀྱཻ་རྒྱལ་པོ་ཆེན་པོ་ལགས། མ་གཅིག་བུ་གཅིག་དཔྲལ་བའི་མིག །སྲས་ཡུམ་འཕྲད་པའི་ཐབས་ཡོད་ན། །རྒྱལ་རྒྱུད་འཛིན་པའི་སྲས་འདི་ཡོད། །དཀའ་ལས་བྱུང་རུང་སྒྲུབ་ལགས་ཞུས། །ཡང་རྒྱལ་པོ་ནས་ཁྱོད་སྲོག་ལ་མི་ཕངས་སྒྲུབ་ནུས་ན། ཐབས་ཡོད་གསུངས། ལས་ཅི་ལ་ཐུག་ཀྱང་ཐུབ་ལགས་ཞུས་པས། རྒྱལ་པོས་ཁྱོད་བུད་མེད་ནག་མོ་ཞེ་རུས་ཆུང་། བུ་ཆུང་ཡོད་པ་བསྐྱུར་མི་ནུས། ཐབས་མི་ཐོན་ཁ་རོག་སྡོད་དང་དགའ་གསུངས་སོ། །སྲོག་ལ་ཕངས་སེམས་མེད་པ་ན། །ཉོན་དང་ང་ཡི་བཤད་པ་ཡིན། །རང་ས་འདི་ནས་ཕར་ལ་འགྲོ་བའི་བདུད་ལུང་ནག་པོ་ཡོད་པའི་ནང་དུ་སོང་། ཆུ་མིག་ཞིམ་པོ་ཁྱད་འཕགས་ཡོད། དེ་མཐོང་བ་དང་། ཆུ་མིག་ཁྱོད་སྐྱུག་བྲོ་བ་སྔར་ནས་མཐོང་མ་མྱོང་ཟེར་བ་གྱིས་ལ་ཁ་གང་ཁྱེར་ལ་རྒྱུགས།
དེ་ནས་ཕར་ཕྱིན་པས་ཆུ་རྣག་ཁྲག་འབབ་པ་གཅིག་ཡོད། དེ་ལ་སྔར་མཐོང་མ་མྱོང་ཁྱོད་ལས་ཞིམ་པ་དང་འབྲོང་གཙང་བ་གྱིས་ལ་ཧུབ་གཅིག་འཐུང་། འོག་ལ་བཀུས། དེ་ནས་ཡར་ཕྱིན། མཆོད་རྟེན་ལེགས་པོ་ཁྱད་འཕགས་ལ་ཁྱོད་སྐྱུག་བྲོ་མཐོང་མ་མྱོང་། བྱིན་རླབས་མེད་གྱིས་ཕྱི་སྐོར་གྱིས་ལ་རྒྱུགས། དེ་ནས་ཡར་ཕྱིན་ཁྱི་ལུད་མཆོད་རྟེན་ལ་སྔར་མ་མཐོང་ (ཤོག་ ༧༢) བའི་མཆོད་རྟེན་བྱིན་རླབས་ཆེ་གྱིས་རྒྱུགས། དེ་ནས་ཡར་ལ་རྒན་མོ་ཡོས་རྔོ་མི་ལ་སྐམ་པ་བྱིན། དེ་ནས་ཡར་སོང་བུ་ཚ་གཉིས་རྩྭ་ཆུན་རེ་ལ་མ་དུམ་ནས། རྩོད་པས་རྩྭ་ཆུན་རེ་རེ་བྱིན། དེ་ནས་ཡར་ཕྱིན་ཁྱི་རྒན་གཉིས་རུས་པ་གཅིག་ལ་མ་དུམ་པ། དེ་ལ་རུས་པ་རེ་རེ་བྱིན། དེ་ནས་ལྕགས་ཁང་སྒོ་བཞིར་སོང་། བདུད་པོ་བདུད་མོ་སྔགས་ཆས་ཞུགས། དཀྱིལ་འཁོར་མཐའ་དབུས་སྙིང་མང་པོ་བསྐོར་ང་ལོངས་མང་པོ་ཟེར་མི་ཡོད། དཀྱིལ་འཁོར་དབུས་ན་གཞན་ལས་ཆུང་། ང་ནི་མ་ལེན་ཟེར་བ་ཡོད། གཞན་དང་མི་འདྲ་དམར་ཁྲ་སྣུམ་འགྲོ་དོན་ཡིན་པས་དེ་ལེན་དགོས། སྔགས་པ་མཐུ་སྟོབས་འཇིགས་རུང་ཆེ། །དེ་ལ་སྐྲག་ནས་མི་ལོན་གསུངས། །བུ་མོས་ཞུས་པ་རྒྱལ་པོ་ཁྱེད། །བཞུགས་རྒྱུ་བྱུང་ན་སྲོག་ལ་མཐུད། །རྒྱལ་པོས་གསུངས་པ་ཁྱོད་འགྲོ་ཀ་ཐེ་ཚོམ་མ་བྱེད། ཁ་མ་སྦུབ་རུམ་དུ་ཆུག །ཕོ་བྲང་མ་སླེབས་པར་ཕྱི་མིག་མ་ལྟ་བར་ཤོག་དང་འཕྲད་རྒྱུ་ཡོད་དེ་བུ་མོས་ཨེ་ནུས་གསུངས། བུ་མོས་ཞུས་པ། དཀའ་བའི་ལས་རྣམས་ཁོ་མོས་སྒྲུབ། །ཡུམ་སྲས་མཇལ་བའི་སྨོན་ལམ་ཞུ། །ཞེས་ཞུས། རྒྱལ་པོས་ད་ཁྱོད་ཕོ་བྲང་ནང་མ་སླེབས་པར་ཕྱི་ལྟས་མི་ཉན་གསུངས་ནས་གཤེགས་སོ།།
བུ་མོ་ཡུམ་གྱི་དྲུང་དུ་ཕྱིན་ཏེ་རྒྱལ་པོའི་གསུང་རྣམས་ཞུས། བཙུན་མོ་དགའ་སྟེ་འགྲོ་དུས་ནམ་ཡིན་གསུངས། ཉི་ཤུ་དགུ་ལ་འགྲོ་བར་ཞུས། དེའི་ནུབ་མོ་རྒྱལ་པོས་གསུངས་པའི་དགོས་ཆ་བསྐུར་ནས་སོང་། ལུང་པ་དེ་ནང་ཕྱིན་པས་ཆུ་མིག་ཞིམ་པོ་ཁྱད་འཕགས་འདུག །སྔར་མཐོང་མ་མྱོང་སྐྱུག་བྲོ་ (ཤོག་ ༧༣) ཁྱེད་ལས་བཙོག་པ་མེད་སྨྲས་པ་ཞིག་བཏབ། ཆུ་མིག་རྣག་ཁྲག་ཅན་མཐོང་ཚེ་ཁྱོད་ལས་ཞིམ་བྱས་ཧུབ་གཅིག་འཐུང་། ཁྲུས་བྱས། མཆོད་རྟེན་ལེགས་པོའི་རྩར་སླེབས། མཐོང་མ་མྱོང་སྐྱུག་བྲོ་བྱས་ཕྱིར་བསྐོར་འགོམ་ཡུག་བྱས། མཆོད་རྟེན་བཙོག་པའི་རྩར་སླེབས་ཚེ། སླར་མཐོང་ཁྱེད་བྱིན་རླབས་ཆེ་བྱས་ཏེ་བསྐོར་ནས་ཡར་ཕྱིན། རྒན་མོ་ཡོས་རྔོ་མི་ལ་སྐམ་པ་བྱིན། དེ་ནས་ཡར་འོང་བ་བུ་ཚ་གོས་མེད་པ་ལ་གོས་བྱིན། རེས་ཚེ་གཉིས་ལ་རྩྭ་ཆུན་རེ་བྱིན། ཁྱི་རྣ་གཉིས་མ་དུམ་པ་ལ་རུས་པ་རེ་བྱིན། དེ་ཤར་སྒོའི་ནང་སོང་བས་སྔགས་པ་ལ་རྔ་རྡུང་འཕྲོ་ལ་གཉིད་པ་དང་ལ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཟེར་འཕྲོ་ལ་གཉིད་དུ་འདུག །མོ་འཇབ་ནས་སོང་བ་ལ་བྱིན་པ་འདར་སི་ལེ་བ་བྱུང་། ང་མ་ལེན་ཟེར་བའི་སྙིང་ཐེ་ཚོམ་མེད་པར་བླངས་ནས་རུམ་དུ་བཅུག་ནས་བྲོས། ཁྱི་གཉིས་རྩར་སླེབས་པ་ལ་སྔགས་པས་གོ་ནས་རལ་པ་བསིགས་མཆེ་བ་ལེན་ཕུར་ཙམ་བྱས། གཡས་ནས་ཕོ་བདུད་དང་གཡོན་ནས་མོ་བདུད་ཤ་ར་ར་རྒྱུག །ཁྱི་རྒན་གཉིས་དེ་ཟུངས་ཟེར་བ་དང་། ཁྱི་གཉིས་ཀྱི་ངེད་རང་གཉིས་རུས་པ་མ་འཆམ་པ་བསྒོས་དམ་རེ་རག་མོ་དྲིན་ཆེ། ཁྱོད་རང་ཐར་ཚེ་བྲོས་ཟེར་ནས་མངག་གོ །རིས་ཚེ་རྩར་མོ་སླེབས་པ་ལ་དེ་ཟུངས་བྱས་པས། ངེད་གཉིས་རྩྭ་སྟེར་མཁན་མོ་དྲིན་ཆེ་ཐར་ཚེ་བྲོས་ཟེར་བཏང་ངོ་། །ཡང་མོ་བུ་ཚ་གཉིས་རྩར་སླེབས་པས་དེ་ཟུངས་བྱས་པས། བུ་ཚ་གཉིས་ཀྱི་གོས་སྟེར་བས་མོ་ལས་དྲིན་ཆེ་བ་མེད་ཐར་ཚེ་བྲོས་ཟེར་བཏང་། ཡང་རྒན་མོའི་རྩར་སླེབས་པ་ལ་རྒན་ (ཤོག་ ༧༤) མོ་དེ་ཟུངས་ཟེར། རྒན་མོས་ང་ལ་སྐམ་པ་བྱིན་ནས་མོ་དྲིན་ཆེ་ཟེར་བཏང་ངོ་། །ཡང་མཆོད་རྟེན་ངན་པ་ལ་ཟུངས་ཟེར། ང་ལ་ཕྱག་འཚལ་བྱིན་རླབས་ཞུ་མཁན་འདི་ལས་མེད་ཚེ་ཐར་ཚེ་བྲོས་ཟེར། མཆོད་རྟེན་བཟང་བའི་རྩར་སླེབས་ཚེ་དེ་ཟུངས་བྱས་པས་འདི་འདྲའི་ཁ་ཡང་མི་ཟེར་ནས་བཏང་ངོ་། །དེ་ནས་བྲོས་འོང་བས་ཆུ་མིག་རྣག་ཁྲག་ཅན་དུ་སླེབས་པ་དེ་ཟུངས་བྱས། སྐྱུག་བྲོ་བའི་ཆུ་མིག་ལ་བསྟོད་ར་བྱེད་པ་མོ་ལས་མེད་ཁྱེད་ཐར་ཚེ་སོང་ཟེར། ཆུ་མིག་ལེགས་པར་སླེབས་པ་དང་། དེ་མ་མངག་ཟེར་འདི་འདྲའི་ཡ་བོ་མི་ཡོང་ཟེར། གཙང་མ་བྱས་ན་རྨས་ར་བྱེད་པ་གཏོར་འོང་ཟེར་མོ་ཐར་རོ།།
དེ་ནས་ཕོ་བྲང་སྒོ་དྲུང་ནང་ཚུད་པ་དང་། ཕྱི་ལྟས་ཤོར་བས་རྒྱལ་པོ་ནང་ལ་ཕེབས་འདུག་མ་ལྟ་གསུངས་པས་རྒྱལ་པོའི་སྤྱན་གཡོན་པ་ལ་སྐྱོན་ཨན་ཙམ་བྱུང་བར་གདའ་འོ། །དེ་རྒྱལ་པོའི་ཐུགས་ལོན་ཡུམ་སྲས་འཕྲད་པ་བློན་པོ་དང་བཙུན་མོ་བཅས་དགའ་སྐྱིད་ཤི་གསོན་འཕྲད་པའི་དཔེ་བྱུང་། བུ་མོ་དེ་ལ་སྲས་ལྕམ་སྲིང་ལྔ་བྱུང་། སྔ་མའི་བཙུན་མོ་ཕྱིར་བཏང་། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་བུ་མོ་དེའི་བསམ་པ་སྣ་གཞུང་ཕོད་པ་ཟེར་ཤོར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་། ཟེར་ནས་སྔར་ལྟར་འཕུར་ཤོར་རོ། །བུ་མོ་དེས་རྒྱལ་པོའི་བླ་གཤིན་ཡུལ་ནས་བླངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།

༈ ཡང་དེ་ནས་རྒྱལ་བུ་སྔར་བཞིན་དུར་ཁྲོད་དུ་སོང་ནས་ཁྱོད་རོ་གོག་བབ་བམ། ངས་སྡོང་པོ་བསྒྱེལ་བྱས་ནས་རལ་གྲི་འཕྱར་ཐོ་བ་བཟུང་ཞགས་པ་ཁུར་བས་རོ་དེ་བབས་བྱུང་བ་དང་། (ཤོག་ ༧༥) དྲ་བར་བཅུག་ཞགས་པས་བསྡམས་ཁུར་འོང་བས་རོས་རྒྱལ་བུ་ལགས་ཉི་མ་ཡང་རིང་། ཁྱོད་ཉོན་དང་ངས་སྒྲུང་བཏང་གིས་ཟེར། ལུང་པ་ཆེན་པོ་འདི་ན་རྒྱལ་པོ་བསོད་ནམས་དང་མངའ་ཐང་འཁོར་དང་ལོངས་སྤྱོད་ཆེ་བ་རིགས་བཙུན་པ་ཞིག་བཞུགས་པ་ལ། དེ་དང་མཉམ་པའི་བཙུན་མོ་སྟེར་མཁན་ཡོད་འདུག་པ་ལ། རྒྱལ་པོ་དེས་བཙུན་མོ་ལེན་པ་ལ་བབརྟག་དཔྱད་ཞིབ་ཏུ་དགོས་དགོངས་ནས། རྒྱལ་པོ་དེ་དཔྱད་མཁྱེན་མཁས་ཤིང་མཁྱེན་རྒྱ་ཆེ་བ་ལ། ཡུལ་གཞན་ཞིག་ལ་ཕ་མ་རྒན་རྒོན་གཉིས་ལ་བུ་མོ་བསོད་ནམས་ཅན་སྤུན་གསུམ་ཡོད་པ་སློང་ན་སྟེར་བར་འདུག་ཅིང་། སྤྱང་གྲུང་དང་བཟང་ཞིབ་བལྟ་དགོས་སྙམ་ནས། རྒྱལ་བུ་དེས་ཁྱི་རྒན་ཞིག་ལ་སྤྲུལ་ནས་ནས་ཁལ་གཅིག་ཁུར་ནས་རྒན་རྒོན་སྒོ་རྩར་ཕྱིན་ནས། རྒན་མོ་ཆུ་ལག་བྱུང་བ་ལ་ཁྱི་རྒན་དེས་འ་འུ་འི་ཨ་མ་རྒན་མོ་ང་ཡི་ནས་ཁལ་གཅིག་འདི་ཉ་ར་གྱིས་སྨྲས་པས་རྒན་མོས་ན་རེ་ཉ་ར་བྱས་ཆོག་བྱས་སོ། །ཁྱི་རྒན་ནས་ང་རང་ནམ་ལེན་བྱུང་ན་ངའི་ནས་ངོ་མ་དགོས་བྱས་པ་དང་། རྒན་མོས་ནམ་ལེན་འོང་ཟེར། ནམ་འོང་ངེས་པ་མེད་ཟེར་ནས་ཁྱི་དེ་ལོག་སོང་ངོ་།།
དེ་ནས་ལོ་འགའ་སོང་བ་དང་། ཁྱི་ནས་ནས་ལེན་མ་བྱུང་། རྒན་མོ་ལ་རྒན་པོས་སྨྲས་པ། ཁ་སང་ནས་གཏམ་པའི་ཁྱི་དེ་ཁྱི་རྒན་རལ་པ་ཉི་ལེ་བ་ཅིག་འདུག་པ་ཁྱི་ཚེ་ལོ་དགུ་ལས་མེད། ད་ཙམ་འཆི་ཚར་བས་ཨེ་ལེན་ནས་ལན་མ་བྱུང་། ནས་ངོ་མ་དགོས་ཟེར་འདུག་ཀྱང་དངོས་པོ་ཡང་མི་དགོས་ནས་དེས་ཆང་ཞིག་ཚོས་བྱས་པས་རྒན་ (ཤོག་ ༧༦) མོ་ནས། ཁ་སང་ནས་ངོ་མ་དགོས་ཟེར་བ་བཞག་པ་དྲག་སྟེ། ནས་བཟང་པོ་ཞིག་འདུག་པ་སྐྱིན་པོ་འཇལ་ན་ཆོག་ཟེར་ནས་ཆང་བཙོས་སོ། །དེ་ནས་ཞག་གཅིག་སོང་བ་དང་ཁྱི་དེ་ཆུ་ཁར་རྩེབས་བྱུང་། བུ་མོ་ཆེ་བ་ཆུ་ལེན་པ་ལ་ཐུག་སྟེ། ཁྱིས་བུ་མོ་ལ་སྨྲས་པ། འ་འུའི་བུ་མོ། ཁྱེད་ཀྱི་ཨ་མ་ལ། ངའི་ནས་གཏམ་པ་དེ་དགོས་གྱིས་བྱས་པས་བུ་མོས། ཨ་མ་ཁ་སང་ནས་གཏམ་པ་དེ་དགོས་ཟེར་བ་ཁྱི་རྒན་སླེབས་འདུག་བྱས་པས། འོ་ན་ཁོ་ནང་ལ་ཤོག་བྱས་བོས་སོ། །ཨ་ཕོ་ཁ་སང་ཕན་བསྒུགས་ནས་མ་བྱུང་ན། ནས་སྣོད་དེ་མཁོ་བར་བྱུང་བས་ང་རང་གི་ནས་དང་བསྲེས་སོ་བྱས་པས། ཁྱི་རྒན་གྱིས་ང་ཡི་ནས་བསྲེས་ཚར་ཡང་ངོ་མ་ཚུར་བསལ་དགོས། དེ་འདྲ་ང་ཡི་ནས་ངོ་མ་མ་བྱུང་ན་མི་ལེན་ཟེར། རྒན་མོས་དེ་ཡིན་ན་ཁྱོད་རང་ནས་ལེན་པར་འཕྲལ་དུ་ཅི་ལ་མི་འོང་བྱས། ཁྱི་རྒན་ནམ་ཡོང་ཆ་མེད་ཁྱོད་ལ་བྱས་པ་ཨེ་མི་ཡིན། ཁྱོད་ནས་ངོ་མ་མི་སྤྲད་ན་ཚབ་བུ་མོ་དགོས་སྨྲས། རྒན་རྒོན་བྱ་ཐབས་མ་བྱུང་། བུ་མོ་ཆེ་བ་ཁོས་ཁྲིད་ནས་འོང་བས། ཆུ་ཆེན་པོ་ཞིག་འདུག་པ་ལ། འུ་འུའི་བུ་མོ་རང་ངས་ཁུར་བྱས། མོ་ཁྱི་ལ་ཁུར་བཅོལ་ལོ། །ཁྱིས་ཁྱོད་སྤྱང་པོ་མི་འདུག་བསམས་ནས་བྲག་ནང་ནས་ཡར་འོང་ཕུག་ནང་ཕྱིན་པ་དང་། ཁྱི་རྒན་གྱིས་གདན་ཆས་བཟའ་བཏུང་བསྐུང་བ་དེར་ཁྲིད་སོང་། ཁྱི་རྒན་གྱིས་སྨྲས། མར་ (ཤོག་ ༧༧) ཐུད་ཟོ་ང་ལའང་བྱིན། ཁྱོད་རང་གདན་ལ་སྐྱིད་པོ་གྱིས་སྡོད། བུ་མོའི་བསམ་པ་ཁྱི་རྒན་ལྟོ་ཉག་པོར་དགའ་རབ་འདུག་གྲོ་མ་ཉག་བླུད། མོས་ཤ་ཐུད་བརྒྱག་ཚད་ཟོས། མོ་རང་ལ་གནད་གསུམ་དང་ཁྱི་ལ་གཅིག་བྱས། ཁྱིའི་བསམ་པར་བུ་མོ་འདི་གླེན་ལྐུག་དྲེད་མ་ངན་པ་འདུག །མོ་ལ་བསོད་ནམས་ཨ་ལ་ལ་སྟེ་སྤྱང་གྲུང་འཛོམས་པ་ཞིག་དགའ་བསམ། ཁྱིས་མོ་ལ་སྨྲས་པ། ད་ཁྱོད་ང་དང་འཕྲད་འགྲོ་ངེད་རང་གཉིས་ཀ་འགྲོ་སྨྲས། ཁོ་གཉིས་མ་ཡི་རྩར་སོང་། ཁྱི་དེ་ཕྱི་སྒོར་བསྡད། མོ་ནང་དུ་སོང་། མས་བུ་མོ་སྐྱིད་པོ་ཨེ་བྱུང་སྨྲས། བུ་མོས་སྐྱིད་པོ་བྱུང་ཟ་གྱོན་འདུག་སྨྲས་སོ། །ཨ་ཕོ་ཁྱི་རྒན་གར་སོང་ཟེར་རོ།།
བུ་མོས་སྒོ་ལ་ཡོད་བྱས་མས་བུ་མོ་གླེན་མ་གཏི་ཐུག་ཁྱི་ནང་བོས་ཟེར། མས་ཨ་ཕོ་ཁྱི་རྒན་བྱོན་ལགས་བྱས། འ་འུའི་ཨ་མ་རྒན་མོ་ཁམས་བཟང་ཟེར་ནས་བསྡད། རྒན་རྒོན་གཉིས་ནས་བཟའ་བཏུང་དྲངས། ཁྱིས་སྨྲས་པ། ང་ལ་ཁྱེད་ཀྱི་བུ་མོ་འབྲིང་བ་སློང་བྱས། ཨ་ཕོ་ཁྱི་རྒན་སྔོན་མ་སྐྱིད་ནས་བུ་མོ་བྱིན་ཆོག་ཟེར། དེར་ཁོང་གཉིས་འོང་བས་སྔོན་གྱི་ཆུ་རྩར་སླེབས། འ་འུའི་བུ་རང་ངས་ཁུར་བྱས། ཨ་ཕོ་ལགས་ཁུར་མི་དགོས། གོས་ལྷམ་ཁུར་རོགས་གྱིས་བྱས་ཕྱོགས་གཅིག་བསྡམས་ནས་ཁྱི་ལ་བཀལ། ཨ་ཅེ་སྔོན་མ་བས་འདི་ཅུང་དྲག་བསམས། སྔོན་ལྟར་བྲག་ནང་ཁྲིད་ནས་བུ་མོ་གདན་ཐིངས་ཤ་མར་ཟོ་ང་ལའང་བྱིན་བྱས་པས། ཤ་རུས་ཕྱེ་མ་ཁྱི་ལ་བྱིན་ནས་མོ་རང་བརྒྱག་ཚད་ཟོས། ཁྱིའི་བསམ་པར་སྔོན་མ་ལས་ (ཤོག་ ༧༨) སྤྱང་ཙམ་འདུག་སྟེ། གདམ་ཀ་བུ་མོ་ཆུང་བའི་སྤྱང་གྲུང་ལྟ་དགོས་སྙམ་མོ། །བུ་མོ་ལ་སྨྲས་པ་བུ་མོ་རང་ཕ་མ་རྒན་རྒོན་དང་འཕྲད་དུ་འགྲོ་ཟེར་ནས་ཤ་ཁོག་ཅིག་ཁུར་ནས་ཁོ་རང་གཉིས་ཕྱི་སྒོའི་རྩར་སླེབས་པ་དང་། བུ་མོ་ནང་སོང་རྒན་རྒོན་གྱིས་བུ་མོ་བྱོན་ནམ་སྐྱིད་པོ་ཨེ་འདུག་སྨྲས། སྐྱིད་པོ་བྱུང་ཟེར་རོ། །ཨ་ཕོ་ཁྱི་རྒན་གར་ཡོད་སྨྲས་པས། ཁྱི་རྒན་རྒྱབ་ལ་ཡོད་བྱས་པས་བུ་མོ་གཉིས་གླེན་མ་ཞིག་འདུག་ཁྱི་ནང་དུ་ཁྲིད་ཟེར་ནས་ཨ་མས་ནང་དུ་ཁྲིད། ཁྱི་རྒན་ཁྱིམ་དུ་སླེབས་པས། ཨ་ཕོ་ཁྱི་རྒན་ལགས་བྱོན་ནམ་བྱས་པས། འ་འུ་ཨ་མ་རྒན་མོ་ཁམས་བཟང་ཟེར་རོ།།
དེ་ནས་བཟའ་བཏུང་སྣ་ཚོགས་པ་དྲངས། ཁྱི་རྒན་ནས་ཨ་མ་རྒན་མོ་བུ་མོ་ཆུང་བ་ང་ལ་སྟེར་དགོས་སྨྲས་པ་དང་། རྒན་རྒོན་ནས་བུ་མོ་རྣམས་སྐྱིད་པོ་འོང་སི་བས་ལེགས་ཞུས་པ་དང་། ཁྱི་རྒན་གྱིས་བུ་མོ་ཆུང་མ་དེ་ཁྲིད་ནས་འོང་བས་སྔོན་གྱི་ཆུ་འགྲམ་དུ་སླེབས་པ་དང་། བུ་མོ་ངས་ཁུར་བྱས་པས། བུ་མོས་ན་རེ་ཁྱོད་ནས་ང་ཁུར་མི་ཐེག །ཁྱེད་ཁྱི་ཡིན་ན་འོང་ང་ཕ་མས་ཕུལ་བ་ལ་བཟའ་མི་ཡིན་རེན་ཁྱེད་ཀྱིས་ཁུར་མི་ཉན་ལགས་སྨྲས་པ་དང་། ཁྱི་རྒན་དེ་ཉིད་ཐུགས་གཏིང་ནས་མགུ་བ་དང་། འོ་ན་ལྷམ་ངས་ཁུར་ཟེར་ནས་ལྷམ་ཁྱེད་ལ་བཀལ་བ་མི་ལེགས། ལྷམ་དེ་མོ་རང་སྐེད་ལ་བསྒྲོག་ནས་ཆུ་བརྒལ་སོང་བ། སྔོན་གྱི་གནས་མལ་དུ་སླེབས། ཁྱིས་སྨྲས་པ་བུ་མོ་སྐྱིད་པོ་གྱིས་ཤ་མར་ཟོ་ང་ལའང་བྱིན་ཟེར་བ་དང་། བུ་མོས་ཤ་བཙོས་མར་བཞུས་ཁྱི་ལ་དྲངས་མོ་རང་ཟོས་པ་ལས། ཁྱི་ལ་གདན་ (ཤོག་ ༧༩) མཐུག་པོ་དང་མོ་རང་ལ་སྲབ་མོ་བཏིང་། བུ་མོ་སྔོན་མ་གཉིས་ལས་འདི་དགའ་འམ་སྙམ་བྱས་པ་དང་། བུ་མོས་ཞུས་པ་ཨ་མས་ཁྱེད་ལ་ང་བྱིན་པ་ལ། ཁྱེད་ཁྱི་ཡིན་པ་ལ་ང་འགྱོད་པ་མེད་ལགས་ཞུས་པ་དང་། སྔོན་གྱི་ཁྱི་ལུད་རྣམས་འཕྱག་ནས་སྣོད་བ་མོ་པོ་རང་བྱས་སོ།།
རྒྱལ་པོ་ཁྱི་ལ་བཞེངས་པའི་ཐུགས་ལ་བུ་མོ་བསོད་ནམས་དང་སྤྱང་གྲུང་འཛོམས་པ་འདི་གཏན་གྱི་གྲོགས་ལ་ལེགས་པར་ཤོར། ཁྱི་དང་བུ་མོ་གཉིས་འགྲོགས། ཡུན་རིང་བས་མོ་ལ་ཁྱི་ཕྲུག་མང་དུ་འཁྲུངས། རྒྱལ་པོ་ཁྱི་ཕྲུག་དེས་མོ་ལ་གསུངས་པ། འོ་སྐོལ་འདི་ལ་སྡོད་པའི་ཕ་ཡུལ་མིན་སྨྲས། བུ་མོ་ནས་ཁྱི་ལ། ཁྱི་གུ་འགྲོ་རྒྱུག་མ་ཐུབ་པར་ཐབས་ཆ་གདན་གོས་ག་ལ་ལྕོགས་རྒྱུ་མང་ཁྱི་ཡིས་བསུབས་ནས་འོང་། མི་སྔོན་ཁྱི་ཕྲུག་ཁུར་བ་འདི། བདག་ཀྱང་ངོ་ཚ་གཏིང་ནས་ཆེ། འགྲོ་ཐབས་ཡེ་ནས་མ་མཆིས་ལགས་ཟེར་བས། ཁྱི་ནས་ཐབ་ཆ་གདན་གོས་བྲག་ནང་ལ་ང་ཡི་གྲོགས་པོས་ཉ་ར་བྱེད། རྒྱུ་ཁྱི་གང་གིས་མི་བསུབས་སྲིད། ཨ་འུ་ཅི་ལ་ཁྱི་ཕྲུག་རྣམས། ཨམ་ཕྲག་ནང་དུ་བཅུག་ནས་འགྲོ་ཟེར་བ་དང་། ཁོ་རང་སྔོན་ལ་སོང་། མ་ག་ལེར་རྗེས་སུ་ཕྱིན་པ། དགོང་ཞིག་ནས་ཁོས་སྤྲུལ་པ་བཤིག་ནས། མི་ཡི་རྗེས་ཁྲི་གེར་ཡོད་བྱས་ནས་སོང་། མོས་རྗེས་ལ་སླེབས་ཚེ་གཤོང་ན་ཁྱི་པགས་རྣམས་འཐོར་བ། ཤ་ཁྲག་ས་དང་རྡོ་ལ་འགོས་སྣང་བས། དེ་མཐོང་བས་ང་ཡི་ཁྱི་རྒན་ཨ་ཁ་ཁ་བསོད་ནམས་ཟད་པས་ན་ཆུང་ང་། ཕ་མས་ (ཤོག་ ༨༠) བོར་ནས་ཁྱི་དང་འཕྲད། །བྲག་ཕུག་དེ་རུ་འདུག་ན་དྲག །མི་དྲན་གསལ་འདྲེ་ཡི་ཁྲིད་པ་འདྲ། །རང་ཡུལ་སོང་ན་ས་ཐག་རིང་། །ཁྱི་གུ་ཡོད་པ་ངོ་ཚ་སྙམ། །སྤྲང་པོར་སོང་ན་ལམ་མི་ཐོན། །ཁྱི་ལྤགས་ལ་མགོ་སྔས་ནས་ངུ་ཞིང་བསྡད། སྐབས་ཤིག་ལ་རྟ་པ་ཞིག་བྱུང་དཔོན་མོ་ལགས་ཟེར། སུ་ཞིག་ཡིན་ན་ང་དང་ནོར་བ་འདྲ་བསམས། མགོ་སྒུར་སྒུར་བྱས་ནས་བསྡད་པས། མི་རྟ་ཞོན་གཅིག་གིས་ལག་པ་ལ་འཇུས་ནས་ཡར་བཞེངས་དང་ཟེར། མོས་རྟ་པ་ལ་སྨྲས་པ། ཨ་ཕོ་ལགས། ང་ལམ་ནོར་ནས་འདིར་སླེབས། ཁྱོ་བོ་ཁྱི་རྒན་ཡོད་པ་དེ་རུ་བའི་ཁྱིས་བསད་འདུག །ཁྱི་ལྤགས་ཡང་འདི་ན་གདའ་བྱས་པས། ཁྱོད་ཀྱིས་མ་ཤེས་སོ་ཟེར། ལག་པ་ནས་འཐེན་ནོ། །མོའི་བསམ་པར་ཁྱི་ལྤགས་འདི་ངོ་མ་རེད། །འདི་དང་ནོར་བསམ། དེ་ནས་མོ་ལངས་ནས་བལྟས་པས་མོ་ཡི་ཐད་དུ་རྒྱན་ཆ་སྣ་ཚོགས་དང་དར་གོས་རྣམས་སྤྲད་བྱུང་། སྲས་ལྕམ་སྲིང་རྣམས་གར་ཡོད་ཟེར། ང་ལ་ཁྱི་བུ་ཡ་ཟུང་ཡོད། སུ་དང་ནོར་སྨྲས་སོ།།
མོ་རང་དབང་མེད་རྟ་གསེར་སྒ་ཅན་སྟེང་དུ་བཞག་ནས་རྟ་པ་མང་པོས་ཕོ་བྲང་ཆེན་པོ་ལ་ཁྲིད་སོང་བ་དང་། རྒྱལ་པོ་གསེར་ཁྲི་ལ་དར་ཟ་འོག་གི་གོས་དང་རྒྱན་བཀྲག་མདངས་དང་ལྡན་པ་ལ་བཞུགས། བློན་པོ་ཆེ་དགུས་བསྐོར་བ་དང་། མོ་གཡུ་ཁྲི་ལ་སྡོད་གསུངས། ང་ཁྱི་རྒན་གྱི་ནག་མོ་ཡིན་བསམ་འདུག་མ་ཕོད། རྒྱལ་པོས་བུ་ཚ་མིང་སྲིང་གར་ཡོད་ཟེར། བློན་པོས་ཁྱི་གུ་གསུམ་རྒྱལ་པོ་ཕུལ་བས་ལྤགས་པ་བཤུས་ནས་སྲས་མཚར་སྡུག་གསུམ་དུ་གྱུར། རྒྱལ་པོས་ཁྱོད་ལ་ཡིད་སྤྲུལ་ (ཤོག་ ༨༡) དེ་འདྲ་བྱས་གསུངས་སོ། །མོ་དགའ་ནས་ཕྱག་ཕུལ་གཡུ་ཁྲི་ལ་འདུག་པ་བྱུང་། རྒན་རྒོན་བུ་མོ་མཛངས་མ་ཡ་རབས་རྒྱལ་པོས་བརྟགས་པ་མཛད་ནས་རྒྱལ་པོ་ལ་བཀོད་པར་གདའ་འོ། །རྒྱལ་པོ་བདེ་བྱེད་བཟང་པོས་བུ་མོ་སྤྱང་གྲུང་ཅན་དེ་དང་རྒྱལ་པོ་གཉིས་ཨང་ཟེར་བས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། ཟེར་སྔར་ལྟར་འཕུར་རོ། །རྒྱལ་པོས་བུ་མོ་གསུམ་སྤྱང་གྲུང་ཅན་གཟིགས་ནས་བཙུན་མོ་མཛད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

༈ ཡང་སྔར་བཞིན་སོང་ནས་བསིལ་བ་ཚལ་ནས་རོ་དངོས་གྲུབ་དེ་དམ་པོར་བྱས་ནས་ཁྱེར་འོང་བས། རོ་དེས་ངེད་རང་གཉིས་ས་ཐག་ཀྱང་རིང་། ཐང་ཡང་ཆད་ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས་དང་ངས་ཉན། ཡང་ན་ང་ཡིས་སྒྲུང་ཞིག་བཤད་པས་ཁྱོད་ཀྱི་མགོ་སྒྱེད་སྒྱེད་གྱིས་སྨྲས་པས། ཅི་ཡང་མ་སྨྲས་པར་མགོ་སྒྱེད་སྒྱེད་བྱས་ནས་ཉན་བསྡད་པར། ད་འོ་ན་ཉོན་ཅིག་ཟེར་ནས། ཡུལ་བཀོད་པས་ཁྱབ་ཟེར་བ་དེར་མ་རེང་ཐབ་དང་ལྡན་པ་དང་ཆུང་མ་ཞིག་ཁྱིམ་ཐབ་བྱས་པའི་བཟའ་མི་རྒྱུ་དབུལ་བ་གཉིས་ཡོད་པ་དེ་གཉིས་བཀྲེས་སྐོམ་གྱིས་གཟིར་བས། བུ་སྨད་གསོ་བའི་ཁ་ཟས་མེད་པས། སྐྱེས་པ་དེ་ཡུལ་གྱི་སྟོད་སྨད་ཐམས་ཅད་དུ་སོང་ནས་བུ་ལོན་སྐྱེད་འཕེལ་འཇལ་བའི་ཆད་བྱས་ནས་བཟའ་བཏུང་ལོངས་སྤྱོད་ཐམས་ཅད་སྒྲུབ་ཅིང་ཆུང་མ་བུ་སྨད་པར་འོང་ནས་ཁོ་རང་ཐམས་ཅད་ཀྱི་འཚོ་བ་བྱས་ནས་བཀྲེས་སྐོམ་སེལ་བར་བྱས་སོ།།
ནམ་ཞིག་ཚེ་ཆུང་མ་བློ་དྲེད་པོ་ཅན་དེའི་བུ་ལོན་འཇལ་བར་དཀའ་ཟ་བར་སླ་བྱས་ནས་སྡོད་སྐབས། མི་དེ་ལ་བུ་ལོན་གཏོང་མཁན་ཐམས་ཅད་ཀྱིས་རྩོད་གླེང་བྱེད་མི་མང་པོ་འོང་བས། མི་དེའི་བསམ་བློ་མང་བཞིན་གཏོང་སྐབས་ (ཤོག་ ༨༢) བློ་ཞིག་རྙེད་ནས་བུ་ལོན་མ་འཇལ་ན། རྒྱལ་པོའི་ཁྲིམས་ལ་གཏུག་ནས་ཡག་པོ་མི་འོང་འདུག་པས་མགོ་སྐོར་ཞིག་དགོས་འདུག་སྙམ་ནས། ཉིན་གཅིག་གྲོང་ཚོ་ཞིག་གི་ནང་སོང་ནས་མུན་རུབ་ཁྱིམ་སླེབས་པར་བྱས་ནས། ཆུང་མ་དེས་དེ་རིང་ཁྱོད་གར་སོང་ད་བར་ཅི་ལ་ཐོགས་དཀའ་ལས་མ་བྱུང་ངམ་ཟེར་བས། སྐྱེས་པ་དེས་སྨྲས་པ། དཀའ་ལས་ཆེར་མ་བྱུང་ཡང་ངེད་རང་བཟའ་མི་བུ་སྨད་ཀྱི་ཁ་ཟས་སྒྲུབ་པའི་བུ་ལོན་དགོས་པ་དེ་རྣམས་ཀྱི་ཁྱོད་ནས་བུ་ལོན་མི་སྤྲོད་པ་དེའི་ལན་མ་འཕྲོད་པར་མི་བཏང་ཟེར་ནས་བཟུང་བརྡུང་རྒྱོབ་སོགས་ཀྱིས་འཆི་ནུས་པ་ཙམ་བྱུང་ནས་མཐར་ང་རང་ཐར་བ་ཡིན་ཡང་གཏའ་མ་ཞིག་བཞག་དགོས་བྱུང་བ་མ་ལེགས་སོ་ཟེར་བས། ཆུང་མས་ན་རེ་ཁྱོད་ཐར་བ་བཟང་གཏའ་མ་ཅི་ཞིག་བཞག་བྱས་པས། སྐྱེས་པས་ན་རེ། གཏའ་མ་ནི་གཞན་གྱིས་གོ་མི་ཆོད་པས་ང་ཡི་ཕོ་རྟགས་དེ་བཞག་དགོས་བྱུང་བས་ཞག་འགའ་བར་ཆུང་མ་དེ་ཁོ་ཡི་རྒྱུད་ལ་ཉལ་ཡང་ཕོ་རྟགས་མེད་པའི་ཁུལ་གྱིས་བུད་མེད་ལ་ཆགས་པ་སོགས་མ་སྤྱད་པརས་ཉལ་བསྡད་ནས་ནུབ་གཅིག་དུས་ཆུང་མ་དེ་ལ་ཆགས་པ་སྤྱད་མི་མེད་པས་ཡིད་ཐང་ཆད་ནས་ད་ཁྱོད་རང་གི་ཕོ་རྟགས་གཏའ་མར་བཞག་པ་དེ་ཤིན་ཏུ་མ་ལོ་འདུག་པས་ནང་སར་སྔ་བར་ཁྱོད་སོང་ལ་ཕོ་རྟགས་དེ་མ་བསླུས་ཐབས་མེད་པའི་ངེད་རང་བཟའ་མི་ལ་ཡོད་རྒྱུའི་བ་རྒན་དེ་བསླུ་ཟས་སྦྱིན་ཤོག་ཟེར་བས། འོ་ན་ང་རང་འགྲོ་དང་འགྲོ་སྟེ་བུ་ལོན་མང་གྲབས་ཆེ་བས་བ་རྒན་རང་ནས་བསླུ་ཨེ་ལོན་ཅི་ཤེས་ཀྱི་ཨེ་ལོན་ལྟ་བར་ང་རང་འགྲོ་ཟེར་བས། མོ་ཡི་བསམ་པར་ད་དུང་བསླུ་སྤྱད་ཆུང་ཡོད་འདྲ་ཡང་ (ཤོག་ ༨༣) གཞན་བསྐུར་རྒྱུ་མི་འདུག་པས་བ་ཡི་ཐོག་ཏུ་བེའུ་དེ་ཡང་མཁན་པོ་ཞོག་ཟེར་བས། དེ་ལྟར་བུ་ལེན་མཁན་ལ་བ་སྤྲད་བེའུ་སྦྱིན་ནས་བུ་ལོན་གསོས་པར་བྱས་ནས་འོང་།
ལམ་ནས་ཁོ་ཡི་ཕོ་རྟགས་དེ་ལ་ཐལ་བ་ཞིག་བྱུག་ནས་ཆུང་མའི་སར་སླེབས་པ་དང་། ཆུང་མས་ཁྱོད་ཀྱི་བ་ཡིས་ཕོ་རྟགས་བསླུ་ལོན་ནམ་བྱས་པས། མཐར་ལོན་ཙམ་བྱུང་ཡང་དུད་ཨུ་ཐུག་ཅིག་འདྲ་ཐལ་དོང་ཞིག་ནང་དུ་བསྐྱུར་བཞག་ཟེར། ཨ་ག་རྒྱུ་མི་ལགས་བརྒྱུད་པ་ལས་སྡུག་ཅི་ཡོད་ཟེར་ནས་མོ་རང་ཤིན་ཏུ་དགའ་ནས་ང་ལ་སྟོན་དང་ཟེར་ནས་སྐྱེས་པ་དེའི་མཐུ་བ་གཡས་བསལ་གཡོན་བསལ་བྱས་ནས་ཕོ་རྟགས་ལ་ཐལ་བ་འགོས་པ་ཕྱིས་ནས་ལག་པས་ཡར་བྱུག་མར་བྱུག་བྱས་པས་ཕོ་རྟགས་དེ་གྱེན་དུ་ལངས་བྱུང་བས། མོ་ནས་ནད་མེད་འདི་ཡི་ངོ་ཤེས་པ་རེད་དེ་ཟེར་ནས་ཕོ་རྟགས་དེ་ལ་ཁ་ལན་གསུམ་གཏུག་པ་རེད་སྨྲས་པའི་རྒྱལ་པོ་བདེ་བྱེད་བཟང་པོའི་ཞལ་ནས་དེ་འདྲའི་བུད་མེད་གླེན་པ་འང་ཟེར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་གཅིག་བྱུང་། ཟེར་ནས་འགྲམ་ལྕག་ནམ་ལངས་པ་བརྒྱབ་ནས་སྔར་བཞིན་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་དབུལ་གླེན་བཟའ་མི་གཉིས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།

༈ ཡང་སྔར་བཞིན་རོ་དངོས་གྲུབ་དེ་ཁུར་ནས་ལམ་དུ་ཞུགས་འོང་ནས་རོ་དེས་ཐག་ཀྱང་རིང་ཐང་ཡང་ཆད་ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས། ཡང་ན་ངས་སྒྲུང་ཞིག་བཤད་ཁྱོད་ཀྱིས་མགོ་སྒྱེད་སྒྱེད་གྱིས་ཟེར་བས་ཁ་མ་གྲག་པར་ཉན་བསྡད། སྔ་སོར་ཡུལ་དེ་དང་ཉེ་བ་ཞིག་ན་རི་ཁྲོད་ཅིག་ན་བླ་མ་དཔོན་སློབ་གཉིས་ཡོད་གདའ། (ཤོག་ ༨༤) ནམ་ཞིག་དུས་ཡུལ་གཞན་ཞིག་ལ་རྒྱལ་པོ་ཞིག་ཡོད་པ། དེའི་བླ་མ་གདན་འདྲེན་སོང་བ་ལམ་ཁ་ཞིག་ནས་བོང་བུ་ཕོ་མོ་གཉིས་ཀྱིས་འཁྲིག་པ་སྤྱད་ནས་བླ་མས་གྲྭ་པ་དེ་ལ་ཡ་ཀིའི་བོང་བུ་གཉིས་ཀྱིས་ཅི་བྱེད་པ་རེད་སྨྲས་པས། གྲྭ་པ་ནས་བོང་བུ་གཉིས་ཀྱིས་ཞོན་བྱེད་པ་རེད་ཟེར་བས། བླ་མས་ཨ་མཚར་པོ་ཞོན་ཟེར་བ་དེ་ཁ་ཡི་བུ་རམ་ཟ་ཟ་རྔ་མས་མཆོད་པ་བྱེད་བྱེད་རྐང་པས་ཞབས་བྲོ་འཁྲབ་འཁྲབ་འདི་བྱེད་དོ་ཟེར་བས་སོང་ཙ་བ། ཡོན་བདག་དེ་ཚང་སར་དཔོན་སློབ་གཉིས་ཀ་སླེབས་སྐབས་བླ་མས་གྲྭ་པ་དེ་ལ་ཁ་སང་ལམ་ནས་བོང་བུས་བོང་བུས་ཞོན་ཟེར་བ་མཚར་པོ་གཅིག་འདུག །ཁྱེད་ཀྱི་ཡོན་བདག་ཚང་བུད་མེད་དེ་གར་ཉལ་ལྟོས་ཤོག་དང་ངེད་ཀྱིས་དེ་འདྲ་ཞིག་དགོས་སྙམ་པ། གྲྭ་པ་དེས་བླ་མ་དེ་བཀའ་མི་ལོག་ཙམ་ཨེ་འོང་གི་ཐབས་བྱས་ནས། བླ་མ་ལགས་ཡོན་བདག་ཚང་གི་བུད་མེད་དེ་རྒྱལ་སྒོ་བར་མའི་སྒོ་ཕག་ཏུ་ཉལ་བ་རེད་སྨྲས་པ། དེའི་ནུབ་མོ་གྲྭ་པ་རང་བར་སྒོའི་ཕག་ཏུ་ཉལ་ནས་བསྡད་པ། བླ་མས་ཡོན་བདག་ཚང་བུད་མེད་རེད་བསམས་ནས་གྲྭ་པའི་སྟེང་ནས་ཁྱེར་བས་གྲྭ་པས་ཁོ་ཡི་ཕོ་རྟགས་ཤིན་ཏུ་འགྲེང་བར་བྱས་ནས་བླ་མ་ལ་ཡར་བཙུགས་པས་བླ་མ་སྐྲག་ནས་ཡར་བྲོས་སོང་།།
རེ་ཞིག་དུས་གྲྭ་པ་ཟེར་བོས་བྱུང་བ་གྲྭ་པ་བླ་མའི་རྩར་སོང་ནས་བླ་མས་འདི་ཡོན་བདག་ཚང་ལ་རྐྱེན་ཆེ་བར་འདུག་པས་ཁྱོད་སྔ་བར་ལོངས་ཤོག་དང་། ངེད་རང་གཉིས་བུད་འགྲོ་མ་གཏོགས་གཏན་ནས་འདུག་མི་ཕོད་ཟེར་བ། ཕྱིར་ཕྱིན་དེ་བཞིན་སྔ་བར་ལོག་སོང་ལ། དེའི་ཁར་སླེབས་དུས་གྲྭ་པ་དེས་ཕྱི་བལྟས་ཤིག་བྱས་ནས་སྤྲིན་དཀར་པོའི་འོག་ཡོན་བདག་ཚང་སར་ནག་མོ་ཕོ་རྟགས་ (ཤོག་ ༨༥) ཆེ་བ་ཅན་དེ་འདྲ་ཞིག་ཡོད་ཟེར་བ་དང་། བླ་མ་ནས་ནག་མོ་དེ་དང་ང་ཡང་ཐུག །དམ་ཉམས་ཁྱོད་དང་ཡང་ཐུག་གམ་ཟེར། དེ་ནས་ཁོ་རང་དཔོན་སློབ་གཉིས་ཁྱིམ་དུ་སླེབས་སོ།།
རེ་ཞིག་དུས་ཡུལ་གྲུ་དེའི་ནང་ནས་རྒྱལ་པོ་ཆུང་ངུ་ཞིག་ཡོད་པ་དེའི་ལུག་གཅིག་བོར་བ་བླ་མ་དཔོན་སློབ་ནས་མཛོད་ཀྱི་ནང་དུ་ལུག་དེ་བཅུག་ཕྱི་སྒོ་རྩར་བསྡད་པ་ལ། རྒྱལ་བུ་དེའི་བླ་མ་དཔོན་སློབ་སར་ཉན་བུ་བཏགས་ཚེ་བླ་མ་ནས་གྲྭ་པ་ལ་ཆོས་བཤད་ཚུལ་གྱིས་སྨྲས་པ། ད་ཕྱོགས་བཞིའི་ཀ་བ་དེ་བརྫུས་གྲྭ་པ་ནས་ལུག་བཀྱིག་ཚར་བ། ད་བླ་མ་ཅི་ལགས་བྱས་པས་དུང་གི་ཐུ་ལུ་དེ་ཕུད་ཤོག །སྣ་ཚོགས་འདུས་པའི་སྤོ་རི་ཕེད་འཕགས་པ་སྒུག་ཆུང་དེ་གནམ་དུ་ཐོགས་ཟེར་བས། གྲྭ་པས་ལྤགས་པ་དེ་བཤུས་ཕོ་བ་དེ་ཁ་ཕྱེས་བྲང་བཀོག་ས་ཁོག་གནམ་དུ་བཏགས་ཚར་བ་དང་། ད་བླ་མ་ཅི་ལགས་བྱས་པས་བླ་མ་ལྟོགས་ཚབས་ཆེ་བས་ཟ་འདོད་པའི་སྟབས་ཀྱིས་ལྷ་ཕྲུག་ཀླུ་ཕྲུག་གཉིས་མེ་འོད་ཆོལ་ལ་ང་རང་མདུན་ཁྱེར་ཞོག །ཨ་དཀར་ནང་ཨ་སྨུག་གཏུམ་ལྕང་གི་བསྲེའི་ནང་ནས་མགོན་པོ་དམར་པོས་ཚ་རག་རྒྱུག་གཅིག་སྨྲས་པ། གྲྭ་པས་མཁལ་མ་གཉིས་པོ་མེ་ལ་བསྲེགས་ནས་ཐལ་བ་རི་ལེ་བ་གཅིག་བྱས་བླ་མ་ལ་དྲངས། མཆིན་པ་ཚེས་བཀྲ་ཤིས་བྱས། རྒྱུ་མ་གཡོས་བླ་མ་ལ་དྲངས། ཁོ་རང་བརྒྱག་ཚད་ཟོས་ནས་བསྡད་པས། རྒྱལ་བུ་ཚང་ཉན་བུ་དེ་ཕྱིར་ལོག་ནས་ཕ་ཀི་བླ་མ་དཔོན་སློབ་གཉིས་ནི་ཆོས་ཀྱི་བགྲོ་གླེང་བྱེད་འདུག་པ་མ་གཏོགས་ལུག་བརྐུས་མི་འདུག་ཟེར།
ཕྱི་ཉིན་བླ་མ་དཔོན་སློབ་རྒྱལ་བུ་ཚང་ནས་གདན་དྲངས་སྡོད་ཚེ་བླ་མས་དཀར་ཁུང་ནས་མར་བལྟས་པས་ཡོན་ (ཤོག་ ༨༦) བདག་ཚང་གི་ཁྱི་དེ་བླ་མ་དཔོན་སློབ་ཁྱིམ་དུ་འགྲོ་བ་མཐོང་ནས་གྲྭ་པ་ལ་ང་རང་གཉིས་ཁྱིམ་དུ་འགྲིམ་པ་ཞིག་སོང་བས་ཁྱོད་ཀྱི་ལྟོས་ཤིག་གསུངས། གྲྭ་པ་ཁྱིམ་དུ་སོང་ནས་ཡོན་བདག་ཚང་ཁྱི་དེའི་སྔོན་གྱི་ལུག་ཤ་དང་རྒྱུ་མ་སྦས་བཞག་པ་ཁྱིའི་རྒྱུ་མ་ཟ་ཚར་ཤ་ཁོག་དེ་ཟ་གྲབས་བྱེད་ཅིང་འདུག་པ་གྲྭ་པ་ནས་རྡོ་ཞིག་དང་དབྱུག་པ་གཉིས་ཙམ་བརྒྱབ་པས་ཁྱི་དེ་ཡང་ཁ་ཕར་གྱུ་ཚུར་གྱུ་ཡི་ངུ་ཆར་བྱེད་ཅིང་འདུག་པ་ཞིག་བཏང་ནས་བྲོས་སོང་བས། གྲྭ་པ་ཕྱིར་རྩེབས་པས་བླ་མས་ངེད་རང་གཉིས་ཀྱི་ཁྱིམ་དུ་འགྲིམ་པ་སུ་འདྲ་རེད་དྲིས་པས། བླ་མ་ལགས་ཤར་གྱི་ཡོན་བདག་རྒྱ་བོ་དེས་ནར་མས་ནུར་བརྡོག་ཚར་སོང་། འཕགས་པ་སྒུར་ཆུང་དེ་ལ་བལྟ་བའི་རྩིང་རྩིང་བྱེད་ཅིང་འདུག་པ་བདག་གི་སྤོས་ཟན་ཞིག་དང་སྤོས་ཐུར་ཞིག་སྟེར་ནས་མངག་པས། ཕྱག་ན་རྡོ་རྗེའི་སྐུ་གྲུ་གང་བཞག་ཁ་ཤར་དུ་གྲུ་ནས་ཟབ་མདོ་ཚར་དགུ་ནུབ་ཏུ་གྲུ་ནས་ཟབ་མདོ་ཚར་དགུ་བཏོན་ནས་ལེགས་སོང་ཞུས་པས། བླ་མས་དེ་ལེགས་པོ་བྱས་པའི་བླ་མ་དཔོན་སློབ་ཀྱི་ལུག་མ་བུད་པར་གདའ་སྨྲས་པ། རྒྱལ་བུ་བདེ་བྱེད་བཟང་པོས་དེ་འདྲའི་སྔ་ཕྱིའི་ཚེ་བླ་མ་དཔོན་སློབ་ཀྱི་བློ་གྲོས་བཟང་པོ་ཨང་ཟེར་ཤོར་བ། རོ་དེས་རྒྱལ་བུ་ལས་ཟད་ཀྱི་ཁ་ནས་གཏམ་ཞིག་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་སྔར་བཞིན་རོ་འཕུར་སོང་ངོ་། །རོ་དངོས་གྲུབ་ཀྱི་སྒྲུང་ལས་བླ་མ་ཟོག་པོ་དཔོན་སློབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།

༈ ཡང་བདེ་བྱེད་བཟང་པོ་དེ་སྔར་བཞིན་སོང་ནས་རེ་དེ་སྔར་བཞིན་ཁུར་ནས་ལམ་དུ་ཞུགས་ནས་འོང་པས་རོ་དེས་ཐག་ཀྱང་རིང་། ཐང་ (ཤོག་ ༨༧) ཡང་ཆད་ཁྱོད་ཀྱིས་སྒྲུང་ཞིག་ཐོངས་དང་ངས་ཉན། ཡང་ན་ངས་སྒྲུང་ཞིག་བཏང་བ་ཁྱོད་ཀྱི་མགོ་སྒྱེད་སྒྱེད་གྱིས་བྱས་པས། ཅི་ཡང་མ་སྨྲས་པར་བསྡད་པར་ཁོས་ན་རེ། མཐའ་ཡི་ཡུལ་གྱི་གྲོང་ཁྱེར་ཐར་ཐོར་ཡོད་པ། ཡུལ་དེ་ན་སྟག་མི་ཟན་ཞིག་ཡོད། སྔོན་གྱིས་ལས་དབང་གི་སྟག་དེས་ཡུལ་དེའི་མི་རེ་ལོ་རེར་ཟ་རེས་བྱས་པ་ཡུལ་དེའི་མཐར་རྒན་མོ་མ་སྨད་གཉིས་ཡོད་པ་དེ་ཉི་ཤུ་དགུའི་ནུབ་མོ་ལ་ཟ་རེས་བབས་ཚེ། རྒན་མོ་མ་སྨད་ནས་ངེད་རང་གཉིས་དོ་ནུབ་སྟག་གིས་ཟ་བ་ལ་མ་ཟོས་ཚེ་བཟའ་བཏུང་ཞིག་བྱེད་བྱས་ནས་བྲོ་བའི་ཕྱེ་མས་འདིག་གུ་ཞིག་བསྐྱོས་ནས་དེའི་ཕོར་ཁུར་མར་ཞིག་བཅུག་ནས་ཟ་བར་ཤོམ་ཚེ། སྟག་དེ་ཡང་སྒོ་ནང་དུ་ག་ལེར་འཇབ་ནས་འོང་ཡོད་པ་བུ་མོ་དེས་ཟེར་ནས་ཕོར་ཁ་ནས་མར་དེ་ཞུ་བྱུང་བ་ལ། ཨ་མ་ཟག་བྱུང་ཟེར་བ་ལ། སྟག་དེའི་བསམ་པར་ངེད་ཀྱི་གཉའ་ལ་ཟག་ཅིག་ཡོད་ཟེར་སྲོལ་འདུག །དེ་ཡང་འདི་ན་སླེབས་འོང་ཡོད་འདྲ་བསམས་ནས་སྐྲག་ཅིང་འདར་གཡེང་གི་སྒོ་ཕག་ཏུ་བསྡད་པ། དེའི་གྲོང་ཁྱེར་ནང་ནས་རྐུན་མ་ཞིག་གིས་དོ་ནུབ་རྒན་མོ་མ་སྨད་ནི་སྟག་གི་ཟས་ཚར་སོང་བ་དེར་མ་སྨད་ལ་བ་ཞིག་ཡོད་པ་དེ་ངེད་རང་གཉིས་ཁྲིད་འོང་ཟེར་ནས་རྐུན་མ་གཉིས་པོ་སྒོ་རའི་ནང་ག་ལེར་འོང་ནས་བལྟས་ནས་སྒོ་རྒྱུད་དུ་སྟག་ཡོད་པ་དེ་བ་རེད་བསམས་ནས་ཀོ་བའི་ཐག་པ་བཏགས། གཅིག་གིས་ཁྲིད་གཅིག་གིས་འདེགས་སོང་ཙ་ན། སྟག་དེས་ཟག་ཟེར་བ་འདི་རེད་བསམས་ནས་སྐྲག་པའི་ངང་ནས་གར་ཁྲིད་སར་སོང་བ་ཕྱིར་ནང་ནམ་ལངས་སྐབས་རྐུན་མ་རྗེས་མ་དེས་སྟག་ཡིན་པར་ཤེས་ནས་ཕྱི་བལྟས་མེད་ (ཤོག་ ༨༨) པར་བྲོས་སོང་། སྔོན་མ་དེས་རྗེས་མས་ཀྱི་བྱས་མ་ཤེས་ནས་ཁྲིད་སོང་བས་ཐང་ཤིང་ཞིག་གི་རྩ་བར་སླེབས་སྐབས་ཕྱི་མིག་བལྟས་པས་སྟག་ཡིན་པ་མཐོང་ནས་ཁོ་ཤིན་ཏུ་སྐྲག་ནས་ཐག་པ་དེ་ཤིང་སྡོང་ལ་བཏགས་ནས་ཁོ་རང་ཤིང་འགོར་འབྱར་ནས་བསྡད་པས་ཡུད་ཙམ་གྱི་སར་སྟག་གི་རྩར་ཝ་མོ་ཞིག་རྩེབས་བྱུང་ནས་ཁྱོད་གང་བྱུང་ཅི་ཉེས་པ་ཡིན་ཟེར་བ། སྟག་དེས་ཝ་ངན་མ་ཁ་མ་གྲག་ཟག་གིས་ང་ཁྲིད་ནས་འདིར་བཏགས། ཁོ་རང་ཤིང་སྡོང་རྩེར་ཡོད་སྨྲས། ཝ་དེས་ཡར་བལྟས་ཚེ་མི་ཡིན་པར་མཐོང་ནས་ཨ་ཕོ་སྟག་ལས་ཟད། འདི་ཟག་མ་རེད་བོད་ཀྱི་ས་འབུ་འོག་ནག་བྱ་བ་རེད་བྱས་པས། ཁྱོད་མ་སྐྲག་པར་འདིར་སྡོད་དང་ང་ཡི་བྱ་ཐབས་ཤིག་ཡོད་ཟེར་ནས་སོང་བས། གཅན་གཟན་རིགས་ཐམས་ཅད་འཚོགས་ནས་ཝས་སྨྲས་པ། གཅན་གཟན་ཐམས་ཅད་སྟག་གི་སྟེང་དུ་འབྱོར་དོང་ཐོག་རྩེག་ལྟར་གང་མ་ང་ནས་བྱེད་པའི་ས་འབུ་འོག་ནག་དེ་ས་ལ་རྒྱོབ་འོང་སྨྲས་པས། མི་དེས་ཝ་ཡིན་པར་ཤེས་ནས་ཁོ་ལ་གོས་ཟུང་ཞིག་ཡོད་པ་དེས་སྣ་ལ་བཏགས་ནས་ལན་གསུམ་གཡུག་འོང་བའི་ཚེ་ཝ་དེས་འདར་སྐད་ཀྱི་ལུང་པ་བཀང་ནས་གཅན་གཟན་ཚོ་དངངས་སྐྲག་གི་སྟག་བཅས་བརྒྱལ་ནས་སོང་ངོ་།།
མི་དེ་ཕྱིར་ཤིང་སྡོང་རྩེ་ནས་ས་ལ་བབས་ཏེ་ཝ་དེ་ཤིང་ལ་བསྐོར་གཅན་གཟན་རྣམས་བཤས། ཤུན་པ་བརྒྱང་ནས་སྡོད་སྐབས་ལམ་ཆེན་པོ་ཞིག་གི་གཞུང་ནས་ཇ་རྒྱབ་མང་བཞིན་བཀ)་བའི་ཚོང་པ་ཞིག་བྱུང་། ཚོ་དཔོན་དེས་མི་ཁྱོད་ཀྱིས་གཅན་གཟན་འདི་ཙམ་བསད་ནས་ཤུན་པ་བརྒྱང་འདུག་པ་འདི་ཙམ་གསོད་ཐབས་གང་འདྲ་བྱུང་དྲིས་པས་ངེད་ཀྱི་ཁྱི་འདིས་བསད་པ་ཡིན་ཟེར་བ། ཚོང་དཔོན་དེས་ངེད་ལ་ཅིས་ཀྱང་ཁྱོད་ནས་ཚོང་བྱས་པས། (ཤོག་ ༨༩) ཁྱི་མོ་དམར་མོ་ཝ་འདྲ་གཅན་གཟན་ཐམས་ཅད་ཀྱི་གཉེན་པོ་འདི་བཞིན་བཙོང་གི་མིན། འོན་ཀྱང་ཁྱེད་ཀྱི་མཛོད་ཇ་རྒྱབ་ཚོང་རྫས་ཐམས་ཅད་ང་ལ་སྦྱིན་ན་བཙོང་ཆོག་ཟེར་བས་ཚོང་པ་དེས་དགོས་ཟེར་བ་ལྟར། ཐམས་ཅད་སྟེར་ནས་ཁྱོད་ཀྱི་ཁྱི་འདིས་རི་དྭགས་གཅན་གཟན་སོགས་སྟེང་དུ་བཀྱེ་ལུགས་གང་ལྟར་དགོས་པ་དེ་བཤད་རོགས་དགོས་བྱས་པས། ཁོ་ཡི་ཁྱི་འདི་ཁྲིད་ནས་སོང་སྔ་བར་ལ་མཐོ་སར་སོང་ནས་རྫ་ཁྲབ་ཁྲོབ་ཡོད་པ་དང་སྨུག་པ་ཐར་ཐོར་འོང་བ་ཞིག་ལ་འདི་ཐོངས་ལ་ཝ་ངན་མ་ཛོ་རུ་ཟེར་ནས་སྒྲོ་བ་སྟོང་པ་ཞིག་གི་ལན་གསུམ་བརྟེན་དགོས་བྱས་ནས་ཁོ་ཡིས་ཚོང་དཔོན་གྱི་ཇ་མཛོད་རྒྱུ་རྫས་སོགས་དང་གཅན་གཟན་ལྤགས་པ་བཤུས་པ་རྣམས་ཁུར་བཀལ་བྱས་པའི་རང་ཡུལ་དུ་ལོག་སོང་། ཚོང་དཔོན་དེས་ནི་སྔོན་བསྒོས་ལྟར་ལ་མཐོན་པོ་ཞིག་ལ་རྩེབས་ཚེ། ཝ་ངན་མ་ད་ཛོ་ཟེར་ནས་བཏང་བས་སྒྲོ་སྟོང་བསྡབ་པ་གནའ་མི་རྒད་པོའི་ཝ་རྗེས་སྒྲོ་སྟོང་སྡེབ་པའི་དཔེ་བཞིན་ཞག་གསུམ་བསྒྲགས་ཀྱང་གར་སོང་མ་མཐོང་། ཚོང་དཔོན་དེ་སྡུང་བསྔལ་ཡང་བྱ་ཐབས་བྲལ་བས་ཕྱིར་ལོག་སོང་། རྐུན་མ་དེ་སྔོན་གྱི་ཚོང་དཔོན་ལས་རྒྱུ་ནོར་ཆེ་བ་ཞིག་བྱུང་ནས་ཡུལ་གླིང་དེའི་རྒྱལ་པོར་གྱུར་སྨྲས་པས། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་སྔ་མ་ཡུལ་དེའི་རྒན་མོ་མ་སྨད་སྲོག་ལས་ཐར། དེ་འདྲའི་རྐུན་མ་བསོད་ནམས་ཆེའོ་ཟེར་ཤོར་ཚེ། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ས་ལ་མི་སྡོད་འཇག་ཁྱང་ཟེར་ནས་རོ་དེ་སྔར་ལྟར་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རྐུན་མས་རྒན་མོ་མ་སྨད་ཀྱི་སྲོག་ཐར་ཞིང་གཅན་གཟན་སྟག་ཁྲིད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།

༈ ཡང་སྔར་ལྟར་ཁུར་འོང་པས་རོ་དེས་ཨ་ཁ་ད་ང་རང་གཉིས་ (ཤོག་ ༩༠) ཡར་འགྲོ་མར་འགྲོ་འདི་ཙམ་གྱིས་དཀའ་ལས་ཆེ། ལྟོ་ལྟོགས་ཡུན་རིང་བས་ཁྱོད་ནས་སྒྲུང་ཞིག་ཐོངས། ཡང་ན་ང་ཡིས་སྒྲུང་ཞིག་བཤད་འོང་བས་ཁྱོད་ཀྱིས་མགོ་སྒྱེད་སྒྱེད་གྱིས་སྡོད་བྱས་པས་ཁ་མ་གྲག་པར་ཉན་བསྡད་ཚེ། ཡུལ་གླིང་ཞིག་ན་མཆིག་ངན་ཟེར་བ་ཞིག་དང་། རོག་དཀར་མོ་ཟེར་བ་བཟའ་མི་གཉིས་ཡོད་པ་ནམ་ཞིག་ཚེ་མཆིག་ངན་ཟེར་བ་དེ་ཡུལ་གཞན་ཞིག་ཏུ་སོང་ཚེ་དུད་རྒན་རྒོན་གཉིས་ལས་མེད་པ་ཞིག་གི་སྒོ་རྩར་སོང་ནས་ལྟོ་སློང་ནས་མི་རེངས་ཁྱོད་ངེད་རྒན་རྒོན་གཉིས་ལ་བུ་དང་ནུ་མོ་སུ་ཡང་མེད་པས་ཁྱོད་རང་གཡོག་འདྲ་ཨེ་འདུག་བྱས་པས། ང་རང་གཡོག་འདུག་པས་ཆོག་སྟེ་ལོ་བཅུ་སྡོད་པ་དང་ལོ་གཅིག་སྡོད་པ་འདྲ་བའི་གཡོག་གླ་དེ་ནས་མི་འཇལ་བའི་འདོང་། གང་དགོས་ལས་ཀ་སོགས་གཞན་མཐོ་མཐོའི་ར་མི་བཅག །དམའ་བའི་སྦྱིན་མི་བཅད་ཁེ་ཚེ་དང་གཡུག་རེས་བསྒོ་བའི་ཨ་ལོང་མི་འདེབས། མི་སྔོན་ལྡེམ་ལྡེམ་ནི་མི་བྱེད་དེ་ཕན་གཡོག་རོགས་ཤིག་དགོས་བྱེད་བྱས་པས། རྒན་རྒོན་གཉིས་ནས་བསམ་པར་གླ་མི་འཇལ་བའི་འདོང་། གང་དེ་འདོང་གང་ཡིན་པར་སྙམ་སྟེ་གླ་དེ་བཞིན་སྦྱིན་ཆོག །ཁྱོད་གཡོག་ལ་སྡོད་བྱས་ཚེ་དེ་བཞིན་ཆོག་བྱས་ནས་བསྡད་པའི་ཞག་གསུམ་ནང་མོར་ད་ཁྱོད་རང་ཤིང་ཐུ་བར་སོང་སྨྲས་པས། ང་སྔོན་ལྟར་མཐོ་མཐོའི་ར་མི་བཅག་བྱས་པ་དེ་ཡིན་པ་མི་འགྲོ་ཟེར་བ་དང་། ཡང་ན་ནས་བརྔ་བར་སོང་བྱས་པས་དམའ་དམའི་སྦྱིན་མི་བཅད་ཟེར་བ་དེ་ཡིན་མི་འགྲོ་ཟེར། འོ་ན་ཆུ་ལེན་ལ་སོང་ཟེར་བས་མི་སྔོན་ལྡམ་ལྡེམ་མི་བྱེད་བྱས་པ་ཡིན་པས་དེར་མི་འགྲོ་ཟེར། འོ་ན་ཞིང་རྨོ་བར་སོང་བྱས་པས། ཁེ་ཚེ་དང་གཡུག་རེས་བསྒོ་བའི་ཨ་ལོང་མི་འདེབས་བྱས་པ་ཡིན་པས་ (ཤོག་ ༩༡) དེར་མི་འགྲོ། ཁྱོད་གཉིས་གཡོག་རོགས་བྱེད་རྒྱུའི་སྔ་གཏམ་ལྟར། གཡོག་རོགས་བྱེད་ཟེར་ནས་ཕྱིན་པ་ཞིག་ཁ་སྤྲོད་ཚུལ་དང་ཁབ་དང་སྐུད་པ་སོགས་ཁྱེར་ནས་རྒན་རྒོན་གཉིས་གཡོག་བྲབ་བྱས་པས་རྒན་རྒོན་བྲེད་ནས་ཁྱོད་རང་གང་ཟེར་མི་ཉན་པའི་མི་ཞིག་རེད་འདུག་པས། ངེད་རང་གཉིས་དང་མི་འཐད་པས་ཁྱོད་རང་རང་གནས་སུ་ལོགས་ལོག་ཅིག །ངེད་གཉིས་ལ་མི་མཁོ་འོ་ཟེར་བས། མཆིག་ངན་དེས་ང་རང་ཐམས་ཅད་སྔོན་གཏམ་ལྟར་གྱི་ལོ་ལོ་གཅིག་དང་ལོ་བཅུ་སྡོད་ལུགས་འདྲ་བའི་གླ་ནས་མི་འཇལ་བའི་འདོང་དེ་གྲུ་ཡིན་པ་དེའི་གང་དགོས་པ་དེ་སྤྲོད་དང་འགྲོ། དེ་མ་རག་ན་བདག་མི་འགྲོ་ཟེར་བ། རྒན་རྒོན་དང་མཆིག་ངན་ཁ་མ་འཆམ་ནས་ཡུལ་གྱི་རྒྱལ་པོའི་དྲུང་དུ་ཐུག་པ་སྔ་མ་ལྟར་ཞུས་པས་ཁྱོད་རང་གཉིས་སྔོན་གཏམ་བདེན་འདུག་པ་ནས་གྲུ་གང་པོ་དེ་མ་སྦྱིན་ཐབས་མེད་རེད་བྱས་པས། རྒན་རྒོན་གཉིས་པོ་སེམས་པའི་ངང་ནས་ནས་གྲུ་གང་དེ་སྦྱིན་པས་ཁོ་རང་ཁུར་སྣོད་མེད། ཁུར་ཡང་མ་ལྕོགས་ནས་ལམ་ཁ་ཞིག་ན་ནས་ཕུང་དེ་བསྲུངས་ནས་ཉལ་བསྡད།
ནམ་ཞིག་ཚེ་ལུང་པའི་མདའ་ནས་ཇོ་མོ་བདུན་ཆོས་ཞུ་དང་གནས་མཇལ་འགྲོ་བར་སླེབས་འོང་ནས་ཁྱེད་རྣམས་གར་འགྲོ་དྲིས་པས་ཇོ་མོ་རྣམས་ནས་གནས་མཇལ་དུ་འགྲོ་བ་ཡིན་བྱས་པས། ངེད་ཀྱི་ནས་འདི་མི་ལྕོགས་མ་གཏོགས་གནང་ངོས་བཟང་པོ་ངེད་ནས་སྟོན་རྒྱུ་ཡོད་བྱས་པས། ཇོ་མོ་རྣམས་ཀྱིས་གནས་ཇི་ལྟར་སྟོན་རྒྱུ་ཡོད་བྱས་པས་ཁོ་ཡིས་འདི་སྨྲས་སོ། །གནས་ལ་ཉི་མ་ཤར་ཟེར་བ། དཀར་ཡོལ་རྩི་བཀྲ། དམར་ཡོལ་ཀོ་ཁྲ་དཀར་མོའི་བུ་འོ་མས་གསོས་པ། ར་ཀ་བཏགས། ར་སྒ་བཏགས་ཟེར་བ་དེ་རྣམས་ཡོད་བྱས་པས། ཇོ་མོ་རྣམས་ཀྱིས་བདེན་པར་སྙམ་ནས་འོ་ན་ཁྱོད་ནས་གནས་དེ་རྣམས་ (ཤོག་ ༩༢) མཇལ་ཁ་སྟོན་དང་། ནས་རྣམས་ངེད་ནས་ཁུར་རོགས་བྱེད་ཟེར་ནས་ཇོ་མོ་རེ་ནས་གཟན་མཐུ་རེ་བྱས་ནས་ཁོ་ཡི་ཁྱིམ་ནང་སོང་བ་ཁོ་ཡི་ཁྱིམ་ལ་དེ་རྣམས་ཡོད་པའི་ནས་ཁུར་འཕྲོ་བྱས་ནས་སོང་བས་གནས་ལ་ལྟོས་དང་འདི་རྣམས་ཡིན་བྱས་ནས། ཉི་མ་རང་ཤར་འདི་ཡིན་ཟེར་ནས་ཁྱིམ་ཕུག་ཉི་ཐིག་ཕོག་པ་བརྟེན་དཀར་ཡོལ་རྩི་བཀྲ་འདི་ཡིན་ཟེར་དཀར་ཡོལ་རྩེད་འཛེར་ཞིག་སྟོན། དམར་ཡོལ་ཀོ་བཀྲ་འདི་ཡིན་ཟེར་དཀར་ཡོལ་ཀོ་གཡོག་བསྟན། ར་ཀ་བཏགས་འདི་ཡིན་ཟེར་ར་ཞིག་ཀ་བ་ལ་བཏགས་པ་བསྟན། ར་སྒ་བཏགས་འདི་ཡིན་ཟེར་ར་ཞིག་ཁལ་སྒ་ལ་བཏགས་པ་བསྟན། དཀར་མོའི་བུ་འོ་མས་གསོས་པ་འདི་ཡིན་ཟེར་ཁོ་ཡི་ཆུང་མ་དཀར་མོའི་བུ་དེ་བསྟན་ནས་རྣམས་ཚགས་བྱས། ཇོ་མོ་རྣམས་ནས་རྫུན་པོ་ཆེ་ཁྱོད་ཀྱི་ངེད་རྣམས་མགོ་གཡོག་བྱས་པ་ཡུལ་འདི་ཡི་རྒྱལ་པོའི་ཁྲིམས་ལ་གཏུག་ཟེར་ནས་རྒྱལ་པོའི་ཁྲིམས་དང་ཐུག་པས། རྒྱལ་པོ་ལ་གསོལ་པ། ཁོང་མོ་པ་རྫུན་བཙོག་རེད་མ་གཏོགས་སྔོན་གཏམ་ལྟར་རྒྱལ་པོ་ལ་ཞུ་བ་རྣམས་འདྲ་ཀ་བ་ཡོད་འདུག་པ་སྙམ་པས། བློན་པོ་རྣམས་ཀྱིས་བཟུང་མ་ཇོ་མོ་རྣམས་བློ་ཁ་རྫོགས་ཆེད་དུ་མཆིག་ངན་གྱི་ཁྱིམ་ཐབ་ལ་ཁོ་མོ་བཞེས་བཞག་ལྟ་བུར་རྟུག་པ་བདུན་སྒ་ཞོན་ཞེས་པའི་ལམ་ནས་ཇོ་མོ་རྣམས་ཁོ་ཡི་ཁྱིམ་ལ་སོང་ནས་གོས་རྣམས་བརྫེས་ནས་རྟུག་པ་བཏང་ཕྱག་བྱས་པས་ཁོ་ཡི་སྐྱེར་པའི་ཚེར་མ་སོ་ཡོད་པ་རིང་པོ་ཞིང་བཟུང་ནས་རྒྱལ་པོའི་བཀའ་ལྟར་རྟུག་པ་མ་གཏོགས་གཅིན་ཐིགས་པ་གཅིག་བཏང་ན་ཁྱེད་རྣམས་ཀྱི་རེད་མ་རྟོགས་པ་ཡིན་ཟེར་ནས་ཚེར་མ་འཕྱར་ནས་བསྡད་པས་ཇོ་མོ་རྣམས་ནས་གཅིན་ཤོར་ཉེན་གྱིས་རྟུག་པ་གཏོང་ཐབས་ཅི་ཡང་མེད་པས། གཅིན་ཤོར་བས་ཚེར་མས་གྲབ་དོགས་ཀྱིས་ལོག་སོང་ངོ་། །ཡང་མཆིག་ངན་དེ་ཉིད་གཅིག་ལུང་པ་རྩི་གནས་འགམ་མོ་སེར་ཡོད་པར་ཕྱིན་པ། བན་རྒན་ཞིག་བེ་གྲ་སྒྲོང་ (ཤོག་ ༩༣) བྷེ་གང་ཁྱེར་ནས་འགྲོ་བཞིན་ཡོད་པ། བན་རྒན་དེའི་རྡོ་རྗེ་རྣམ་འཇོམས་བཏོན་ཞིང་སོང་ཙ་ན། ཁོ་དེ་ཡི་རྗེས་ལ་འཇབ་ནས་ག་ལེར་སྒྲོ་བ་ལ་བུག་པ་ཞིག་བཏོད་ནས་དེའི་ནང་གྲོ་བླངས་ནས་འགམ་ཞིང་རྗེས་སུ་སོང་ནས། བན་རྒན་དེའི་ཁུར་པོ་ཇེ་ཡང་དུ་སོང་། བན་རྒན་ནས་ང་ཡི་ཁུར་པོ་ཇེ་ཡང་འགྲོ་བ་ཅི་ཡིན་སྨྲས་པས། ཨ་བན་རྒན་ལགས། རྡོ་རྗེ་རྣམ་འཇོམས་བཏོན་བཏོན་ནས། །བན་རྒན་ཁུར་པོ་ཇེ་ཡང་འགྲོ། །ཟེར་བ་དེ་ཡིན། བན་རྒན་དེ་བདེན་སྙམ་ནས་གྲོ་ལ་རློམ་སོང་མེད་པར་རྣམ་འཇོམས་བྱིན་རླབས་ཆེ་བར་སེམས་ནས་སོང་ངོ་།།
མཆིག་ངན་གྱི་གྲོ་རྗེན་ཟོས་ནས་ཕོ་བ་སྦོས་འོང་བས་ལམ་ཁ་དེ་ལ་བསྡད་པས། སྐེའི་ཁུག་མའི་ནང་དུ་གཡུ་ཆེན་པོ་ཞིག་ཡོད་པ་དེའི་ཆོམ་བུ་ཆར་ནས་རྐུབ་གནམ་དུ་བརྫེས་ནས་བསྡད་པས། ལམ་འགྲིམས་རྟ་པ་གོས་བཅས་ཅན་ཞིག་གི་ཆང་བ་ལྟ་གང་ཕྱི་ཤ་ལ་ཤད་ནས་འོང་པ་འཕྲད་ནས། རྟ་པ་དེས་ཁྱོད་ཅི་ཉེས་དྲིས་པས། ཁོས་ངེད་ལ་གཡུ་ཞིག་སྐྱེ་མི་ཐུབ་པའི་ན་ཚ་ཆེར་བྱུང་སྨྲས་ནས་ཤིན་ཏུ་ན་མདོག་གིས་འཁུན་པ་བྱས་ནས་བསྡད་པས། རྟ་པ་དེས་བདེན་སྙམ་ནས་གཡུ་དེ་ང་ལ་སྦྱིན་དང་ངས་འཐེན་རོགས་བྱེད་ཟེར། གཡུ་ཁྱོད་ལ་སྦྱིན་ཆོག་སྟེ་ཁ་ཡིས་འཐེན་པ་མ་གཏོགས་ལག་པས་འཐེན་ན་ཉེས་རྒྱེབ་འོང་མི་ཕོད་ཟེར་ནས་དེ་བཞིན་ཁོ་ཡི་སོ་དེས་འཐེན་པས་གཡུ་ལོན་ནས་གྲོ་རྗེན་ཟོས་པའི་གཉང་མ་ཁོ་ཡི་ཁ་ནང་དང་ངོ་ལ་ཕོག་མིག་ནང་སོང་བ་སྐྱུག་གྲབས་ཀྱིས་ཞེན་པ་ལོགས་ཏེ་ཁ་མིག་ཁྲུ་བར་ཕྱིན་ཚེ། ཁ་ཡི་གཡུ་དེ་བླངས་རྟ་དེ་འཕྲོག་ནས་ཁྱེར་རྒྱུག་ཤོར་ནས་རྟ་དེས་བུད་མེད་འགྲམ་དུ་བསྐྱལ་ནས་ཕྱིར་ཕྱིན། བྱེ་མའི་ཐང་ཆེན་པོ་ཞིག་ལ་ཤིང་དང་རྡོ་ (ཤོག་ ༩༤) མེད་པའི་ས་གཅིག་ལ་དུས་རྒྱུན་སྒར་ས་འབབ་པ་ཡིན་པས། དེའི་བྱེ་མའི་ནང་དུ་གོས་ཕ་ཚད་བསྐུངས་ནས་ཁོ་རང་གཅེར་བུར་ཉལ་ནས་མགོ་ལུས་མི་མངོན་པར་བྱེ་མས་བཀབ་ནས་ཁོ་ཡི་མཚན་མ་དེ་སྲ་མཁྲེགས་ལྡན་པ་ཞིག་བྱས་ནས་གན་སྐྱལ་དུ་བསྡད་པའི་ཚེ། ཡུད་ཙམ་ཞིག་ནས་བླ་མ་སྒར་ཆེན་ཞིག་དེར་བསྡད་བྱུང་བས། སུ་ཡིན་སྙམ་ནས་བསྡད་ཚེ་བླ་མའི་གྲྭ་པ་ཆང་གི་ར་རོ་བ་ཞིག་ཁོ་ཡི་རྩར་རྩེབས་ནས་གྲྭ་པ་དེས་སྒར་མལ་དེར་ཕུར་པ་ཞིག་ཀྱང་འདུག་ཟེར་ནས་རྟའི་སྲབ་མདའ་དེ་བཀྲ་ཤིས་དཀོར་གཉིས་བརྒྱབ་ནས་ཁོ་ཡི་ཕོ་རྟགས་ལ་བཏགས་སོ། །རྟ་དེས་ཕྱིར་འཐེན་ཞིག་བྱས་ནས་མདུད་པ་གྲོལ་སོང་བ་རྟ་ཤོར་བས། གྲྭ་པ་དེས་ཚུར་ཁྲིད་བྱུང་ནས་ཡང་ཕོ་རྟགས་དེ་ལ་དམ་དུ་བཏགས་སོ། །ཡང་རྟ་དེས་ཤེད་ཆེ་ན་བར་འཐེན་ནས་རྟ་གྲོལ་སོང་ཙ་བ། གྲྭ་པ་ཆང་བཟི་ད་གློ་གྲི་ཚུར་བཏོན་ནས་རྒྱུགས་བྱུང་ནས་རོ་ཕུར་འདི་ལ་ཉག་ག་མེད་པ་རེད་ཟེར་ནས་གྲིའི་ཉག་གཏོད་ཤོམ་བྱས་ཚེ། ཁོ་ནས་ཨ་ཚ་ཚ་ཟེར་ནས་གཅེར་བུར་ཧར་ལངས་བྱས་ནས་བླ་མ་གྲྭ་ཚང་ཐམས་ཅད་ཀྱི་ས་འོག་ནས་ཡུལ་འདྲེ་ཞིག་ལངས་ཡོང་བ་རེད་བསམས་ནས་རྟ་དང་སྒ་ཆས་བསྐྱུར་ནས་རྒྱུག་རྒྱུག་མཆོང་ཟེར་ནས་བྲོས་སོང་ངོ་། །དེ་མཚམས་ཁོས་གྲྭ་པའི་རྟ་ཁྱེར་ཆས་ཀ་ཡོད་རིགས་བཀལ་ནས་ཁོ་རང་ཁྱིམ་དུ་སླེབས་སོ། །
ཡང་ཉིན་གཅིག་ལམ་ཆེན་པོ་ཞིག་གི་འགྲམ་ན་ཆུ་འཁྱིལ་ཞིག་ཡོད་པའི་ནང་ཁོ་རང་གཅེར་བུར་ཉལ། ཁོ་ཡི་གཡུ་དེ་ལམ་རྟགས་ཀྱི་ཚེར་མའི་ཕུང་པོ་ཞིག་ལ་རེག་ཙམ་བཏགས་ནས་བསྡད་པ་ལམ་དེ་ནས་རྟ་པ་གོས་བཀྲག་ལྡན་པ་ཞིག་སླེབས་འོང་བས་ཁྱོད་ཀྱི་ཆུ་ནང་ན་ཅི་བྱེད་ཡིན་སྨྲས་པས། ཁོ་ཡི་ང་ (ཤོག་ ༩༥) ཆུ་ནང་འདི་ན་ཉལ་བ་ཡ་ཀའི་གཡུ་འདི་ལྟ་བུ་གསོ་རྒྱུ་ཡོད་པ་ཡིན་བྱས་པས། རྟ་པ་མི་དེས་རྟ་བབས་ནས་ཆུ་དེའི་ནང་ཉལ་ནས་གཡུ་གསོ་རྒྱུ་ཡོད་པ་ཡིན་རུང་། ང་ཡང་ཉལ་ཨེ་འཇུག་ཟེར་བ་ཁྱོད་རང་ཉལ་ན་ཆོག་པའི་གཡུ་གསོ་བའི་གདམས་ངག་ཅིག་དགོས་པ་ང་རང་འགྲོ་ནས་ཁུར་འོང་ཟེར་ནས། ཁོ་ཡར་དེར་སོང་ནས་ཐར་ནུ་གྲུ་མོ་གང་ཁུར་ནས་འོང་བ་ད་ཁྱོད་རང་ཆུ་ནང་ཉལ་བ་འདི་བླ་གཉིས་བར་དུ་བཅུག་ལ་སྡོད་དང་གཡུ་གསོ་འོང་བྱས། ཁོ་ཡི་གོས་གྱོན་སྐམ་དུ་བསྡད་མི་དེ་ཆུ་ནང་དུ་ཡུན་རིང་བར་བསྡད་ཀྱང་གཡུ་གསོ་རྒྱུ་མེད་པའི་ཁོ་ཤིན་ཏུ་འཁྱག་ནས་སྔངས་བྱུང་བས་ད་དུང་རང་ཨུ་ཚུགས་འདུག་པས་ཁྱེད་རང་ང་ཡི་རྟ་དེ་ཁྱེར་ནས་ཇ་ཞིག་སྐམ་རློན་རྗེ་བར་སོང་བྱས་ཚེ། དེ་བཞིན་ཁོ་ནས་རྟ་དེ་ཁྱེར་ནས་ཕར་ཅུང་ཙམ་སོང་ནས་ཁ་འཐེན་ལྕགས་བརྒྱབ་པས་རྟའི་ཕྱི་ཁྱེད་བྱས་བསྡད་པ་ཁོ་ཚུར་འོང་ནས་ཁྱེད་ཀྱི་རྟ་དེ་ཤིན་ཏུ་འཇིགས་པའི་མིའི་བསམ་པ་ཙམ་འདུག་པ། ང་ཁྱོད་མིན་པར་ཤེས་ནས་གཏན་ནས་འགྲོ་ཉན་འདུག་པས་ཁྱེད་ཀྱི་ན་བཟའ་འམ་སྐུ་དྲག་ཕོག་པའི་བཅའ་ལག་ཅིག་མེད་ན་རྟ་མི་འགྲོ་འདུག་བྱས་པས། དེ་བཞིན་བདེན་སྙམ་ནས་ཁྱོད་ཀྱི་ང་ཡི་གོས་དེ་གོན་སོང་ན་ཆོག་གམ་བྱས་ཚེ། མཆོག་ངན་ནས་ཚེར་གསེབ་གཡུ་དེ་མི་རིག་སར་ག་ལེར་བླངས་མི་དེའི་གོས་དེ་གྱོན་པར་སོང་ཙ་ན། ཆུ་ནང་ཉལ་བའི་མི་དེས་ལགས་ཨ་ཕོ་ཁྱོད་ཀྱི་མིང་ལ་ཇི་སྐད་ཟེར་བྱས་པ། ངའི་མིང་ལ་ཨ་ཝས་ཆེ་མིང་བྱས་ནས་རྟ་ཁྱེར་བཅའ་ལག་ཁུར་ནས་གྲོང་ནང་འགྲོ་མདོག་བྱས་ནས་ཁྱིམ་དུ་སོང་ངོ་། །ཆུ་ལ་ཉལ་བའི་མི་དེ་ཡུན་རིང་བ་ཙམ་དུ་སོང་ཚེ་འདུག་ཚུགས་མ་བྱུང་བས། ཡར་ལངས་ནས་བལྟས་པ་སྔོན་ཐར་ནུ་བླ་བར་བཅུག་པའི་ (ཤོག་ ༩༦) རྐྱེན་གྱིས་ཕོ་རྟགས་དང་རླིག་པ་ཤིན་ཏུ་སྐྲང་ཚབས་ཆེ་བ་ཞིག་རེད་འདུག་ཀྱང་བྱ་ཐབས་མ་བྱུང་། གཅེར་བུར་གྲོང་པ་དེ་ནང་མི་ཨེ་ཡོད་སྙམ་ནས་སོང་བའི་འབོད་པ་ཆེན་པོ་བྱས་ནས། ཨ་ཝས་ཆེ་ཨེ་རིག་བྱས་ནས་ཐམས་ཅད་ཀྱི་མཇེ་རླིག་ལ་བལྟས་ནས་དེ་བས་ཆེ་ཡོད་ན་ཐན་རེད་ཟེར་ནས་མི་ཐམས་ཅད་ཀྱི་རྒྱོབ་བརྡུང་ཆེ་བར་བྱས་ན་ཁོ་རང་སྡུག་བསྔལ་བར་བྲོས་སོང་བ་གཏོགས་བྱ་ཐབས་བྲལ་ལོ།།
དེ་ནས་ཡུལ་དེའི་རྒྱལ་པོ་དང་ཡུལ་སྡེ་ཐམས་ཅད་ཀྱི་མཆིག་ངན་ཟེར་བའི་མི་དེ་རྐུན་པོ་གཡོ་ཟོལ་གྱི་མགོ་བསྐོར་མི་ཞིག་རེད་ཟེར་བའི་གྲགས་གཡེར་ཆེན་པོ་བྱས་སོ། །ནམ་ཞིག་དུས་མཆིག་ངན་དེ་ལུང་པའི་ཕུར་སོང་ཙ་ན། ཡུལ་དེའི་རྒྱལ་བུ་དེ་ཕྱིར་འོང་བ་དང་འཕྲད་ལ་ཁད་བྱས་པའི་རྒྱལ་བུ་དེས་མཆིག་ངན་ཡིན་པར་ཤེས་ནས་བཟུང་བསམ་པའི་ཚེ་འདེད་འོང་བས་ཁོ་རང་བྲོས་སོང་བའི་མཐར་རྒྱལ་པོ་རྗེས་ཟིན་པའི་ཁྱོད་མཆིག་ངན་ཟེར་བ་རྫུན་སློབ་ཆེན་པོ་ཤེས་པའི་རེད་པས་ངེད་ལ་སློབས་ཤིག་བརྩབ་རོགས་མ་བྱས་ན་མི་དུམ་ངེས་ཅན་ཡིན་བྱས་པ་འེ་ཁྱེད་ལ་རྫུན་དང་བསླབ་བཀབ་པ་སོང་ངེད་ཀྱི་ལོས་བརྩབས་ཏེ་ང་ནོང་ཁྱེད་དང་འཕྲད་ན་འཕྲོག་ཤོར་བསམ་པའི་ངེད་བླ་རྡོ་དེ་ཆུ་ཕར་ཁར་དེར་བསྐྱུར་ཡོད་བྱས་པས། འོ་ན་ངེད་རང་གཉིས་ལེན་པར་འགྲོ་བྱས་ནས་ཆུ་ཁར་སོང་ནས་རྒྱལ་བུས་ངེད་ཀྱིས་ཕྱི་སོ་ལ་འབྱོར་བྱས་པས། ཁོ་ཡི་འབུག་ཅིག་ལག་པ་ནང་དུ་བཟུང་ནས་རྟ་ཡི་ཕྱི་སོར་ཆེར་བྲབ་རེ་བྱེད་དུས་འབུག་དེ་རྟ་ལོང་དུ་ལེན་རེ་བཙུགས་པས་རྟ་དེ་ཚ་བའི་རྐྱེན་གྱིས་ཁྱེར་མ་བཅོལ་པས། རྒྱལ་པོའི་བསམ་པར་ང་རང་ལེན་མི་སོང་ན་རྡོ་དེ་གར་ཡོད་ཧ་མི་གོ །ཁོ་རང་ལེན་མི་བཏང་དགོས་སྙམ་ནས་རྟ་དེ་མ་བསྐུར་ན་ཆུ་མི་ཆོད་པས། ད་འདི་ན་ང་རང་ (ཤོག་ ༩༧) འདུག་མཆིག་ངན་ཁྱོད་སོང་ལ་ཆུ་ཕ་ཁ་ནས་བླ་རྡོ་དེ་འཕྲལ་མགྱོགས་སུ་ཁྱེར་ཤོག་བྱས་པ། དེ་བཞིན་བྱའོ་ཟེར་ནས་རྒྱལ་བུའི་རྟ་དེ་ཁྱེར་ནས་ཡང་སྔར་བཞིན་གྱི་སྡོང་ལྟར་བྱས་རྟ་ཁ་འཐེན་ལྕགས་ཀྱི་མང་བཞིན་བྲབ་པའི་རྟའི་ཕྱི་འཕག་བྱས་ཚེ། རྒྱལ་པོ་ལགས་ཁྱེད་ཀྱི་ཆིབས་པ་འདི་ཤིན་ཏུ་རིན་ཐང་ཆེ་བའི་མིའི་བསམ་པ་ཅན་ཞིག་འདུག་པས་ངེད་རྒྱལ་པོ་མིན་པ་ཧ་གོ་ནས་གཏན་ནས་མི་འགྲོ་འདུག་པ་ཡང་ན་བླ་རྡོ་ལེན་པ་བསྐྱུར། གལ་ཏེ་ལེན་དགོས་ན་ཁྱེད་ཀྱི་ན་བཟའ་ལུས་ཀྱི་དྲི་མ་ཕོག་པ་དེ་ང་ལ་བསྐུར་ན་རྟ་དེ་མི་འགྲོ་འམ་སྨྲས་པས། རྒྱལ་བུ་དེས་ང་ཡི་རྟ་དེས་མི་རང་ཞིག་བྱེད་པ་ཡིན་པས་དེ་བདེན་བསམས་ནས་འོ་ན་ངེད་ཀྱི་ཞྭ་གོས་ཁྱོད་ཀྱི་གྱོན་ལ་སོང་ན་ངེད་དོར་མ་ཁ་ལ་ལ་ཨེ་ཙམ་འདུག་ཆོག་པ་ཡུན་འགོར་མི་ཆོག་ཟེར་བ་དེ་བཞིན་ཡ་ཟེར་ནས་རྒྱལ་པོའི་ཞྭ་གོས་ནས་ཆུ་དེ་བཅད་ནས་ཕར་ཀར་སླེབས་ཚེ་རྒྱལ་བུ་ལས་ཟད་པ་ཁྱོད་བསླབ་བསྙན་པའི་བླ་རྡོ་དེ་ཡིན་ཟེར་ནས་རྟ་ལ་ལྕག་གིས་བྲབ་ནས་རྒྱུག་གོ །རྒྱལ་བུ་དེ་ཤིན་ཏུ་སྐྱེན་ཆེ་ནས་ཧུས་ཐུག་པའི་གཏམ་ལྟར། ཁོ་རེ་མཆིག་ངན་ངེད་ཀྱི་ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་བག་མ་ལེན་པའི་གཉེན་སྟོན་བྱེད་རྒྱུ་ཡིན་པ་ཁྱོད་དེར་འོང་ན་ཟས་ཏིལ་འབྲུ་ཙམ་མི་སྟེར་བས་ཁྱོད་ལ་ལན་ཆོག་པོ་སྤྲོད་ཚུལ་བོས་པས། མཆིག་ངན་གྱིས་ཁྱོད་ཀྱི་གཉེན་སྟོན་སྐབས་ང་རང་སླེབས་འོང་བ་ལེ་ལན་འཇལ་ཆོག་བྱས་ནས་ཁྱིམ་དུ་སོང་ངོ་།།
ཟླ་བ་དེའི་ཚེས་བཅོ་ལྔ་ལ་ཁོ་ཡུ་བུ་སྨད་དཀར་མོ་ལ་སྨྲས་པའི་ཁྱོད་ང་ཡི་སྐྲ་འདི་ལ་སྐྲ་ཚབ་ཞིག་བསླ་རོགས་གྱིས་ལ། ཁྱོད་ཀྱི་ནོར་རྒྱུ་རྣམས་ངེད་ལ་འདོགས་རོགས་དགོས། ཁྱོད་ཀྱི་གྱོན་པ་དེ་ངས་གྱོན་ནས་རྒྱལ་པོ་ཚང་གཉེན་ (ཤོག་ ༩༨) སྟོན་ལ་འགྲོ་དགོས་པ་ཡིན་བྱས་པས། མོ་ཡི་དེ་བཞིན་སྐྲ་བསླས། ནོར་གཡུ་སོགས་བཏགས་རོགས་བྱས་ནས་ཁོ་ཡི་མོ་ཆས་ཞུགས་ནས་རྟ་ཞིག་ཁྱེར་ནས་ཆང་རྐྱལ་ཞིག་ཕྱི་ཤར་བཏགས་ནས། རྒྱལ་པོའི་གཡོག་མོ་ཡིན་མདོག་གིས་བཙུན་མོ་དེ་ཚང་སར་སོང་བ་བག་མ་དེ་ལ་ངེད་རྒྱལ་པོ་བུའི་གཡོག་མོ་ཡིན་པ་ནང་ལུགས་ཁྱེར་རང་སར་བཏང་བ་ཡིན་པ། ངེད་ཀྱི་ཡུལ་ཟ་མ་ཟ་ལུགས་དང་འགྲོ་ལུགས་སྡོད་ལུགས་ཆ་འཕྲེང་འདི་ལྟར་མ་བྱས་ན་ཕྱ་སྲོལ་ཆེན་པོ་ཡོད་པ་ཁྱེད་རང་ལ་ཆ་བསྐུར་བ་ཡིན་སྨྲས་ནས་སོང་ཚེ་བདེན་སྙམ་ནས་བག་མ་དེའི་གཡོག་མོ་བྱས་ནས་འོང་བ། སྔོན་གྱི་རྒྱལ་པོ་དེ་ཚང་སར་སླེབས་དུས་ཇི་ལྟར་ཡང་གཡོག་མོ་ཡང་རེད་བསམས་ནས་ཉམས་རྟོགས་མ་བྱས་ནས་ཅི་མ་ཆར་སྡོད་ཚེ་རྒྱལ་པོ་ཚང་ནས་བག་མ་དཔོན་གཡོག་ལ་ཟས་ཐམས་ཅད་ཀྱིས་སྟོན་མོ་བྱེད་སྐབས་བག་མ་ལ་འདི་རྣམས་མ་ཟ་མ་གཏོགས་ཕྱ་གསོལ་ཆེན་པོ་ཡོད་ཟེར་བ་དེ་བཞིན་བག་མས་ཟ་མ་ཕོད། དོ་ནུབ་རྟེན་འབྲེལ་གྱི་ཆེད་དུ་བག་མ་དཔོན་གཡོག་མཛོད་ཀྱི་ནང་དུ་སྡོད་བཅུག་པའི་ཚེ། བག་མ་དེ་དེ་ཉིན་ཟ་མ་ཕོད་སྟབས་ཀྱི་དེ་ནུབ་ལྟོགས་རྔམ་བྱུང་བའི་གཡོག་མོ་ལ་ལྐོག་གཏམ་བྱས་ནས་ང་རང་ལྟོགས་པ། ཅི་དྲག་བྱས་ནས་སྐྱོན་མེད་ངས་ཐུག་པ་ཞིག་བསྐོལ་འོང་ཟེར་ནས་མཛོད་ཀྱི་ནང་ནས་གྲོ་ཕྱེ་སྦར་མོ་གསུམ་ཙམ་ཁུར་ནས་ཆུ་དྲོན་ནང་དུ་བཀྲོག་ནས་ཁུར་སོང་བ། བག་མ་དེས་ཕོར་པ་གསུམ་བཏུང་བའི་ནམ་ཕྱེད་ཙམ་ཤིན་ཏུ་ཕོ་བ་སྦོས་ནས་འཁྲུ་བ་སོགས་བྱུང་བའི་ཚེ་ངེད་རང་ཆབ་གསང་ལ་ཁྲིད་རོགས་བྱས་ནས་ཁོ་ནས་ཁྲིད་ (ཤོག་ ༩༩) མི་དགོས་པའི་ཁྱོད་རང་སོང་ལ་ཡ་ཀིའི་ཁང་སྟེང་ལ་ཏིག་ཙམ་རེ་སྦྱོང་ལ་ངེད་ཀྱིས་བསྡུ་ད་ཞིག་བཞག་ཡོད་པ་ཐུར་མ་རེ་ཚུག་ཞོག་དང་ང་སྔ་མོར་འགྲོ་ནས་དེ་འཁེང་འདུག་པ་ནང་མོར་ཕྱི་རྒྱབ་ཏུ་བརྒྱང་ཆོག་བྱས་པ། མོ་ཡི་བདེན་སྙམ་ནས་དེ་ལྟར་བྱས་ཚེ་ཐུར་མ་མ་ཟུག་ན་ཡུན་རིང་པོར་ཐོགས་སོང་། ཁོ་ནས་བག་མ་དེའི་ནོར་ཞྭ་ཕུད་པ་དེ་ཁུར་མཛོད་ཀྱི་ནང་ནས་གསེར་དངུལ་སོགས་དང་། དར་ཕྲུག་ལྕོགས་ཚོད་གཅིག་བསྐུར་ནས་རྒྱལ་སྒོ་ཕྱི་མའི་ཕག་ཏུ་བཞག །ཡར་སོང་ནས་ཐབ་ཚང་ནང་ནས་སྔོན་གྱི་རྒྱལ་པོ་མཆིག་ངན་འོང་བསམས་ནས་དོགས་བྱས་ནས་ཞག་གྲངས་གཉིད་ཆགས་པ་གཡོག་ཕོ་མོ་ཐམས་ཅད་གཉིད་སོང་བའི་གཡོག་མོ་ཞིག་གི་མགོ་ལ་སོགས་ཀྱང་བསྒྲགས་སོ།།
གཡོག་པོ་གཉིས་ཀྱི་མགོས་ཀྱི་ཕུ་དུང་དུ་རྡོ་ལུ་རེ་བཅུག་ནས་བསྒྲགས་སོ། །སྒྲོམ་སྐས་ཀྱི་མགོ་ལ་རིས་མ་མཐུ་གང་བླུག །སྐེད་ལ་རྡོ་ལུ་སྤར་མོ་གང་བཞགས། རྒྱ་ར་ནང་ནས་སྔོན་མཆིག་ངན་འོག་ན་ར་མདའ་ཁྱེར་རྒྱུ་བྱེད་བསམ་པའི་རྟ་སྒ་མ་གཅིག་གཉིས་ཡོད་པ་བླངས་ནས་ལ་ལ་བོང་བུ་ལ་གཏད། ལ་ལ་བ་གླང་ལ་གཏད་ནས་མལ་དུ་བཞག །ཁོ་ཡི་སྔོན་རྒྱལ་པོའི་ལས་ཟོག་དེ་རྣམས་རྟ་ལ་སྔ་ཕྱི་ཤ་བྱས་ནས་རྒྱབ་སྒོ་ཕྱེས་ནས་རྒྱལ་པོ་མཆིག་ངན་ཟེར་བ་ཁ་སང་གི་བག་གཡོག་དེ་ཡིན་གོ་བྱས་ནས་འབོད་པ་ཆེན་པོ་བཏང་ནས། རྒྱལ་པོ་ཚང་ནས་མཆིག་ངན་ལ་རྒྱོབ་རྒྱོབ་ཟེར་ནས་རྒྱལ་པོ་སྒྲོམ་སྐས་མགོ་ནས་རིས་མ་ལ་འདྲེད་ནས་གཤིས་སུ་འགྱེལ། དེ་རྗེས་བློན་པོ་འོང་བའི་རྒྱ་སྐས་སྐེད་ཀྱི་རྡོ་ལ་འདྲེད་ནས་རྒྱལ་པོའི་སྟེང་དུ་འགྱེལ། ཐབ་ཚང་ནང་མེ་བུས་བྱས་པས་གཡོག་མོའི་ (ཤོག་ ༡༠༠) མགོའི་སོག་མ་འབར། གཡོག་པོ་ནས་གཡོག་མོའི་མེ་བསྟི་བར་ཕུ་དུང་གཡུག་པས་རྡོ་ལུས་གཡོག་མོའི་མགོ་བཅག །རྒྱལ་པོ་དེར་བྱུང་ནས་མདའ་འགྲོ་སྙམ་པས་བོང་བུ་ཁྱེར། བློན་པོ་དེས་གླང་དེ་ཞོན་ནས་རྗེས་ལ་སླེབས་པར་མཆིག་ངན་ཁོ་རང་ཁྱིམ་དུ་སླེབས་སོ། །དེ་ནས་མཆིག་འཚོང་བའི་མི་དེ་ཡུལ་གླིང་དེའི་གཅིག་གིས་བྱ་ཐབས་མ་བྱུང་བས་འགྲན་ཟླ་མེད་བྱས་སོ། །རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས། དེ་འདྲའི་མི་དྲན་འཕྲུལ་ཅན་གྱི་བྱ་བ་ཅི་བྱས་ལམ་དུ་སོང་བ་དེ་འདྲ་ཡོད་ཨང་ཟེར་ཤོར། རྒྱལ་པོ་ལས་ཟད་ཁ་ནས་གཏམ་གཅིག་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་འགྲམ་ལྕག་ཚ་བྲོ་བ་གསུམ་བརྒྱབ་ནས་འཕུར་སོང་ངོ་། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་མཆིག་ངན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།

༈ ཡང་ལམ་ལ་འགྲོ་ལུགས་སྔར་བཞིན་དུ་བྱས་ཏེ་རོ་དངོས་གྲུབ་ཅན་ཁུར་ནས་ཡོང་བ་དང་། ཐང་ཡང་ཆད་ཉི་མ་ཡང་རིང་བས་སྒྲུང་མཁས་པ་ཞིག་ཐོངས་ཟེར་བས། ཡང་རྒྱལ་པོས་ཅང་མ་སྨྲས་ནས་མགོ་སྒྱེད་སྒྱེད་བྱས་པས། འོ་ན་དང་པོ་ཙ་ན། ལུང་པའི་ཕུ་རིང་ཞིག་ན་ཕོ་རང་ཞིག་ཡོད་དེ། དེ་ལ་ནོར་དུ་བ་གཅིག་མིན་པ་ཅི་ཡང་མེད་དོ། །ནམ་ཞིག་བ་ལ་གླང་གཏོང་རན་པ་དང་། གླང་ཕྱོགས་ཐམས་ཅད་དུ་བཙལ་ཡང་མ་རྙེད་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས། བ་བདག་གི་བ་ལ་བེའུ་མ་བྱུང་ན་མར་དང་བ་གཉིས་ཀ་མི་ཡོང་བས་ལྟོགས་ཤིང་སྐོམ་ནས་འཆི་བར་འགྱུར་སྙམ་མོ།།
ཡང་བསམ་པ་ལ་གཞན་ཐབས་མེད། ང་རང་གིས་སྤྱད་པར་བྱའོ་སྙམ་ནས་བ་ལ་འདོད་པ་སྤྱད་དེ་ཟླ་བ་ཚང་བ་དང་། བེའུ་ཅི་ལྟ་བུ་ཞིག་སྐྱེ་བསམས་ནས་ལུས་སོ། །མི་ཡི་ལུས་ཡོད་ (ཤོག་ ༡༠༡) པ་མགོ་གླང་གི་དབྱིབས་ཡོད་པར་མཇུག་མ་རིང་བ་ཞིག་བཙས་སོ། །དེ་བྱུང་བ་དང་དོགས་པ་ཟོས་ནས་མདའ་གཞུ་ཐོགས་ཏེ་བསད་པར་བརྩམས་པ་ལ། དེས་ན་རེ། ཕ་བདག་མ་གསོད་དྲིན་འཇལ་ཟེར་ནས་ནགས་གསེབ་ལ་སོང་ངོ་། །དེར་ཕྱིན་ནས་ཤིང་སྡོང་པོ་གཅིག་གི་རྩ་བ་ལ་མི་ནག་པོ་གཅིག་འདུག་པས། ཡ་རུ་ཁ་ཁྲ་དེས་སུ་ཡིན་བྱས་པས། ང་ནགས་སྐྱེས་དར་པོ་ཡིན་ཟེར། མ་སང་ཡ་རུ་ཁ་ཁྲ་དེ་གར་བྱོན་ཡང་ངས་གྲོགས་བྱེད་ཟེར་དེ་གཉིས་འགྲོགས་ཏེ་སོང་བ་དང་། སྤང་སྔོ་སང་ངེ་བ་གཅིག་གི་དཀྱིལ་ན་མི་སྔོ་སང་ངེ་བ་གཅིག་འདུག་པས། ཁྱོད་སུ་ཡིན་དྲིས་པས་སྤང་སྐྱེས་དར་པོ་ཡིན། ངས་ཀྱང་གྲོགས་བྱེད་ཟེར་ནས་ཁོང་གསུམ་བསྡེབས་སོང་བ་ལ། ཤིང་རི་མཐོ་རྩིག་གི་དཀྱིལ་ན་སླེབས་པ་དང་མི་དཀར་སང་ངེ་བ་གཅིག་འདུག་པས། ཁྱོད་སུ་ཡིན་དྲིས་པས་ང་ཤིང་སྐྱེས་དར་པོ་ཡིན། ངས་ཀྱང་གྲོགས་བྱ་ཟེར་ཁོང་བཞི་པོ་བསྡེབས་སོང་བ་ལས་ལུང་སྟོང་ཆེ་བ་ཞིག་ཏུ་སླེབས། དེ་ན་གཞན་སུ་ཡང་མེད། རི་ཟུར་ཞིག་ན་ཁང་ཆུང་གཅིག་འདུག་པས་དེར་ཕྱིན་ནས། དེའི་ནང་ན་བཟའ་བཏུང་ནང་ཆས་དང་ར་བ་ན་མཛོ་མོ་སོགས་འདུག་ཅིང་། དེ་རྣམས་ལ་བདག་པོ་མི་འདུག་ཅིང་། དེར་ཁོང་རྣམས་དེར་བསྡད་དོ།།
ཉིན་རེ་བཞིན་གསུམ་གསུམ་རི་དྭགས་བཤོལ་བ་ལ་འགྲོ་བས། རེ་རེས་གཞིས་ས་བྱེད་དོ། །ཉིན་གཅིག་ནགས་སྐྱེས་དར་པོ་གཞིས་ལ་བསྡད། ཞོ་དཀྲུག་པ་དང་ཤ་ཚོད་བཙོས་ནས་བསྡད་ཡོད་པ་ལ་སྒོ་ཙིར་ཟེར་བྱུང་བས་སྐས་ལ་འཛེགས་ཏེ། ཨའོ་མི་ཁམས་ཅན་མི་ཁ་སེར་བྱུང་བས། སུ་ཡོད་བསམ་བྱུང་ཙ་ན། ཨ་བྱི་གཟུགས་མཐོ་གང་ཙམ་ལ་ཁྲེས་པོ་བང་བ་ཙམ་གཅིག་ (ཤོག་ ༡༠༢) ཁུར་བ་བྱུང་སྟེ། ཁྱེའུ་འདི་འདྲ་བ་ཞིག་ཤ་བཙོས་འདུག་པས་ཞོ་དང་ཤའི་བྲོ་བ་ཅུང་ཟད་སྟོན་ཟེར་བྱུང་བ་བྲོ་བ་བསྟན་པས་ཐམས་ཅད་མེད་པར་སོང་། ཨ་བྱི་ཡང་མར་བབས་སོང་། ཁོ་ཞོ་མར་དང་ཤ་མེད་པས་ངོ་ཚ་ནས་མཛོད་ཐམས་ཅད་དུ་བཙལ་བས་རྟའི་མིག་པ་གཉིས་དོན་བྱུང་བས་དེའི་ཁང་པའི་སྒོ་ཕྱི་ཐམས་ཅད་ལ་བརྩགས་ཁོ་རང་གི་མདའ་སྤན་བན་ལ་བརྒྱབ་ནས་བསྡད་དོ། །དེ་ནས་རི་དྭགས་བཤོལ་དུ་སོང་བ་རྣམས་སླེབས་ནས་ཞོ་དཀྲུག་པའི་མར་དང་ཤ་ག་ན་ཡོད་ཟེར། ནགས་སྐྱེས་དར་པོས་ན་རེ། དེ་རིང་རྟ་པ་བརྒྱ་ཙམ་ཡོང་ཁང་པ་ལ་སྐོར་རྒྱག་བྱས་ཞོ་དང་ཤ་འཕྲོག་ང་རང་ཡང་འགུལ་མི་ནུས་ཙམ་བརྡུང་། ཁྱེད་རྣམས་ཀྱི་ཕྱི་རུ་ལྟོས་ཤིག་ཟེར། ཁོང་རྣམས་ཀྱིས་ཕྱིར་ཕྱིན་པ་དང་རྟའི་རྨིག་རྗེས་དང་སྤན་བད་ལ་མདའ་བརྒྱབ་པ་རྣམས་མཐོང་ནས་བདེན་པར་འདུག་ཟེར།
སང་ཉིན་སྤང་སྐྱེས་དར་པོ་བསྡད་པས་ཁ་སང་ཇི་ལྟ་བ་བཞིན་བྱུང་བས་གཡག་གི་རྨིག་རྗེས་ཀྱིས་ཁང་པའི་ཕྱི་རྣམས་བཅག །གཡག་ཁམས་པས་བརྡུངས་བྱུང་བྱས་སོ། །ཡང་སང་དར་སྐྱེས་དར་པོ་བསྡད་པས་དྲེལ་གྱི་རྨིག་རྗེས་ཀྱིས་ཁང་མཐའ་བཅག་པས །དེ་རིང་དྲེལ་ཁལ་བརྒྱ་ཙམ་བྱུང་ཟེར་བའི་རྫུན་བྱས་སོ། །དེ་ཡི་སང་ཉིན་ཡ་རུ་ཁ་ཁྲ་བསྡད་དར་རྩེ་ཟིང་ངེ་མཇུག་མ་ཀེ་རེ་ཞོ་དཀྲུགས་ཤིང་བསྡད་པས། སྔར་བཞིན་ཨ་བྱི་བྱུང་ནས་ཨ་ཕ་དེ་རིང་འདི་འདྲའི་མི་གཅིག་འདུག །ཞོ་དང་ཤ་ཡི་བྲོ་བ་སྟོན་ཟེར་བ་ལ། ཁོང་སྔ་མ་གསུམ་ལའའང་འདི་བྱུང་འདུག །འདི་ལ་བྲོ་བ་བསྟན་ན་ཅི་ལྟར་འོང་མི་ཤེས་བསམས་ནས་ཨ་ཕྱི་བྲོ་སྟོན་པའི་སྔོན་ལ་ཆུ་ལོང་ཤོག་ཟེར་ཟོ་བའི་མཐིལ་འབུག་གིས་ཙག་ནས་བཏང་བ་ལ་དེ་བྱེད་ཟེར་ (ཤོག་ ༡༠༣) ནས་ཆུ་ལེན་སོང་ངོ་། །ཁོས་སྐར་ཁུང་ནས་བལྟས་པས་དེ་ཡི་ཨ་བྱི་རྒན་མོ་དེ་གཟུགས་མཐོ་གང་པ་དེ་གནམ་ལ་རེག་ལ་ཁད་བྱས་ནས་ཟོ་བས་ཆུ་བཅུས་ཀྱང་ཟད་སོང་བ་ལེན་པ་ལ་སོང་ཞིང་འདུག་པ་ལ་ཁྲེས་པོ་བཤིག་པས་རྒྱུས་པའི་ཐག་པ་གཅིག །ལྕགས་ཀྱི་ཐོ་བ་གཅིག །ལྕགས་ཀྱི་སྐམ་པ་གཅིག་རྣམས་ཡོད་པས། ཁོས་བེས་ཐག་རུལ་པ་གཅིག །ཤིང་གི་སྐམ་པ་གཅིག །ཤིང་གི་ཐོ་བ་གཅིག་རྣམས་རྗེས་སོ། །དེ་ནས་ཨ་བྱི་བྱུང་སྟེ་ཁྱོད་ཀྱི་ཟོ་བས་ཆུ་མི་ཐུབ་པར་འདུག །ཁྱོད་ཀྱིས་ཞོ་དང་ཤ་ཡི་བྲོ་བ་མི་སྟོན་ན། ནོར་འདི་རྣམས་ང་ཡི་ཡིན། ངེད་རང་གཉིས་རྩེད་མོ་གཅིག་འདྲེན་ཟེར། ཨ་བྱིས་བེས་ཐག་གི་ཡ་རུ་ཁ་ཁྲ་བཅིངས་སོ། །དེར་ཁོས་ཕྲ་ཤད་ཀྱིས་བལ་ཐག་དུམ་བུར་ཆད། ཁོས་རྒྱུས་པའི་ཐག་པས་ཨ་བྱི་བཅིང་བས་འགུལ་མ་ཐུབ་དེ་ཁྱོད་རྒྱལ། དཔོན་མོ་འདེབས་རེས་བྱེད་ཟེར། ཁོའི་བྲང་ལ་ཨ་བྱིའི་ཤིང་གི་ཐོ་བ་བརྒྱབ་པས་ཁོ་ཅི་མ་ཉེས་ཁོས་ཨ་བྱིའི་བྲང་ལ་ལྕགས་ཀྱི་སྐམ་པ་བཙུགས་ནས་བཙིར་ཞིང་གཅུས་ནས། ཤ་སླ་ང་ཙམ་གཅིག་བཀོག་ནས་ཨ་ཚ་ཚ་ཁྱོད་བྱིས་པ་ལག་ཤེད་ཅན་ཞིག་འདུག །ད་མུས་ནས་རྒྱག་རེས་བྱེད་ཟེར། ཁོ་ཡི་བྲང་ལ་ཨ་བྱིའི་ཤིང་གི་ཐོ་བ་བརྒྱབ་སྟེ་ཡུ་བ་ཆགས་ཀྱང་མ་ཉེས། ཁོས་ལྕགས་ཀྱི་ཐོ་བ་མེར་བསྲེགས་ནས་ཨ་བྱིའི་བྲང་དང་མགོ་ལུས་མེད་པར་བསྣུན་པས། ཁྲག་འཛག་ཅིང་སྐས་ལས་མཆོངས་ནས་བྲོས་སོ།།
དེ་ནས་རི་དྭགས་བཤོལ་དུ་སོང་བའི་གྲོགས་པོ་གསུམ་པོ་སླེབས་ཏེ་མ་སང་འོ་མ་བརྒྱལ་ལམ་ཟེར། སྤྲང་པོ་ཁྱོད་ཚོས་རྫུན་བྱས་ནས་ཕོ་མ་བྱས་འདུག །ཨ་བྱི་དེ་ངས་བཏུལ་ཡོད། དེའི་རོ་བལྟ་བར་དེང་ཟེར་ནས་ཁྲག་རྗེས་དེད་ནས་ཕྱིན་པས་ (ཤོག་ ༡༠༤) བྲག་གཡང་ཆེན་པོ་འཇིགས་སུ་རུང་བའི་སེར་གའི་དབྲག་ལ་བལྟས་པས་ཐོག་སོ་བཅོ་བརྒྱད་ཙམ་གྱི་སྟེང་ན་ཨ་བྱིའི་རོ་དང་གསེར་གཡུ་གོ་ཁྲབ་སོགས་ནོར་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །དེ་མཐོང་བ་དང་ཁྱེད་རང་གསུམ་སོང་ལ་ནོར་རྣམས་ཡར་ཞུགས་ཐག་གི་ལ་ཐང་དང་ངས་འཐེན་མཁན་བྱེད། འོ་ན་ངེད་རང་གི་གཏོང་ཁྱེད་ཚོས་འཐེན་ཟེར། ཁོང་གསུམ་པོ་ན་རེ་ཨ་བྱི་བདུད་མོར་འདུག་པས་ངེད་ཚོ་འགྲོ་མི་ནུས། མ་སང་ཁྱེད་བྱོན་རོགས་གྱིས་ཟེར། དེར་ཡ་རུ་ཁ་ཁྲའི་གཞུག་ལ་ཕྱིན་ཏེ་ནོར་རྣམས་ཡར་ཞུགས་ཐག་ལ་བཏང་ཟིན་པ་དང་། ཁོང་གསུམ་གྱིས་གྲོས་ངན་ཤོལ་ཏེ་མ་སང་འཐེན་ན་ནོར་ལ་སོགས་པ་འཆོར་ཏེ་དེ་བས་ངེད་རང་གསུམ་དགའ་ཟེར་ནས་མ་སང་མ་འཐེན་པས་ཕུག་པའི་ནང་དུ་ལུས། དེར་མ་སང་གི་བསམ་པ་ལ་ཁོང་གསུམ་གྱི་ངན་བྱེད་པ་རེད། ད་ང་འཆི་ལས་ཆེ་འདི་ཡི་བང་བ་ན་ཟ་རྒྱུ་ཅི་ཡོད་བསམས་ནས་བཙལ་ཏེ་ཁམ་ཚིག་གསུམ་རྙེད་པ་དང་དེ་ས་འོག་ཏུ་སྦས་ལ་ཁོ་རང་གི་ཆུ་གཏོར་ནས་བཞག །ང་ཡིན་ངེས་ན་གཉིད་སད་པ་དང་མཉམ་དུ་ཁམ་སྡོང་གསུམ་ཤོག་ཅིག །མིན་ན་ཤི་བར་གྱུར་ཅིག་བྱས། ཨ་བྱིའི་རོ་ལ་སྔས་བྱས་ནས་ཉལ་བས་རོ་གྲིབ་ཀྱིས་ལོ་མང་པོའི་བར་ལ་གཉིད་ལ་སོང་བ་དང་། གཉིད་སད་པ་ལ་ཁམ་སྡོང་བྲག་གི་སེར་ག་དང་མཉམ་པར་སྐྱེས་འདུག །ཡིད་དགའ་ནས་འཛེགས་ཏེ་སྔར་གྱི་ཁང་པ་དེ་རུ་ཕྱིན་པས་སུ་ཡང་མི་འདུག་ཅིང་། ཁོ་རང་གི་ལྕགས་གཞུ་ལྕགས་མདའ་འདུག་པ་ཐོགས་ཏེ་ཕྱིན་པ་དང་། ཁོང་གྲོགས་པོ་གསུམ་པོས་ཆུང་མ་རེ་བླངས་འདུག་པས། ཆུང་མ་གསུམ་ལ་ཁྱེད་ཚོའི་ཁྱོ་གར་སོང་ཟེར་བས་ཤྭ་བ་བཤོལ་དུ་སོང་ཟེར། ལྕགས་གཞུ་ལྕགས་མདའ་ཐོགས་ནས་ཕྱིན་ (ཤོག་ ༡༠༥) ནས་བལྟས་པས། ཁོང་གསུམ་གྱི་ཤྭ་རོ་ཁྱེར་ནས་བླང་ངོ་།།
དེར་མ་སང་གིས་ལྕགས་མདའ་གཅིག་འཕངས་པས། ཁོང་གསུམ་ཞེད་དེ་ཁྱེད་བདེན་ཁྱིམ་དུ་ཆུང་མ་གསུམ་ཀ་ཁྱོད་ལ་སྦྱིན་ཟེར། ངེད་རང་གསུམ་དོན་འགྲོ་ཟེར། མ་སང་གིས་ཁྱོད་གྲོགས་པོ་གསུམ་པོ་བྱེད་ལུགས་མ་ཉན་ཏེ། ཕ་མའི་དྲིན་ལན་འཇལ་དུ་འགྲོ་དགོས་ཡོད་ཟེར། ཁྱོད་རང་ཚོ་སྔར་བཞིན་སྡོད་བྱས་ནས་ཕྱིན་པས། ལྷ་དབང་བརྒྱ་བྱིན་དང་འཕྲད་དེ་ལྷ་བདུད་གཉིས་རྩོད་རྒྱུ་ཡིན་པས་དཀར་པོ་གང་བྱུང་ལྷ་ཡིན། ནག་པོ་གང་བྱུང་བདུད་ཡིན་ལ། དེ་རིང་ཕྱི་དྲོ་ལ་གཡག་ནག་རྣམས་ཀྱིས་དཀར་པོ་རྣམས་དེད་དུས། ཁྱོད་ཀྱིས་ལྕགས་མདའ་བཀང་ནས་གཡག་ནག་པོའི་དཔྲལ་བར་འོད་ཡོད་པ་དེ་ལ་རྒྱོབ་ཅིག་ཅེས་མངགས་སོ། །དེ་བཞིན་བྱས་ནས་བརྒྱབ་པས་གཡག་ནག་པོའི་དཔྲལ་བར་བརྒྱབ་པས་ཐམས་ཅད་འུར་སོང་། བརྒྱ་བྱིན་ཤིན་ཏུ་དགའ་ནས་ཁྱོད་མི་དྲིན་ཆེན་ཡིན་པས་ཞག་བར་སྡོད་གསུངས་པས་མ་བསྡད་ནས་ཕ་མའི་དྲིན་ལན་འཇལ་དུ་འགྲོ་དགོས་ཟེར་ནས་ལྷའི་ནོར་བུ་དཔག་ཏུ་མེད་པ་ཐོགས་ནས་འགྲོ་བར་བརྩམས་པ་ལ་བརྒྱ་བྱིན་གྱི་ཞལ་ནས་ལམ་ལ་གཉིད་ལོག་ནས་འཆུག་དོགས་ཡོད། ལམ་འཆུག་ནས་བདུད་ཀྱི་སྒོ་དྲུང་དུ་སླེབས་ཡོང་བས་བྲོས་པས་མི་ཐར། སྒོ་བརྡུངས་ནས་ང་སྨན་པ་ཡིན་གྱིས། བདུད་ཀྱི་རྒྱལ་པོ་ལ་མདའ་ཕོག་ནས་ཡོད་པ་དེ་ཁྱོད་སྟོན་དུ་བྱུང་ན་མདའ་བཀོག་པའི་ཚུལ་གྱིས་ལ། ནས་འབྲུ་བདུན་གནམ་དུ་གཏོར་ལ་མདའ་ཀླད་དཀྱིལ་དུ་ཕུག་ལ་སོད་ཅིག་གསུངས་སོ།།
དེ་ནས་སོང་བ་དང་ཇི་ལྟར་ཟེར་བ་བཞིན་ལམ་འཆུག་ནས་བདུད་ཀྱི་སྒོ་དྲུང་དུ་སླེབས་སོ། །སྒོ་བརྡུངས་པས་བདུད་ཀྱི་བུ་མོ་ཁ་ལ་མེ་འབར་མ་ཞིག་བྱུང་སྟེ་ཁྱོད་ཅི་ཤེས་ (ཤོག་ ༡༠༦) ཟེར་བ་ལ། ལྷ་རྗེ་ཤེས་བྱས་པས་ནང་དུ་ཤོག་ཟེར་བདུད་རྒྱལ་ལ་མདའ་ཕོག་པ་དེ་བསྟན་ནས། སྔོན་ལ་ནས་འབྲུ་བདུན་གཏོར་ནས་མདའ་གཏོར་བའི་ཚུལ་བྱས་ནས་སླར་ཀླད་པའི་དཀྱིལ་དུ་ཕུལ་ཏེ་བསད་པས། དེ་མ་ཐག་ལྷའི་དབང་པོ་བརྒྱ་བྱིན་གྱིས་ནམ་མཁའ་ནས་ལྕགས་ཐག་སེར་ཁྲོལ་ཟེར་ནས་ནམ་མཁའ་ལ་ཡར་སོང་བ་ལ། བདུན་མོས་ལྕགས་རྡོ་མེ་འབར་བརྒྱབ་པས་ཁོས་སྐྱེས་པ་ཆོག་བྱས་ནས་ཁོ་ལ་མ་ཕོག་ནས་སྐར་མ་སྨེ་བདུན་དུ་རེད་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་ཕ་མའི་དྲིན་ལན་མ་གསབ་པ་ཨེ་ཡིན་བྱས་པས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ཡ་རུ་ཁ་ཁྲའི་ལེའུ་སྟེ་བཅུ་བདུན་པའོ།། །།

 

༈ ཡང་རོ་དེས་སྒྲུང་བཏང་བ། སྔོན་དང་པོ་ཙ་ན། ཕུ་རག་ཤིན་ཏུ་སྐྱིད་པ་ཞིག་ན་བཟའ་མི་གཉིས་ཡོད་པ་ལ། ཁྱོད་ཕོ་དེ་རྒྱུ་ལ་ཤིན་ཏུ་ངན་པ་བཟའ་བཏུང་ཅི་ཡང་བྱེད་མི་ནུས་ཤིང་ཉིན་མཚན་མེད་པར་ཉལ་ནས་ཁོ་ནར་གཉིད་དུ་བསྡད་པ་ལ། ནམ་ཞིག་དུས་ཆུང་མ་དེས་འདི་འདྲ་མ་བྱེད། ཁྱོད་ཀྱིས་ཕས་བསགས་པའི་ནོར་རྣམས་ཕལ་ཆེར་ཟད་སོང་། གོས་ཚགས་གྱིས་ལ་ང་ཞིང་ལས་ལ་སོང་བའི་ཤུལ་དུ་བྱ་ར་ཙམ་ཡང་གྱིས་སྨྲས་པས། དེ་ལ་ཉན་པས་ཉིན་གཅིག་ཐོག་ཁ་ལ་ཕྱིན་པས། ཁང་པའི་ལྟག་ཅིག་འབྲོག་པའི་ལྷས་ཡོད་པ་དེ་ན་རུ་བ་རྣམས་སྐྱེས་ཤུལ་ཞིག་ན་ཝ་དང་ཁྱི་འཐབ་པ་ཞིག་འདུག་པ་དེར་ཕྱིན་པས་མར་ཤེ་ཅིག་དང་ལུག་ཤ་སྨད་དུམ་གཅིག་ལུས་འདུག་པ་ཁུར་ནས་ཡོང་སྟེ་བང་བ་ནང་དུ་བཞག་པ་ལ། ཆུང་མས་དེ་མཐོང་ནས་མར་འདི་དང་ཤ་ (ཤོག་ ༡༠༧) འདི་གང་ནས་རྙེད་དྲིས་པས། ཁྱོད་ཀྱི་ཐོག་ཏུ་བྱ་རར་སོང་ཟེར་བ་ལྟར་ཁང་སྟེང་དུ་སོང་བས་བྱ་ཁྱུ་འཚོགས་འདུག་པ་ལྟ་བར་སོང་བས་རྙེད་པ་ཡིན་ཟེར། མོ་ན་རེ། སྐྱེས་པ་ཁྱོ་ག་ཟེར་ན་དལ་སྡོད་རྒྱ་པོར་ག་ལ་ཡོད། ཉིན་གཅིག་ཐོག་ཏུ་ཕྱིན་པ་ལ་འདི་འདྲ་ཡོང་བ་ལ་ཟེར། དེ་བྱས་པ་ལ་དཔའ་བསྐྱེད་ནས་ང་རང་འཁྱམས་ལ་འགྲོ་བས། ཁྱེད་རང་རྟ་དང་སྒ་ཐག་ཆས་དང་ཞྭ་དཀར་ཕྱིང་ནག་ཁྱི་དང་བཅས་པ་རྣམས་གྲབས་གྱིས་ཤིག་སྨྲས་པས་མོས་དེ་ལྟར་འཛོམས་པར་བྱས་སོ།།
ད་ཆས་ཀ་རྣམས་ཚང་ཡོད་འགྲོ་བ་འཐད་ཟེར་བས། ཁོས་ཞྭ་དཀར་ཕྱིང་པ་གྱོན། འཁོར་གསུམ་བཏགས་ཁྱི་ཁྲིད་རྟ་ཞོན་ནས་གར་འགྲོའི་གཏད་མེད་དོ། །ལུང་པ་ཕྱོགས་མི་གཅིག་པ་གཅིག་ཏུ་ཡར་ཕྱིན་པས་ཝ་མོ་ཞིག་མཐོང་བས་འདི་གསོད་དགོས་སྔར་བཞིན་འཕྲད་པ་གྲོགས་ཀྱི་མཆོག་ཡིན་པས་འདི་ལ་ཝ་ཞིག་འཆོས་ཟེར་ནས་དེད་པས་ཆུ་འུག་གི་ནང་དུ་སོང་། དེར་རྟ་བབས་ཏེ་མདའ་གཞུ་གོས་ཆས་ཕྱིང་པ་རྣམས་རྟའི་སྒ་ཐོག་ལ་བཀལ་ཁྱི་དེ་རྟའི་མཐུར་མདའ་ལ་བཏགས་ཁོ་རང་གཅེར་བུ་བྱས་ནས་ཆུ་འུག་ལ་འཛུལ་བས་མ་ཐར་བ་དང་། ཞྭ་དཀར་གྱིས་ཆུ་འུག་བཀག་ནས་ཡོད། རྡོ་ཆེན་ཞིག་ཝ་མོ་ཡོད་པའི་ཐོག་ཏུ་བརྒྱབ་པས་ཝ་མོ་སྐྲག་ཏེ་ལྗགས་ཀྱི་དོན་ལ་ཞྭ་དཀར་ཝ་མོའི་མགོ་ལ་གོན་ཏེ་བྲོས། དེའི་ཕྱི་བཞིན་ཁྱི་ཡིས་རྟ་ཁྲིད་ནས་སྐད་ཅིག་ལ་ལ་རྒྱབ་ཏུ་སོང་ངོ་།།
དེར་ཁོ་རང་གཅེར་བུར་ལུས་ནས་བྱ་ཐབས་ནི་ཟད་དོ། །ལུང་པའི་མདོ་དེར་ཕྱིན་པ་དང་། ཡུལ་གྱི་རྒྱལ་པོ་སྟོབས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་གི་རྟ་རར་ཕྱིན་ནས་སོག་བུར་གྱི་དཀྱིལ་དུ་འཇང་ཉལ་བྱས་ཏེ་མིག་གི་མཐོང་ཙམ་མ་གཏོགས་ (ཤོག་ ༡༠༨) མགོ་ལུས་མེད་པ་སོག་བུར་གྱིས་གཡོགས་ནས་མིས་མི་མཐོང་བར་བྱས་ནས་བསྡད་དོ། །དར་གཅིག་སོང་བ་དང་རྒྱལ་པོའི་སྲས་མོ་ཡིད་དུ་འོང་བ་ཞིག་ཁམས་སངས་སླད་བྱུང་བ་དང་། ཁོ་ཡི་རྩར་ཆུ་བཙག་སོང་བ་དང་། རྒྱལ་པོའི་བླ་གཡུ་ཡུལ་ཁམས་རི་བ་ཞིག་ཡོད་པ་དེའི་མདུན་དུ་ལྷུང་བྱུང་བ་དང་། སྲས་མོས་མ་ཚོར་བ་ཕོ་བྲང་དུ་སོང་ངོ་། །ཁོ་སོག་བུར་ནང་ནས་ལངས་མ་ནུས་ནས་གཡུ་ལེན་མ་ཐུབ། དེ་ནས་ཉི་མ་ནུབ་པ་དང་བ་ཞིག་བྱུང་ནས་གཡུའི་སྟེང་དུ་བ་ཡིས་ལྕི་བ་ཞིག་བཏང་ངོ་། །དུམ་གཅིག་སོང་བས་གཡོག་མོ་བྱུང་ནས་ལྕི་བ་གཡུ་དང་བཅས་པ་རྩིག་ངོས་ལ་སྦྱར་སོང་ངོ་།།
དེའི་སང་ཉིན་རྒྱལ་པོའི་བླ་གཡུག་ཡིད་བཞིན་ནོར་བུ་དེ་སྲས་མོས་བོར་ཟེར་ནས་རྒྱལ་པོ་འཁོར་བཅས་ཀྱིས་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་ནས་མངའ་ཞབས་ཀྱི་མི་ཀུན་བསགས་ཏེ། མོ་མ་མཁན་དང་ཕྱ་མཁན་དང་པྲ་མོ་མཁན་ཐམས་ཅད་རྩད་གཅོད་བྱེད་དོ། །དེ་ནས་ཁོས་ཀྱང་སོག་བུར་དཀྱིལ་ནས་ལུས་ཕྱེད་སྟོན་བསྡད་པ་དང་མི་ཞིག་བྱུང་ནས་ཁྱེད་ཅི་ཤེས་ཟེར། ངས་མོ་ཤེས་བྱས་པས། འོ་ན་ངེད་ཀྱི་བླ་གཡུ་བོར་ནས་ཡོད། མོ་མ་མཁན་ཐམས་ཅད་བསགས་ནས་ཡོད་པས་ཁྱོད་རང་རྒྱལ་པོའི་དྲུང་དུ་འགྲོ་ཟེར་རོ། །ང་ལ་གོས་མེད་བྱས་པས། མི་དེས་རྒྱལ་པོའི་དྲུང་དུ་ཕྱིན་ནས་ངེད་རང་གི་ཕྱི་རོལ་ན་མོ་མ་མཁན་གཅེར་བུ་ཞིག་འདུག་པ་གོས་བྱིན་ན་སྐུ་དྲུང་ན་ཡོང་བ་འདུག་ཞུས་པས། འོ་ན་ཤོད་ཀྱི་སྒོ་ཕྱེས་ལ་གོས་འདི་གོན་ལ་ད་ལྟ་ཤོག་གྱིས་གསུངས་སོ། །དེ་བཞིན་དུ་བྱས་ནས་དེས་ཀྱང་དྲུང་དུ་ཕྱིན་ནས་ཕྱག་ཕུལ་བ་དང་། ཁྱེད་ཀྱིས་མོ་འདེབས་པའི་ཆས་ཀྱི་དགོས་གསུངས་པས། མོ་ཆས་ (ཤོག་ ༡༠༩) ཕག་མགོ་ཆེན་པོ་གཅིག་དང་དར་ཚོན་སྣ་ལྔ་གཏོར་མ་ཆེན་པོ་དེ་རྣམས་དགོས་ཞུས་པ་དང་དེ་རྣམས་ཐམས་ཅད་འགྲུབ་པར་གནང་། དབྱུག་པའི་རྩེ་ལ་ཕག་མགོ་བསྐྱོན་ཏེ་དར་སྣ་ལྔ་བཏགས། གཏོར་མ་ལ་བཙུགས་ཏེ་ཞག་གསུམ་སྒྲུབ་པ་བྱེད་ཚུལ་བྱས་ཏེ་མཚམས་བཅད་ནས་བསྡད།
དེ་ནས་ཞག་གསུམ་སོང་བ་དང་མངའ་ཞབས་ཀྱི་མི་ཐམས་ཅད་བསགས་མོ་སྟོན་གྱིས་བེར་ནག་ཞིག་གོན །ཕག་མགོ་བཟུང་རྒྱ་གསང་གཅིག་ཏུ་བསྡད། མི་ཐམས་ཅད་འཕྲང་ལ་རེ་རེ་ནས་བཤལ་བཅུག་བཙུགས་ཏེ་བྱས་ནས་འདི་ལ་མི་འདུག་འདི་ལ་མི་འདུག་བྱས་ནས་ཐམས་ཅད་དགའ་ནས་སོང་ངོ་། །རྒྱལ་པོའི་བླ་གཡུ་འདི་མི་ལ་མི་འདུག་པ་གཞི་ལ་འཚོལ་དགོས་བྱས་ནས་རིང་པོར་ཕ་ཚད་ཕོ་བྲང་གི་ཕྱི་རོལ་རྡོ་ཐོ་ནས་བཟུང་སྟེ། ཕག་མགོས་ཚུག་ཚུག་བྱེད་ཅིང་ཡོད་པའི་ཕྱི་བཞིན་རྒྱལ་པོ་དཔོན་གཡོག་ཐམས་ཅད་ཀྱིས་རོལ་མོའི་སྒྲ་དང་བཅས་པ་བྱོན་པ་ལས། མོ་སྟོན་གྱིས་རྟ་རའི་རྩིག་ལོགས་གཡུ་ཡོད་པའི་སར་ཉེ་རུ་བཏང་ནས། དེ་ནས་ཕག་མགོ་གཡུ་ཡོད་པའི་ལྕི་བ་ལ་བཙུགས་ཏེ་འདི་ན་ཡོད་པ་འདྲ་བྱས་པས། རྒྱལ་པོས་ལྕི་བ་བཀོག་པས་བླ་གཡུ་ཡིད་བཞིན་ནོར་བུ་དོན་བྱུང་ངོ་། །ཐམས་ཅད་དགའ་ནས་ཁྱེད་ནི་མོ་སྟོན་ཆེན་མོ་ཡིན་འདུག་པས། ད་ནི་དྲིན་ཁུར་ནང་དུ་ཕེབས་ཟེར་ནས་འདི་ནི་མོ་སྟོན་ཕག་མགོ་ཅན་ཡིན་ནོ། །ཞེས་ཐམས་ཅད་དགའ་ནས་གྱུར་ཏོ།།
དེ་ནས་རྒྱལ་པོས་ཁྱེད་ལ་བྱ་དགའ་ཅི་དགོས་བྱས་པས། མོ་སྟོན་གྱིས་སྔར་རྟ་དང་ཆས་གོས་ཡིད་ལ་འཕྲེང་བའི་སྟབས་ཀྱིས་ང་ལ་རྟ་སྒ་ཐག་ཆས་དང་བཅས་ཞྭ་དཀར་ཕྱིང་པ་ཁྱི་ལྕག་དང་བཅས་པ་ཝ་མོ་ཞིག་ཞུ་བྱས་པས། རྒྱལ་པོས་ན་རེ་འདི་གཡོས་ཆུང་ཞིག་རེད་གསུངས་སོ། །དེ་རྣམས་དང་ཤ་ཐུད་མར་གསུམ་ (ཤོག་ ༡༡༠) གླང་པོ་ཆེའི་ཁལ་རྒྱབ་གསུམ་དང་བཅས་བཀུར་ནས། ཁོ་རང་གི་ཡུལ་དེར་ཆུང་མས་བསུ་བ་བཏང་སྟེ་སྐྱེས་པ་ཁྱོ་ག་ཟེར་བ་འདི་ལྟ་བུ་ལ་ཟེར་བ་ཡིན་མོད་ཟེར་ཏེ་ནང་དུ་སོང་ནས་དགོང་མོ་ཉལ་ལབ་བྱས་ནས་ཆུང་མ་ན་རེ། འདི་ལྟ་བུའི་ཤ་ཐུད་མར་གསུམ་གང་ནས་བྱུང་བྱས་པས། ཁོས་སྔར་གྱི་རྒྱུ་མཚན་ཞིབ་ཏུ་བཤད། ཁྱོད་འདྲའི་ཁྱོ་ག་རྒྱུ་ངན་པ་སྤྲས་ཆུང་ཞིག་ཡོང་བ་དང་ངས་སང་སྔ་བར་ཕྱིན་ནས་རྒྱལ་པོ་ལ་ཞུའོ། །ཟེར་ན་ཤོག་ཕྲེང་ཁྱེར་ནས་རྒྱལ་པོའི་དྲུང་དུ་སོང་ངོ་། །དེར་ཕྱིན་ནས་རྒྱལ་པོའི་སྐུ་རྐྱེན་ཟློག་ནས་བླ་གཡུག་གཏོར་ནས་ངོ་ཤེས་པ་དེ་ཡིན། སྐུ་རྐྱེན་ཟློག་པའི་ཕྱིར་ཁྱི་དང་ཝ་མོ་ཞུས་པ་ཡིན་གྱིས་གཡུ་རྙེད་པས་བྱ་དགའ་ཅི་གནང་རྒྱལ་པོ་རང་གིས་མཁྱེན་ཟེར་བའི་མོ་སྟོན་གྱིས་ཡིག་རྫུན་བྱས་ནས་ཕུལ་ཏེ། རྒྱལ་པོ་ཤིན་ཏུ་བདེན་པ་དེ་རང་ཡིན་གསུངས་ནས་དངོས་པོ་བསམ་གྱིས་མི་ཁྱབ་པ་བསྐུར་རོ། །དེར་མོ་སྟོན་བཟའ་མི་གཉིས་བདེ་བར་གྱུར་ཏེ་ཤིན་ཏུ་སྐྱིད་པར་གནས་སོ།།
ནམ་ཞིག་དེ་དང་ཐག་མི་རིང་བ་ཞིག་ན་རྒྱལ་པོ་སྤུན་བདུན་གནས་ཏེ་སྐུ་མཆེད་དེ་རྣམས་ཀྱི་སྐྱོ་སངས་ལ་ནགས་ཚལ་ཞིག་གི་གསེབ་ཏུ་ཕྱིན་པ་དང་། དེ་ན་བུ་མོ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ཞིག་དང་མཛོ་གཅིག་འདུག་པས། ཁྱོད་ཀྱི་བྱེད་གང་ནས་འོང་བྱས་པས། བ་མོ་ན་རེ་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བུ་མོ་ཡིན་མཛོ་འདིའི་ཕྱིར་འོང་བ་ཡིན་ཟེར། འོ་ན་ངེད་སྤུན་ལ་ཆུང་མ་མེད་པས་བཟའ་མི་བྱའི་བྱས་པས་རུང་ཟེར་ནས་བཟའ་མི་བྱས། དེ་ནས་སྲིན་མོས་བཟའ་མི་གསོད་དུ་ཡོང་བ་ཡིན་འདུག་པས། སྲིན་པོ་མཛོར་སྤྲུལ་སྲིན་མོ་བཙུན་མོར་ (ཤོག་ ༡༡༡) སྤྲུལ། ལོ་རེ་བཞིན་སྐུ་མཆེད་བགྲེས་རིམ་རེ་རེ་ཟོས་ཏེ་སྡུག་བསྔལ་ཞིང་ཡོད་ཀྱང་། ཕྱི་ཐ་རྒྱལ་བུ་ཆུང་བ་དེ་འདས་ལ་ཁད་ཡོད་པ་བློན་པོ་རྣམས་ཀྱང་གྲོས་བྱས་ཏེ་རྒྱལ་པོ་སྔ་མ་རྣམས་ཀྱང་སྨན་བཅོས་རིམ་གྲོ་ཅི་བྱས་ཀྱང་ཕན་མ་ཐོགས་ཏེ་འདས། འདི་ལ་སྨན་བཅོས་སོགས་ཕན་ཐོགས་པ་ལ་འདི་ནས་ལ་གཉིས་བརྒྱབ་པ་ན་མོ་སྟོན་ཕག་མགོ་ཟེར་བ་མངོན་ཤེས་ཐོགས་མེད་ཡོད་པ་ཞིག་ཡོད་འདུག་པས། དེ་གདན་འདྲེན་དུ་བཏང་ན་དྲག་ཟེར་བཏང་། རྟ་པ་བཞི་མོ་སྟོན་གྱི་རྩར་སླེབས་པ་དང་རྒྱུ་མཚན་ཞུས་པས། ངེད་ད་ལྟ་མཚམས་གཅིག་ལ་བསྡད་ཡོད་གང་ལྟར་ན་ཐུགས་དམ་གྱི་བརྟག་པ་དེ་ནུབ་བྱས་ནས་སང་ལན་བཏང་ཟེར་རོ།།
དེའི་ནུབ་མོ་ཆུང་མ་ལ་རྒྱུ་མཚན་བཤད་ནས་མོ་ན་རེ། སྔ་མ་ཡང་ལེགས་པོ་བྱུང་སྟེ་ད་འདི་ན་སྡོད་པ་ལས་དྲག་ཙམ་ཡོང་བས་སོང་ན་དགའ་བྱས་པས། སང་ཞོགས་པ་མོ་སྟོན་གྱིས་ཁོ་རང་འབོད་མི་རྣམས་ཀྱི་རྩར་སོང་ནས་མདང་སུམ་བརྟག་པ་ལེགས་པོ་བྱུང་། དེ་རིང་འགྲོ་ཟེར་ནས་རྟ་ལ་ཞོན་བེར་ནག་དེ་གྱོན། རལ་པའི་ཐོར་ཅོག་བསྡམས་ལག་པ་གཡོན་དུ་ཕྲེང་བ་ཤིན་ཏུ་ཆེ་བ་ཞིག་ཐོགས་སངས་རྒྱས་པས་ཕག་མགོ་དར་སྣ་ལྔ་བཏགས་པ་ཞིག་བཟུང་སྟེ། དེ་ནས་རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་། སྲིན་པོ་དང་བཟའ་མི་འཚུབས་ཏེ། འདིའི་ཆས་ཀའི་སྤྲོད་མཚམས་རྐྱང་པས་ཤེས་ཏེ། དེའི་བསམ་པ་ལ་མོ་སྟོན་གྱིས་རྒྱལ་པོའི་བུ་སྔས་ལ་གཏོར་མ་མི་ལངས་པ་ཙམ་ཞིག་བཞེངས། དེ་ལ་ཕག་མགོ་བཙུགས་སྔགས་འདྲེན་ཞིང་ཡོད་པ་ལ། སྲིན་མོས་རྒྱལ་པོའི་བླ་གཅོད་འཕྲོ་ལ་བཏགས་ནས་བློ་མ་བདེ་བས་བསམ་བློ་བཏང་ཞིང་སྒོ་ཐེམ་ཞིག་ཏུ་བསྡད་པ་ལ། རྒྱལ་པོའི་སྙུང་གཟེར་ཆེན་པོ་དེ་ཆགས་ནས་གཉིད་དུ་སོང་ངོ་། ། (ཤོག་ ༡༡༢) ཁོ་སྐྲག་ནས། ཅི་ཟེར་ད་ཀི་ནི་སྙུང་ཟུག་ཤིན་ཏུ་ཆེ་བ་འདུག །ད་གསུང་མི་གྲག་པ་འདུག་པས་རྒྱལ་པོ་འདས་པ་འདྲ་བསམས་ནས་རྒྱལ་པོ་རྒྱལ་པོ་ཞེས་བོས་པས་ལན་མ་བྱུང་བ། ངེས་པར་རྒྱལ་པོ་འདས་ཟིན། ད་ང་རང་བྲོས་འགྲོ་ན་དགའ་བསམས་ནས་ཕག་མགོ་གཏོར་མ་ནས་བཏོན་ཏེ་བྲོས་སོ།།
སྒོ་གཅིག་ལ་འཛུལ་ནས་ཡོང་བས་ཕྱག་མཛོད་དང་འགྲིག་རྐུན་མ་བྱུང་རྒྱོབ་ཟེར། ཡང་བྲོས་པས་ཐབ་ཚང་དང་འགྲིག་རྐུན་མ་བྱུང་རྒྱོབ་ཟེར། ཡང་བྲོས་པས་མི་ཐར་བར་འདུག་སྟེ། ར་བའི་སྦུག་ཏུ་ཡིན་པ་སྙམ་སྟེ་སྒོ་ཕྱེ་ནས་སོང་བས་མཛོ་ཞིག་འདུག་པ་ལ་རྒྱང་མཆོང་བས་ཞོན་པ་ལྟར་བྱུང་། དེ་མ་ཐག་ཕག་མགོ་མཛོའི་ར་བར་ལན་བདུན་བརྒྱབ་པས་རླུང་འཕྱུར་བ་ཞིག་བཙུན་མོ་ཡོད་པའི་སྒ་དབྲག་ཏུ་སོང་བས། ངེད་མོ་སྟོན་གྱིས་དེར་ཕྱིན་ནས་ཉན་བུ་བྱས། སྲིན་པོ་ན་རེ་མོ་སྟོན་གྱིས་ང་ཡིན་པར་ཤེས་ནས་ཁོ་ཡི་ཕྱག་མཚན་འཇིགས་སུ་རུང་བ་དེས་ང་ལ་ལན་གསུམ་བརྒྱབ་བྱུང་། ད་ཅི་དྲག་ཟེར་བས་བཙུན་མོ་ན་རེ། ང་ཡང་ངོ་ཤེས་ཀྱི་དོགས་ནས་དེའི་སྔོན་འགྲམ་དུ་འགྲོ་མ་ནུས། ནམ་ལངས་པ་དང་མཉམ་དུ་མངའ་ཞབས་ཀྱི་མི་ཐམས་ཅད་ཀྱིས་གོ་ཆ་སྤྲས་ལ་ཤོག །བུད་མེད་ཐམས་ཅད་ཀྱིས་ཤིང་ཁུར་རེ་རེ་ཁྱེར་ཤོག་ཟེར་འོང་། དེ་ནས་མཛོ་དེ་ཁྲིད་ཤོག་ཟེར་ནས་ཁྱོད་ལ་གཟུགས་བཤིག་བྱས་ཏེ་མི་བཤིགས་པས་མི་ཆོག་ཡོང་། གཟུགས་ལ་མདའ་མདུང་བརྒྱབ་ནས་མེ་ལ་བསྲེགས་ཡོང་། ང་ལ་བཙུན་མོ་ཁྲིད་ཤོག་ཟེར་ནས་ཁྱོད་ལ་གང་བྱེད་དེ་བྱེད་ཡོང་ཟེར་བ་མོ་སྟོན་གྱིས་ཐོས་པས། ད་ནི་ལས་སླ་བར་འདུག་བསམས་ནས་ཕག་མགོ་ཁྱེར་སོང་བས་གཏོར་མ་ལ་བཙུགས། ངག་གྲོལ་ནས་རྒྱལ་པོ་ལགས་སྐུ་ཁམས་ཇི་ལྟར་བྱུང་བྱས་པས། མོ་སྟོན་ཁྱེད་ཕེབས་པའི་བཀའ་དྲིན་གྱིས་ (ཤོག་ ༡༡༣) ནད་ཟུག་ཆགས་ནས་གཉིད་ལ་སོང་བྱས་པས། འོ་ན་ཁྱེད་རང་གི་བློན་པོ་རྣམས་ལ་བཀའ་བསྒོས་ཏེ་སང་ཉིན་མངའ་ཞབས་ཀྱི་མི་སྐྱེས་པ་ཐམས་ཅད་གོ་མཚོན་ཐོགས་ལ་ཤོག །བུད་མེད་ཐམས་ཅད་ཀྱིས་ཤིང་ཁུར་རེ་ཁུར་ལ་ཤོག་ཟེར་བས་བརྡ་བྱས་པས་སོང་ལ་དེ་ལྟར་བྱུང་ངོ་།།
དེ་རྣམས་ལ་མེ་ཧམ་ཆེན་པོ་བཅོལ། མོ་སྟོན་པས་ངའི་རྟ་སྒ་ར་བ་ཡོད་པ་མཛོ་མ་ཀི་ལ་རྒྱོབ་ཟེར་དེ་ལྟར་བྱས་ནས་མོ་སྟོན་གྱིས་མཛོ་ལ་ཞོན་ནས་ཕག་མགོ་འཕྱར་ཞིང་ཁྲོམ་ལ་བསྐོར་བ་བྱས་ཏེ། སྒ་ཤུས་ཟེར་ནས་བཤུས་པས་ཕག་མགོ་ལ་བསྣུན་ཏེ་གཟུགས་ཟུངས་ཤིག་བྱས་པས་མཛོ་ཕོ་དེ་མ་ཐག་ཏུ་སྲིན་པོ་ཤིན་ཏུ་འཇིགས་པ་བྲང་ལ་ཤའི་གཉེར་མ་ཡོད་པ་མིག་ནས་ཁྲག་འཛག་པ། ཡས་ཀྱི་མཆེ་བ་བྲང་ལ་སླེབས་པ། མས་ཀྱི་མཆེ་བ་སྨིན་མཚམས་སུ་སླེབས་པ་ཞིག་བྱུང་ངོ་། །དེ་གྲི་མདུང་མདའ་རྡོ་རྣམས་ཀྱིས་བསད་དེ་མེ་ཧམ་ཆེན་པོ་གཅིག་ཏུ་བསྲེག་གོ །ད་བཙུན་མོ་ཁྲིད་ཤོག་ཟེར་ནས་བཙུན་མོ་དེ་ངུ་ཞིང་མི་མང་པོས་ཁྲིད་བྱུང་བ་དང་། མོ་སྟོན་གྱིས་ཕག་མགོ་གདེང་སྟེ་གཟུགས་ཤིག་བྱས་པས་བཙུན་མོ་དེ་ནུ་མ་བཤིགས་པས་རྐང་པའི་པུས་མོར་སླེབས་པ་མཆེ་བ་རིང་ཞིང་མིག་དམར་བ་ཞིག་བྱུང་བ་དེ་ཡང་མཚོན་སྣ་ཚོགས་པས་བསད་དེ། དེ་ཡང་མེ་ཧམ་ཆེན་པོ་ཞིག་ཏུ་བསྲེག་གོ །དེ་ནས་མོ་སྟོན་ཕག་མགོ་རྟ་ལ་ཞོན་ཏེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ལམ་ལ་མི་རྣམས་ཀྱིས་ཕྱག་འཚལ་བ་དང་གུས་པས་བསྐྱེད་ནས་མཆི་མ་འདོན་པ་དང་ནས་གཏོར་བ་དང་། དངོས་པོ་སོགས་ཀྱི་འབུལ་བས་ལམ་མི་ཐར་བ་ཞག་གཅིག་ལུས་སོ།།
དེ་ནས་ནང་དུ་ཕྱིན་པ་ལ་དག་ལ། ཆོས་ཏེ་གཏང་རག་ཅི་དགོས་གསུངས་པས། མོ་སྟོན་ན་རེ་ (ཤོག་ ༡༡༤) ངའི་ཡུལ་དུ་སེམས་ཅན་སྣ་ལ་འཇུག་པའི་སྣ་གཅུ་ཤིན་ཏུ་དཀོན་པོ་ཡོད་པས་ཞུ་བྱས་ནས། རྒྱལ་པོས་སྣ་གཅུ་སྒྱེ་གསུམ་དང་ཤ་ཐུད་མར་སོགས་གླང་པོ་ཆེ་བདུན་གྱི་རྒྱབ་བཀལ་ཏེ་བརྫངས་སོ། །ཡུལ་དུ་ཉེ་བར་སླེབས་པ་དང་ཆུང་མས་བསུ་ཆང་བཅས་ཏེ་བྱུང་ངོ་། །དེ་ནས་མོས་གླང་པོ་ཆེའི་ཁལ་རྣམས་མཐོང་བ་དང་། མི་འདི་ལྟ་བུ་ལ་ཟེར་བ་ཕོ་བྱས་ཟེར་ནས་ནང་དུ་སོང་ངོ་། །དེར་ཉལ་ལབ་བྱས་པས་འདི་རྣམས་ཅི་ལ་བརྟེན་ནས་བྱུང་བྱས་པས་མོ་སྟོན་ན་རེ། རྒྱལ་པོ་སྙུང་བ་དྭངས་ཤིང་སྲིན་པོ་ཕོ་མོ་བཏུལ་བའི་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས། སྤྲས་ཆོས་ཁྱོད་ལ་དེ་ཙམ་ཁ་ལ་ཡོང་དུས་མི་མཁོ་ཁལ་བྱེད་ལ་དུད་འགྲོའི་སྣལ་གཅུས་ཅི་བྱེད་དེ་གས་མི་འཚིང་། སང་ཉིན་ང་རང་རྒྱལ་པོའི་དྲུང་དུ་འགྲོ་ཟེར་ནས་ཕྱིན་ཏེ། མོ་སྟོན་གྱིས་ཤོག་འཕྲིན་རྫུན་མ་བྱས་ནས་རྒྱལ་པོ་ཁྱེད་ལ་སྐུ་ཆགས་ཆེ་ཆུང་མཁྱེན་པ་ལྟར་ཡིན། སྐུ་ཆགས་ལྷག་མ་ཅུང་ཟད་སེལ་བའི་ཕྱིར་དུ་སྣ་གཅུ་ཞུས་པ་ཡིན། ད་གཏང་རག་གི་ཡོན་ཇི་ལྟར་གནང་རྒྱལ་པོ་ཁྱེད་རང་གིས་མཁྱེན་ཟེར་ཤོག་དྲིལ་ཕུལ་བས། དེ་བདེན་མོ་སྟོན་ཡབ་ཡུམ་འཁོར་བཅས་ཚུར་ཕེབས་དགོས་གསུངས་ཏེ་མོ་སྟོན་ཡབ་ཡུམ་འཁོར་བཅས་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་། རྒྱལ་པོ་ན་རེ། བྱ་དགའི་གཏང་རག་ཟུར་དུ་བཏང་བ་དོན་ཚང་བ་མེད། ང་རང་མི་འཆི་ཞིང་སྲིན་པོ་ཕོ་མོ་བཏུལ་བ་དང་། བློན་པོ་འབངས་རྣམས་སྲིན་པོས་མི་ཟ་བ་ཁྱོད་ཀྱི་དྲིན་ཡིན། ང་རང་གཉིས་རྒྱལ་སྲིད་མངའ་དབང་ཆད་མེད་བསྒྱུར་ལ། མོ་སྟོན་གྱི་ཆུང་མ་འདི་ཡང་རིག་པ་ཅན་ཞིག་འདུག་པས། ངེད་རང་གཉིས་ཁྱད་མེད་ཀྱི་བཙུན་མོ་བགྱིའོ། །གསུངས་ནས་དེ་བཞིན་བྱས་སོ། །རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་བཟའ་མི་ (ཤོག་ ༡༡༥) བསོད་ནམས་ཆེ་བ་ལ་སྨྲས་པས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཕར་ཟེར་རོ། །རོ་དངོས་གྲུབ་ཅན་གྱིས་སྒྲུང་ལས་མོ་སྟོན་ཕག་མགོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

༈ དེ་ནས་ཡང་སྔར་བཞིན་ལེན་དུ་ཕྱིན་ཏེ་ཁུར་ནས་ཡོང་པ་ལ། ཡང་རོས་སྒྲུང་བཏང་བས། སྔོན་དང་པོ་ཙ་ན། ཡུལ་ཤིན་ཏུ་སྐྱིད་པ་ཞིག་ན། རྒྱལ་པོ་ཀུན་སྣང་ཞེས་པ་ཞིག་ཡོད་དེ། དེ་ལ་བཙུན་མོ་ཆེ་བ་ཞིག་ལ་སྲས་ཉི་མའི་འོད་ཟེར་ཞེས་བྱ་བ་ཡོད། བཙུན་མོ་དེ་འདས་དུས་ཡང་བཙུན་མོ་ཞིག་བཀུག་སྟེ། དེ་ལ་སྲས་ཟླ་བའི་འོད་ཟེར་ཞེས་པ་ཞིག་སྐྱེས་སོ། །དེ་ནས་ནམ་ཞིག་བཙུན་མོའི་བསམ་པ་ལ། སྲས་ཟླ་བའི་འོད་ཟེར་འདི་ཡོད་པས། ད་ཐབས་ཤིག་བྱ་དགོས། ཉི་མའི་འོད་ཟེར་འདི་བསད་དགོས་ང་ཡི་བུ་འདིས་རྒྱལ་སྲིད་ཐོབ་པར་བྱ་སྙམ་མོ། །དུས་ལན་གཅིག་རྫུན་བྱས་པས་ཆོ་ངེས་འདོན་ཞིང་འདྲེ་ལོག་བྱེད་དོ། །དེ་རྒྱལ་པོས་གཟིགས་ནས་བཞིན་བཟང་མ་ནད་ཅི་བྱུང་བ་ཡིན་གསུངས་པས། ཕ་མས་ས་ན་ཡོད་དུས་ནད་འདི་དུམ་ཙམ་ཡོང་གི་ཡོད་པ་ཡིན། ད་ལམ་གཞན་དང་མི་འདྲ་བ་ཟུག་ཆེ་བར་འདུག་ལགས། ཐབས་ཤིག་ཡོད་དེ་འགྲུབ་དཀའ་བ་ལ། ད་འཆི་བར་འདུག་གོ་ཞུས་པས། རྒྱལ་པོ་ན་རེ་ཐབས་ཅི་ཡོད། ཁྱོད་ཤི་ན་སྙིང་བཏོན་པ་འདྲ་སྟེ། རྒྱལ་སྲིད་དགོས་བྱུང་ཡང་ཐབས་བྱེད་པས་ཅི་དགོས་སྨྲོས་ཤིག་གསུངས་པས། བཙུན་མོ་ན་རེ། ཐབས་བུ་གཉིས་པོ་གང་རེད་གཅིག་གི་སྙིང་བཏོན་པ་དང་། མར་ལ་བཙོས་ནས་ཟོས་ན་སོས་པར་འདུག་ཀྱང་། ཉི་མའི་འོད་ཟེར་ནི་རྒྱལ་སྲིད་སྤངས་པར་དཀའ། ཟླ་བའི་འོད་ཟེར་ནི་ང་རང་ལ་སྐྱེས་པ་ཡིན་པས། དེའི་སྙིང་ཁ་ལ་མི་འགྲོ་ད་འཆི་བ་ལས་ (ཤོག་ ༡༡༦) འོས་མེད་ཞུས་པས། རྒྱལ་པོས་དེ་ལྟར་མ་མཁྱེན་སྙིང་རྗེ་བ་ལ་ཁྱོད་འཆི་ངེས་པར་འདུག་ན། ཉི་མའི་འོད་ཟེར་གནངས་ཉིན་ཁྱོད་ལ་སྤྲད་དེ་གསོད་ལ་སྙིང་ཟོ་ཞིག་ཟེར་ནས་ཁས་བླངས་སོ།།
དེ་ནས་ཟླ་བའི་འོད་ཟེར་གྱིས་ཐོས་ནས། ཨ་ཕོ་ཉི་མའི་འོད་ཟེར་གྱི་དྲུང་དུ་ཕྱིན་ནས་ངུས་ཏེ་ཨ་ཕ་དང་ཨ་མ་གཉིས་གྲོས་བྱས་ནས། གནངས་ཉིན་ཨ་ཕོ་ཁྱོད་གསོད་ངེས་པར་འདུག་པས་ཅི་དྲག་སྨྲས་པས། ཁྱོད་རང་ཕ་མའི་ཞབས་ཏོག་དང་ཁམས་བཟང་བར་བཞུགས། བདག་ནི་བྲོས་པའི་དུས་ལ་བབས་ཟེར་བ། ཟླ་བའི་འོད་ཟེར་སྡུག་བསྔལ་བར་གྱུར་ནས་ཨ་ཕོ་མི་བཞུགས་པའི་ཤུལ་དུ་ང་ཡང་མི་འདུག་ཁྱོད་རང་གར་འགྲོ་མཉམ་དུ་འགྲོ་ཟེར། དེ་ལྟར་བྱེད་ཟེར་ནས་སང་གསོད་པའི་དེ་ནུབ་ལམ་རྒྱགས་ནི་བཙུན་མོས་གོ་དོགས་ནས་ཁྱེར་མ་ཕོད་མཆོད་གནས་གཅིག་ལ་གཏོར་སྐམ་སྒྲོ་གང་བླངས་ནས། ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་ཤར་བ་དང་སྤུན་གཉིས་པོ་ཕོ་བྲང་ནས་ཤར་ཕྱོགས་སུ་ཕྱིན་ཏོ། །ལ་ལུང་བཅད་ཅིང་ཉིན་མཚན་མེད་པར་སོང་སོང་བ་ལས། ཉིན་གཅིག་ལུང་སུལ་ཆུ་མེད་པ་ཞིག་ཏུ་སླེབས་ཏེ། དེར་གཏོར་སྐམ་ཡང་ཟད་ཅིང་ཟླ་བའི་འོད་ཟེར་ས་ལ་འགྱེལ་ཞིང་འགྲོ་མ་ནུས་སོ། །ཨ་ཕོ་ངས་ཆུ་ཞིག་ཨེ་འདུག་ལྟ་ཡོང་དེ་བར་སྡུག་སྲན་བསྐྱེད་ཅིག་ཟེར་ནས་རི་ཟུར་ཞིག་ན་ཆུ་ལྟར་ཕྱིན་པས་མ་རྙེད་དེ། སླར་ཡོང་བས་ནུ་བོ་སྐམ་དྲིལ་ལ་ཤི་འདུག་པས། ཉི་མའི་འོད་ཟེར་མྱ་ངན་གྱིས་ནོན་ཏེ། སྤུན་ཟླ་བའི་རོ་ལ་རྡོ་སྐྱོར་བྱས་ནས་ཚེ་གཏིང་མ་ལ་མཉམ་དུ་འོང་བའི་སྨོན་ལམ་བཏབ་ནས་ཁོ་རང་ལ་གཉིས་བརྒྱབ་ནས་ཕྱིན་པས། བྲག་གི་སེར་ཁ་ཞིག་སྒོ་དམར་པོ་ཞིག་འདུག་པ་དེའི་ནང་དུ་ཕྱིན་པས་དྲང་སྲོང་ (ཤོག་ ༡༡༧) བགྲེས་པོ་ཞིག་འདུག་པས་ན་རེ། ཁྱེའུ་འདི་སྙིང་རྗེ་བ་ཞིག་འདུག་གང་ནས་འོང་བྱས་པས། སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས། ད་འོ་ན་བདག་གི་བུ་གྱིས་དང་ཁྱོད་ཀྱི་སྤུན་ཡ་དེ་ངས་བདེན་པ་བརྗོད་ནས་མི་འཆི་བར་བྱེད་དོ། །ཟེར་ནས་དྲང་སྲོང་དེས་དཀོན་མཆོག་ལ་གསོལ་བ་བཏབ་བདེན་ཚིག་བརྗོད་པས་སྤུན་ཡ་ཟླ་བའི་འོད་ཟེར་འཆི་བ་སོས་གཉིད་སད་པ་དང་འདྲ་བས། ཨ་ཕོའི་རྐང་རྗེས་བཅད་ནས་དྲང་སྲོང་གི་སྒོ་དྲུང་དུ་བྱུང་ངོ་། །དེར་སྤུན་གཉིས་དགའ་མགུར་སྤྱད་ནས་དྲང་སྲོང་གི་བུར་བསྡད་དོ།།
ཡུལ་དེ་ན་རྒྱལ་པོ་མངའ་ཐང་དང་ལྡན་པ་ཞིག་ནས་ལུང་པའི་ཕུ་ན་ཀླུ་གདོན་ས་ནག་གནས་པའི་མཚོ་ཞིག་ཡོད་དེ། རྒྱལ་པོ་དེའི་འབངས་ཀྱི་ཞིང་ལ་ཆུ་འདོད་པའི་དུས་མཚོ་དེར་ལོ་རེ་བཞིན་ཀླུ་མཆོད་པའི་ཕྱིར་བྱིས་པ་སྟག་ལོ་པ་རེ་བསྐྱུར་དགོས་པ་ལ་དུས་ཕྱིས་སྟག་ལོ་པ་ཐམས་ཅད་ཟད་ནས་མ་རྙེད་པའི་དུས་དྲང་སྲོང་དང་ཉེ་བར་ཕུར་ཡང་མི་མང་པོ་ཡོད་པ་དེ་རྣམས་ཀྱི་སྲས་གཉིས་ཡོད་པ་མཐོང་ནས་ཁྱེད་གཉིས་དྲང་སྲོང་བུ་ཞིག་ཡིན་ནམ་ཅི་འདྲ་ཡིན་དྲིས། ངེད་གཉིས་དྲང་སྲོང་གི་བུ་ཡིན་གྱི་ཞིབ་ཏུ་སྨྲས་སོ། །དེ་ནས་རྒྱལ་སྲས་ཆེ་བ་སྟག་ལོ་པ་ཡིན་པ་རིམ་གྱིས་རྒྱལ་པོའི་སྙན་ལ་འཆོས་ནས་དེ་འཕྲལ་རྒྱལ་པོས་རྟ་པ་བཞི་དྲང་སྲོང་གནས་སུ་བཏང་ནས་ཁྱེའུ་སྟག་ལོ་པ་དེ་ཁྲིད་ཤོག་སྨྲས་སོ། །དེ་ནས་དྲང་སྲོང་སྒོ་དྲུང་དུ་རྟ་པ་བཞི་བྱུང་སྟེ་ངེད་ཚོ་རྒྱལ་པོས་བཏང་པ་ཡིན། ཁྱོད་ལ་ཁྱེའུ་ཡོད་འདུག་པ་རྒྱལ་པོའི་མདུན་དུ་འདོང་ཟེར་དྲང་སྲོང་ནི་མ་དགའ་ཞིང་། མི་རྒད་པོར་ཁྱེའུ་ག་ནས་ཡོང་ཟེར་ཞིང་སྒོ་ཐེམ་བརྒྱབ་ནས། སྲས་གཉིས་རྫ་མའི་ནང་དུ་བརྫངས། འབྲས་རྫ་མ་འདམ་སྦྱར་ཡིན་ཁུལ་བྱས་ཏེ་དྲང་སྲོང་ཡང་བེར་གྱོན་ཙོག་པུར་བསྡད་དོ།།
དེ་ནས་རྒྱལ་པོས་བཏང་བའི་མི་དེ་རྣམས་ཁྱིམ་ (ཤོག་ ༡༡༨) ཉུག་བྱེད་ཟེར་སྒོ་བཅག་ནས་བྱུང་སྟེ་ཁྱིམ་ཕྱི་ནང་ཉུལ་བས་མ་རྙེད་དེ་ཁྱོད་ལ་བུ་མེད། ངེད་ཚོ་ཁྲིམས་ལ་གཏུག་འོང་ཟེར་དྲང་སྲོང་དབྱུག་པས་བསྣུན་ནོ། །དེར་སྲས་གཉིས་དྲིན་མ་བཟོད་པར། ཕ་མ་བརྡུངས་ངེད་གཉིས་འདི་ན་ཡོད་ཟེར་ནས་དོན་བྱུང་བ་དང་། དེ་འཕྲལ་སྟག་ལོ་པ་ཉི་མའི་འོད་ཟེར་ཁྲིད་སོང་ངོ་། །དྲང་སྲོང་དང་ཟླ་བའི་འོད་ཟེར་གཉིས་ནི་མྱ་ངན་གྱིས་ནོན་ནོ། །དེ་ནས་ཉི་མའི་འོད་ཟེར་རྒྱལ་པོའི་ཕོ་བྲང་དུ་སླེབས་པ་དང་འབངས་རྣམས་ཀྱི་ཞུས་པས། སྟག་ལོ་པ་བསྐྱུར་བའི་དུས་ཆེན་དེ་རང་ཡིན་པ་དེ་བཞིན་ཞུ་ཟེར་རོ། །རྒྱལ་པོས་དེ་བཞིན་བགྱིས་གསུངས་སོ། །དེ་ནས་ཆུ་ལ་སྐྱུར་བའི་ཕྱིར་ཁྲིད་པར་བརྩམས་པ་ལ། སྲས་མོས་ན་རེ། འདི་ཆུ་ལ་མི་སྐྱུར་རོགས་གྱིས་ཟེར་བ་ལ། མ་ཉན་པར་འོ་ན་ང་ཡང་ཆུ་ལ་ཁྱེའུ་དང་ལྷན་དུ་བསྐྱུར་ཅིག་ཟེར་རོ། །བུ་མོས་རྒྱལ་སྲིད་ལ་མི་བསམ་པ་ཞིག་འདུག་སྟག་ལོ་པ་དང་མཉམ་དུ་ཀོ་ཐུམ་གྱིས་ལ་ཆུ་ལ་བསྐྱུར་ཅིག་གསུངས་སོ། །རྒྱལ་པོས་སྨྲས་པ། ལན་གཅིག་ཡིན་པས་འབངས་རྣམས་ཀྱིས་དེ་བཞིན་འཚལ་ཟེར་ནས་ལྷན་ཀོ་ཐུམ་བྱས་ཏེ་ཀླུ་མཆོད་པའི་ཕྱིར་ཆུར་བསྐྱུར་རོ། །དེར་ཉི་མའི་འོད་ཟེར་གྱི་སེམས་ལ་ང་སྟག་ལོ་པ་ཡིན་པས་ཆུ་ལ་འདོར་བ་ཡིན་ན་ང་ལ་ཡིད་ཆགས་པའི་རྒྱལ་པོའི་སྲས་མོ་མཛེས་མ་འདི་འདྲ་བ་ངའི་མཉམ་དུ་འཆི་བ་འདུག་སྙམ་ནས་སྡུག་བསྔལ་ལོ། །སྲས་མོའི་བསམ་པ། ང་བུད་མེད་ཡིན་པས་འདི་འདྲ་ཡབ་ཀྱིས་ཕོད་ཀྱང་ཁྱེའུ་ཡིད་དུ་འོང་བ་འདི་འདྲ་སྐྱུར་ཕོད་བསམས་ནས་སྙིང་ཕར་རྗེ་བྱུང་ངོ་། །ཀླུ་དེས་ཀྱང་ཁོང་གཉིས་ཀྱི་བསམ་པ་ཤེས་ནས་གནོད་མ་སྐྱེལ་བར་རྫིང་གི་མཐར་ཕུད་དོ། །དེར་ཁོང་གཉིས་ཆུ་ལས་ཐར་ཏེ་འབངས་རྣམས་ལ་དགོས་པ་ཆུ་ཆེན་པོ་ཡོང་བརྡོལ་ཏེ་ཐམས་ཅད་ཚིམ་མོ། །(ཤོག་ ༡༡༩) དེ་ཕྱིན་ཆད་བུ་སྟག་ལོ་པ་ཡང་བསྐྱུར་མི་དགོས་པར་ཆུ་རང་བརྡོལ་དུ་སོང་བ་ཀླུའི་དམ་བཅས་ཏེ་ཁོང་གཉིས་ཡུལ་དུ་ལོག་པ་དང་ཁྱེའུས་སྨྲས་པ་སྲས་མོ་རང་ཕོ་བྲང་དུ་ལོག་ཅིག །ངས་ཕ་དྲང་སྲོང་དང་ནུ་བོ་ལ་ལྟ་རུ་འགྲོ་ཟེར་བ་ལྟར་ཕྱིན་ནས་བདག་ཅག་གཉིས་ཚེ་འདིར་འབྲལ་མེད་ཀྱིས་བཟའ་མི་བྱེད་དོ། །ཞེས་དམ་བཅས་སོ།།
དེ་བཞིན་སྲས་མོ་ཕོ་བྲང་དུ་སོང་ཞིང་། ཉི་མའི་འོད་ཟེར་ནི་དྲང་སྲོང་དང་ནུ་བོ་ཡོད་སར་ཕྱིན་སྒོ་བརྡུངས་ནས་སྐད་གདངས་ཕྲ་མོ་ཞིག་གི་སུ་ཡིན་ཟེར། ང་བུ་ཡིན་སྨྲས་པས་ང་ལ་བུ་གཉིས་ཡོད་པ་ཆེ་བ་རྒྱལ་པོས་འཕྲོགས་ནས་བསད་པས་མེད་ཟེར། ད་ལྟ་ངེད་གཉིས་མྱ་ངན་གྱིས་ནོན་ནས་ཡོད་ཟེར། ང་བུ་ཡིན་། རྒྱལ་པོས་ཆུ་ལ་བསྐྱུར་ཡང་ཀླུས་མ་ཟོས་ནས་ཐར་བ་ཡིན། ཕ་སྡུག་བསྔལ་མ་བྱེད་པར་སྒོ་ཕྱེས་སྨྲས་པས། འོ་དྲག་སྟེ་ཟེར་ནས་སྒོར་བྱུང་བ་དང་། དྲང་སྲོང་ནུ་བོ་གཉིས་ལུས་རིད་དེ་ཤི་ལ་ཁད་རེད་འདུག །ཉི་མའི་འོད་ཟེར་གྱིས་ཆུ་དང་འོ་མ་བསྲེས་ནས་དྲང་སྲོང་དང་ནུ་བོའི་ལུས་བཀྲུས་ནས་ཚིག་སྙན་པོས་སྡུག་བསྔལ་བསལ་ཏེ་ཤིན་ཏུ་དགའ་བར་གྱུར་ཏོ། །སྲས་མོ་དེས་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པས་རྒྱལ་པོ་དཔོན་གཡོག་འབངས་རྣམས་ཀྱང་ཧ་ལས་ཏེ། ཕ་ཀླུ་བདུད་གནས་པའི་མཚོར་དེར་བསྐྱུར་ནས་ཐོན་པས་དཔེ་མེད་སྲས་མོ་བྱོན་པས་ཡ་མཚན་ཆེ་ཟེར་ནས་ཐམས་ཅད་ཀྱིས་བསྐོར་བ་བྱེད་པ་དང་ཕྱག་དང་ཞེ་ས་སོགས་བསམ་གྱིས་མི་ཁྱབ་པ་བྱས་ཤིང་། རྒྱལ་པོས་བུ་མོ་མ་ཤི་བས་སླེབས་པས་ཆོག་བྱས་པ་སྟག་ལོ་པ་དེ་ཤིའམ་གསུངས་པས་མ་ཤི་ལགས། དེའི་ཐུགས་རྗེའི་ཤུགས་ལ་བརྟེན་ནས་ང་ཡང་མ་ཤི་ལགས། ཀླུ་ཡང་དུལ་ཤིང་དུས་ཕྱིས་སྟག་ལོ་པ་བསྐྱུར་མི་དགོས་པར་ཆུ་ཡང་རྒྱུན་མི་ཆད་པར་ (ཤོག་ ༡༢༠) འབབ་པ་ཡོད་ཞུས་པས་དེ་ངོ་མཚར་ཆེ། ཁྱེའུ་དེ་ད་ལྟ་གང་ན་ཡོད་པའི་སར་ང་ཡང་སྤྱན་དྲོངས་ཤིག་ཅེས་བློན་པོ་རྣམས་ལ་བསྒོས་སོ། །བློན་པོ་རྣམས་ཀྱིས་ལུང་པ་དེའི་ཕུ་ནས་སྤྱན་དྲངས་པར་དྲང་སྲོང་ཡབ་སྲས་གསུམ་ག་བྱོན་ཏེ། ཕོ་བྲང་དུ་ཉེ་བར་སླེབས་དུས་དེ་དྲིན་ཆེན་བས་བསུ་བ་རྒྱ་ཆེན་པོ་བྱས་སོ། །དེ་ནས་ཕོ་བྲང་དུ་སླེབས་པ་ལ་རིན་པོ་ཆེའི་ཁྲི་ལ་བཞུགས་སོ།།
རྒྱལ་པོས་དྲིས་པས་ཁྱེའུ་ངོ་མཚར་ཅན་ཞིག་འདུག །དྲང་སྲོང་འདིའི་སྲས་ཡིན་ནམ་དྲིས་པས། བདག་རྒྱལ་པོ་འདི་འདྲ་ཞིག་གི་སྲས་ཡིན་པའང་མ་ཡར་གྱི་གསོད་རྩིས་བྱས་པས་བྲོས་ཏེ་དྲང་སྲོང་ཅན་དུ་སླེབས་པ་དང་། ཁྱེའུ་འདི་ཡང་བདག་གིས་སྤུན་ཟླ་ཡིན་པ་ལོ་རྒྱུས་སོགས་ཞིབ་རྒྱས་སུ་བཤད་པས། དེའི་ཁར་རྒྱལ་པོ་ཡ་མཚན་གྱི་མཐོང་ཞེས་སྐྱེས་ཏེ། དེ་ངེད་ཀྱི་བུ་མོ་ཡང་ཁྱེད་སྐུ་མཆེད་ཀྱི་བཙུན་མོར་སྟེར་ཞིང་ནོར་ཡང་དཔག་ཏུ་མེད་པ་སྟེར་བས་རང་གི་ཡུལ་དུ་འཐད་པས་སྐྱེལ་མི་བཏང་གསུངས་སོ། །ཡབ་ཡུམ་རྣམས་དངོས་པོ་དཔག་ཏུ་མེད་པ་དཔུང་ཚོགས་ཡན་ལག་བཞི་པའི་སྐྱེལ་མི་དང་བཅས་ཏེ་རང་གི་ཡུལ་དུ་བྱོན་ནོ། །ཕོ་བྲང་དུ་ཁད་ཉེ་བར་སླེབས་པ་དང་། ཕོ་ཉ་དེ་གཉིས་ཀྱང་ཡབ་ཀྱི་དྲུང་དུ་མགྱོགས་པོར་ཡོང་གི་ཡོད་ཟེར་ཤོག་འཕྲིན་བརྫང་སོང་བས། ཡབ་ཡུམ་གཉིས་ཀ་སྲས་གཉིས་བྲོས་པས་སྡུག་བསྔལ་གྱིས་ནོན་ཏེ་ལོ་མང་པོ་ཐུགས་གནོད་པ་མི་འཇལ་བཞིན་ཡོད་པ་མ་དེར་ཤོག་འཕྲིན་འཕྲོད་པས་ཡིད་རབ་ཏུ་དགའ་སྟེ་བསུ་བ་རྒྱ་ཆེན་པོ་བཏང་ངོ་། །སྐུ་མཆེད་གཉིས་པོས་བཙུན་མོ་ཁྲིད་ནས་སྟོབས་བསམ་གྱིས་མི་ཁྱབ་པ་བྱས་ནས་ཕོ་བྲང་དུ་སླེབས་པ་དང་། སྔར་གྱི་བཙུན་མོ་གདུག་པ་ཅན་དེས་སྲས་གཉིས་པོ་མཐོང་བའི་མོད་ལ་ཧ་ (ཤོག་ ༡༢༡) ལས་ཏེ་ཁྲག་བསྐྱུགས་ནས་ཤི་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་ཕན་ཞེས་ཁ་ནས་ཤོར་བས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ཉི་མའི་འོད་ཟེར་སྤུན་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།

༈ དེ་ནས་ཡང་རོ་དངོས་གྲུབ་ཅན་དེ་སྔར་བཞིན་སོང་སྟེ་ཁུར་ཡོང་བ་དང་། ཡང་རོས་སྒྲུང་བཏང་བས། སྔོན་དང་པོ་ཙ་ན། ཡུལ་འབྲས་ཡུལ་ཞེས་པ་ན་མི་དྲན་གསལ་ཞེས་བྱ་བ་ཞིག་ཡོད་དེ། ཡུལ་དེའི་རྒྱལ་པོ་ཁྲོས་ཏེ་མི་ཁྱོད་ཡུལ་འདིར་མ་སྡོད་གཞན་ཞིག་ཏུ་སོང་ཞེས་བསྐྲད་དོ། །དེས་ཀྱང་མ་བསྡད་པར་སོང་བ་ལ། ཉི་མ་ཕྱི་དྲོ་སོང་བའི་སྐབས་ཤིག་ལ་ཐང་སྟོང་འཇག་སྐྱ་ཕྱོ་བ་ཞིག་ཏུ་སླེབས། ཐང་དེའི་དཀྱིལ་དུ་སླེབས་པ་དང་ཤིང་ཏ་ལའི་སྡོང་པོ་ཤིན་ཏུ་མཐོ་བ་ཞིག་འདུག་སྟེ། དེ་དང་ཁད་ཉེ་བ་ན་རྟ་རོ་ཞིག་འདུག་པས། རྟ་མགོ་ལམ་རྒྱགས་ཕྱིར་བྲེག་ནས་ཐོགས་ཏེ་ཤིང་ཏ་ལའི་རྩེ་ལ་འཛེགས་སོ། །མུན་པ་རུབ་པ་དང་ཐང་དེའི་བཤམས་ན་འདྲེ་གྲོ་གའི་རྟ་ལ་ཞོན་པ་གྲོ་གའི་ཞྭ་མོ་གྱོན་པ་ཚན་ཆེ་བ་དེར་འདུས་སོ། །འདྲེ་རྣམས་ཤིང་ཏ་ལའི་རྩ་བ་ནས་བཟའ་བཏུང་སྣ་ཚོགས་པའི་གཡོས་བྱེད་ཅིང་འདུག་པ་ལ། ཏ་ལའི་རྩེ་ལ་ཡོད་པའི་མི་བྲེད་ཅིང་རྟ་མགོ་ཁུར་བ་དེ་ཤོར་བས་འདྲེ་རྣམས་བཟའ་བཏུང་བྱེད་པའི་དཀྱིལ་དུ་ལྷུང་སྟེ་འདྲེ་རྣམས་དྲན་མེད་དུ་སོང་ནས་ཕྱོགས་ཐམས་ཅད་ཕྱེར་རོ། །སང་དེ་ཤིང་ཁ་ན་མར་བབས་ཏེ་མདང་འདི་ན་དངོས་པོ་དེ་ཙམ་ཞིག་འདུག །དེ་ཡོད་དམ་སྙམ་ནས་བལྟས་པས་གསེར་གྱི་ཕོར་པ་ཆང་གིས་གང་བ་ཞིག་རྙེད་དེ་ཁད་སྙམ་པའི་མོད་ལ་བཏུང་བ་ཁ་སྦུབས་སྦུབས་པས་ཤ་གཟན་གཉིས་བྱུང་འདུག །གསེར་ (ཤོག་ ༡༢༢) གྱི་ཕོར་པ་འདི་ཅི་ཤོག་སྒྲོམ་བུར་འདུག་པས། དངོས་གྲུབ་ཡིན་སྙམ་པས་ཐོགས་ནས་སོང་ངོ་།།
དེ་ནས་ཡང་མིར་སོང་བ་ལ། ལམ་དུ་དབྱུག་པ་འཁོར་པ་འཁོར་གསུམ་ཐོགས་པའི་མི་ཞིག་དང་འཕྲད། ཁྱོད་ཀྱི་དབྱུག་པ་ཅི་ཡིན་དྲིས་པས། ངའི་དབྱུག་པ་འདིའི་མིང་ལ་སྐོར་རྒྱུག་ཟེར་ཏེ། སྐོར་རྒྱུག་སོང་ལ་མི་ཕ་ཀིའི་ཆས་ཁྱེར་ཤོག་བྱས་པ་ཙམ་གྱིས་མི་བསད་ནོར་ཁུར་འོང་བ་ཞིག་ཡིན་ཟེར། འོ་ན་ངའི་གསེར་ཕོར་འདི་ཅི་ཤོག་སྒྲོམ་བུ་ཞིག་ཡིན་པས་འདི་དང་ཚོང་བྱའི་སྨྲས་པས། ཉན་ཟེར་བྱས། སྐོར་རྒྱུག་ལག་ཏུ་བྱུང་བ་དང་སྐོར་རྒྱུག་སོང་ལ་མི་གསོད་གསེར་ཕོར་ལོངས་ཤོག་བྱས་པས། སྨྲས་མ་ཐག་ཏུ་སྐོར་རྒྱུག་ནམ་མཁའ་ལ་སོང་ནས་མི་བསད་གསེར་ཕོར་ཁྱེར་བྱུང་ངོ་། །ཡང་སོང་བ་ལ་མི་ལྕགས་ཀྱི་ཐོ་བ་ཁུར་མི་གཅིག་དང་འཕྲད་དོ། །ཁྱོད་ཀྱི་ལྕག་ཀྱི་ཐོ་བ་འདིས་ཅི་བྱེད་སྨྲས་པས། ངའི་ལྕགས་ཀྱི་ཐོ་བ་འདི་ཐེངས་གསུམ་ས་ལ་བརྡབས་ན་མཁར་དགུ་ཐོག་ལྕགས་ལས་གྲུབ་པ་འོང་བ་ཡིན་ཟེར་བས། འོ་ན་ངའི་གསེར་ཕོར་འདི་དང་ཚོང་བྱའི་བྱས་པས། རུང་ཟེར་ཏེ་ཚོང་བྱས་སོ། །ཡང་སྐོར་རྒྱུག་ལ་གསེར་ཕོར་ལོངས་ཤོག་བྱས་པས་གསེར་ཕོར་ལོན་བྱུང་ངོ་།།
ཡང་སོང་བས་མི་ར་རླིག་ཐོགས་པ་ཞིག་དང་འཕྲད་དོ། །འདིས་ཅི་ཡང་བྱས་པས་ར་རླིག་འདི་ཡ་མཚན་ཅན་ཡིན་ཏེ་སྤྲུགས་པ་ཙམ་གྱིས་ཆར་བབས་ལ། ལེགས་པར་སྤྲུགས་ན་ཆར་ལོགས་འོང་བ་དང་བཅས་ཏེ་འོང་བ་ཞིག་ཡིན་ནོ། །འོ་ན་གསེར་ཕོར་འདི་དང་ཚོང་བྱའི་སྨྲས་པས་བྱེད་ཟེར་ཏེ་ཚོང་བྱས་སོ། །སྐོར་རྒྱུག་སོང་ལ་གསེར་ཕོར་ལོངས་ཤོག་བྱས་པས་མི་བསད་གསེར་ཕོར་བླངས་བྱུང་ངོ་། །དེ་ནས་ཆས་དེ་རྣམས་ཐོགས་ཏེ། ངའི་ཡུལ་གྱི་ (ཤོག་ ༡༢༣) རྒྱལ་པོ་དེ་ནི་མ་རུང་པས་ང་གཞན་དུ་བསྐྲད་པས་ད་ནི་ལན་འཇལ་ལོ་སྙམ་པས་སྙིང་ན་ནས་སོང་སྟེ་རྒྱལ་པོའི་ཕོ་བྲང་གི་ལྟག་ཏུ་ཕྱིན་ནས་ལྕགས་ཀྱི་ཐོ་བས་ལན་དགུ་ས་ལ་བརྡབས་པས་ལྕགས་ཀྱི་མཁར་དགུ་ཐོག་ཅིག་བྱུང་ངོ་། །རྒྱལ་པོས་ན་རེ་མདང་ཁང་པའི་ལྟག་ཡ་ཀི་ན་ལྕགས་ཀྱི་མཁར་དགུ་ཐོག་ཅིག་འདུག་ཟེར་བས་རྒྱལ་པོ་ཁྲོས་ཏེ་ཡ་ཀི་མི་དྲན་གསལ་སྐྱེས་བྱ་བ་དེ་ཡིན། ད་ནང་རྒྱལ་ཕམ་ཞིག་འགྱེད་པ་ལ་མངའ་ཞབས་ཀྱི་མི་རྣམས་ལ་སོལ་བ་ཁུ་རེ་བསྡུས་ལ་མཁར་གྱི་མཐའ་བསྐོར་ནས་མགར་བས་སྦུད་པ་ཐོགས་ལ་ཐམས་ཅད་ཀྱིས་སྦུད་པ་རྒྱོབ་ཅིག་བསྒོ་འོ། །
དེ་ལྟར་བྱས་ནས་མེ་ཆེན་འབར་བ་དང་ལྕགས་ཀྱི་ནང་ནས་འཕྲུལ་ཆེན་ཟེར་བ་མི་དེ་དང་། དེའི་མ་གཉིས་པོ་ཡོད་པ་ལས་བཟའ་བཏུང་ནི་ཅི་འདོད་པ་གསེར་ཕོར་ལས་འོང་ཞིང་བདེ་བར་གནས་པ་ལ། མ་དེ་ཐོག་སོ་བརྒྱད་ཀྱི་སྟེང་ན་ཡོད་པ་ལ་སྔོན་དུ་མ་དེ་གཞོག་ཕྱེད་མེས་ཚིག་ནས་མ་ན་རེ། འཕྲུལ་ཆེན་ལྕགས་མཁར་ལ་རྒྱལ་པོས་མེའི་གནོད་བྱུང་གི་ད་ང་རང་མ་སྨད་གཉིས་འཆི་བར་ངེས་སྨྲས་པས། འཕྲུལ་ཆེན་གྱིས་ཐབས་ཡོད་སྡུག་བསྔལ་མ་བྱེད་ཟེར་ནས་ཁོས་སྔོན་གྱི་ར་རླིག་དེ་ལེགས་པར་སྤྲུགས་པས་ཆར་པ་ཤིན་ཏུ་ཆེ་བ་བབས་ཏེ་ལྕགས་མཁར་ལ་གཡོགས་པའི་མེ་ཆེན་པོ་དེ་དང་སྦུད་པ་མཁར་བ་རྣམས་ཆུ་འོད་ཀྱིས་ཁྱེར་ནས་གྲོགས་ཆེན་པོ་བྱས་སོ། །རྒྱལ་པོ་བདེ་བྱེད་བཟང་པོས་ཡུལ་དེའི་རྒྱལ་པོ་ལས་འཕྲུལ་ཆེན་ཟེར་བའི་མི་དེ་འཇིགས་པ་རེད་ཟེར་བའི་ཚིག་ཁ་ནས་ཤོར་བས། རྒྱལ་བུ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་འཕུར་སོང་། རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་མི་འཕྲུལ་ཆེན་གྱིས་རྒྱལ་པོ་ (ཤོག་ ༡༢༤) བཏུལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།

༈ དེ་ནས་ཡང་རོ་ལེན་དུ་ཕྱིན་པ་ལ་ཁུར་ཡོང་པ་ལས་རོ་དངོས་གྲུབ་ཅན་ན་རེ། ཉི་མ་ཡང་རིང་ཐང་ཡང་ཆད་པས། ཡང་ན་ཁྱོད་རང་སྒྲུང་གཅིག་ཐོངས། ཡང་ན་ངས་བཏང་གིས་ཟེར་ནས་མགོ་སྒྱེད་སྒྱེད་བྱས་པས། སྔོན་དང་པོ་ཙ་ན། ཡུལ་སྐྱེད་མོས་ཚལ་ཞེས་པ་ན་ཁྱིམ་བདག་ཅིག་ལ་བུ་མོ་སྤུན་གསུམ་ཡོད་དེ། ཉི་མ་རེས་བཞིན་མ་ཧེ་འཚོ་རུ་བཏང་བས། ཉིན་གཅིག་བུ་མོ་ཆེ་བ་སོང་སྟེ་གཉིད་ལོག་པས་མ་ཧེ་གཏོར་ནས་འཚོལ་དུ་ཕྱིན་པས། རྩིག་པའི་དབྲག་ན་སྒོ་དམར་པོ་ཞིག་འདུག་སྟེ་དེ་ཕྱེས་ནས་སོང་བས་གཡུའི་སྒོ་ཞིག་འདུག །དེ་ཕྱེས་ནས་སོང་སྟེ་ཁང་པ་ཤིན་ཏུ་སྐྱིད་པ་ཉམས་དགའ་བ་གསེར་གཡུ་ལ་སོགས་པའི་ནོར་གྱིས་གང་བ་འདུག་དེ་ན་གཞན་སུ་ཡང་མེད་དོ། །བྱ་དཀར་པོ་ཆེ་བ་ཞིག་རིན་པོ་ཆེའི་གདན་ལ་འདུག་གོ །དེ་ལ་བུ་མོ་དེས་ངའི་མ་ཧེ་ཞིག་གཏོར་བ་མ་རྙེད་དེ་འདིར་བྱུང་ངམ་དྲིས་པས་བྱ་ན་རེ་ཁྱོད་ངའི་ཆུང་མ་བྱས་ན་བཤད་ཀྱིས། དེ་མི་བྱེད་ན་ཆ་མེད་བྱས་པས་ཕྱིར་འཇིག་རྟེན་མི་བྱེད། ཁྱད་པར་བྱ་དུད་འགྲོ་ཡིན་མ་ཧེ་མ་བྱུང་ཡང་ཁྱོད་ཀྱི་ཆུང་མ་མི་བྱེད་ཟེར་ནས་ལོགས་སོ།།
ཕྱི་ཉིན་བུ་མོ་འབྲིང་བ་དེ་འཚོལ་དུ་ཕྱིན་པས་གོང་བཞིན་བྱུང་སྟེ་བྱ་ན་རེ། ཆུང་མ་བྱས་ན་མ་ཧེ་བཤད་ཀྱིས་ཟེར་བས། བུ་མོས་སྨྲས་པ་སྤྱིར་གྱི་སྐྱེས་པ་ཁྱོ་ག་ཟེར་བ་ཙམ་བདེན། ཁྱད་པར་དུ་བྱ་ཁྱོད་གང་ཟེར་བྱེད་ཟེར་ནས་དེའི་ཆུང་མ་བྱས་སོ། །ནམ་ཞིག་ཡུལ་དེའི་གཙུག་ལག་ཁང་གཅིག་དྲན་པའི་ལྟད་མོ་ཉི་མ་བཅུ་ཙམ་ཡོད་པ་ལས། བུ་མོ་དེ་ཡང་ལྟད་མོ་ལ་འགྲོ་བར་བྱེད་དོ། །དེར་མོ་ཕྱིན་པ་དང་ཁྲོམ་བསམ་གྱིས་མི་ཁྱབ་པ་འདུག་ (ཤོག་ ༡༢༥) ཀྱང་མོ་ཐོག་མོ་རང་གིས་ཆོད་ཅིང་། ཕོ་ཐོག་མི་རྟ་སྔོན་པོ་ཅན་པ་ཤིན་ཏུ་མཛེས་པ་ཞིག་གིས་ཁྲོམ་ལ་སྐོར་བ་ལན་གསུམ་བྱས་ཏེ་སོང་བས། མི་རྣམས་རྣམས་ཀྱིས་ཁྲོམ་ཐོག་དེས་ཆོད་ཅེས་གླེང་ངོ་། །བུ་མོ་དེར་ཡོང་བ་དེར་སླར་ཡོང་བ་དང་བྱ་དཀར་ན་རེ། དེ་རིང་ཕོ་མོའི་ཁྲོམ་ཐོག་སུས་ཆོད་དྲིས་པས་བུ་མོ་ན་རེ། ཕོའི་ཁྲོམ་ཐོག་རྟ་སྔོན་པོ་ཞོན་པ་ཞིག་འདུག་དེས་ཆོད་སོང་། དེ་སུ་ཡིན་ནམ་མ་ཤེས། མོའི་ཁྲོམ་ཐོག་ནི་ང་རང་གིས་ཆོད་པ་འདྲ་ཟེར། དེ་ལྟར་ཉི་མ་བཅུ་ཙམ་གྱི་བར་དེ་ལྟར་བྱས་ནས་ཉི་མ་བཅུ་གཅིག་ལ་བུ་མོ་དེས་ཁྲོམ་འཁོར་ནས་ཡོང་བས་ཁྱིམ་མཚེས་ཨ་བྱི་རྒན་མོ་ཞིག་རྩར་བསྡད་ནས་ཨ་བྱི་ན་རེ། དེ་རིང་ཕོ་མོའི་ཁྲོམ་ཐོག་སུས་ཆོད་དྲིས་པས་བུ་མོས་ན་རེ། ཕོའི་ཁྲོམ་ཐོག་རྟ་སྔོན་པོ་ཞོན་པ་ཤིན་ཏུ་མཛེས་པ་ཞིག་འདུག་པ་དེས་ཆོད་སོང་། མོའི་ཁྲོམ་ཐོག་དེ་ང་རང་ཡིན་པ་འདྲ། ཀྱཻ་མ་དེ་རིང་མི་རྟ་སྔོན་པོ་ཞོན་པ་དེ་འདྲ་ཞིག་ཁྱོ་བྱུང་ན་ཚེ་འདིར་གཞན་ཅི་ཡང་མི་དགོས་ཏེ། ངའི་བདག་པོ་དུད་འགྲོ་ཞིག་ཡིན་ཟེར་ངུས་པས། ཨ་བྱི་ན་རེ། བུ་མོ་དེ་འདྲ་མ་ཟེར་མོའི་ཁྲོམ་ཐོག་ཁྱོད་རང་གིས་ཆོད་པ་བདེན་ཡོང་། རྟ་སྔོན་པོ་ཞོན་པ་དེ་ཁྱོད་ཀྱི་ཁྱོ་ཡིན། ད་སང་ཉིན་ཁྲོམ་ཉི་མ་བཅུ་གསུམ་གྱི་ཉིན་ཡིན་པས་ཁྲོམ་ལ་ཁྱོད་རང་མི་འགྲོ་བར་འགྲོ་རྫུན་གྱིས་ལ་སྒོའི་རྒྱབ་ཏུ་ཡིབ་ཅིང་སྡོད་ལ། ཁོས་བྱ་ཤུབས་ཕུད་ནས་ར་བའི་རྟ་སྔོན་པོ་ཞོན་ཏེ་ཁྲོམ་ལ་འགྲོ་ཡོང་། དེ་ནས་ཁྱོད་རང་གིས་ཁོའི་བྱ་ཤུབས་ཕུད་པ་དེ་མེ་ལ་བསྲེགས་ཤིག །དེ་ནས་ཁོའི་གཟུགས་གཙང་མ་དང་འགྲོགས་པས་ཆོག་ཡོང་ཟེར་བསླབ་བོ།།
དེ་ནས་ (ཤོག་ ༡༢༦) ཁོས་ཀྱང་དེ་བཞིན་བྱས་པས། ཁོས་བྱ་ཤུབས་ཕུད་པ་དེ་མེ་ལ་བསྲེགས་ནས་ཁོ་འདོད་པའི་ཕྱིར་ཐབ་ཁར་སྒུག་གོ །དེར་ཉི་མ་ཟེར་མཚམས་སུ་ཁོ་བྱུང་སྟེ། ཅི་ཁྱོད་སྔོན་ལ་སླེབས་སམ་ཟེར། མོས་ཀྱང་ཡིན་བྱས་པས་ངའི་བྱ་ཤུབས་གང་སོང་ཟེར། མེ་ལ་བསྲེགས་བྱས་པས་ཨ་ཁ་ཁམས་ཆེན་ཞིག་ཁྱོད་ཀྱིས་བྱས་འདུག་ཟེར། དེ་ངའི་བླ་ཡིན་བྱས་པས་མོ་ན་རེ་ཅི་དྲག་ཟེར་གཞན་ཐབས་མེད། ཁྱོད་དུང་སྒོའི་རྩར་སྡོད་ལ་ཉིན་མཚན་སྐད་ཅིག་ཀྱང་མ་ཡིན་པར་དབྱུག་པ་འདིས་དབྱུག་ཅིང་། གལ་ཏེ་དབྱུག་པས་འཕྲོ་ཆད་ན་ང་འདྲེས་ཁྱེར་བར་གྱུར། ང་རང་གིས་ཀྱང་ཞག་བདུན་གྱི་བར་ལྷ་འདྲེ་དང་འཛིང་ཟེར་རོ། །དེ་ནས་དབྱུག་པ་ཐོགས་ཏེ་མིག་ལ་འཇག་མའི་ཀ་བ་བཙུགས་ནས་དབྱུག་པས་ཞག་དྲུག་ཐུབ་ཀྱང་དེ་ནས་གཉིད་སིམ་པ་ཞིག་ལ་སོང་ཡང་། ལྷ་འདྲེ་རྣམས་ཀྱིས་བྱ་ཤུབས་རྒྱལ་ཟེར་བའི་མོའི་ཁྱོ་དེར་ཁྱེར་རོ། །དེར་མོ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ་ལུང་སྟོང་གི་ནང་ཐམས་ཅད་ལ་སེམས་མི་གནས་པའི་ཚུལ་དུ་འཚོལ་བ་ལ་སོགས་ཏེ་ཁྱེའུ་བྱ་ཤུབས་རྒྱལ་ཞེས་གདངས་རིང་པོས་གདུང་དབྱངས་ཀྱིས་འབོད་པར་བྱས་ཏེ་ཉིན་མཚན་མེད་པར་བཙལ་ཡང་མ་རྙེད་དེ། ནམ་ཞིག་བྱ་ཤུབས་རྒྱལ་སྐད་རིང་མཐོན་པོ་ཞིག་རྩེ་ནས་བྱུང་སྟེ། ཡངས་པའི་མཐིལ་དུ་སྐད་དེ་འདུག་པས་མོས་ཀྱང་དེར་ཕྱིན་ཏེ་ལ་མཐོ་ཞིག་གི་གཞོགས་སུ་བྱ་ཤུབས་རྒྱལ་ལྷམ་གྱི་ཁྲེས་པོ་ཞིག་ཁུར་མི་དང་འཕྲད་དེ། ཁོ་ཡིས་ན་རེ། ཁྱོད་དང་འཕྲད་པ་ཡིད་དགའ་སྟེ་ང་ནི་ལྷ་འདྲེའི་ཆུ་ལེན་བྱེད་དགོས་བྱུང་སྟེ་ལྷམ་འདི་མ་ཟད་ཀྱི་བར་དུ་ལེན་དགོས། ད་འཚོལ་བ་ཁྱིམ་དུ་སོང་ལ་བྱ་ཤུབས་གཅིག་བཅོས་ལ་བླ་བསླུ་གྱིས་དང་། ང་ཡོང་ཆོག་པ་ཞིག་ཡོང་ལས་ཆེ་ཟེར་རོ། ། (ཤོག་ ༡༢༧) ཡང་དེ་མ་ཐག་ལྷ་འདྲེ་རླུང་འུར་བ་གཅིག་ལ་ཁྱེར་རོ། །དེ་ནས་མོ་རང་གིས་བྱ་ཤུབས་གསར་པ་བཟོས། བླ་བསླུ་བྱས་པས་བྱ་ཤུབས་རྒྱལ་ལ་སྐས་ཀྱི་མགོར་སླེབས་བྱུང་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་བུད་མེད་དེ་རེ་དགའ་ཡོད་བྱས་པས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བྱ་ཤུབས་རྒྱལ་གྱི་ལེའུ་སྟེ་ཉེར་གཅིག་པའོ།། །།

༈ ཡང་སྔར་བཞིན་རོ་ལེན་སར་ཕྱིན་པས་ཁུར་ཏེ་ཡོང་བ་ལས་རོས་ན་རེ། ཁྱོད་ཀྱིས་སྒྲུང་བཏང་ངམ། ངས་བཏང་མགོ་སྒྱེད་སྒུར་གྱིས་ཟེར་བ་ལ། རྒྱལ་པོ་མགོ་སྒྱེད་སྒྱེད་བྱས་པས། སྔོན་དང་པོ་ཙ་ན། ཡུལ་ཀུན་སྨོན་བྱ་བ་ན་རྒྱལ་པོ་ཀུན་སྨོན་སྐྱོང་བྱ་བ་ཡོད་དེ། ནམ་ཞིག་རྒྱལ་པོ་དེ་འདས་ནས་དེའི་རྒྱལ་བུ་ཀུན་སྐྱོང་ཞེས་བྱ་བས་རྒྱལ་སྲིད་སྐྱོང་བར་བྱེད་དོ། །དེའི་ཆབ་འོག་ན་རི་མོ་མཁན་ཀུན་དགའ་བྱ་བ་དང་། ཤིང་བཟོ་བ་ཀུན་དགའ་བྱ་བ་གཉིས་ཡོད་དོ། །དེ་གཉིས་ནི་ཤིན་ཏུ་ཆགས་སྡང་ཆེ་བར་གྱུར་ནས་ནམ་ཞིག་རི་མོ་མཁན་དེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། ང་ནི་མདང་ནམ་ཕྱེད་ཀྱི་ཡབ་ལྷར་འཁྲུངས་འདུག་པས་དེར་ཤོག་གསུངས་ནས་ཕྱིན་ཏེ། སྟོབས་བསམ་གྱིས་མི་ཁྱབ་པ་འདུག །ཡབ་ཀྱི་ཆབ་ཤོག་འདི་ཡིན་ཞེས་སྤྲད་དོ། །དེའི་ནང་ནས་རང་གི་བུ་ཀུན་སྐྱོང་ལ་སྤྲིངས་པ། ང་དེ་ནས་ཚེ་འཕོས་ལྷར་སྐྱེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད། འདིར་གཙུག་ལག་ཁང་ཞིག་བཞེངས་བསམས་ཀྱང་ཤིང་བཟོ་བ་མ་རྙེད་ནས་ཡོད། ངེད་རང་གི་ཤིང་བཟོ་བ་ཀུན་དགའ་དེ་ཡར་བཏང་བ་གྱིས། ཡར་བཏང་ལུགས་ནི། རི་མོ་མཁན་ལ་སློབ་པར་ཡོད་ཅེས་པའི་ཤོག་འཕྲིན་རྫུན་མ་རྒྱལ་པོ་ལ་ཕུལ་ལོ།།
རྒྱལ་བུ་ཀུན་སྐྱོང་གིས་མཐོང་བ་དང་ (ཤོག་ ༡༢༨) བདག་གིས་དེ་བཞིན་ཡིན་ལེགས། ཤིང་བཟོ་ཀུན་དགའ་འདིར་ཤོག་སྨྲས་པས་བྱུང་བ་དང་བདག་གི་ཡབ་རྒྱལ་པོ་དེ་ལྷའི་ཡུལ་ན་ཡོད་འདུག་པས། གཙུག་ལག་ཁང་བཞེངས་པའི་ཤིང་བཟོ་ལ་ཁྱོད་བཏང་དགོས་གསུངས་པས་བཀའ་ཡིག་འདི་བཞིན་འདུག་གསུངས་བསྟན་པས། དེ་མཐོང་བས་ཁོའི་བསམ་པ་ལ་དེ་བཞིན་མི་སྲིད། དེ་རི་མོ་མཁན་ཀུན་དགའི་ངག་གཡོ་ཁོ་ན་ཡིན་ཏེ། ངས་ཀྱང་ཐབས་ཤིག་བྱ་དགོས་བསམས་ཏེ་རྒྱལ་པོ་ཀུན་སྐྱོང་ལ་དེ་བཞིན་ཞུས། ལྷའི་ཡུལ་དུ་འགྲོ་ལུགས་ཇི་ལྟར་ཞུ་ཞུས་པས། དེ་རི་མོ་མཁན་ཀུན་དགའ་ལ་འདྲིའོ་གསུངས་ནས་ཁོ་ལ་ཤོག་སྨྲས་ཏེ་དྲིས་པས། འགྲོ་ལུགས་བཟོ་ཆས་རྣམས་ཁྱེར་ཏེ་ཤིང་ལ་ཏིལ་མར་བྱུགས་པས་མཐའ་བསྐོར་ནས་རོལ་མོ་སྣ་ཚོགས་བསྒྲགས་ནས་མེ་སྤར་ནས་དུ་བའི་རྟ་ལ་ཞོན་ཏེ་ཤོག་ཟེར་རོ། །ཤིང་བཟོ་བ་ཀུན་དགས་དེ་བཞིན་བྱས་ནས་འགྲོ། ང་རང་གི་ཁང་པའི་ལྟག་ན་ཞིང་གཅིག་ཡོད་པ་དེའི་སྟེང་ནས་འགྲོ་ཟེར། དེ་བཞིན་བྱེད་གསུངས་ནས་ཞག་བདུན་ནས་འགྲོ་བར་ཆད་དོ།།
ཤིང་བཟོ་བ་ཀུན་དགའ་རང་གི་ཁྱིམ་དུ་ལོགས་ནས་ཆུང་མ་ལ་སྨྲས་པས། རི་མོ་མཁན་ཀུན་དགའི་ཞེ་སྡང་འདི་བཞིན་བྱས་འདུག་པས། ཐབས་འདི་བཞིན་བྱའོ་ཟེར་ནས་ཁང་མིག་ནང་ནས་དོང་བྲུས་ཏེ་ཞིང་གི་དཀྱིལ་དུ་ཐིམ་ཕུགས་སུ་སྟོན། དེ་ལ་གཡམ་པས་ཁ་བཅད་བཅིངས་པས་གཡོག་པོ་ནས་བཞག་གོ །ཞག་བདུན་ནས་རྒྱལ་པོས་དེ་རིང་ཤིང་བཟོ་ཀུན་དགའ་ཡབ་ཀྱི་དྲུང་དུ་འགྲོ་རྒྱུ་ཡིན། མངའ་ཞབས་ཀྱི་མི་ཐམས་ཅད་ཤིང་ཁུར་རེ་ཏིལ་མར་ཕུལ་རེ་དགོས་གསུངས་སོ། །དེ་བཞིན་བྱུང་ནས་ཤིང་བཟོ་བའི་ཞིང་གི་དཀྱིལ་ནས་མེ་ཧམ་ཆེན་པོ་བརྩེགས་སོ། །དེའི་དཀྱིལ་དུ་ཤིང་བཟོ་བ་བཟོ་ཆས་དང་བཅས་པ་བཞག་སྟེ་མཐའ་ནས་མེ་སྤར་ཏེ་རོལ་མོ་བསྒྲགས་པས་མེ་ཆེན་པོ་དུ་བ་དང་བཅས་ (ཤོག་ ༡༢༩) བྱུང་བ་དང་ཤིང་བཟོ་ཀུན་དགའ་བཟོ་ཆས་རྣམས་ཐོགས་ཏེ་སྔོན་བྲུས་པའི་དོང་དུ་ཞུགས་ནས་རང་གི་ཁྱིམ་སོང་ངོ་། །རི་མོ་མཁན་ཀུན་དགའ་དེ་དགའ་ནས་ཤིང་བཟོ་ཀུན་དགའ་དུ་བའི་རྟ་ལ་ཞོན་ནས་ཡ་གི་ལ་སོང་ཟེར་ནས་མཛུབ་མོ་གནམ་དུ་བསྒྲེང་ངོ་། །དེ་ནས་ཁྲོམ་གྱེས་ཏེ་ཤིང་བཟོ་ཀུན་དགའ་དེ་རིང་རྒྱལ་པོ་སྐུ་གཤེགས་ཀྱི་ཤིང་བཟོ་ལ་ལྷ་ཡུལ་དུ་སོང་ངོ་། །ཞེས་གླེང་ངོ་།།
དེ་ནས་ཤིང་བཟོ་བ་ཟླ་བ་གཅིག་གི་བར་ལ་རང་གི་ཁྱིམ་དུ་མཚམས་བྱས་ནས་མི་སུས་ཀྱང་མ་རིག་པས་བསྡད་དེ་ཉི་མ་རེ་བཞིན་འོ་མས་ཁྲུས་བྱས་ནས་བསྡད། དེ་ནས་དར་དཀར་གྱི་གོས་གཅིག་གྱོན། ཡང་ཡིག་རྫུན་བྱས་ནས་བུ་ཀུན་སྐྱོང་ལ་སྤྲིངས་པ། ཁམས་བདེ་བ་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་བཞིན་ཡོད་འདུག་པ་ལགས། འདིར་གཙུག་ལག་ཁང་བཞེངས་པའི་ཤིང་བཟོ་ཀུན་དགའ་ནི་ཞབས་ཞུ་ལ་ཤིན་ཏུ་འགྱུར་བ་བྱུང་ཞིང་བཟོ་རྣམས་ཀྱང་ཚར་བས། དེར་ཡང་ཁོ་ལ་བྱ་དགའ་སྟོན་ཆེ་བ་སྟེར་བ་གལ་ཆེ། ད་གཙུག་ལག་ཁང་ལ་རི་མོ་ཞིག་དགོས་བྱུང་བས། དེ་རི་མོ་མཁན་ཀུན་དགའ་འཕྲལ་དུ་བརྫང་བ་གལ་ཆེ། ཡང་ཡོང་ལུགས་སྔར་བཞིན་བྱས་ཏེ་ཡོང་བས་ཆོག་པར་འདུག །ཅེས་པའི་ཤོག་འཕྲིན་ཁྱེར་ཏེ་རྒྱལ་པོས་ཁོ་མཐོང་བ་དང་ཨ་བ་འདི་ལྷའི་ཡུལ་འཁོར་བྱུང་བས་ཡབ་དགྱེས་སམ་གསུངས་པས་ཁོས་ཡིག་རྫུན་ཕུལ་ཏེ། ལྷའི་ཡུལ་དུ་ཕྱིན་པ་དང་བཅས་པ་ཞིབ་རྒྱས་སུ་ཞུས་པས། རྒྱལ་པོས་ཤིན་ཏུ་ཡིན་པར་འདུག་ཟེར་ནས་ཁོ་ལ་བྱ་དགའ་དཔག་ཏུ་མེད་པ་སྦྱིན་ནས། ངའི་ཡབ་ལ་གཙུག་ལག་ཁང་ལ་རི་མོ་ཞིག་དགོས་ཡོད་འདུག་པས་རི་མོ་མཁན་གྱིས་ཡོང་པ་དང་། ཤིང་བཟོ་བ་ལུས་ཤིན་ཏུ་དཀར་ཞིང་དར་དཀར་གྱིས་གོས་དང་རིན་པོ་ཆེ་མང་པོས་བརྒྱན་པ་མཐོང་བས་ (ཤོག་ ༡༣༠) ཅི་ཟེར་འདི་མ་ཤི་བར་སླེབས་འདུག་སྙམ་ནས་དེ་ལ་ཡབ་ཀྱི་ཕྱག་རྟགས་འགྲོ་དགོས་པའི་རྒྱུ་མཚན་གསུངས་པས་རི་མོ་མཁན་གྱི་བསམ་པ་ལ་དེ་ངེས་པར་དུ་བའི་རྟ་ལ་ཞོན་ཏེ་སོང་ནས་སླེབས་པ་ཤིག་ཡིན་མོད། ཤིང་བཟོ་བ་དེ་མིག་མཐོང་ལག་ཡོད་དུ་སོང་བ་དེ་ཡིན། ང་མི་འགྲོ་བ་ནི་སྔར་དེས་ཕྱིན་ལེ་ཡིན་པས་མི་ཡོང་སྙམ་སྟེ་ཞག་བདུན་ནས་འགྲོ་བར་ཁས་བླངས་སོ།།
འགྲོ་ལུགས་ཇི་ལྟར་བྱེད་དྲིས་པས་སྔ་མ་བཞིན་ཡིན་ཟེར། ཞག་བདུན་སོང་ཉིན་མི་རྣམས་ཀྱིས་ཤིང་དང་ཏིལ་མར་བསྡུས་ནས་ཞིང་གཅིག་གི་དཀྱིལ་དུ་མེ་ཧམ་ཆེན་པོ་བྱས་ནས། དེའི་དཀྱིལ་དུ་རི་མོ་མཁན་ཀུན་དགའ་རི་མོའི་ཆས་དང་། རྒྱལ་པོ་ཀུན་སྐྱོང་གི་ཡབ་ལ་ཞུ་ཡིག་དང་བཅས་ཏེ་ཞུགས་པ་དང་། ཕྱོགས་རྣམས་རོལ་མོ་བསྒྲགས་པས་རི་མོ་མཁན་ཀུན་དགའ་མ་བཟོད་ནས་ཆོ་ངེ་འདོན་ཞིང་ཚུར་མཆོང་པས་ཀྱང་རོལ་མོའི་སྒྲས་མི་མངོན་པར་བྱས་ནས་གཞོབ་ཐུལ་གྱིས་བསྲེགས་སོ་བྱས་སོ། །རྒྱལ་པོ་བདེ་བྱེད་བཟང་པོས་ལ་ཡོག་འཕྲལ་དུ་བྱུང་འདུག་ཟེར་བ་ཁས་འཆོར་བས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་རི་མོ་མཁན་དང་ཤིང་བཟོ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།

དེ་ནས་ཡང་སྔར་བཞིན་ལེན་དུ་ཕྱིན་ནས་ཁུར་ཏེ་ཡོང་པ་ལ། ཡང་རོས་སྒྲུང་འདི་བཏང་ངོ་། །དང་པོ་ཙ་ན། ཡུལ་གྲུ་ཆེན་པོ་བུ་རམ་འཕེལ་ཞེས་བྱ་བ་ན་རྒྱལ་པོ་སྣང་མཛད་ཅེས་བྱ་བ་ཡོད་དེ། དེ་འདས་ནས་བུ་གཟུགས་མཛེས་པ་ལྟ་ན་སྡུག་པ་སྟོབས་དང་ལྡན་ཞིང་རྩལ་ཆེ་བ་ཞིག་ཡོད་དོ། །དེ་ལ་ལྷོ་ཕྱོགས་ཀྱི་རྒྱལ་པོའི་བུ་མོ་ཞིག་བླངས་སོ། །དེ་ནས་རྒྱལ་བུ་དེས་སྲས་མོ་དེ་ལ་ (ཤོག་ ༡༣༡) མི་དགའ་ནས་དཔག་ཚད་གཅིག་ཏུ་ཕྱིར་ཕྱིན་པས་ན། ཁྱིམ་བདག་གི་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་ཡོད་པས། རྒྱལ་བུ་དེ་ལ་སེམས་ཆགས་ནས་རྒྱུན་དུ་འགྲོགས་པར་བྱེད་དོ།།
ནམ་ཞིག་རྒྱལ་བུ་ནད་དྲག་པོས་ཚེའི་དུས་བྱས་སོ། །བུ་མོས་དེ་ལྟར་མ་ཐོས་ནས། རྒྱལ་པོའི་སྲས་གཅིག་ཀྱང་ལུས་ལ་ཡོད་པ་ལ། མུན་རུབ་ནས་ཟླ་བའི་འོད་ལ་བུ་མོའི་སྒོ་བརྡུངས་བྱུང་བ་ལ་བལྟས་པས་རྒྱལ་བུས་བརྒྱན་རྣམས་བཞག་ནས་གཅེར་བུར་བྱོན་འདུག་ཟེར་བ་དང་། བུ་མོ་དགའ་ཆེ་ནས་སྒོ་དྲུང་དུ་ཕྱིན་ཏེ་རྒྱལ་པོའི་ཕྱག་ནས་འཇུས་ཏེ་ནང་དུ་སྤྱན་དྲངས། དེར་འབྲས་ཆང་དང་པོ་ཞུས་པས་བཞེངས་ཏེ་ཁྱོད་འགག་འདིར་ཤོག་གསུངས་སོ། །ཕྱི་བཞིན་ཕྱིན་པས། འདི་ལ་མར་ཚད་ལ་ཤོག་གསུངས་པ་དང་། རྒྱལ་བུའི་ཕྱི་བཞིན་དུ་སོང་བས་ཕོ་བྲང་གི་རྩར་སླེབས་ཏེ་ཕོ་བྲང་གི་ནང་ན་རོལ་མོ་སྒྲ་ཏི་རི་རི་འདུག་པས། བུ་མོས་རྒྱལ་བུ་ལ་འདི་ཅི་ཡིན་ཞུས་པས་ཁྱོད་ཀྱི་མ་གོ་བ་ཡིན། འདི་ནི་ང་ཤི་བས་གདུང་མཆོད་འཛིན་མཁན་ཡིན་གསུངས་སོ། །ཅི་ལ་གདུང་མཆོད་འཛིན་བཅུག་ཞུས་པས། ཤི་བ་ཡིན་གསུངས། ད་ཁྱོད་ལ་ཐོབ་པའི་ལུས་འདི་ལྟ་བུ་འཛིན་སྐྱེ་ཞིང་། སྐྱེས་པར་ཡང་གླང་པོའི་ར་བར་གྱིས། ཕོ་བྲང་གི་ནང་འདིར་གཡུ་གཅིག་ལ་ཡུམ་དང་བཙུན་མོ་གཉིས་མ་འཆམ་པར་ཡོད་པས་གཡུ་དེ་ངའི་རྟེན་གྱི་འོག་ཏུ་སྦས་ནས་ཡོད་པས། དེ་བཙུན་མོ་ལ་སྦྱིན་ནས་མོ་རང་གི་ཡུལ་དུ་ཟློག །ཡུམ་དང་ཁྱོད་གཉིས་ཀྱི་བུ་མོ་ལོ་མང་པོའི་རིང་ལ་རྒྱལ་སྲིད་ཟུངས་ཤིག་གསུངས་སོ། །དེ་ནས་རླུང་ཤར་གྱིས་མེད་པར་སོང་། དེར་མོ་ཤིན་ཏུ་སྐྱོ་ནས་རྒྱལ་པོ་སོང་ནས་རྒྱལ་བུ་རྒྱལ་བུ་ཟེར་ཞིང་ལུས་ཀྱང་སྐྱེ་ནད་ཐེབས། གླང་པོ་ཆེའི་ར་བ་ན་སོང་བ་དང་། དེའི་ནུབ་ (ཤོག་ ༡༣༢) མོ་བུ་གཅིག་ཀྱང་བཙས་ཏེ་སོང་། ནམ་དཀར་བ་དང་གླང་རྫི་བྱུང་སྟེ་ཨེ་མ་རྒྱལ་པོའི་གླང་ར་ན་བུད་མེད་བྱིས་པ་སྐྱེ་བར་མི་སྲིད་གླང་ལ་གྲིབ་ཡོད་ཟེར། དེས་ཀྱང་དེ་ལ་ཉན་ན་ཡུམ་ལ་བྱོན་ཞུས་པས་བྱོན་ནོ། །དེར་བུད་མེད་དེས་རྒྱུ་མཚན་ཞུས་པས། ཨ་ལ་ལ་གདུང་བརྒྱུད་འཛིན་པས། འདི་ནི་ཡ་མཚན་ཆེ་བ་ད་ནང་དུ་དེངས་ཟེར་བ་དང་སྲས་སྦལ་རྩིས་ཤིན་ཏུ་ཆེ་བར་བྱས་སོ། །གཡུ་དེ་ཡང་མོས་ཇི་ལྟར་ཟེར་བ་བཞིན་བྱུང་བས་ཡིད་ཆེས་སོ། །བཙུན་མོ་དེ་ལ་བྱིན་པས་ཕྱིར་བརྫངས་སོ། །ཡུམ་དང་བུ་མོ་གཉིས་ཀྱི་རྒྱལ་སྲིད་བསྐྱངས་སོ།།
དེ་ནས་ཟླ་བ་བྱུང་ངོ་ཅོག་གི་ཚེ་བཅོ་ལྔའི་དགོང་མོ་རྒྱལ་བུ་བྱུང་སྟེ་བུ་དང་མཚན་གང་པོ་འགྲོགས་ཏེ་ནམ་ལངས་ནས་མི་སྣང་བར་བུ་ཁོ་ནར་གྱུར་ཏོ། །དེ་ཡུམ་ལ་ཞུས་པས་ཡུམ་ན་རེ། དེ་མི་བདེན། བདེན་ན་རྒྱལ་བུ་སྐད་ཅིག་ཙམ་ཞིག་ཚགས་གྱིས་ཟེར། དེ་བཞིན་ཚགས་བྱས་ནས་ཡུམ་ལ་བསྟན་ནས་ཡིན་ངེས་ཤེས་འདུག །བུ་མོ་ཁྱོད་ཀྱི་ངེད་མ་སྨད་འཕྲད་པ་ཞིག་ཨེ་ཐུབ་ལྟོས་གསུངས་སོ། །དེ་ནས་ཚེས་བཅོ་ལྔའི་དགོང་མོ་ལ་རྒྱལ་བུ་བྱོན་བྱུང་བ་ལ། ཚེས་བཅོ་ལྔ་བྱུང་ངོ་ཅོག་ལ་མཚན་མོ་ཁྱོད་དང་མཇལ་ཆོག་པ་འདི་དགའ་བ་ཡིན་ཏེ། དུས་རྒྱུན་དུ་འགྲོགས་མི་ཆོག་པ་འདི་ཤིན་ཏུ་སྡུག་བསྔལ་ཞིང་སྐྱོ་བ་ལ་བྱས་ངུས་པས། རྒྱལ་བུ་ན་རེ། ཁྱོད་ཀྱི་སྙིང་རུས་ཀྱིས་ལྕོགས་ན་རྒྱུན་དུ་འགྲོགས་ཆོག་པར་ཡོང་སྟེ། བུད་མེད་འདི་སྙིང་རུས་ཀྱི་ཆུང་བས་དཀའ་ཟེར་རོ། །བུ་མོ་ན་རེ། རྒྱལ་བུ་ཁྱོད་དང་ཚེ་འདིར་འགྲོགས་ཆོག་པ་བྱུང་ན་ཤ་རུས་འབྲལ་དགོས་བྱུང་ཡང་སྙིང་རུས་བྱེད་པ་ཁག་ཁྱག་བྱས་པས། འོ་ན་ཟླ་བ་གཏིང་མའི་ཚེས་བཅོ་ལྔའི་དགོང་མོ་ཟླ་བ་ཤར་བ་དང་ལྷོ་ཕྱོགས་སུ་དཔག་ཚད་གཅིག་ཕྱིན་པ་དང་ (ཤོག་ ༡༣༣) ལྕགས་ཀྱི་མི་རྒན་ཁྲོ་ཆུ་ཁོལ་མ་འཐུང་ཞིང་ཁ་སྐོམ་པ་ལ་ཟེར་བ་ཞིག་ཡོད། དེ་ལ་འབྲས་དང་ཆང་རྐྱལ་པ་གང་སྟེར། དེ་ནས་ཕྱིན་པ་དང་ལུག་གཉིས་བརྡུང་ཁ་བྱེད་པ་ཡོད། དེ་ལ་སྦང་ཟན་རེ་སྟེར། དེ་ནས་ཕྱིན་པ་དང་གོ་མཚོན་ཐོགས་པ་མང་པོ་ཞིག་ཡོད། དེ་རྣམས་ལ་ཤ་ཟན་རེ་སྟེར། དེ་ནས་ཕྱིན་པ་དང་ཁང་པ་ནག་པོ་འཇིགས་སུ་རུང་བ་ཁྲག་གི་ཞ་ལ་བྱས་མི་ལྤགས་ཀྱི་རྒྱལ་མཚན་བཙུགས་པའི་སྒོ་དྲུང་ན་གཤིན་རྗེ་ཁྲག་གི་རལ་པ་ཅན་གཉིས་ཡོད། དེ་ལ་ཁྲག་གི་ཕུད་དེ་བྱིན་ལ། དེ་ནས་ཁང་པ་དེའི་ནང་དུ་སོང་བ་ལ་སྔགས་པ་འཇིགས་སུ་རུང་བ་བརྒྱད་ཀྱིས་བསྐོར་བའི་དབུས་ན་དཀྱིལ་འཁོར་ཞིག་སྟེ་ཐ་མ་སྙིང་དགུས་བསྐོར་ནས་ཡོད། སྙིང་རྙིང་པ་བརྒྱད་ནི་ང་ཁུར་ཟེར་ཞིང་ཡོད། སྙིང་གསར་པས་ང་མ་ཁུར་ཟེར་ཞིང་ཡོད་པས་ཉམས་ང་བག་ཚ་མེད་པར་སྙིང་གསར་པ་དེ་ཁྱེར་ནས་ཕྱི་མིག་ལ་བལྟ་བར་ཐེ་ཚོམ་མེད་པར་བྲོས་ནས་ཤོག་དང་ཚེ་འདིར་འགྲོགས་ཆོག་པ་ཡོད་ཟེར་རོ།།
དེ་ནས་བུ་མོ་དེས་དེ་རྣམས་ངེས་པར་སེམས་ལ་བཞག་ནས་ཚེས་བཅོ་ལྔའི་ནུབ་མོ་མི་སུས་མ་ཚོར་བར་ལྷོ་ཕྱོགས་སུ་ཕྱིན་ཏེ་རིམ་བཞིན་རྔན་པ་སྦྱིན་ནས་ཁང་པ་དེའི་ནང་དུ་སླེབས་སོ། །སྙིང་གསར་པ་དེ་ང་མ་ཁུར་ཟེར་བ་དེ་མ་ཆོར་བར་ཕྱག་ཏུ་བཅུག་ནས་མ་ནོར་བར་བྲོས་སོ། །སྔགས་པ་རྣམས་ཀྱིས་རྗེས་བཞིན་བརྒྱུགས་ནས་གཤིན་རྗེའི་སྒོ་སྲུང་བ་སྙིང་གཉིས་པ་ལ་རྐུན་མ་བྱུང་ངོ་ཟུངས་ཟེར་བས། འདིས་ངེད་གཉིས་ལ་ཁྲག་ཕུད་སྦྱིན་ཟེར་ནས་བཏང་ངོ་། །དེ་ནས་དམག་མི་རྣམས་ལ་ཟུངས་ཤིག་ཟེར་བས། འདིས་ངེད་རྣམས་ལ་ཤ་ཟན་སྦྱིན་པ་ཡིན་ཟེར་བཏང་ངོ་། །ལུག་ཐུག་གཉིས་ལ་རྐུན་མ་བྱུང་ཟུངས་ཤིག་ཟེར་བ་ལ། འདིས་ངེད་ལ་སྦང་ཟན་བྱིན་པ་ཡིན་ཟེར་བཏང་ངོ་། །དེ་ནས་ལྕགས་ཀྱི་ཨ་མྱེས་བུད་མེད་སྙིང་ཁུར་བ་ཟུངས་ཤིག་ (ཤོག་ ༡༣༤) ཟེར། འདིས་ངེད་ལ་ཆང་སྦྱིན་ཟེར་ནས་བཏང་ངོ་། །དེ་ནས་བུ་མོ་དེ་ལེགས་པར་བརྒྱུགས་ནས་ཕོ་བྲང་དུ་སླེབས་པ་དང་རྒྱལ་སྒོ་ཤིག་ཕྱེས་ནས་འོང་བ་མོ་རང་གི་ཁྱོ་རྒྱལ་བུ་དེས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་ཐུག་སྟེ་ཤིན་ཏུ་དགའ་བའི་སེམས་ཀྱི་མགུལ་ལ་འཁྱུད་བྱས་པས། རྒྱལ་བུ་བདེ་བྱེད་བཟུང་པོས་བུད་མེད་དེ་དགའ་མོ་བྱུང་ཡོད་བྱས་པས། རྒྱལ་པོ་ལས་ཟད་ཀྱི་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཞེས་ཟེར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས། བུ་མོ་སྙིང་འཛིན་གྱི་ལེའུ་སྟེ་ཉེར་གསུམ་པའོ།། །།

༈ དེ་ནས་ཡང་སྔར་བཞིན་ལེན་དུ་ཕྱིན་ནས་ཁུར་འོང་བ་དང་། ཡང་རོས་སྒྲུང་འདི་བཏང་ངོ་། །དང་པོ་ཙ་ན། ཡུལ་འོད་མའི་ལྗོངས་ཞེས་བྱ་བ་ན་མི་སྤུན་གཉིས་ཡོད་པ་ལ་རིགས་མི་ཉམས་པའི་ཕྱིར་ཆུང་མ་བཀུག་པས། སྤུན་ཆེ་བ་དེ་སྤུན་ཆུང་བ་དེ་ལ་མི་ཆུང་བ་དེ་ལ་མིག་སེར་བྱས་ནས་ཕྱིར་བཏོན་ནོ། །ནམ་ཞིག་སྤུན་ཆེ་བ་དེ་འབྱོར་པ་དང་ལྡན་པར་གྱུར་ཏེ། ཡུལ་མི་རྣམས་ལ་སྟོན་མོ་བཟང་པོ་སྦྱིན་པར་ཙམ་མོ། །སྤུན་ཟླ་དེའི་བསམ་པ་ལ་ཕུ་བོ་འདིས་གཞན་ལེགས་པོ་མི་བྱེད་ཀྱང་སྟོན་མོ་བཟང་པོ་སྟེར་བ་ལ་བདག་ལ་ནངས་པར་ཤོག་ཟེར་འོང་སྙམ་མོ། །དེ་ཡང་ཤོག་ཟེར་མ་བྱུང་སྟེ། ཡང་ཁོའི་བསམ་པ་ཁ་སང་ཤོག་མི་ཟེར་ཡང་དེ་རིང་དངོས་གཞི་ཡིན་པས་ངེས་པར་ཤོག་ཟེར་ཡོང་བསམ་མོ། །དེ་ཡང་མ་བྱུང་སྟེ། སང་ཉིན་ཆང་མཇུག་ལ་ཤོག་ཟེར་ཡོང་བསམ་པ་ལ་མ་བྱུང་བ་ཁོ་སྐྱོ་ཞིང་། དེའི་ནུབ་མོ་ཁྱིམ་གྱི་མི་ཐམས་ཅད་ཆང་གིས་ར་རོ་ཡོད་པས། བདག་གིས་ཕྱིན་ནས་ནོར་དྲག་པ་རྣམས་རྐུ་སྙམ་སྟེ། ཁང་པའི་ནང་ལ་ཕྱིན་ནས་མཛོད་ཀྱི་ཆས་ཀའི་དབྲག་གཅིག་ཏུ་ཡིབ་ནས་བསྡད། (ཤོག་ ༡༣༥) དེ་རྣམས་ནི་སྲོད་ཚུན་ཆད་ལ་ཆང་འཐུང་ནས་བཟི་ཏེ་ཉལ་ལོ། །མནའ་མས་ཀྱང་ཨ་བུ་ན་རོ་བ་དེ་ཁྲིད་ནས་མཛོད་ནང་དུ་ཉལ་བར་བྱུང་ནས་ཉལ་ལོ། །དེ་ནས་བུ་མོ་དེས་ཀྱང་ཨ་བོ་དང་ལྷན་ཅིག་ཉལ་ལྟར་བྱས་ནས་ཨ་བོ་གཉིད་དུ་སོང་བ་དང་ལངས་ཏེ་སྣོད་གཅིག་ཏུ་ཟན་བཙོས་པ་དང་ཤ་མར་སྒོག་ཙོང་ལ་སོགས་ཟས་སྣ་མང་པོ་དང་། ནས་ཆང་འབྲས་ཆང་སོགས་ཀྱི་བཏུང་བ་མང་པོ་ཁྱེར་ནས་ཕྱིན་ཏེ་སོང་ངོ་། །དེར་ཁོས་བློ་མ་བདེ་ནས་རྐུ་བ་རྗེས་ལ་བྱའོ། །སྔོན་ལ་ནི་ལྟ་དགོས་སྙམ་ནས་ཕྱི་ལ་འབྲང་ངོ་།།
བུད་མེད་དེ་ཁང་པའི་ལྟག་ན་རི་མཐོན་པོ་ཞིག་ན་མི་རོ་འཇིགས་སུ་རུང་བ་ཞིག་ཡོད་པ་ལ་འཛེགས་སོ། །སྤུན་ཟླ་དེས་ཀྱང་ཕྱི་བཞིན་འཛེགས་ཏེ་སོང་བ་དང་དེར་སླེབས་སོ། །སྤང་སྔོ་ཐིང་ཡོད་པའི་དཀྱིལ་ན་རྡོ་གདན་དཀར་ཆབས་ཡོད་པ་དེར་སོང་ངོ་། །དེར་སོང་བ་དང་མི་རོ་ཞིག་སྐྱ་ནར་ཅིག་འདུག །དེར་མོའི་མཛའ་བོ་སྙིང་སྡུག་ཅིག་ཤི་ནས་མོ་ལ་ཡིད་ཆགས་པ་དེའི་རོ་ཡིན་འདུག་པས། བྱ་དང་གཅན་གཟན་རྣམས་ཀྱིས་མ་ཟོས་པར་འདུག་གོ །ཟེར་བ་མོས་མཐོང་བས་ཡིན་པར་འདུག །དེ་ནས་མོས་རོ་དེ་མཐོང་བ་དང་ཕ་ཚད་ནས་མི་དེའི་མིང་ནས་འབོད་ཅིང་ཆོ་ངེ་དང་བཅས་རོ་དེའི་རྩ་རུ་བརྒྱུགས་ནས་མཇིང་པ་ལ་འཁྱུད་པར་བྱེད་དོ། །ཟས་དེ་མོ་རང་གིས་ཟོས་པའི་དུམ་བུ་ལྕེ་རྩེས་རོའི་ཁ་ནང་དུ་སྐྱེལ་བར་བྱེད་དོ། །དེ་བསྐྱལ་བ་དང་ཁ་ཐུར་དེ་ཆགས་ནས་མོ་རང་གིས་ལྕེ་རྩེ་ཆད་དེ་རོའི་ཁ་ནང་དུ་ལྕེ་རྩེ་ལུས་སོ། །དེར་ཁྲག་མང་པོ་བྱུང་ནས་སྡུག་བསྔལ་ཏེ་ཟ་མའི་སྣོད་རྣམས་ཐོགས་ཏེ་ཕྱིར་ལོག་གོ །སྤུན་ཟླ་དེས་ཀྱང་མོའི་སྔོན་དུ་སླེབས་པར་བྱས་ནས་མཛོད་དུ་ཡིབས་སོ།།
དེ་ནས་ཕོ་ཕོ་ཁྱོ་ཡི་ཕག་ཏུ་སོང་ངོ་སོང་བ་དང་། སྤུན་ཟླ་དེས་ (ཤོག་ ༡༣༦) གཉིད་འཁུན་བྱས་པས། བུད་མེད་དེའི་ཁ་ལ་ཨ་ཚའུ་འདི་འདྲའི་ཁྱོ་གཅིག་ཡོང་བ། མིས་ཅི་ཟེར་ལ་ཉན་པའམ་ལྕེ་རྩེ་དང་སྣ་རྩེ་གཉིས་བྲེག་བྱུང་ཟེར་ནས་བུད་མེད་ལ་རེ་གཉིས་མེད་ནས་ཅི་ཡང་ཟེར། ཁྱོ་དེས་ཀྱང་མ་བཅད་ཟེར་ཡང་རྒྱུས་ཆེ་དང་། ང་རྒྱལ་པོ་ལ་ཞུ་རུ་འགྲོ་ཟེར་ནས་འཐབ་པར་བྱེད་དོ། །སྤུན་ཟླ་དེས་ཀྱང་དེ་ནུབ་ཆས་ཀ་མ་རྐུས་ཏེ་གཞན་ཞིག་ཏུ་སོང་ངོ་། །སང་སྔར་བུད་མེད་དེ་རྒྱལ་པོའི་དྲུང་དུ་སོང་ངོ་། །སོང་ནས་རྒྱལ་པོ་ལགས་མདང་སུམ་བདག་གི་ཁྱོ་དེས་སྔར་ནས་དཔེ་མེད་པའི་བྱ་བ་འདི་བཞིན་བྱས་བྱུང་བས་ཁྲིམས་ཇི་ལྟར་འཚམ་པ་ཞིག་གཅོད་པར་ཞུ་ཟེར། དེར་ཁྱོ་བཀུག་ནས་ངོ་འཛོམས་བྱས་པ་ལས། མོས་བདེན་བདེན་འདྲ་ཚིག་མང་པོ་སྨྲས་ནས། ཁྱོ་ན་རེ། མདང་ངས་མ་དྲན་ཟེར་བ་ཙམ་མ་གཏོགས་ཟེར་རྒྱུ་མ་བྱུང་སྟེ། རྒྱལ་པོས་མི་འོས་ཟེར་ནས་བསད་ཤིང་རྩེ་ལ་བསྐྱོན་ནོ། །བསྐྱོན་དེ་འཆི་བ་ལ་ཐུག་ཡོད་པ་ལ། སྤུན་ཟླ་དེའི་གཏམ་དེ་ཐོས་ནས་སོང་ངོ་།།
ཕུ་བོ་བསད་ཤིང་ལ་བསྐྱོན་ནས་ཅི་ལན་དྲིས་པས། རྒྱུ་མཚན་སྨྲས་པ་དང་། སྤུན་ཟླ་དེས་རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་མཁྱེན་པར་མཛོད་ཅིག །མི་རྟག་པའི་བྱ་བ་གང་ལ་ཡིད་བརྟན་མི་རུང་བས། ད་ཨ་ཕོ་དང་མནའ་མ་གཉིས་ལ་ངོ་བསོགས་ཤིག །དེ་ནས་ངས་གསལ་བར་སྨྲའོ་ཟེར་རོ། །གཉིས་བསགས་པས། སྤུན་ཟླས་ན་རེ། མནའ་མ་ཁྱོད་རོ་དྲུང་དུ་འགྲོ་ལུགས་ཞིབ་ཏུ་བཤད་པས་རྒྱལ་པོ་ཐུགས་ཡིད་མ་ཆེས་ན། ད་ལྟ་རོའི་ཁ་ནང་དུ་མོའི་ལྕེ་རྩེ་ཡོད་པ་དང་། ལི་ཐུར་ཆག་འཕྲོ་དང་སྣ་བུག་གི་རྩེ་མོ་ནས་ཁྲག་ཤོར་བ་དེ་རྣམས་ཡོད་པས་ལྟར་ཐོངས་ཞེས་སྨྲས་སོ། །རྒྱལ་པོས་ཀྱང་ལྟར་བཏང་བས་ཁོས་ཇི་སྐད་ཟེར་བ་བཞིན་འདུག་ནས་ཁྱོ་བདེན་པར་འདུག་གིས་ཟེར་ནས་ཕུ་བོ་བསད་ (ཤོག་ ༡༣༧) ཤིང་ནས་ཕབ་ནས་ཆུང་མ་བསྐྱོན་ནས་བསད་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་རང་ཕན་ཟེར་བ་འོང་ཤོར་བས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བཟའ་མི་གཉིས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །།

༈ དེ་ནས་སྔར་བཞིན་བསིལ་བའི་ཚལ་དུ་ཕྱིན་ནས་རོ་དངོས་གྲུབ་ཅན་དེ་ཁུར་ནས་ཡོང་བས་རོས་སྒྲུང་བཏང་བ། དང་པོ་ཙ་ན། ཡུལ་རྒྱང་རིང་པོ་ཞིག་གི་རྩྭ་དཀྱིལ་ན་ཕྱོགས་གང་ནས་འོང་ཡང་ལམ་ཞག་ཕོག་པའི་ས་ན་སྤྱན་རས་གཟིགས་ཀྱི་སྐུ་ཐོག་སོ་གཅིག་ཙམ་ཡོད་པའི་གཙུག་ལག་ཁང་ལ་རྒད་པོ་ཞིག་ཡོད་པའི་འགྲམ་ན་ཁང་ཆུང་ཞིག་ཡོད་ལ། དེ་ན་མི་རྒན་བཟའ་མི་གཉིས་ལ་བུ་མོ་གཅིག་ཡོད་ལ། ནམ་ཞིག་དེའི་ལུང་པའི་མདའ་ནས་མི་དབུལ་པོ་ཞིག་གིས་ཤིང་སྒྲོམ་གཅིག་གི་ནང་དུ་ཤིང་ཐོག་རྣམས་ཁྱེར་ཏོ། །ལུང་པའི་ཕུ་ནས་དབུལ་པོ་དེས་མི་རྒན་བཟའ་མི་དེའི་ཁང་ཐོག་དཀར་ཁུང་ནས་ཉན་བུ་བྱས་པས། ཨ་བྱི་ན་རེ། ངེད་རང་བཟའ་མི་གཉིས་ཀྱང་ན་སོ་རྒས་བུ་མོ་གསེར་སྒྲོམ་འདི་ཡང་བག་མར་ལ་བཏང་དྲག་ཟེར། ཕས་ན་རེ། ངེད་རང་ཚོས་བདེ་སྐྱིད་ནོར་གཡུ་ཕུལ་གང་བུ་མོ་དང་བཅས་པ་སྤྱན་རས་གཟིགས་ཀྱི་སྐུ་འདི་ལ་མོས་གུས་བྱས་པས་བྱུང་བ་ཡིན་ལ། བུ་མོ་གསེར་སྒྲོམ་ཡང་ཆོས་འཇིག་རྟེན་ཅི་བྱེད་སུ་ལ་སྟེར་སོགས་སང་ཉིན་ཚེས་བརྒྱད་ལ་མཆོད་པ་བཤམས་ནས་སྤྱན་རས་གཟིགས་ལ་དྲིའོ་ཟེར་ནས་ཐག་བཅད་དོ།།
དེ་མི་དབུལ་པོས་ཐོས་ནས་གླགས་རྙེད་པར་འདུག་སྟེ། དོ་ནུབ་ (ཤོག་ ༡༣༨) ཆོས་ཁང་གི་སྒོ་ཕྱེས་ནས་སྤྱན་རས་གཟིགས་ཀྱི་སྐུ་རྒྱབ་བྲུས་ཏེ་ལྷའི་ནང་དུ་འཛུལ་ནས་བསྡད། སང་ཉིན་ཁོང་གསུམ་བྱུང་ནས་མཆོད་པ་བཤམས་ཕྱག་འཚལ་ནས་ཨ་མི་འཕགས་པ་སྤྱན་རས་གཟིགས་ལ། བདག་གི་བུ་མོ་འདི་ཆོས་འཇིག་རྟེན་གང་བྱེད་འཇིག་རྟེན་བྱེད་ན་མི་སུ་ལ་སྟེར་རབ་ཏུ་གསུང་འབྱོན་པར་ཞུ། དེ་མིན་རྨི་ལམ་དུ་ལུང་བསྟན་པར་ཞུ་ཟེར་བ་ལ། དབུལ་པོ་དེས་འཕགས་པའི་ཤངས་ཀྱི་ནང་ནས་ཁ་བཅུག་སྟེ་གསུངས་པ་ལྟར་བྱས་ནས་ཁྱོད་ཀྱི་བུ་མོ་འཇིག་རྟེན་སང་ཉིན་ཁྱོད་རང་སྒོ་དྲུང་མི་སུ་སྔ་བ་ལ་བྱིན་ཅིག །དོན་རྣམས་འགྲུབ་པར་འགྱུར་སྨྲས་སོ། །མི་རྒན་བཟའ་མིས་འཕགས་པས་གསུང་འབྱོན་བྱུང་ཟེར་བས། ཡིད་རང་སྟེ་ཕྱག་མང་དུ་འཚལ་སྟེ་སོང་ངོ་། །
དེར་དབུལ་པོ་དེ་ཡང་འཕགས་པའི་ནང་ནས་དོན་ཏེ་སང་སྔ་བར་སྒོ་དྲུང་དུ་ཕྱིན་ནས་སྒོ་བརྡུངས་པས། ཨ་བྱི་བྱུང་ནས་ཁོ་མཐོང་ནས་དེ་མ་ཐག་ཏུ་ནང་དུ་སོང་ནས་ཨ་འཕགས་པའི་ལུང་བསྟན་པའི་མི་དེ་སླེབས་འདུག་བྱས་པས། རྒས་པོས་ཀྱང་དེ་མ་ཐག་ཏུ་ནང་དུ་ཤོག་གྱིས་ཟེར་ནས་བྱུང་བ་དང་། བཟའ་བཏུང་ཕུན་སུམ་ཚོགས་པ་བྱིན་ནས་བུ་མོ་དང་གཡུ་ཕུལ་གང་པོ་ཡང་ཁོ་ལ་སྟེར་ནས་ཞིབ་པར་སྨྲས་སོ། །ཁོས་ཀྱང་དེ་བཞིན་བྱེད་ཟེར་ནས་སྒམ་དེ་ཁྱེར་བུ་མོ་ཁྲིད་ནས་གཡུ་རྣམས་ཀྱང་ཐོགས་ཏེ་སོང་ངོ་། །ལུང་པའི་མདའ་ཁོ་རང་གི་ཡུལ་དུ་སླེབས་པར་ཉེ་བ་ན་ཁོའི་བསམ་པ་ལ། ད་ངས་ཨ་བྱི་རྒན་རྒོན་ལ་གཡོ་བྱས་པས་རྩིས་ཁར་སོང་། ད་རུང་བུ་མོ་འདི་ཤིང་སྒམ་དུ་བཅུག་ནས་བྱེ་ཐང་འདིར་སྦས་ནས་བཞག་སྟེ་ཐབས་གཅིག་བྱེད་དགོས་སྙམ་པ་ལ། གཡུ་ (ཤོག་ ༡༣༩) དང་བུ་མོ་སྒམ་དུ་བཅུག་ནས་བྱེ་ཐང་ལ་སྦས་ཏེ་ཁོ་རང་ཡུལ་དུ་ཕྱིན་ནས་ཡུལ་མི་རྣམས་ལ་སྔོན་ཆད་ཇི་ལྟར་བྱས་ཀྱང་ཕྱུག་པོ་མ་བྱུང་། དེ་ལན་རྟོག་འགོང་འུར་དེད་ཀྱི་ཆོ་ག་བྱེད་དགོས་བྱུང་བ་ཡིན་བྱས་ནས་རྫས་རྣམས་བླངས་ཏེ་ཆོ་ག་བྱས་སོ།།
སང་དེ་ཡང་བསོད་ནམས་འཕྲལ་བསོགས་ཀྱི་ཆོ་ག་བྱེད་ཟེར་ནས་རྫས་བླང་བར་བྱེད་དེ། སྐབས་ཤིག་ནས་ཡུལ་གཞན་ཞིག་གི་རྒྱལ་བུ་གཅིག་གིས་སྟག་ཅིག་ཁྲིད་མདའ་གཞུ་ཐོགས་ཏེ་དཔོན་གཡོག་གསུམ་བྱོན་ཏེ། བུ་མོ་གསེར་སྒྲོམ་སྦས་པའི་བྱེ་ཐང་དེར་སླེབས་ཏེ་བྱེ་མ་ནག་ལོང་ཕ་ཀི་ལ་མདའ་རྒྱབ་ཟེར་ནས་བརྒྱབ་པས་མདའ་དེ་བྱེ་མ་བྲུས་པའི་ཤིང་སྒམ་ལ་ཟུག་འདུག་པས། སྒམ་ཁ་ཕྱེས་པས་བུ་མོ་དང་གཡུ་དོན་ཏེ་བུ་མོ་ཇི་ལྟར་ཡིན་བྱས་པས་ང་ཀླུའི་བུ་མོ་ཡིན་ཟེར་རོ། །ངའི་བཙུན་མོ་བྱའོ་ཕྱི་ལ་དེང་ངོ་བྱས་པས་ང་མི་འགྲོ་ཤིང་སྒམ་འདི་བདག་མཁན་ཡོད་སྨྲས་པས། ཤིང་སྒམ་དུ་སྟག་བཅུག་ནས་བཞག་བུ་མོ་གཡུ་དང་བཅས་པ་རྒྱལ་པོས་ཁྲིད་སོང་ངོ་།།
དེ་ནས་མི་དབུལ་པོ་དེའི་བསམ་པ་ལ་བསོད་ནམས་འཕྲལ་སོགས་ཀྱི་ཆོ་ག་ཚར་ཏེ། གཡུ་དང་བུ་མོ་བླངས་ནས་བུ་མོ་ཁྲིད་གཡུ་རྣམས་ལ་ནོར་བྱས་ཏེ་ཕྱུག་པོ་ཆེན་པོ་ཞིག་བྱའོ་སྙམ་སྟེ་བུ་མོ་ལེན་དུ་ཕྱིན་ཏོ། །བྱེ་ཐང་ནས་སྒམ་བཏོན་ཏེ་ཁུར་ནས་འོང་། ཁང་པའི་དཀར་ཕིབས་སུ་བསྐྱལ་ལོ། །ཁྱིམ་མཚེས་རྣམས་ལ་དོ་ནུབ་བསོད་ནམས་འཕྲལ་སོགས་ཀྱི་ཆོ་ག་བསྐྱར་མ་ཞིག་བྱ་དགོས་འདུག་པས་ཀུ་ཅོ་བྱེད་ཀྱང་སུ་ཡང་བལྟ་བར་མ་འོང་ཞིག་བསྒོས་སོ། །དེ་ནས་བུ་མོ་ཤོར་གྱིས་དོགས་ནས་ཁང་པའི་ཐོག་ཁ་བཀག་སྟེ་མལ་ས་ (ཤོག་ ༡༤༠) བཅས། ཁོ་རང་གིས་ལུས་ཚག་སློད་ནས་སྒམ་ཁ་ཕྱེས་པས། སྟག་རྒྱང་གིས་མཆོང་པས་ཁོ་ཞེད་སྐྲག་སྟེ་ཀྱེ་མ་སྟག་བྱུང་ངོ་། །བུ་སྨད་ཚོ་ར་མདའ་ལ་འུར་ཤོག་ཟེར་ནས་ཀུ་ཅོ་འདོན་ཞིང་། གཅེར་བུར་སྟག་དང་འཛིང་པས་བུ་སྨད་ཚོས་ཕ་ཕ་ཨ་ཕའི་བསོད་ནམས་འཕྲལ་སོགས་ཀྱི་ཆོ་ག་ཡ་གི་ལ་བྲེལ་འཚུབ་ཅིག་འདུག་ཟེར་ནས་བཞད་གད་བྱེད་དོ། །སང་ཞོགས་པ་ལྟ་བར་སོང་ཙ་ན། ཁྱིམ་གྱི་ཟུར་ན་སྟག་ཆེན་པོ་ཁ་དང་ལག་པ་ཁྲག་གིས་སྦག་པ་ཞིག་འདུག །ཕ་ནི་རུས་པའི་དུམ་བུ་ཙམ་མ་གཏོགས་སྟག་གིས་ཟོས་འདུག་གོ།
དེ་ནས་བུ་མོ་དེས་རྒྱལ་པོའི་བཙུན་མོ་བྱས་ཏེ་སྲས་པོ་གསུམ་བྱུང་ནས་ཕུན་སུམ་ཚོགས་པར་ཡོད་པ་ལ། བློན་འབངས་རྣམས་ཀྱི་ངེད་རང་རྒྱལ་པོ་ཅོལ་ཆུང་བ་ལ་ས་འོག་ནས་ཐོན་པའི་བུ་མོ་ལ་བཙུན་མོ་འཆོལ། སྲས་བྱུང་ཞང་པོ་མེད་པས་འདི་འདྲ་ཡག་པོ་མི་འདུག་ཟེར་གླེང་ངོ་། །བཙུན་མོ་དེས་ཐོས་ནས་ཤིན་ཏུ་མ་དགའ་སྟེ། བདག་ལ་སྲས་གསུམ་ཡོད་ཀྱང་འདི་རྣམས་ཀྱི་ཟེར་ལུགས་འདིས་རང་གི་ཕ་མ་རྒན་རྒོན་གྱི་སར་འགྲོ་འོ་སྙམ་པ་དང་། ཚེས་བཅོ་ལྔའི་ཟླ་བ་ཤར་བ་དང་ཕོ་བྲང་གི་ནང་ནས་བྲོས་སོང་བ་དང་། སང་ཉིན་ཉི་མ་གྲོ་བར་ཁ་ཙམ་ནས་ཕ་མ་ཡོད་པའི་ཁང་སྔར་སླེབས་པ་དང་། དེས་ན་སྔར་མེད་པའི་ཞིང་མང་པོ་འདུག་སྟེ། མི་མང་པོས་རྨོས་བྱེད་འདུག་སྟེ། དེའི་ནང་ན་མི་སྨུག་པོ་བརྒྱན་འཕྱོར་པོ་ཞིག་འདུག་པ་དེས་ན་རེ། བུ་མོ་ཁྱེད་གང་ནས་འོང་ཟེར། ས་ཐག་རིང་པོ་ནས་འོང་བ་ཡིན་བྱས་པས། ད་གར་འགྲོ་ཟེར། རི་ཟུར་འདིའི་རྒྱབ་ན་བདག་གི་ཕ་མ་རྒན་རྒོན་གཉིས་ (ཤོག་ ༡༤༡) ཡོད་པས་ཁམས་ཨེ་བཟང་ལྟར་འགྲོ་བྱས་པས། འོ་དེའི་བུ་མོ་ཡིན་ནམ་ཟེར། ཡིན་བྱས་ཨ་ཙ་མ་ང་ཡང་དེའི་བུ་ཡིན། ང་ལ་ཨ་ཅེ་གཅིག་ཡོད་ཟེར་བ་ཁྱོད་ཡིན་པར་འདུག །ད་འདིར་སྡོད་ལ་བཟའ་བཏུང་གྱིས་ཟེར། བཟའ་བཏུང་བྱས་ནས་དེ་དང་འགྲོགས་ཏེ་སོང་བ་དང་། རི་ཟུར་དེ་ནས་བལྟས་པས་སྔར་གྱི་ཁང་པ་དེའི་ཤུལ་ན་ཁང་པ་བཀྲག་ཅིང་ཆེ་བ་རྒྱལ་པོའི་ཕོ་བྲང་ལས་ལྷག་པ་རྒྱལ་མཚན་དང་འཕན་གྱིས་བརྒྱན་པ་ཞིག་འདུག །དེའི་གཞོང་གི་འཕགས་པའི་གཙུག་ལག་ཁང་དེ་ཡང་སྔར་ལས་ལྷག་པ་ཆེ་བ་ཁྱད་པར་འཕགས་པ་གསེར་ཏོག་གིས་བརྒྱན་པ་ཞིག་འདུག །འཕན་དང་དྲིལ་བུ་གཡེར་ཁའི་སྒྲ་ཁྲོལ་བ་ཞིག་འདུག་པ་འདི་སུ་ཡིན་དྲིས་པས། འདི་རྣམས་ངེད་རང་གི་ཡིན་ཅིང་རྗེས་སུ་མཁར་ལེན་བྱས་པ་ཡིན། ཕ་མ་གཉིས་ཀྱང་ཁམས་བཟང་བར་ཡོད། དེ་ནས་ནང་དུ་ཕྱིན་པ་དང་རྟ་ར་ནས་ཉེ་བར་བཟུང་སྟེ་རྟ་དྲེལ་སོགས་དངོས་པོ་གང་འདུག་ཅིང་། ཕ་མ་གཉིས་ཀྱང་དར་ཟབ་ཀྱི་འབོལ་ལ་འདུག་པ་བུ་མོས་མཐོང་བ་དང་ཁྱེད་རྣམས་ཁམས་བཟང་ངམ་ངེད་གཉིས་མ་ཤི་བ་ལ་འཕྲད་པར་ཡོང་བ་ཤིན་ཏུ་དགའ་སྟེ་རྒྱུ་མཚན་རྣམས་ཞིབ་ཏུ་བཤད་པས་ཕ་མས་ན་རེ། རྒྱལ་པོ་བློན་འབངས་རྣམས་ཀྱི་འདི་བཞིན་ཟེར་བྱུང་ནས། རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ནས་ལོངས་སྤྱོད་ཕུན་སུམ་འཚོགས་པའི་ཞབས་ཏོག་ཞག་གསུམ་ཞུས་ཏེ་ཐུགས་ཤིན་ཏུ་དགྱེས་པར་གྱུར་རོ། །བཙུན་མོ་ལ་ཕ་མེས་མེད་ཟེར་བ་མི་བདེན་པར་འདུག་ཟེར་ཏེ་རྒྱལ་པོ་འཁོར་བཅས་ཡི་རང་བཞུད་དོ།།
དེར་བཙུན་མོས་ཞག་གཅིག་ཕྱིར་འཐེན་ནས་ཕ་མ་དང་འབྲལ་མི་ཕོད་པའི་ཕྱིར་བསྡད། གཏམ་གྱིས་ཚིམ་པར་ (ཤོག་ ༡༤༢) བྱས་སོ། །སང་ཐོ་རང་ཉལ་བའི་སྔས་ཤིན་ཏུ་མགོ་བསྲ་བ་ཞིག་བྱུང་ངོ་། །འདི་ཅི་ཡིན་ཕ་མ་དང་ལྷན་དུ་ཡོད་ཅིང་། མལ་ས་སོགས་ཀྱང་དར་ཟབ་ཏུ་ཡོད་ལ་འདི་ཅི་ཡིན་སྙམ་སྟེ་བལྟས་པས་སྔར་གྱི་ཁང་ཆུང་དེ་ཡང་ཞིག །ཕ་མ་གཉིས་ཀྱང་ཤི་ནས་གོ་ཁ་ན་རུས་པ་ཁྲོལ་འདུག །སྔས་ལ་རྡོ་ལེབ་གཅིག་མིན་པ་མི་འདུག་ནས་ས་རྗེན་ལ་ཉལ་འདུག་པ་ཤིན་ཏུ་མ་དགའ་སྟེ། ད་གཙུག་ལག་ཁང་ལ་བལྟ་འགྲོ་སྙམ་ནས་དོན་ཡོང་པ་ལ། གཙུག་ལག་ཁང་ཡང་ཞིག་འཕགས་པའི་སྐུ་དེ་ཡང་ཆུད་ཟོས་ལ་སོང་འདུག་གོ །དེ་ནས་མོའི་བསམ་པ་ལ། ཀྱེ་མ་འདི་ནི་འཕགས་པའི་སྐུ་ཞིག་གིས་ང་ལ་ཕ་མ་མཛད་འདུག་སྙམ། རྒྱལ་པོ་འཁོར་བཅས་ཡོད་སར་འགྲོ་འོ་བསམས་ནས་སོང་བ་ལ། བློན་པོ་འབངས་རྣམས་ཀྱིས་བཙུན་མོ་དེ་རྒྱང་རིང་ནས་བྱུང་བ་མཐོང་སྟེ། བཙུན་མོ་འདི་ན་ཕ་མིང་ཡང་སྟོབས་ཆེ་ཞིང་སྲས་ཀྱང་སྐུ་འབྲས་གཙང་མ་བཙུན་མོ་རང་ཡང་འཆོར་ཞིང་ཡིད་དུ་འོང་བ་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བསུ་བ་རྒྱ་ཆེན་པོ་བྱས་སོ། །དེ་ནས་ཕོ་བྲང་དུ་བྱོན་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེའི་བུ་མོ་བསོད་ནམས་ཆེ་བ་ལ་ཟེར་ཁས་ཤོར་བས་རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་ཟེར་ནས་ཤོར་རོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བུ་མོ་གསེར་སྒྲོམ་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།

 

 

༈ དེ་ནས་ཡང་བསིལ་བའི་ཚལ་དུ་རོ་ལེན་དུ་ཕྱིན་ནས་ཁུར་ཏེ་ཡོང་བ་ལ། ཡང་རོས་སྒྲུང་འདི་བཤད་དོ། །དང་པོ་ཙ་ན། ཡུལ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ཤིན་ཏུ་སྐྱིད་པ་མཐའ་སྐོར་ཐམས་ཅད་ཙན་དན་དང་། ཨ་མྲའི་ཤིང་དང་རྒུན་འབྲུམ་དང་ཤིང་ཏོག་སྣ་ཚོགས་ (ཤོག་ ༡༤༣) པས་བརྒྱན་པ། དེའི་ནང་ནས་མེ་ཏོག་སྣ་ཚོགས་འབྱུང་བའི་ཞིང་དང་། ཆུའི་རྒྱུན་དལ་བུ་འབབ་པའི་དབུས་སུ་ཕོ་བྲང་དགའ་ལྡན་ཞེས་བྱ་བ་མཐའ་གྲོང་ཁྱེར་གྱིས་བསྐོར་བ་ཞིག་ཡོད་དེ། དེ་ན་རྒྱལ་པོ་བྱིས་པའི་བློ་ཅན་ཟེར་བ་ཞིག་ཡོད་པས། ནམ་ཞིག་ཁོ་རང་གི་འབངས་དྲན་གསལ་བྱ་བ་ཞིག་ལ་ཁྱོད་དྲན་པ་གསལ་པོ་ཡོད་ཟེར་བ་དེ་ཡིན་ན། ངའི་བླ་གཡུ་འདི་རྐུ་ཐུབ་པ་གྱིས། ཐུབ་བྱུང་ན་བྱ་དགའ་ཆེན་པོ་སྟེར། མ་ཐུབ་ན་ཁྱོད་ཀྱི་ས་ཞིང་འཕྲོགས་ནས་མིག་ཀྱང་འདོན་ཟེར་རོ། །དེ་བཞིན་མི་གསུང་བར་ཞུ་བྱས་ཀྱང་མ་གནང་སྟེ། ཚེས་བཅོ་ལྔའི་དགོང་མོ་རྐུ་བར་དམ་བཅས་སོ།།
དེ་ནས་རྒྱལ་བུས་གཡུ་དེ་སྐེ་ལ་འདོགས་ཤིང་སྒོ་མི་གཅོད་པར་དམ་བཅས་ལ། གཞན་མ་རྣམས་ཀྱིས་སྲུང་ལུགས་གང་བདེ་བྱེད་པར་ཆད་དོ། །དེ་ནས་དྲན་གསལ་དེས་ཚེས་བཅོ་ལྔའི་དགོང་མོ་ལ་འབྲས་ཆང་ཤིན་ཏུ་གར་བ་ཐོགས་ཏེ་ཕྱིན་པ་དང་། རྒྱལ་པོའི་རྟ་རྫི་སྒོ་དྲུང་ན་འདུག་པ་ལ་ཆང་བྱིན་ཏེ། ད་ངས་གཡུ་ནི་མི་ཐོབ་རྒྱལ་པོས་ནི་གསན་དུ་མི་བཏུབ་བྱས་ནས་རྟ་རྫི་རྣམས་བཟི་བར་བྱས། དེ་ནས་སེམས་ཅན་གྱི་གྲོད་པ་སྐམ་རྙིད་གཅིག་དང་། སོག་མའི་ཞྭ་གཅིག་ཆུ་རྡོ་གསུམ་དེ་རྣམས་ཐོགས་ལ་ནམ་གུང་ཙམ་ནས་ཕོ་བྲང་དུ་ཕྱིན་ཏོ། །སོང་བས་སྒོ་དྲུང་དུ་རྟ་རྫི་རྣམས་རྟ་ལ་བསྐྱོན་ནས་བཞག་འདུག་པ། ཆང་གིས་ར་རོས་སྟབས་གཉིད་འཐུག་པོས་ནོན་འདུག་པས་གླགས་རྙེད་དེ་རྟ་ཁ་ནས་ཕབ་སྟེ་གོང་ལ་བསྐྱོན་ནས་བཞག་གོ །དེ་ནས་ནང་དུ་ཕྱིན་པ་དང་། ཐབ་ཚང་ནང་ན་གཡོག་མོ་ཚོའི་གོ་ཚག་མ་བཀྲོལ་བར་མེ་འབུད་ཆོག་པ་བྱས་ (ཤོག་ ༡༤༤) ནས་འདུག་པ་ལ། མེ་ལ་ཉེ་བ་དེའི་མགོ་ལ་སོག་མའི་ཞྭ་དེ་བཀོན་ནས་གཡོགས་ནས་ཡོད་པ་དེའི་ཕུ་དུང་དུ་ཆུ་རྡོ་གསུམ་བཅུག་ནས་དེ་ལ་ཐ་གུས་བསྡམས་ནས་བཞག་གོ །དེ་ནས་འཚོལ་དུ་ཕྱིན་པ་དང་། རྒྱལ་པོ་གཉིད་དུ་སོང་འདུག་པས་དབུ་ལ་གྲོད་པ་སྐམ་རྙིད་དེ་བཀོན། མགུལ་ན་གཡུ་དེ་འོད་ལྷག་གེ་འདུག །རྒྱལ་པོ་དང་ཉེ་བར་མི་རྣམས་མགོ་གཏུག་བྱས་ནས་ཉལ་འདུག་པ་ལ། ཁོས་དེ་རྣམས་གཙུག་ཕུད་སྦྲེལ་ནས་བཞག་གོ།
དེ་ནས་ཁོས་གཡུ་དེ་བཀྲོལ་ནས་སྐས་ལ་སྡིག་སྒྲ་དང་བཅས་བྲོས་པས་ཐམས་ཅད་རྐུན་མ་བྱུང་ཟེར་ནས་གཙུག་ཕུད་སྦྲེལ་བ་རྣམས་མ་འཐེན་མ་འཛིན་ཟེར་ནས་སྒོང་སྒོང་བྱེད་འདུག་ཅིང་། རྒྱལ་པོས་ན་རེ། ད་མགྱོགས་པར་ཤོག་དང་གཡུ་ཡང་ཁྱེར་སོང་འདུག །གཡུ་ཁྱེར་ནས་རང་མགོ་ཡང་སྐམ་སོང་ཟིན་ཟེར་རོ། །གཡོག་མོས་མེ་ལ་ཕུ་བཏབ་པས་སོག་མའི་ཞྭ་ལ་མེ་འབར་ནས་མོའི་མགོ་ཚིག་ནས་གཡོག་མོ་གཞན་གྱིས་དེའི་ཕུ་དུང་གིས་བརྒྱབ་ནས་མགོ་ལ་ཆུ་རྡོ་ཕོག་པས་རྨ་གསུམ་འབྱུང་བས། རྐུན་མའི་རྗེས་ལ་འགྲོ་རྒྱུ་ལུས་ནས་ཁོ་རང་ཚོ་རྨ་བཅོས་བྱེད་ཅིང་འདུག་གོ །དེ་ནས་རྟ་རྫི་རྣམས་ལ་རྐུན་མ་བྱུང་མགྱོགས་པར་རྒྱུགས་བྱས་པས་ཆང་གིས་བཟི་བ་དང་གྱང་ལ་རྡོག་པ་ཁྲབ་ཁྲབ་ཙམ་གཏོགས་བྱེད་རྒྱུ་མ་བྱུང་སོང་། དེས་བླ་གཡུ་ཁྱེར་ནས་རྒྱལ་པོའི་དྲུང་དུ་ཕྱིན་ནས། རྒྱལ་པོ་ཐུགས་ཁྲོས་ནས་འདུག་པ་ལ་མི་དྲན་གསལ་ན་རེ། རྒྱལ་པོ་ལགས་ཐུགས་མ་ལོག་དང་གཡུ་ཕྱག་ཏུ་ཕུལ་ལགས་ཞུས་པས་གཡུ་གང་དགའ་གྱིས་གཞན་དེ་ཁ་ཡིན་ལ། ང་ཡི་མགོ་ལ་ཁྱོད་ཀྱི་གྲོད་པ་སྐམ་རྙིད་བཀོན་ (ཤོག་ ༡༤༥) པས་ང་མགོ་སྐམ་འདུག་སྙམ་ཟེར་ནས། བུད་མེད་བྱུང་ནས་མི་འོས་པའི་མི་འདི་ད་ལྟར་ཁྲིམས་རར་ཁྲིད་ལ་སྐེ་བྲེག་ཟེར་རོ། །མི་དྲན་གསལ་གྱི་བསམ་པ་ལ་ད་བྱས་ཀྱང་རྒྱལ་པོ་འདིས་ལེགས་པོ་ཞིག་མི་བྱེད་པ་འདུག་བསམས་ནས་ཚིག་པ་ཟ་ནས་བླ་གཡུ་བྲག་ལ་བརྡབས་པས་རྒྱལ་པོ་སྣ་ཁྲག་འཕྲུལ་གྱིས་ཤིའོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་རྒྱལ་པོ་སྤྲ་ཆལ་ཟེར་ཤོར་བས། རྒྱལ་པོ་ལས་ཟད་ཁ་ནས་གཏམ་བྱུང་། སརྦ་ཕ་ལ་མི་སྡོད་འཇག་ཁྱང་འུ་ཤུག་ཟེར་ནས་ཤོར་རོ། །རོ་དངོས་གྲུ་ཅན་གྱིས་སྒྲུང་ལས། མི་དྲན་གསལ་གྱི་ལེའུ་སྟེ་ཉེར་དྲུག་པའོ།། །།

༈ དེ་ནས་ཡང་སྔར་བཞིན་བསིལ་བའི་ཚལ་དུ་ཕྱིན་ནས་རིན་ཆེན་དངོས་གྲུབ་ཀྱི་རོ་དེ་བླངས་ནས་ཁུར་ཏེ་ཡོང་བས། ད་ནི་ངེད་རང་གཉིས་ཐང་ཆད། ཉི་མ་ཡང་རིང་བས་ཡང་ན་ཁྱོད་རང་གིས་སྒྲུང་གཅིག་ཐོངས། ཡང་ན་ངས་བཏང་བས་ཁྱོད་ཀྱིས་མགོ་སྒུ་སྒུར་གྱིས། ངས་བཏང་ན་མགོ་སྒྱེད་སྒྱེད་གྱིས་བྱས་པས། སྔོན་དང་པོ་ཙ་ན། ཡུལ་མཐའ་འཁོབ་ཅིག་ན་བྲམ་ཟེའི་ཁྱེའུ་ཞིག་གནས་ཏེ་ནམ་ཞིག་ཁོ་རང་གི་ཞིང་གཅིག་ཡོད་པ་ལ་སྣམ་དཔེ་གསུམ་དང་ཚང་བྱས་ནས་བོང་བུ་ཞིག་ལ་བཀལ་ཏེ་ཡུལ་གཞན་ཞིག་ལ་སོང་ངོ་། །སོང་བ་དང་ལམ་སྲང་ཞིག་ན་བྱིས་པ་མང་པོས་བྱི་བ་གཅིག་བཟུང་སྟེ་དེའི་སྐེ་ལ་ཐག་པ་བཏགས་ཏེ་ཆུར་འཇུག་པ་དང་འདྲུད་པ་སོགས་བྱེད་འདུག་པས་སྙིང་ཉེ་དྲགས་ནས་མ་བཟོད་པར། བྱིས་པ་ཚོ་ལ་སྡིག་པ་ཆེ་འདི་ཐོངས་བྱས་པས། བྱིས་པས་ན་རེ། འདི་ངེད་རང་ཚོ་ལ་དགོས་པས་བཟུང་བ་ཡིན། མི་བརྡ་ཆད་ཆུང་ཆུང་རང་ཞིག་འདུག་ཟེར། འོ་ན་རིན་འཇལ་གྱིས་བྱས་ནས། སྣམ་དཔེ་གཅིག་སྤྲད་ནས་ཉོས་ (ཤོག་ ༡༤༦) ཏེ། བྱི་བ་དེ་རྩིག་དབྲག་ཏུ་བཏང་ངོ་།།
ཡང་ཕྱིན་པ་དང་། ལམ་མདོ་ཞིག་ན་བྱིས་པ་མང་པོས་སྤྲེའུ་ཞིག་བཟུང་ནས་སྤྲེལ་རྩེད་མི་ཤེས་བཞིན་དུ་རྩེ་འཇུག་ཅིང་དབྱུག་པས་བརྡུངས་བཞིན་འདུག་པས། ཡང་སྙིང་རྗེ་དྲགས་ནས་འདི་ཐོངས་སྨྲས་པས་གཏོང་མཁན་མ་ཉན་ནས། ཡང་སྣམ་དཔེ་གཅིག་བཞག་ནས་ནགས་གསེབ་ཏུ་བཏང་ངོ་། །དེ་ནས་ཕྱིན་པ་དང་གྲོང་ཁྱེར་ཞིག་གི་མདོ་ན། བྱིས་པ་མང་པོས་དོམ་ཞིག་བཟུང་ནས་ཞོན་པ་དང་རྡུང་བ་ལ་སོགས་བྱེད་འདུག་པས། སྙིང་རྗེ་དྲན་ནས་མ་བཟོད་ནས་སྣམ་དཔེ་གཅིག་པོ་དེ་ཡང་དེ་ལ་སྤྲད་ནས་ནགས་གསེབ་ཏུ་དུ་བཏང་ངོ་།།
དེ་ནས་ཁོ་ལ་སྣམ་བུ་རྣམས་མེད་ནས་བོང་བུ་དེ་དེད་ནས་ཡོང་བ་ལ་ཁོ་ཡི་བསམ་པ། བདག་ནི་སྣམ་ཚོང་ལ་ཡོང་པ་ཡིན་ཡང་། ད་ནི་ཟོག་མེད་པས་ཐབས་མེད་རྒྱལ་པོའི་ཕོ་བྲང་དུ་སྒོ་སྲུང་ཤོར་ཏེ་ཕྱིན་པ་དང་། ཕྱག་མཛོད་ནས་དར་ཟབ་ཁྲེས་པོ་ཞིག་བརྐུས་ཏེ་ཕྱིན་པ་དང་། སྒོ་དྲུང་དུ་བཙུན་མོ་དང་འཕྲད་པ་དང་བཙུན་མོས་ཕོ་བྲང་ལ་རྐུན་མ་ཕྱིན་འདུག་ཅེས་ཀུ་ཅོ་བཏོན་པས་མི་རྣམས་འདུས་ཏེ་ཁོ་བཟུང་ངོ་། །རྒྱལ་པོས་ན་རེ། དེ་དཔེ་མེད་ཤིང་གི་སྒྲོམ་བུ་ཞིག་བསྒྲིག་པར་གྱིས་ལ་དེའི་ནང་དུ་བཅུག་སྟེ་ལྕགས་གཟེར་གྱིས་བསྡམས་ནས་ཆུ་གཞུང་ལ་དོར་ཅིག་ཟེར་རོ། །དེ་ལྟར་བྱས་ནས། ཆུ་ལ་དོར་རོ། །ཆུ་དེ་ལུང་པའི་མཐར་ཆུའི་དབུས་ཀྱིས་མཐའ་ཙམ་ཞིག་ལ་ཆག་གོ །དབུགས་ཐུམ་ནས་འཆི་བ་ཐུག་ཡོད་པ་ལ། ནམ་ཞིག་སྒྲོམ་གྱི་ཕྱི་ནས་བྲད་མཁན་ཞིག་བྱུང་སྟེ། གསེང་ཅུང་ཟད་རྡོལ་བར་བལྟས་པས། སྔར་ཁོ་རང་གིས་སྣམ་བུ་སྦྱིན་ནས་བཏང་བའི་བྱི་བ་དེ་ཡིན་པར་འདུག །(ཤོག་ ༡༤༧) བྱི་བས་ན་རེ། སེམས་སློད་ཀྱི་ངས་གྲོགས་པོ་གཉིས་བཀུག་ཡོང་ཟེར་ནས་སོང་ངོ་། །དེར་དབུགས་ཐུམ་པ་དེ་དབུགས་འཐེན་ནས་མ་ཤི་བ་དང་། བྱི་བས་ཀྱང་སྤྲེའུའི་སར་ཕྱིན་ནས་རྒྱུ་མཚན་ལབ་ནས་སྤྲེའུ་དེས་ཀྱང་འོང་ནས་སྒྲོམ་གྱི་གྲུ་ཕལ་ཆེར་འཕྲལ་ལོ།།
དེ་ནས་དོམ་བྱུང་སྟེ་སྒྲོམ་བཤགས་ནས་འཕྲལ་ལོ། །དེ་ནས་ཁོང་གསུམ་གྱིས་ཤིང་ཐོག་ལ་སོགས་པའི་བཟའ་བ་བསྐྱལ་ལོ། །དེ་རྣམས་བཟའ་ཤིང་ཆུའི་མཐར་བར་མཚམས་དེར་བསྡད་དོ། །དུས་ནམ་ཞིག་མཚན་མོར་གྱུར་པ་ན་ཕ་རིའི་ཐང་དཀྱིལ་ན་འོད་ཤིན་ཏུ་ཆེ་བ་ཞིག་འདུག་པས། སྤྲེའུས་ལྟ་བར་བཏང་བས་ཡིད་བཞིན་གྱི་ནོར་བུ་བྱ་དམར་སེར་གྱི་སྒོ་ང་ཙམ་གཅིག་རྙེད་དོ། །དེ་བྲམ་ཟེའི་ཁྱེའུའི་ལག་ཏུ་བྱུང་བས་བ་དང་ཆུ་ཕར་ཁ་དེར་སླེབས་པ་སྨོན་ལམ་བཏབ་པས་དེ་ནས་བྱུང་སྟེ་དེའི་དཀྱིལ་དུ་ཁང་པ་མཁར་ཞོལ་ཐོག་པ་དེ་ལ་ལྷ་ཁང་སོགས་བཀོད་པ་མཛེས་ཤིང་མཐའ་ནས་འབྲུ་སྣ་ཚོགས་པ་ཡོད་པའི་ཞིང་གིས་བསྐོར་བ་ཤིང་ཐོག་སྣ་ཚོགས་སྐྱེས་པ། བདུད་རྩིའི་ཆུ་མིག་ཡོད་པ་ནང་ཐམས་ཅད་ནོར་གྱིས་ཁེངས་པ་ཞིག་ཡོད་པར་ཤོག །ཅེས་སྨོན་ལམ་བཏབ་པས་མིག་ཁ་དབྱེ་བ་དང་དེ་བཞིན་བྱུང་ངོ་།།
དེ་ནས་སྐྱིད་པར་ཡོད་པ་ལ། དུས་ལན་ཅིག་ཚོང་དཔོན་ཆེན་པོ་ཞིག་བྱུང་སྟེ། དེར་ཐམས་ཅད་ངོ་མཚར་སྐྱེས་ཏེ་ཅི་ཟེར་དང་པོ་འདི་ཐང་ཡིན་པ་ལ་ད་ལྟར་འདི་འདྲའི་ཡ་མཚན་ཆེ་བ་ཟེར། ཚོང་དཔོན་དེས་བྲམ་ཟེའི་ཁྱེའུའི་དྲུང་དུ་ཕྱིན་ཏེ་དྲིས་པས། རྒྱུ་མཚན་ཞིབ་ཏུ་བཤད་ནས་ནོར་བུ་བསྟན། ཚོང་དཔོན་ན་རེ། ཁྱོད་ལ་ཕུན་སུམ་ཚོགས་པ་འདིའི་མཆོག་ཡིན་པར་འདུག་ཅིང་། ཚོང་བརྡལ་འདིའི་སྟེང་ཁལ་འོག་ཁལ་རྣམས་ཁྱོད་ལ་འབུལ། ནོར་བུ་ (ཤོག་ ༡༤༨) འདི་བདག་ལ་ཞུ་ཟེར། ཡིད་བཞིན་གྱི་ནོར་བུ་ཚོང་དཔོན་ལ་སྦྱིན་པས། བྲམ་ཟེའི་ཁྱེའུ་དར་ཟབ་ཀྱི་གདན་ལ་ཉལ་ལོ། །སང་ཞོག་སྔ་བར་གཉིད་དྭངས་པ་དང་། མལ་ས་མཁྲེགས་ཤིང་གྲོང་པ་ཞིག་བྱུང་ནས་གཉིད་སད་པས། ཁང་པ་སོགས་ནོར་དང་དངོས་པོ་ཅི་ཡང་མི་འདུག་ཅིང་། སྔར་གྱི་ཚལ་དེ་ན་སླེབས་འདུག་གོ །དེར་སྡུག་བསྔལ་བར་གྱུར་ཏོ།།
དེ་ནས་ཡང་ཁོང་གསུམ་བྱུང་སྟེ་ཅི་ཉེས་ཟེར། ཚོང་དཔོན་ལ་ནོར་བུ་བསྐུར་བའི་རྒྱུ་མཚན་བཤད་པས། ནོར་བུ་དེ་འདྲ་བསྐུར་མཁན་གང་ཡོད་ཁྱོད་མི་བརྡལ་ཆ་ཆུང་ཆུང་ཞིག་འདུག །དེ་ངེད་ཚོས་ལེན་ཨེ་ཐུབ་ལྟ་ཟེར་ནས་སོང་། དེར་ཕྱིན་པ་དང་ཚོང་དཔོན་དེ་ནི་སྟོབས་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་འདུག་ཅིང་། དོམ་དང་སྤྲེའུ་ནི་སྒོ་ལ་མ་ཐར་བྱི་བ་ནོར་བུ་གར་འདུག་ལྟར་བཏང་བས་བྱི་བ་ཤིང་གི་སྦུ་གུ་ལ་འཛུལ་ཏེ་སོང་བས་ཁང་པ་ཞ་ལ་བྱས་པ་ཞིག་གི་ནང་ན་ཚོང་དཔོན་ཉལ་འདུག །དེའི་ཕུག་ན་འབྲས་སྤུངས་ཆེན་པོ་ཞིག་འདུག །དེའི་དཀྱིལ་དུ་མདའ་བཙུགས་ནས་མདའ་ལ་ནོར་བུ་བཏགས་འདུག་གོ །འབྲས་སྤུངས་ཀྱི་རྩ་ན་བྱི་ལ་ཞིག་ཀྱང་བཏགས་འདུག་པས། ནོར་བུའི་རྩར་འགྲོ་མ་ནུས་སོ། །གྲོགས་པོ་གཉིས་ཀྱི་རྩར་སོང་ནས་རྒྱུ་མཚན་བཤད་པས། དོམ་ན་རེ། ཐབས་མེད་ལོག་འགྲོ་ཟེར། སྤྲེའུས་ན་རེ། དེ་མི་དགོས་ང་ལ་ཐབས་ཤིག་ཡོད་ཟེར། བྱི་བ་རང་སོང་ལས་ཚོང་དཔོན་གྱི་རལ་པ་ཐམས་ཅད་བཏུབ་ལ་ཞོག །དེ་བྱས་པ་དང་། སང་དགོང་ནས་བྱི་ལ་རྒྱལ་པོས་སྔས་ཀྱི་སུག་པོ་ལ་བཏགས་ཡོང་བས་དེ་ནས་ནོར་བུ་བརྐུས་པས་ཆོག་ཟེར། དེ་བཞིན་བྱས་པས་རལ་པ་བཏུབ་པས། སང་ཞོག་དེ་ཚོང་དཔོན་གཉིད་སད་པ་དང་། མགོ་ (ཤོག་ ༡༤༩) སང་སང་བྱས་པས་རལ་པ་རྣམས་ཉིལ་གྱི་བྱུང་སྟེ། མགོ་ཡང་དུ་སོང་བས་རྣམ་རྟོག་ཡང་ཟོས། ཨ་ཝ་ཝ་མདང་དགོང་སུམ་རྩེ་རྩེའི་རལ་པ་ཡང་བཅད་འདུག །ད་རིམ་གྲོ་ཆེན་པོ་གྱིས། བྱི་ལ་ཡང་སྔས་སུག་པོ་ལ་ཐོགས། རལ་པ་ལྷག་མ་ཡང་སྲུང་དགོས་འདུག་ཟེར། དེ་ནས་དོམ་དང་སྤྲེའུ་གཉིས་ཀྱི་སྒོ་དྲུང་དུ་སྒུག་བསྡད་ཅིང་། བྱི་བ་ནོར་བུ་རྐུ་བར་བཏང་ངོ་། །བྱི་བས་ཕྱིན་པ་དང་འབྲས་ཕུང་གི་རྩ་བ་ནས་བྱི་ལ་མི་འདུག་ནས་དགའ་སྟེ་ནོར་བུ་ལ་སྙོབ་པར་བརྩམས་པ་དང་། ཡང་མདའ་ལ་མ་བསྙབས་པར་སྟོང་ལོག་བྱས་སོ།།
དེར་དོམ་གྱིས་ན་རེ། ཐབས་མེད་ཟེར་རོ། །སྤྲེའུས་ན་རེ། ཁྱོད་རང་སོང་ལ་མདའི་ཞབས་ཀྱི་འབྲས་ཕུང་བྲུས་དང་མདའ་འགྱེལ་འོང་དེ་ནས་ནོར་བུ་བསྒྲིལ་ཤོག་ཟེར་རོ། །བྱི་བས་དེ་བཞིན་བྱས་ནས་ནོར་བུ་ར་བར་བསྒྲིལ་ནས་གཡག་ཤིང་རྩར་ནོར་བུ་སླེབས་པས། ཤིང་བུ་ལ་འདྲེན་མ་ཐུབ་པར་ཐང་ཆད་པ་ཞིག་བྱས་ནས་ཚུར་ལོག་སྟེ། བྱི་བས་ན་རེ། འདིས་ནང་གི་ཤིང་བུག་གིས་རྩར་ནོར་བུ་སླེབས་ཡོད། དེའི་ནང་ནས་འདྲེན་མི་ཐུབ་པར་འདུག་ཟེར། དོམ་གྱིས་ན་རེ། སྤྲེའུ་དང་ང་གཉིས་ནི་ཤིང་གི་སྦུག་ཏུ་མི་ཤོང་། ད་ཐབས་མེད་ལོག་འགྲོ་ཟེར། སྤྲེའུས་ན་རེ་ཐབས་ཡོད་ཟེར། བྱི་བ་ཁྱོད་རང་གི་མཇུག་མ་ལ་སྐུད་པ་བཏགས་ནས་ཁྱོད་རང་རྐང་ལག་བཞི་ཁས་ནོར་བུ་དམ་དུ་བསྡོམས་ཤིག །ངས་མཇུག་མའི་སྐུད་པ་ས་ནས་འཐེན་ནོ་ཟེར་རོ། །དེ་བཞིན་བྱས་ནས་འཐེན་པས་བྱི་བ་དང་ཡིད་བཞིན་གྱི་ནོར་བུ་ལྷན་ཅིག་ཏུ་བྱུང་ངོ་། །ད་བྱི་བ་ཐང་ཆད་ཡོད་ཟེར་ནས་དོམ་ལ་སྤྲེའུ་ཡིས་ཞོན། སྤྲེའུའི་རྣ་བར་བྱི་བ་ཉལ། ནོར་བུ་སྤྲེའུའི་ (ཤོག་ ༡༥༠) ཁར་བཅུག་ནས་མགྱོགས་པོར་ཡོང་ངོ་།།
དེ་ནས་ལམ་ཞིག་ཏུ་ཆུ་པུས་ནུབ་ཙམ་ཞིག་འདུག་ལ་དེ་བརྒལ་ནས་དོམ་གྱི་བསམ་པ་ལ་བྱི་བ་དང་སྤྲེའུ་ནོར་བུ་ཐམས་ཅད་ངས་ཁུར་བས་ལུས་སྟོབས་ཆེ་སྙམ་ནས་ཁོང་གཉིས་ལ་ང་ལུས་སྟོབས་ཆེན་པོ་ཨེ་རེད་སྨྲས་པས། བྱི་བ་ནི་གཉིད་དུ་སོང་། སྤྲེའུའི་ཁར་ནོར་བུ་ཡོད་པས་ལན་འཇལ་དུ་མ་བྱུང་བས། དོམ་ཁྲོས་ཏེ་ཁྱེད་གཉིས་ང་ལ་ལན་མི་འཇལ་ན་ཆུ་ལ་བསྐུར་བ་ཡིན་སྨྲས་པས་སྤྲེའུ་སྐྲག་སྟེ་མ་བསྐུར་བྱས་པས། ཁ་ནང་གི་ནོར་བུ་དེ་ཆུའི་ནང་སོང་ངོ་། །དེ་ནས་ཆུའི་མཐར་ཐོན་པ་དང་། སྤྲེའུ་ཡིས་དོམ་ལ་འགྱོད་བརྡལ་བྱས་ནས་དོམ་ཁྱོད་སེམས་ཅན་ནོར་མི་ཉན་པ་ཞིག་འདུག་ཟེར་འཐབ་པས། བྱི་བས་གོ་ནས་ཅི་བྱས་ཟེར། འདི་བཞིན་བྱས་སྨྲས་པས། བྱི་བས་ན་རེ། ད་ངས་ཐབས་ཤིག་ཨེ་འདུག་ལྟ་ཟེར་རོ། །ཁྱེད་གཉིས་ཕ་ཚད་ཅིག་ཏུ་སྡོད་ཅིག་བྱས་ནས། བྱི་བས་ཆུ་འགྲམ་དེ་ནས་ཡར་རྒྱུག་མར་རྒྱུག་བྱས་ནས་རྩིག་རྩིག་བྱས་ནས་སྐད་མང་པོ་བཏོན་ནས་ཆུ་ནང་སེམས་ཅན་ཐམས་ཅད་བྱུང་ནས་བྱི་བ་ཁྱོད་འདྲ་ཡིན་བྲེལ་བས་ཉེས་ཟེར་བ་ལ། སྐམ་ལའང་མི་ཆགས། གཤེར་ལའང་མི་གནས་པའི་དམག་ཅིག་འོང་བར་འདུག་སྨྲས་པས། འོ་ན་ཅི་དྲག་ཟེར། གཞན་ཐབས་མེད་སྐམ་གཤེར་མཚམས་འདིར་རྫོང་གཅིག་བརྩིགས་པས་དྲག་བྱས་པས། དེ་བཞིན་བྱེད་ཟེར་ནས་ཆུ་ནང་ན་ཡོད་པའི་སྲོག་ཆགས་ཐམས་ཅད་ཀྱིས་རྡོ་བསྐྱལ། བྱི་བས་རྩིག་མཁན་བྱས་ནས་ཐོ་གང་ཙམ་ཐོབ་པ་དང་། སྦལ་པ་ཆེན་པོ་གཅིག་གིས་ནོར་བུ་བསྒྲིལ་བྱུང་བས་རྡོ་འདི་བས་ལྗིད་པ་མི་འདུག་ཟེར་རོ། །དེར་ (ཤོག་ ༡༥༡) བྱི་བས་ཁོང་བོས་ཏེ་བྱུང་བ་དང་ཡིད་བཞིན་གྱི་ནོར་བུ་འདིར་ཡོད་བྱས་ནས། སྤྲེའུ་དགའ་དྲགས་ཏེ། བྱི་བ་ཁྱོད་རིག་པ་རྣོ་ཟེར་ནས་ནོར་བུ་ཁར་བཅུག །བྱི་བ་རྣ་ཅོག་ནང་དུ་བཅུག་སྟེ་དོམ་ལ་ཞོན་ནས་ཕྱིན་ནོ།།
དེ་ནས་བྲམ་ཟེའི་ཁྱེའུ་ཡི་སར་སླེབས་པ་དང་། བྲམ་ཟེའི་ཁྱེའུ་ནི་ལྡོག་དྲིལ་ཤི་ལ་ཁད་འདུག་པས། སྤྲེའུ་ཡི་ནོར་བུ་གཏད་པ་དང་གྲོགས་པོ་གསུམ་དྲིན་ཆེ་ཟེར་ནས་ཆུ་ཕ་རི་ལ་ཕྱིན་ཏེ་སྔར་བཞིན་སྨོན་ལམ་བཏབ་པས་ཁང་པ་རྒྱལ་པོའི་ཕོ་བྲང་ལས་ལྷག་ཅིང་། མངའ་ཞབས་བསམ་གྱིས་མི་ཁྱབ་པ། ཤིང་སྣ་ཚོགས་ཀྱི་འབྲས་བུ་དང་ལྡན་པ། བྱ་སྣ་ཚོགས་ཀྱི་སྐད་སྒྲོགས་པ་དུས་རྟག་ཏུ་མེ་ཏོག་སྣ་ཚོགས་བཀྲ་ཤིང་འབྲས་བུ་མངར་བ། དགུན་གྱི་མིང་ཡང་མེད་ཅིང་ལོངས་སྤྱོད་སྣ་ཚོགས་ཕུན་སུམ་ཚོགས་པ་བྱུང་བ་དང་། ཡང་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ། ཡིད་བཞིན་གྱི་ནོར་བུ་ཡིན་ངེས་ན། བདག་ལ་ཆུང་མ་མེད་པས་ལྷའི་ཡུལ་ནས་ཚངས་པའི་བུ་མོ་ང་ཡི་བཙུན་མོར་ཤོག་ཅིག་སྨྲས་པས། བྱས་མ་ཐག་ཏུ་ལྷའི་ཡུལ་ནས་ལྷའི་བུ་མོ་འཁོར་དཔག་ཏུ་མེད་པ་ཞིག་བྱུང་ངོ་། །དེ་དང་དགའ་མགུར་སྤྱད་ནས་འདུག་པ་ལས་སྲས་རྒྱལ་བུ་ཡིད་དུ་འོང་བ་མང་པོ་ཡང་བྱུང་ངོ་བྱས་པས། རྒྱལ་པོ་བདེ་བྱེད་བཟང་པོས་དེ་འདྲའི་མི་བསོད་ནམས་ཆེ་བ་ལ་ཟེར་ཤོར་བས། རྒྱལ་པོ་རང་གི་ལེགས་པོ་ལེགས་པོ་ཟེར་ནས། སློབ་དཔོན་ཀླུ་སྒྲུབ་སྐུ་མདུན་དང་ཉེ་བ་ནས་འཕུར་ཏེ་ཤོར། དེར་སློབ་དཔོན་གྱིས་ཞལ་ནས་ཁྱོད་ཀྱི་སྙིང་རུས་ལ་སྐྱོན་མེད་འཛམ་བུ་གླིང་གི་བསོད་ནམས་ལ་མ་ཤོང་བ་ཡིན། ཁྱོད་ཀྱི་རོ་དངོས་གྲུབ་ཅན་ལན་མ་བཅུ་གསུམ་ཁུར་བས་ཚེ་འདིར་སྟོབས་དང་ (ཤོག་ ༡༥༢) ལོངས་སྤྱོད་རྒྱལ་པོ་གཞན་གྱིས་འགྲན་མི་ནུས་པ་གཅིག་འོངས་གསུངས་སོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བྲམ་ཟེའི་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་སྟེ་ཉེར་བདུན་པའོ།། །།

༈ ཡང་ཤིང་སྡོང་དེའི་རྩར་ཕྱིན་ནས། བླ་མ། ང་རང་རྒྱལ་བུ། དྲ་བ། ཞགས་པ། རལ་གྲི། འཛའ་ར། རོ་གོག་བབ་བམ་ཤིང་སྡོང་བཅད་བྱས་པས། རོ་གོག་དེ་སྔར་ལྟར་བབས་བྱུང་བས་ཞགས་པས་བསྡམས། དྲ་བའི་ནང་བཅུག །ས་ཁུག་བདུན་ཙམ་སླེབས་པ་ན། རོ་དེས་ཡང་ན་རྒྱལ་བུས་ལམ་ཐག་བཏུང་། ཡང་ན་ང་ཡིས་སྒྲུང་ཞིང་བཏང་བས་ཉོན་ཨང་ཟེར་བ། ལུང་པ་གཅིག་ན་རྒྱལ་བུ་གཅིག་ཡོད་པར་འདུག །ནང་གཅིག་ཡུལ་གཞན་ཞིག་ན་རྒྱལ་པོ་ཆེན་པོ་ཡོད་པ་དེའི་མངའ་ཞབས་ན་ཚོང་པ་གཅིག་རྒྱལ་པོ་དེ་ལ་ཚོང་བྱས་ནས་ཆགས་ཡོད་པར་འདུག །ནང་གཅིག་སོང་བས་ཡུལ་དེའི་ལོ་གསར་མཛད་ཆས་གྲོ་ཟན་ཞིག་མར་གྱི་ནང་དུ་བཙོས་ཤིང་ཡོད་པ། ཚོང་དཔོན་གྱིས་སྒོ་གསེབ་ནས་བལྟས་པས་གྲོ་ཟན་གཅིག་ཚུར་བླངས་ནས་ཟ་བ་མཐོང་ཚེ་གཞན་རྣམས་མར་དུ་བཙོས་ཤིང་ཡོད་པ་ལ། སྒོ་དེ་ཕྱེས་བྱུང་བ་ཚོང་པ་ནས་ང་ལ་གྲོ་ཟན་བཙོས་པ་གཅིག་བྱིན་བྱས་པས། གྲོ་ཟན་འདི་རྣམས་ཚོས་ནས་གྲང་ཚར་དུས་ཁྱོད་ལ་གཅིག་སྦྱིན་ཆོག་བྱས། ཁོ་ནས་སྔ་མ་གྲོ་ཟན་ཚོས་པ་དེ་ཇི་བྱས། ང་ལ་སྟེར་ཞུས་པས་སྔ་མ་ཟ་ཚར་བ་ཁོ་ཡི་མངོན་ཤེས་བྱས་པ་རེད་བསམས་ནས་ཁོ་བདེན་པར་འདུག་པས་མངོན་ཤེས་གཅིག་ཀྱང་འདུག་བྱས་ནས་རྒྱལ་པོ་ལ་ཞུས་པ། ཚོང་དཔོན་མངོན་ཤེས་ཅན་ཟེར་བ་ཡུལ་དེར་ལ་གྲགས་སོ།།
ནམ་ཞིག་སོང་བ་དང་རྒྱལ་པོ་དེའི་ལྷ་རྟ་བོར་ཤོར་ནས། ཚོང་དཔོན་མངོན་ཤེས་ཅན་དེ་བོས་ཤོག་གསུངས་ནས། རང་རེའི་ལྷ་རྟ་བོར་འདུག་ (ཤོག་ ༡༥༣) པས་ཁྱོད་ཀྱི་མངོན་ཤེས་ཐིགས་པར་གྱིས་གསུངས་པ་དང་། ཁོ་རང་ཕྱིར་ལོག་ནས་བློ་མ་བདེ་ནས་གནས་ཁང་དེའི་སྟེང་ཁར་བསྡད་ནས་བལྟས་པས། རྟ་རྐུ་མཁན་མི་གསུམ་ཡོད་པ་དེའི་བསམ་པ་ལ། ཚོང་དཔོན་འདི་ལ་མངོན་ཤེས་ཡོད་ཟེར་འདུག་པ་ཅི་འདྲ་ཟེར་འོང་བསམ་པའི་ཕག་ནས་ཉན་རྣ་བྱས་པར་ཚོང་དཔོན་གྱིས་མཐོང་ཚུལ་དུ་འོང་བ་ཚོང་དཔོན་གྱི་ཁང་པའི་བད་ཞབས་སྒོ་ཕག་ཏུ་ཁོང་གསུམ་ཡོད་པ། ཚོང་དཔོན་གྱིས་མཐོང་ནས་འདི་གསུམ་ཅི་ཡིན་ཅི་གཏམ་བསམས་ནས། མ་རིག་པར་བྱས་ནས་ཉན་བསྡད་པར་རྐུན་མ་གསུམ་ནས་ཚོང་དཔོན་འདི་ལ་མངོན་ཤེས་ཡོད་ཟེར་བ་ཐིགས་འགྲོ་བས། ནངས་པར་རྒྱལ་པོའི་ཁྲིམས་ར་ལ་གཏུག་འོང་བས་ཅི་དྲག་ཟེར་བ། མི་གཅིག་གིས་འདི་མངོན་ཤེས་ཨེ་ཐིགས་མི་ཤེས། མངོན་ཤེས་ཟེར་བའི་གྲགས་པ་འདི་ཡང་ཨེ་བདེན་མི་བདེན་ཧ་མི་གོ་ཟེར་བ་ཚོང་དཔོན་གྱིས་གོ་བར། ཚོང་དཔོན་དེའི་ཞབས་སྒོ་བའི་ལྤགས་པ་ཞིག་ཡོད་པ་དེའི་སྤུ་བྱིས་ནས་ཁོ་རང་གསུམ་མཐོང་བ་ཙམ་གྱིས་མགོ་ཐོག་ལ་སྒོ་སྤུ་ཐུལ་ཐུལ་གཏོར་བཞག་པས། ཕྱིར་ནང་རྒྱལ་པོའི་དྲུང་དུ་ཚོང་དཔོན་དགའ་ནས་སོང་བས། རྒྱལ་པོ་ལགས་ཡུལ་འདིའི་མི་ཐམས་ཅད་ཚུར་བསྡུས་ན་ལྷ་རྟའི་མངོན་ཤེས་ཞུ་བྱས་པས། དེ་ནས་རྒྱལ་པོའི་མངའ་ཞབས་ཀྱི་བཅུ་དཔོན་གྱིས་བརྒྱ་དཔོན་བརྒྱ་དཔོན་གྱིས་སྟོང་དཔོན་འདེགས་པའི་བཀའ་བསྒྲགས་ནས་མངའ་འོག་ཐམས་ཅད་བསྡུས་པ། དེ་ནས་རྒྱལ་པོ་མངའ་ལྟར་ཞིབ་བལྟས་བྱས་སོང་བ། ཁོང་གསུམ་པོ་དེའིམགོ་ལ་སྒོ་སྤུ་ཐུལ་ལེར་ཕྱོགས་གཅིག་ཏུ་བསྡད་ཡོད་པར། འདི་གསུམ་པོ་ལྟ་རྟ་བརྐུ་མཁན་རེད་ལགས་ཞུས་པས། ཁོང་གསུམ་པོས་ལྷ་རྟ་མ་བསད་པར་ཁྲིད་བྱུང་ནས། མི་དེ་གསུམ་ (ཤོག་ ༡༥༤) སྲོག་ལ་མི་བབས་པའི་ཞུ་བ་ཚོང་དཔོན་གྱིས་ཕུལ་ནས་ལྷ་རྟ་ལོན་པར་གདའ། དེར་རྒྱལ་པོའི་བསམ་པ་ལ། ཚོང་དཔོན་འདི་མངོན་ཤེས་ཐིགས་པར་འདུག་པས། རང་རེའི་མངའ་ཞབས་ལ་སྡོད་བཅུག་པ་ལས་གཞན་ལ་བཏང་མི་ཉན་བསམ་པས་ཚོང་དཔོན་ཕོ་བྲང་ནང་དུ་དྲངས་པའི་སྟོན་མོ་ལོངས་སྤྱོད་ལྷ་རྟའི་གཏང་རག་རྒྱས་པར་བཏང་བས། ཁོ་རང་རྒྱལ་པོའི་སྲས་མོ་གཅིག་ཀྱང་གནང་བར་འདུག།
ཡང་རྒྱལ་པོའི་མངའ་ཞབས་ནས་བོང་བུ་གསུམ་རྐུ་མ་ཤོར་བ་རྒྱལ་པོ་ལ་ཞུས་ཏེ། རྒྱལ་པོས་ཚོང་དཔོན་ལ་བོང་བུ་རྐུ་མ་ཤོར་བ་མངོན་ཤེས་གྱིས་གསུངས་པ། ཚོང་དཔོན་གྱི་བསམ་པ་ལ། དང་པོ་སྒོ་གསེབ་བལྟས་པས་གྲོ་ཟན་མངོན་ཤེས་བྱུང་། བློ་སྐྱོ་ཁང་སྟེང་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། ད་ལན་ཡུལ་འདི་བསྐྱུར་ནས་བྲོས་མ་སོང་ན། རྒྱལ་པོས་ཆད་པ་གཅོད་དོགས་འདུག་བསམས་ནས། ལུང་པ་ཁ་ཤར་ལ་བལྟས་པ་ཞིག་ལ་བྲོས་སོང་བས། ལུང་པ་དེའི་ནང་ལ་མི་གཅིག་ཧྲང་ཧྲང་རྒྱུག་འགྲོ་བ་མཐོང་བས། ཡ་ཀི་དང་འགྲུལ་འགྲོ་བསམས་ནས། རྗེས་མ་རྩེབས་བར་བརྒྱུགས་ནས་སོང་བ། མི་དེ་ཕྱིར་བྱུང་ནས་ཚོང་དཔོན་ཕྱག་དགུ་ཕྲུག་འཚལ་བས་ཚོང་དཔོན་མངོན་ཤེས་མཁྱེན་པ་རིན་པོ་ཆེ། ཟས་ཀྱིས་མནར་བའི་བོང་བུ་རྐུ་དགོས་ཐུག །ཉེས་མནར་སྲོག་ལ་མི་བབ་སྐྱབས་ཞུ་ཟེར། མི་དེ་བོང་བུ་རྐུ་མཁན་རེད་འདུག་པས། ཚོང་དཔོན་དག་གིས་བོང་བུ་ག་ལ་ཡོད་སྨྲས། ཁ་ཡི་རི་ལ་ཡོད་བོང་བུ་བཟུང་ནས་ཕུལ། ཁོ་ཡང་སྲོག་ལ་མི་བབས་ཞུས་པ་དེ་རྒྱལ་པོ་དག་ལ་ཚོང་དཔོན་དེ་ཡིས་བྱས།
ཡང་ནམ་ཞིག་ཚེ་རྒྱལ་པོའི་བླ་གཡུ་བོར་ཚོང་དཔོན་ཤོག་གསུངས་ནས། (ཤོག་ ༡༥༥) བདག་གི་བླ་གཡུ་བོར་བ་མངོན་ཤེས་གྱིས་ཤིག་ཟེར་བ་ཚོང་དཔོན་གྱི་བསམ་པ་ལ། གཅིག་པུ་སྒོ་གསེབ་བལྟས་པས་གྲོ་ཟན་མངོན་ཤེས་དང་། གནས་ཁང་སྟེང་ཁར་སྡོད་པའི་ལྷ་རྟའི་མངོན་ཤེས་དང་། དོན་མེད་བྲོས་པས་བོང་བུའི་མངོན་ཤེས་བྱུང་ཡང་། ད་ནི་རང་ཡུལ་ལོག་ན་ཨེ་དྲག་བསམས་ནས་ཁོ་ཡི་ཁང་པ་དེར་ཕྱིན་ཏོ། །རྒྱལ་པོའི་བླ་གཡུ་དེ་བློན་པོ་འ་ཤ་ཟེར་བ་གཅིག་གིས་བརྐུས་ཡོད་པ། འ་ཤ་དེའི་བསམ་པ་ལ། ཚོང་དཔོན་འདི་ནི་བླ་གཡུའི་མངོན་ཤེས་བཤད་ན་བདག་སྲོག་ལ་བབ་འོང་བསམས་ནས་ཐབས་ཅི་དྲག་བསམས་ནས་ནམ་ཕྱེད་ཙམ་ནས་ལངས་ནས་ཅི་མ་སྙམ་དུ་ཚོང་དཔོན་གྱི་ཁང་རྒྱབ་དེ་ནས་རྣ་ཉན་བྱས་བསྡད་པས། ཚོང་དཔོན་གྱི་བསམ་པ་ལ་བདག་རང་མངོན་ཤེས་མེད་པའི་རྒྱལ་པོ་ལ་ཅི་ཞུ་བསམས་ནས་སེམས་སྡུག་ནས་ཕ་ཡུལ་དང་ཕ་རྒན་འ་ཤ་ཟེར་བ་གཅིག་ཡོད་པ་དྲན་ནས་སེམས་སྡུག་པའི་རྐྱེན་གྱིས་ཁང་པའི་རྩིག་པ་དེ་ལ་ཁ་གཏད་ནས་ངུས་བསྡད་ནས། རྒྱབ་ཀྱི་བློན་པོ་འ་ཤ་ནས་ཐོས་པ། དྲུང་པ་རིན་པོ་ཆེ་ང་འདི་ན་ཡོད་བྱས་པ་ཚོང་དཔོན་དགའ་ནས་སྨྲས་པ། འ་ཤ་ཡར་ཤོག་བྱས་ནས། འ་ཤ་ཡར་སླེབས་ཚུལ་དུ་ཚོང་དཔོན་ལ་སྨྲས་པ། བདག་ཉི་མ་དཀར་པོ་ལམ་ནོར་བ་གཅིག་བྱུང་བའི་དཔེ་ལྟར། མ་ཤེས་པ་ཡི་བླ་གཡུ་བརྐུས་པ་འདི། བདག་གི་སྲོག་དང་རྒྱལ་སྲིད་སྐྱོན་མེད་པ་གཅིག་ཚོང་དཔོན་མཁྱེན་པར་ཞུ་ཟེར་བ་དང་། ཚོང་དཔོན་གྱིས་བླ་གཡུ་དེ་གར་ཡོད་ཁྱེར་ཤོག་སྨྲས་པ། བློན་པོས་ཚོང་དཔོན་ལ་བླ་གཡུ་ཕུལ། བླ་གཡུ་ཁུར་ནས་ཚོང་དཔོན་རྒྱལ་པོའི་དྲུང་དུ་སོང་ནས་བླ་གཡུ་ཕྱག་ཏུ་ཕུལ་ནས་ཞུས་པ། བདག་མངོན་ཤེས་བྱས་པས་ (ཤོག་ ༡༥༦) བློན་པོ་འ་ཤས་མ་ཤེས་ཚུལ་གྱིས་བརྐུས་པ་ཡིན་འདུག་པ། བདག་ངོ་དྲིན་ཆེ་བས་འདི་ལ་རྒྱལ་ཁྲིམས་མེད་པའི་དགོངས་པ་གནང་བ་ཞུ་བྱས་ནས་ཕྱག་ཏུ་ཕུལ། རྒྱལ་པོ་བླ་གཡུ་ལོན་པས་ཤིན་ཏུ་དགའ་ནས་ཚོང་དཔོན་ལ་གཏང་རག་ལེགས་པར་བྱས། ཞུ་ངོར་བརྟེན་པའི་འ་ཤ་ལ་རྒྱལ་ཁྲིམས་ཆེར་མ་བཅད།
དེར་ནམ་ཞིག་སོང་བ་དང་། རྒྱལ་པོའི་སྲས་མོ་ལྷ་ལྕམ་དེ་ལ་ཚོང་དཔོན་གྱིས་སྨྲས་པ། ཆང་ཞིམ་པོ་བུམ་པ་གང་ཁྱེར་ལ་ཤོག་བྱས་ནས་ཁོ་རང་གྲིབ་མཐོང་གཅིག་ཏུ་ཉལ་ནས་བསྡད། དེར་ལྷ་ལྕམ་ཚོང་དཔོན་ལ་དྲང་ཚར་བ་དང་། ཁོས་ཇི་ལྟར་བའི་སྔོན་གྱི་ལོ་རྒྱུས་ཁ་ནས་ཤོར་བ། སྒོ་གསེབ་བལྟས་པས་གྲོ་ཟན་མངོན་ཤེས་བྱུང་། སྒོ་སྤུ་མགོར་གཏོར་ལྷ་རྟའི་མངོན་ཤེས་བྱུང་། དོན་མེད་བྲོས་པས་བོང་བུའི་མངོན་ཤེས་བྱུང་། ཕ་རྒན་འ་ཤ་དྲན་པས་བླ་གཡུའི་མངོན་ཤེས་བྱུང་། ཚོང་དཔོན་མི་རྐང་འཁྱམ་པོ་ང་། རང་ཡུལ་དྲན་ནས་ད་ནི་ལོག་འགྲོ་དགའ། རྒྱལ་པོའི་ལྷ་ལྕམ་ཁྱོ་ཕོ་ངས་མི་འོང་བྱས་པས། ལྷ་ལྕམ་ཚིག་པ་ཟ་ནས་རྒྱལ་པོའི་སྐུ་མདུན་དུ་བརྒྱུགས་ནས། རྗེ་ལགས། ང་ཡི་ཁྱོ་ཕོ་འདི་འབྲང་གཙང་མ་ཞིག་མིན་པ་འདྲ་བས། ཁོ་ཡི་ལོ་རྒྱུས་ཟེར་ལྟར་རྒྱལ་པོ་ལ་ཞུས་སོ།།
རྒྱལ་པོ་ནས་ཁྱོད་ཀྱི་ཁྱོ་ཕོ་ཚོང་དཔོན་འདི་མངོན་ཤེས་ཐོགས་མེད་ལྡན་པ་རིག་པ་ཅན་གཅིག་འདུག །སྐྱེས་པ་རིགས་རྒྱུད་ཅན་འདི་ནི་བུ་མོ་ཁྱོད་ཀྱི་ཁྱོ་ཕོ་ཡོང་བར་འདུག་གསུངས་པས། བུ་མོས་ཡང་ཁྱོ་ཕོ་མི་འོང་ཞུས་པ། རྒྱལ་པོའི་སྐུ་མདུན་དུ་བློན་པོ་རིག་པ་ཅན་གཅིག་ཡོད་པ། དེས་ན་རེ་ (ཤོག་ ༡༥༧) སྔར་གྱི་ལོ་རྒྱུས་ཚོང་དཔོན་དེའི་ཐིགས་ལགས་ཀྱང་། ལྷ་ལྕམ་གྱི་དེ་སྐད་གསུངས་ན་ཡང་། ད་རུང་བདག་གི་བརྟག་དཔྱད་ཞིབ་ཏུ་བྱས་ཆོག་ཟེར་ནས་བློན་པོ་དེས་འཛར་བ་གཅིག་ཁུར་ནས་ལ་ཕར་རྒྱབ་ཏུ་སོང་ངོ་། །བྱ་ར་བྱས་ནས་ཕྱོགས་བཞི་ལ་བལྟས་པ་མི་རིག་པ་གཅིག་ཀྱང་མི་འདུག །རི་དྭགས་བྱ་བྱིའུ་ལ་སོགས་འཕུར་འདྲོགས་བྱས་ནས་སོང་། མེ་ཏོག་གཅིག་གི་སྟེང་དུ་སྦྲང་མ་གཅིག་གཟི་རི་རི་འདུག་པ་དང་། དེ་བཟུང་ནས་དར་སྣ་ལྔས་དྲིལ་ནས་ཁུར་འོང་བ་ལུང་པའི་མི་རྣམས་སྐད་བརྒྱབ་སྟེ་ཐམས་ཅད་རྒྱལ་པོའི་དྲུང་དུ་ཚོགས་རྒྱལ་པོ་གསེར་ཁྲི་ལ་བཞུགས། ཚོང་དཔོན་ཡང་ཤོག་གསུངས་གསུང་འཕྲིན་བཏང་། ལྷ་ལྕམ་ཡང་དེ་རུ་འཛོམས་ནས། ཚོང་དཔོན་སླེབས་པ་དང་། བློན་པོས་སྨྲས་པ། མངོན་ཤེས་ཐོགས་མེད་མཁྱེན་པ་ཚོང་དཔོན་ལགས། བདག་གིས་ལ་གཅིག་བརྒྱབ་པའི་ས་ཕྱོགས་དེར། མི་རིག་བྱ་དང་རི་དྭགས་མེད་པ་ལ། བདག་གི་ལག་ན་ཡོད་པ་འདི་རྙེད་པས། འདི་ནང་ཅི་གདའ་ཚོང་དཔོན་ཤེས་པར་གྱིས་བྱས་པས། ཚོང་དཔོན་སྦྲང་མ་གཟིར་གྱིས་སྨྲས་པ། ང་གཅིག་ནས་གཉིས་སུ་སྤྲང་བས་གྲོ་ཟན་མངོན་ཤེས་བྱུང་། གནས་ཁང་སྟེང་ལ་བསྡད་པས་ལྷ་རྟའི་མངོན་ཤེས་བྱུང་། བྲོས་པ་རྗེས་འདེད་པས་བོང་བུའི་མངོན་ཤེས་བྱུང་། ནམ་གུང་འ་ཤ་བོས་པས་བླ་གཡུའི་མངོན་ཤེས་བྱུང་། དེ་རིང་སྦྲང་མ་གཟིར་བློན་པོའི་ལག་ན་མ་ཤི་བར་འདྲ། བློན་པོ་ཧ་ཧ་ཟེར་ནས་ལྷ་ལྕམ་གྱི་གཙོས་པའི་ལུང་པའི་མི་ཐམས་ཅད་ང་ཡི་རྩ་རུ་ཤོག་ལ་ཕར་རྒྱབ་ན་མི་དང་རི་དྭགས་གང་གིས་མ་མཐོང་ས་ན་སེང་གཅིག་མེ་ཏོག་ཕུང་པོ་ལ་སྦྲང་མ་འདི་འཁོར་འདུག་པ་ངས་བཟུང་ (ཤོག་ ༡༥༨) བ་ཡིན་པས་ད་ཚོང་དཔོན་གྱིས་གསུངས་པ་བཞིན་འཆི་འདུག་ལྟ་ཟེར། དར་ཚོན་རིམ་པར་བཀྲོལ་བ་དང་། སྦྲང་མ་གནམ་ལ་འཕུར་སོང་། མི་བྱིངས་དང་རྒྱལ་བློན་ཚོང་དཔོན་ལ་ཡིད་ཆེས་སོ། །དེར་ལྷ་ལྕམ་ཚོང་དཔོན་གཉིས་ཀྱི་རྒྱལ་གཞིས་དེ་བཟུང་། རྒྱལ་པོས་ཆོས་བཞིན་རྒྱལ་འབངས་རྣམས་དར་ཞིང་རྒྱས་ནས་སྐྱིད་དགའ་ལོངས་སྤྱོད་སྔར་བས་ཆེ་བ་བྱུང་ངོ་། །རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་ཚོང་དཔོན་དེ་བསོད་ནམས་ཆེ་བ་སྨྲས་ཚད་དོན་དུ་འགྲོ་བ་བྱས་པས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་ཟེར་བའི་འགྲམ་ལྕག་གསུམ་བརྒྱབ་རོ་དེ་སྔར་ལྟར་འཕུར་སོང་། ཚོང་དཔོན་སྦྲང་མ་གཟིར་ཆུང་ཡུལ་ཕྱོགས་མེད་འཁྱམས་ཤིང་རྒྱལ་ས་ཟིན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།

༈ ཡང་ཤིང་སྡོང་གི་རྩར་ཕྱིན་ནས། བླ་མ། ང་རང་། དྲ་བ། ཐོ་བ། ཞགས་པ། རལ་གྲི། འཛར་བ། རོ་གོག་བབས་སམ་ཤིང་སྡོང་བཅད་བྱས་པས། རོ་དེ་བབས་བྱུང་བས་ཐོ་བས་བརྡུངས། ཞགས་པ་བསྡམས། དྲ་བའི་ནང་དུ་བཅུག་ནས་གོམ་པ་བཅུ་ཙམ་ཁུར་འོང་ནས། རོ་དེས་ཡང་ན་ཁྱོད་ཀྱིས་ལམ་ཐག་སྟུང་། ཡང་ན་ངས་སྒྲུང་ཞིག་བཏང་སྨྲས་པས། རྒྱལ་བུ་རྒྱུས་ཡོད་པ་ཁ་མ་གྲག་པར་བསྡད་པས། རོས་སྨྲས་པ། ལུང་པ་ཞིག་གི་ཕུ་ན་རྒྱལ་པོ་ཞིག་ཡོད་པར་འདུག །རྒྱལ་པོ་དེ་ལ་སྲས་གཉིས་འཁྲུངས། སྲས་ཆེ་བ་དེ་གླེན་པ་ཞིག་ཡིན་པར་འདུག །ཆུང་བ་དེ་སྤྱང་པོ་ཞིག་ཡིན་དེས་རྒྱལ་སྲིད་བཟུང་། ཆེ་བ་དེ་ལ་ཟུར་དུ་གནས་ཀ་སུ་བྱའོ། །ཕ་མ་ཡབ་ཡུམ་གཉིས་འཆི་ནས་རྒྱལ་བུ་གླེན་པ་དེ་ས་ཞིང་ཁོ་རང་ནས་ལས་ (ཤོག་ ༡༥༩) ཚོང་བྱས་པ་ལ་ས་བོན་འདེབས་རྒྱུ་མ་རྙེད་ནས་སྡུག་བསྔལ་ཆེ་བར་བྱུང་བ་ཡིན་པར་འདུག །ཆེ་བ་དེས་ཕྱག་རྡོར་བསྙེན་པ་ཁ་ཏོན་ཞིག་བཏོན་པར་འདུག །དེ་ནུབ་གཅིག་གཉིད་དུ་ཤོར་ནས་རྨི་ལམ་ལ་རྒྱལ་བུ་གྲི་བཟང་པོ་ལ་གཞལ་ཚད་འདི་ཡང་རིན་ཐང་ཆེ་ཟེར་བ་ཞིག་བྱུང་བ་རྨིས་སོ།།
ནང་གཅིག་སོང་བ་དང་ཡུལ་དེ་ན་ཕྱུག་པོ་གཅིག་ཡོད་པ་དེས་ཆང་བུམ་པ་གང་དང་གྲི་གཅིག་ཁུར་བྱུང་བས་རྒྱལ་པོ་ལ་ཕྱག་འཚལ། ཆང་ཞུས་དྲངས་ནས་གསོལ་བ་ལགས། བདག་གི་ཕ་མེས་ཀྱི་བསོགས་པའི་ནོར་ལ་གྲི་འདི་བས་དྲག་པ་མི་འདུག་ལགས། རྒྱལ་བུ་རང་གི་ས་ཞིང་མི་ཐོབ་པ་འདུག་པ །གྲི་འདི་དང་བརྗེ་བར་མཛད་ན་ང་ལ་ཡང་ཁྱད་གཅིག་ཡོང་འདུག །རྒྱལ་པོ་ཡང་ཕན་ཐོགས་འོང་བར་འདུག །བདག་ལུང་བསྟན་བྱུང་བ་ཡིན་ལགས་ཟེར། རྒྱལ་བུས་ཁྱོད་ལ་ལུང་བསྟན་ཇི་ལྟར་བྱུང་གསུངས་པས། བདག་གཉིད་ལ་སོང་བའི་རབ་རིབ་ལ་ཁྱོད་ཀྱི་གྲི་འདི་ལུང་པའི་ཕུ་ཡི་རྒྱལ་བུ་ཆེ་བ་ལ་ཕུལ་ན། དེ་ལ་དབང་ཐང་ཆེ་བ་ཟེར་བ་རྨི་ལམ་བྱུང་ཞུས་པ། རྒྱལ་བུ་རང་གི་བསམ་པ་ངའི་རྨི་ལམ་དང་ཁོ་ཡི་ལུང་བསྟན་གཉིས་མཐུན་པར་འདུག་དགོངས་ནས་རྒྱལ་བུས་གྲི་ཉོས་ས་ཞིང་ལོ་དུས་བྱས་ནས་ཕྱུག་པོ་ལ་སྟེར་རོ།།
ཕྱུག་པོ་དགའ་ནས་ལུང་པའི་མདའ་ལ་ལོག་སོང་ངོ་། །རྒྱལ་པོ་ཡང་རལ་གྲི་དེ་བྱུང་ནས་ཐུགས་ཤིན་ཏུ་བདེ་ནས། ནང་གཅིག་ཡང་ཕྱག་རྡོར་བསྙེན་པ་སོང་བའི་བྱིན་རླབས་ཀྱིས་ལུང་བསྟན་བྱུང་། ལ་འདི་བརྒྱབ་པའི་ས་ན་རྒྱལ་བུས་དོན་ཆེན་འགྲུབ་པ་ཡོད། རྒྱལ་བུས་གྲི་ཁུར་རྒྱུགས་དང་ཟེར་བ། རྒྱལ་བུ་ལ་ཁ་ནས་ལོག་ནས་མར་གཟིགས་པས་མི་མང་པོ་དམར་ཕུང་ཕུང་བྱེད་ཅིང་ (ཤོག་ ༡༦༠) འདུག་པ། སྟོན་མོ་ཆེན་པོ་གཅིག་ཡོད་པ་འདྲ་བསམས་ནས་དེར་བྱོན། རྒྱལ་བུ་བྱོན་ནས་མི་རྣམས་འཚོགས་ནས་ཤོ་ཞིག་འཕེན་འདུག་པ་དེ་ལ་བལྟས་པ། དེའི་ནང་ནས་མི་གསུམ་ཤོ་ཆུང་སོང་སྟེ། མི་གསུམ་དེ་ཉེ་འབྲེལ་རྣམས་ཀྱི་བསྐོར་ནས་ངུ་ལྡིར་རི་བྱེད་འདུག་པ་དང་། མི་གསུམ་པོ་ལུང་པའི་མི་རྣམས་ཀྱི་ཟས་སྣ་ཚོགས་སྦྱིན་པ། མི་གསུམ་ཡང་སྡུག་བསྔལ་དཔག་ཏུ་མེད་པ་བྱས་ནས་འདུག་པས། རྒྱལ་བུས་གསུངས་པ། མི་འདི་གསུམ་སྡུག་བསྔལ་བྱེད་པ་ཉེས་པ་ཅི་བྱུང་བ་མི་རྣམས་ཟེར་བ། འདི་གསུམ་ཉེས་པ་བྱས་པ་མིན། ལུང་པ་འདིའི་ནང་ལ་ཆོས་རྒྱལ་ཆེན་པོ་ཡབ་ཡུམ་གཉིས་ཡོད། འཁོར་འབངས་དང་བཅས་པ་ཡོད། དེ་ལ་སྲས་མོ་གཅིག་ཡོད་པ། ཆོས་རྒྱལ་ཡབ་ཡུམ་འདས་ནས་འདས་པའི་ཤི་གཤེད་སྲས་མོ་ལ་འཁོར་ནས་ཕོ་བྲང་ནང་གི་བློན་པོ་ནང་འཁོར་རྣམས་ཟས་ཚར་ནས། ད་ལུང་པའི་མི་རྣམས་བསྡུས་ནས་ཤོ་ཆུང་བའི་མི་གསུམ་རེ་ཉིན་རེ་བཞིན་སྤྲོད་དགོས་འདུག་ལགས་ཞུས་སོ།།
རྒྱལ་བུའི་ཐུགས་དགོངས་ལ་འདི་རྣམས་ལ་སེམས་སྡུག་དཔག་ཏུ་མེད་པ་འདུག་པས། ང་ལ་སེམས་སྡུག་བྱེད་མཁན་སུ་ཡང་མེད་པས་འདི་གསུམ་ཚབ་ཏུ་ང་རང་སོང་ན་མི་གསུམ་སྡུག་བསྔལ་ཞི་བའི་ཕན་ཐོགས་ཆེན་པོ་གཅིག་འོང་བར་འདུག་དགོངས་ནས་འདི་གསུམ་གྱི་ཚབ་ང་རང་འགྲོ་བར་ཆོག་པས་ཁྱེད་རྣམས་སྡུག་བསྔལ་མ་བྱེད་གསུངས་པ། དེར་མི་གསུམ་དགའ་ནས་མི་གསུམ་པོ་དང་ཉེ་འཁོར་རྣམས་ཀྱི་ཕྱག་སྨན་བླའི་ཕོ་བྲང་ལ་བཙལ་བཞིན་འཚལ་ལོ། །ཟས་ཞིམ་དགུ་མངར་བཅུ་རྣམས་དྲངས་སོ། །དེ་རྣམས་གསོལ་ནས་རྒྱལ་པོའི་ཕོ་བྲང་ལ་བྱོན་པ་དང་། ཕོ་བྲང་དེའི་ནང་དུ་སླེབས་པ་དང་། (ཤོག་ ༡༦༡) མི་སྐད་ཁྱི་སྐད་སུ་ཡང་མི་འདུག །སྐས་ཆེན་པོ་གཅིག་འདུག་པ་དེ་ལ་འཛེགས་སོང་བ། ཇེམ་ཚེ་ཞིག་གི་ནང་རོ་མགོ་མེད་པ་གཡས་ན་བརྒྱ་ཙམ། རྐང་པ་མེད་པ་གཡོན་ན་བརྒྱ་ཙམ་འདུག་པ་དང་། རྒྱལ་པོའི་ཐུགས་དགོངས་ལ་འདི་ཙམ་བསད་ནས་ཟ་མཁན་གྱི་འདྲེ་དེ་གར་ཡོད་བསམ་པ། ཕྱག་རྡོར་གྱི་བསྙེན་པ་བཏོན་ཞིང་སྐས་གཅིག་ཡོད་པ་དེ་འཛེགས་ནས་སྟེང་ལ་སོང་བ་དང་། སྒོ་གཅིག་ཁྲི་གེར་འདུག་པ་དེ་ཕྱེས་ནས་སོང་བ། ཇེམ་ཚེ་ཀ་བ་བརྒྱད་པའི་གཡུ་ཁྲི་ལེགས་པ་གཅིག་གི་སྟེང་བུ་མོ་ལྟ་ན་སྡུག་པ་གཅིག་འོད་ཆགས་པ་ལོ་དྲུག་གསུམ་བཅོ་བརྒྱད་ཙམ་འགྲོ་བ་གཉན་གྱི་ཐུལ་བ་གྱོན་པ་གཅིག་ཉལ་འདུག །གཞན་ཕྱོགས་ལ་བལྟས་པས་སྒོ་ལྕགས་བརྒྱབ་པ་མེད་པ་སུ་ཡང་མི་འདུག་པས། ད་ཟ་བའི་འདྲེ་དེ་གར་ཡོད་བསམས་ནས་སྟེང་ལ་སོང་ཡང་མི་འདུག་པ། དེ་གཡུ་ཁྲིའི་དཔོན་མོ་དེའི་སྔས་མགོ་ལ་སོང་ནས་ཡར་འཐེན་ནས་བོས་པས། ཁ་ལན་མི་འདུག །སྣ་བ་ནས་མར་དབུགས་ཨེ་འདུག་བལྟས་པས་དབུགས་ཡོད་སྡུག་བསྔལ་ཆགས་འདུག །དེའི་ཤ་ཁྲིག་པ་གཅིག་བཅད་མར་ཞིག་བཏང་བའི་ཟན་མགོ་བོ་ཙམ་ཞིག་སྦྲུས་ནས་ཚུར་ཁུར་འོང་བའི་བུ་མོ་དེའི་ཁྲི་འོག་ཏུ་བསྡད་ནས་ཟ་གིན་ཡོད་པ། དེ་ཉི་མ་ཕྱེད་ཡོལ་སོང་བ་དང་། མོ་ཁྲི་ཁ་ནས་འདྲེ་ལོག་གཅིག་བསྒྱུར་བྱུང་སྟེ། ཁོ་ཡི་མིག་ཧུ་རེ་བལྟས་པ་དང་། གྲི་དེ་ཡང་ཁ་སྦད་ཀྱི་ཕྱེད་ཤག་ཙམ་བྱུང་བ་དང་། ཁོ་ཡི་བསམ་པ་ལ། མོ་ཤི་ལ་ཁ་འདི་ཙམ་དུ་སྲེ། ཟ་བའི་འདྲེ་དེ་ག་ན་ཡོད་བསམས་ནས་ཕྱག་རྡོར་གྱི་བསྙེན་པ་འདྲེན་ཞིང་བསྡད་དོ།།
ཉི་མ་དེ་ལ་བརྒྱབ་ (ཤོག་ ༡༦༢) པ་དང་མོས་འདྲེ་ལོག་གཅིག་བྱས་བྱུང་ནས་ཁོ་ཡི་གྲི་དེ་ཡང་ཁ་སྦད་ཙམ་བྱུང་ངོ་། །དེར་མོ་གཡའ་འཁྱལ་འཁྱལ་བྱས་ལངས་བྱུང་ངོ་། །གདུང་སྲིང་དེ་ནས་ཏིང་ཏིང་ཟེར་བའི་སྐད་གཉིས་བྱུང་བ་དང་མོ་ཡི་སྣ་བུག་གཉིས་ནས་སྦྲུལ་གཉིས་གཉང་གཉོང་བྱུང་ངོ་། །སྦྲུལ་མཐོང་བས་རྒྱལ་བུ་སྐྲག་ནས་ལངས་པས་གྲི་དེས་ན་རེ། རྒྱལ་བུ་སྡོད་ཟེར། གྲི་ཁ་སྦག་སྤ་བྱུང་བ་དང་སྦྲུལ་གཉིས་ཐོན་བྱུང་བ་དང་། རྒྱལ་པོས་གྲི་དེ་ཤུབ་ནས་བཏོན་པས་སྦྲུལ་གཉིས་ཀྱི་སྐེ་སྦད་ཀྱི་བཅད་བྱུང་ངོ་། །དེར་བདུད་ཕོ་མོ་གཉིས་ཐུལ་བ་དང་རྒྱལ་བུས་བུ་མོ་ལ་སྨྲས་པ། སྦྲུལ་དེ་གཉིས་གར་ཐལ་ཟེར་བས། སྦྲུལ་གྱི་སྐེ་བཅད་ནས་ཆད་དུམ་རྣམས་གྲི་ཡུའི་མཚམས་དེར་ཡོད་བྱས། ཕྱེད་སྤར་ཙམ་བྱས་ནས་སྦྲུལ་ཆད་པོ་ཨེ་འདུག་བལྟས་པས་གྲི་དེས་རྒྱལ་བུ་ལ་སྨྲས་པ། ཕོ་བདུད་མོ་བདུད་གཉིས་པོ་བཏུལ་ཚར་ནས་མེད་གསུངས་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པ་གྲི་མི་སྐད་སྨྲ་བ་ཡིན་འདུག །བུ་མོ་དེས་རྒྱལ་བུ་ལ། ཁྱོད་ཡུལ་ཡོད་ཡིན་ནམ་ཡུལ་མེད་ཡིན། ང་ཡི་ལུང་པའི་མི་ནི་མིན་པར་འདུག་བྱས་པས། རྒྱལ་བུས་མིག་ཧུ་རེ་བྱས་ནས་བལྟས་ལབ་རྒྱུ་མ་བྱུང་བ། སྤྲུལ་པ་ཅན་གྱི་གྲི་དེས་སྨྲས་པ། ཡུལ་ཡོད་ཡིན་པས་སྐྱེས་པ་བྱུང་བ་ཡིན། རིགས་རྒྱུད་བཙུན་པ་རྒྱལ་པོའི་སྲས་རྒྱུད་ཡིན། བསོད་ནམས་ཆེ་བས་ས་འདིར་སླེབས་པ་ཡིན། ཁྱེད་རང་གཉིས་ཀྱི་འགོ་འདོན་ངས་བྱེད་གསུངས་པ་དང་། བུ་མོས་སྨྲས་པ། གྲི་བཟང་པོ་འདི་ཕ་མེས་ཀྱི་རག་པ་ཡིན་ནམ། གང་ནས་བྱུང་ཞུས་ (ཤོག་ ༡༦༣) པས། གྲི་བཟང་ངན་སུ་ལ་ཡང་ལབ་མི་དགོས། འགྲོ་ན་མདུན་ལུང་ལ་བཏགས་པ་ཡིན། ཉལ་ན་སྔས་ན་འཛུགས་པ་ཡིན། བརྟེན་ཕུར་འཛུགས་པའི་སྲུང་མ་ཡིན། ཀ་བ་བརྟེན་པའི་བརྟེན་མ་ཡིན་གསུངས་སོ།།
ཡར་ཕྱི་ཉིན་ལུང་པའི་མི་རྣམས་འཚོགས་ནས་ཁ་སང་མི་གསུམ་ཚབ་འགྲོ་བ་དེ་ཟས་ཚར་ཡོད་པས། ད་རང་རེ་རྣམས་ཡང་ཤོ་བརྒྱབ་ནས་སུ་འགྲོ་དགོས་འདུག་ཟེར་བའི་ཤོ་བརྒྱབ་ཆས་བྱེད་འདུག་པ། རྒྱལ་བུ་དེ་སླེབས་ནས་སྨྲས་པ། ད་ཁྱེད་རྣམས་ཤོ་མ་འཕེན་ལ་ཕོ་བྲང་ནང་དུ་ཤོག་བྱས་པར་གདའ། མི་རྣམས་ཀྱི་བསམ་པ་མི་དེ་ངོ་མི་ཤེས་ཁ་སང་གོ་བཅད་བྱུང་སྟེ། དེ་རིང་འདིའི་བྲེད་བློ་བྱེད་ནས་མགོ་གཡོག་ཡིན་འདུག །ཁོ་ལ་ངེད་རྣམས་ཁྲིད་ཤོག་ཟེར་ནས་བཏང་བ་ཨེ་ཡིན་བསམ་ཐེ་ཚོམ་ཤོར་འདུག །དེ་ཡི་ནང་མི་གཅིག་གི་ནང་ནས་བློ་ཐབས་ཡོད་པའི་མི་གཅིག་ཁོའི་མཉམ་བཏང་ནས་ཅི་ལྟ་བར་དྲག་ཟེར་ནས། ཁོ་ལ་ཡང་ཡང་ཞུས་ཀྱང་ཁྱོད་སྔོན་ལ་འགྲོ་རོགས་གྱིས་དང་ངེད་ཚང་རྗེས་ནས་སླེབས་འོང་བྱས་ནས་ཁོ་སྔོན་ལ་བཏང་། ཁོ་ནང་དུ་སླེབས་ཙམ་མི་གཅིག་ལྟ་བར་བཏང་བས། ཡུལ་དེའི་རྒྱལ་མོ་དེ་དང་ཁར་སང་གི་མི་དེ་གཉིས་ལས་གཞན་སུ་ཡང་མི་འདུག་པས། ཁོ་ཡི་ཁ་སང་གི་མི་ལ་ཕྱག་སྨན་བློའི་ཕོ་བྲང་ལ་འཚལ་བ་བཞིན་བྱས་སོ། །དེར་ཁོ་རང་ཚུར་འོང་ནས་གང་གི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་པས་མངའ་འོག་གི་མི་རྣམས་དགའ་སྟེ། ལུང་པའི་མི་རྣམས་རྒྱལ་པོ་དང་བུ་མོ་གཉིས་ལ་ཕྱག་འབུལ་དུ་སོང་བ་ཡིན་པར་འདུག །དེ་ནས་རྒྱལ་པོ་དེ་དང་བུ་མོ་དེ་གཉིས་ཡབ་ཡུམ་བྱས་ན་རྒྱལ་སྲིད་བཟུང་། ཕྱག་འབུལ་འོང་བའི་ལུང་པའི་ (ཤོག་ ༡༦༤) མི་དྲག་རྣམས་ཀྱིས་སྔར་གྱི་བློན་པོ་རྣམས་ཀྱི་ཚབ་བྱས། རྒྱལ་པོ་དེ་རྒྱལ་འབངས་བཅས་སྔར་ལས་དར་ཞིང་རྒྱས་པ་ཉིན་མཚན་ཀུན་ཆོས་ལ་སྤྱོད་པའི་རྒྱལ་སྲིད་ཕུན་སུམ་ཚོགས་པ་ཞིག་བྱུང་བ་ཡིན་པར་གདའ། རྒྱལ་བུས་ལ་ཕར་རྒྱབ་ཕྱུག་པོ་ལ་ཞིང་ལོ་དུས་བྱས་ནས་གཙང་ས་དེ་ཡང་ཕྱུག་པོ་ལ་སྦྱིན་པའི་རྒྱལ་སྲིད་གཉིས་ཕྱོགས་གཅིག་བསྒྲིལ་ནས་ཁྱད་མེད་བྱས་པར་གདའ་ཟེར་བས། རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་རྒྱལ་པོ་དེ་ཕྱག་རྡོར་བསྙེན་པ་བསགས་པའི་ཡོན་ཏན་འདྲ་ཟེར་བས། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་། ཟེར་ནས་འགྲམ་ལྕག་སྐར་མ་སྨིན་དྲུག་མཐོང་བ་གསུམ་བརྒྱབ་ནས་སྔར་ལྟར་ཤོར་རོ། །ཕྱག་རྡོར་བསྙེན་པར་འབད་པའི་ཡོན་ཏན་གྱིས་སྤྲུལ་པའི་གྲིས་ཕ་རོལ་རྒོལ་བ་འཇོམས། དེའི་བྱིན་རླབས་ཀྱིས་རྒྱལ་སྲིད་ཟིན་ཅིང་བདེ་སྐྱིད་སྤེལ་བའི་ལེའུ་སྟེ་ཉེར་དགུ་པའོ།། །།

༈ ཡང་རོ་དྲུང་དེར་སྔར་ལྟར་སོང་ནས། བླ་མ། ང་རང་། དྲ་བ། ཐོ་བ། རལ་གྲི། ཞགས་པ། སྡོང་རྒན་འགྱེལ་ལམ་རོ་གོག་བབས་བྱས་ནས། རལ་གྲི་འཕྱར་ནས་རོ་དེ་སྡེབ་སྤེ་བབས་བྱུང་། ཐོ་བ་དེས་སྤྱི་གཙུག་ནས་རྐང་མཐིལ་ཡན་བརྡུངས། རལ་གྲི་དེས་ལྷུ་དང་གཟུགས་འཕྲལ་བའི་ཁྲམ་རེ་བརྒྱབ། དྲ་བ་དེའི་ནང་བརྫངས། ཞགས་པ་དེས་སྐེ་དང་རྐང་པ་གཉིས་ཐུག་པ་བསྡམས་ནས་ཁུར་འོང་བ་ལ་གོམ་པ་བཅུ་ཙམ་ས་ན་རྒྱལ་བུ་རྒྱལ་བུ་ཟེར། རྒྱལ་བུས་ཁྱོད་རྒྱུས་ཡོད་པས་ཨ་ལན་མ་བྱས་ནས། རྒྱལ་བུ་ཁྱོད་འདྲ་བ་གཅིག་དང་མཇལ། ཁྱོད་ཀྱི་ཁ་ནས་གཏམ་གཅིག་ཀྱང་མི་འདུག །ང་རང་སྒྲུང་སྙན་པ་སྔ་མ་ལས་མཚར་བ་གཅིག་བཏང་བ་ཡིན་པས་ཉོན་ཨང་ཟེར། (ཤོག་ ༡༦༥) རྒྱ་གར་ཤར་ཕྱོགས་ནས་རྒྱལ་བུ་གཅིག་ཡོད་པར་གདའ། རྒྱལ་པོ་དེ་ལ་སྲས་སྤྱང་གླེན་གཉིས་ཡོད་པར་འདུག །རྒྱལ་བུ་དེ་གཉིས་ཡབ་ཡུམ་སྐུ་གཤེགས་པ་ཡིན་པར་གདའ། རྒྱལ་པོའི་སྲས་སྤྱང་བ་དེ་རྒྱལ་སར་བསྐོས་སོ། །སྲས་གླེན་པ་དེ་རྒྱལ་འབངས་ཀུན་གྱིས་ཅུང་སྡང་བར་ཡོད་པར་གདའ། བློན་པོ་རིག་པ་ཅན་ཞིག་ཡོད་པ་དེའི་བསམ་པ་ལ། རྒྱལ་བུ་གླེན་པ་འདིའི་ཞལ་ཅུང་མི་མཁས་པ་དང་། སུས་ཀྱང་ལོད་པར་འདུག་སྟེ། སྤྱད་ན་རྒྱལ་པོ་འདི་བསོད་ནམས་ཆེ་བར་འདུག་བསམས་ནས། བློན་རིག་པ་ཅན་དེས་རྒྱལ་པོ་ཆེ་བ་ལོད་པ་དེའི་ཞབས་ཕྱི་བྱས་སྡོད་པར་གདའ་འོ།།
ཉིན་གཅིག་བློན་པོ་རིག་པ་ཅན་དེས་རྒྱལ་བུ་དེ་ལ་དེ་རིང་རྒྱལ་པོ་ཆེན་པོ་ཁྱེད་རང་ལུང་པའི་མདའ་མ་ཀི་ན་མཚོ་ཆེན་པོ་གཅིག་ཡོད་པར་གདའ། དེའི་འགྲམ་ན་ལྟད་མོ་གཟིགས་པར་བྱོན་ཞུས་པ་དང་། རྒྱལ་བུས་བློན་པོའི་ཁ་ལ་ཉན་ནས་བྱོན། ཉི་མ་ཕྱེད་ཙམ་ན་མཚོ་དེའི་ནང་ནས་རྦ་རླབས་ཆེན་པོ་གཅིག་འཁྲུགས་བྱུང་སྟེ། རྒྱལ་བུས་དེས་ཅི་ཡིན་བསམས་ནས་གཟིགས་པས། བུ་མོ་མཚར་སྡུག་འོད་ཆགས་པ། ཆུ་དར་སྔོན་པོ་གྱོན་པ་གཅིག་གི་ལག་གཡས་ན་དུང་གི་གཞོང་པ། གཡོན་ན་གསེར་གྱི་སྐྱོགས་ཁུར་བ་གླང་པོ་ཆེ་ཞོན་པ་གཅིག་བྱུང་ནས་ཆུ་བོ་དཀར་ཐོར་ཐོར་གཏོར་ཞིང་འདུག་པ། རྒྱལ་བུའི་ཐུགས་དགོངས་བུ་མོ་ཡིད་དུ་འོང་བ་འདི་འདྲ་བསམ་ཐུགས་ལ་བསམ་མོ། །བུ་མོ་ཆུ་ལ་ཐིམ་ནས་མེད་སོང་ངོ་། །རྒྱལ་བུ་རང་ཁྱིམ་དུ་ལོག་སོང་ངོ་།།
བློན་པོ་དེ་རྒྱལ་པོའི་སྐུ་མདུན་དུ་བྱུང་ནས་དེ་རིང་ལྟད་མོ་གཟིགས་རྒྱུ་ཅི་ལགས་ཞུས་པས། རྒྱལ་པོས་ལྟད་ (ཤོག་ ༡༦༦) མོ་གཟིགས་རྒྱུ་ཆེན་པོ་འདུག །རང་རེའི་མཚོ་ནང་བུ་མོ་མཚར་སྡུག་འོད་ཆགས་པ་གཡས་ནས་བལྟས་ན་སྒྱེ་སྒྱེ་འདྲ་བ་གཡོན་ནས་བལྟས་ན་སྒུར་སྒུར་འདྲ་བ་སྒྱེ་མ་སྒུར་ལ་མེ་ཏོག་འདྲ་བ། དྲོ་ཉི་མས་ཞུ་ལ་ཁད། གྲང་སི་རིས་སྐག་ལ་ཁད། འཇའ་འདྲ་བ་ལུས་ལ་ཆུ་དར་སྣ་ལྔ་གྱོན་པ། གཡོན་ན་དུང་གི་གཞོང་པ་གཡས་ན་གསེར་གྱི་སྐྱོགས་བཟུང་བ་ཆིབས་སུ་གླང་པོ་ཆེ་ཞོན་པ་གཅིག་བྱུང་སྟེ་འདྲ་བ་གྲོགས་སུ་ཁུགས་ན་ལེགས་པ་གཅིག་འོང་བ་འདུག་གསུངས་པ་དང་། བློན་པོས་ཞུས་པ་དེའི་ཡུལ་གར་ཡིན་ཕ་མ་སུ་ཡིན་ཧ་གོ་ན་སློང་སླ་བ་འདུག་གསུངས་ནས་ཞག་འགའ་སོང་ནས་བློན་པོས་རྒྱལ་པོ་ལ་དེ་རིང་ཡང་གཟའ་དཀར་ཚེས་གྲངས་དུས་ཚོད་བཟང་བ་ཡིན་པས་མཚོ་ཁ་དེར་བྱོན་དང་། བུ་མོ་དེ་འོང་བ་མཐོང་ཤས་ཆེ་བས། དེ་མཐོང་ཡུལ་གར་ཡིན་ཕ་མ་གང་ཡིན་མོ་རང་ལ་ཅི་མིང་དྲིས་ལ་འབྱོན་པར་ཞུ་བྱས་པས། དེར་རྒྱལ་བུ་མཚོ་ཁ་དེར་ཁ་སང་ཉི་ཚོད་དེར་སོང་བ་དང་། མཚོ་དེ་འགུལ་བྱུང་། ཁ་སང་དེ་ཡོང་འོང་བསམས་ནས་གཟིགས་ཚེ་བུ་མོ་བྱུང་ནས་བུ་མོ་ཁྱོད་ཀྱི་ཡུལ་ཇི་སྐད་བྱ་བ་ཡིན་དྲིས་པས་གླང་པོ་ཆེ་ལ་མཛུ་གུ་བཙུགས་འདུག །ཡབ་ཀྱི་མིང་ཇི་སྐད་བྱ་བ་ཡིན་དྲིས། སྣ་ལ་མཛུ་གུ་བཙུགས་བྱུང་། ཡུམ་ལ་ཅི་ཟེར་དྲིས་པས་ལྷམ་ལ་མཛུ་གུ་བཙུགས་བྱུང་། ཁྱོད་རང་ཇི་སྐད་དྲིས་པས་མགོ་ལ་མཛུ་གུ་བཙུགས་བྱུང་ནས། མོ་རང་འོ་ཆབ་མཆོད་ཅིང་མཚོ་ལ་ཐིམ་སོང་།
རྒྱལ་བུ་ཡར་ཕྱིན་ནས་བློན་པོས་རྒྱལ་པོ་ལ་བུ་མོ་དེས་ཅི་ཟེར་བར་གདའ་ཞུས་པས། བུ་མོ་དེས་ཅི་ཡང་མི་ཟེར་བར་ (ཤོག་ ༡༦༧) འདུག་གསུངས་པ། བློན་པོས་བརྡ་སྤྲད་འདྲ་མིན་ནམ་ཞུས་པས། བརྡ་ཚིག་འདྲ་བྱེད་ཀྱིན་འདུག །ཁྱོད་ཀྱི་ཡུལ་གང་ཡིན་བྱས་པས་གླང་པོ་ཆེ་ལ་མཛུ་གུ་བཙུགས་བྱུང་། ཕ་མིང་གང་ཡིན་བྱས་པས་ལྷམ་ལ་མཛུ་གུ་རེག་འདུག །མིང་ལ་ཅི་ཟེར་དྲིས་པས་མགོ་ལ་མཛུ་གུ་བཙུགས་བྱུང་གསུངས་པ་དང་། བློན་པོ་རིག་པ་ཅན་དེས་ཤེས་ནས་དེ་དོན་འགྲུབ་པར་འདུག་ཟེར། གླང་པོ་ཆེ་ལ་མཛུ་གུ་བཙུགས་པ་དེ་རྒྱ་གར་གླང་པོ་གཤོངས་པ་ཡིན་ཟེར་བའི་རྟགས་རེད། སྣ་ལ་མཛུབ་མོ་བཙུགས་པ་དེ་རྒྱལ་པོ་གུ་རྞ་ས་རིའི་སྲས་མོ་ཡིན་རྟགས་འདུག །ལྷམ་ལ་མཛུབ་མོ་བཙུགས་པ་དེ་ཡུམ་སྒྱུ་མ་ལྷ་མཛེས་ཡིན་རྟགས་རེད་ལགས། མགོ་ལ་མཛུབ་མོ་བཙུགས་པ་དེ་མོ་རང་སྲས་མོ་དབུ་ལྡན་ཡིན་ཟེར་རྟགས་ལགས། ད་དོན་འགྲུབ་པར་འདུག་གོ་ཟེར་ནས་བློན་པོ་དགའོ།།
དེ་ནས་ཞག་རེ་ཞིག་སོང་ནས་རྒྱལ་བློན་གཉིས་ཀས་ཆས་ཀ་གླང་པོ་ཆེ་གཅིག་ལ་བཀལ། རྒྱལ་པོས་གླང་པོ་ཆེ་གཅིག་ཆིབས་ནས་རྒྱ་གར་གླང་པོ་གཤོངས་ལ་བྱོན། ལམ་བར་དུ་གཅན་གཟན་གྱི་གནོད་འཚེ་མང་དུ་ཡོད་ཀྱང་། རྒྱལ་པོ་དེ་ཚེ་སྔོན་བསོད་ནམས་བསགས་པས་ཚེ་འདི་ལ་བསོད་ནམས་རང་ཤུགས་སུ་འོང་བ་གཅིག་འདུག་པས། གཅན་གཟན་ཚོས་བསུ་བ་བྱེད་པར་འདུག་གོ །དེར་རྒྱ་གར་གླང་པོ་གཤོངས་སུ་ཕེབས་པ་དང་། བྲག་རི་རལ་གྲི་འདྲ་བའི་འགྲམ་གཅིག་ན་བྲག་ཁུང་གཅིག་འདུག་པ་དེ་ན་བློན་པོ་དེ་བཞུགས་ནས་རྒྱལ་བུ་ལ་བསླབས་པ། དེ་རིང་འདི་ནས་ཕྱིན་པའི་དུས་སུ་བུ་མོ་དེ་ཤར་སྒོའི་འགག་ཏུ་ཡོང་གི་དེར་རྒྱལ་བུ་བྱོན་ལ་ཕྲན་རྒྱག་མཁན་ཨེ་ཡོད་ཟེར་བ་གྱིས་དང་། ཕྲན་རྒྱག་པས་ཆོག་ཟེར་ནས་བུ་མོ་འོང་ངོ་། །དེར་རྒྱག་དུས་སུ་ཨོ་རྒྱན་པདྨ་ (ཤོག་ ༡༦༨) འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་ཤོག་གྱིས། དཀྱིལ་དེ་ལྡེའུ་གཅིག་རྒྱག་གོ།
དེ་ནས་བུ་མོས་རང་རེ་ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་འབྱོན་པ་མིན་ནམ་ཟེར་ཡང་། ཨོ་རྒྱན་ཡུལ་འགྲོ་མ་མྱོང་ཡང་ང་ནི་རྡོ་རྗེ་གྲོ་ལོད་ཡིན། གཞན་ཅི་མ་གསུངས། དེ་ནས་བུ་མོ་དེས་གདན་བཏིང་བའི་སྟེང་དུ་སྡོད་དུས། དཀོན་མཆོག་གསུམ་བཞུགས་ཟེར་དགོས། འབྲས་ཆང་འདྲ་དྲངས་བྱུང་ན་དཀོན་མཆོག་གསུམ་མཆོད་གྱིས། དེ་ནས་མོས་གཏམ་དྲིས་བྱུང་ན། དུར་ཁྲོད་བརྒྱད་ཀྱི་གྲུབ་ཆེན་གང་ན་བཞུགས་ཟེར་ན། དུར་ཁྲོད་བརྒྱད་ལ་དབང་བའི་རྡོ་རྗེ་གྲོ་ལོད་ཡིན་གྱིས་ལ་མིག་ཧུ་རེ་བུ་མོའི་གདོང་ལ་ལྟོས་བྱས་པས་དེ་བཞིན་བྱས་ནས་སོང་བས། བུ་མོ་ཡུད་ཙམ་ཞིག་ཏུ་ཕར་རྒྱུག་ཚུར་མཆོང་བྱས་ནས། བུ་མོ་རྡོ་རྗེ་གྲོ་ལོད་ཁྱོད། ཙུབ་ཙུབ་མ་མང་ཙོག་གེ་སྡོད་གསུངས་པ་དང་། བུ་མོས་རྒྱལ་བུ་ལ་ཕྱག་འཚལ་ལོ། །བདག་ནི་རྡོ་རྗེ་གྲོ་ལོད་དེ། སྤྲུལ་པའི་གུ་རུ་སྐྱབས་སུ་གསོལ་ཞེས་ཟེར་ནས་བུ་མོས་ཞབས་ཏོག་ལེགས་པར་བྱས་སོ། །དེར་ཞག་གསུམ་བཞི་སོང་བ་དང་། མོའི་བསམ་པ། འདི་ཁ་སང་གྲོང་ཁྱེར་བདེ་ལྡན་གྱི་མཚོ་ཁའི་རྒྱལ་བུ་དེ་ཨེ་ཡིན་བསམ་རྣམ་རྟོག་ཞིག་སྐྱེས་སོ། །ཟླ་ཕྱེད་སོང་བ་དང་། བློན་པོའི་ཆས་ཀ་རྣམས་ཟད་ནས་གོས་ཅུང་འཕྲག་ལ་བཀལ་ནས་ཁོ་རང་མོ་མ་ཡིན་མདོག་གིས་གླང་པོ་གཤོངས་ཕོ་བྲང་ལ་གཏད་ནས་འོང་ངོ་། །དེར་གླང་པོ་གཤོངས་པ་བྱིན་གྱིས་མོ་བཏབ་བོ། །རྒྱལ་པོས་བུ་མོ་དེའི་གཡོག་མོ་རྣམས་ཀྱི་མོ་མ་གཅིག་འདུག་པ་མོ་འདེབས་སམ་ཞུས་སོ།།
རྒྱལ་པོས་བུ་མོ་དེར་ནས་དཀར་བྲེ་གང་གསེར་སྐྱེམས་བུ་རམ་ཟས་སྣ་མདའ་དར་ཕྱེ་མར་ཁུར་ལ་ (ཤོག་ ༡༦༩) མོ་འདེབས་པར་བྱོན་གྲབས་བྱས་པས་ལྷ་ལྕམ་གར་འགྲོ་གསུངས་སོ། །མོ་འདེབས་པར་འགྲོ་ཞུས་སོ། །དེར་རྒྱལ་པོའི་བློན་པོ་ཧར་གྱིས་དྲན་ཏེ་ལྷ་ལྕམ་ངས་ཡང་མོ་ཞིག་འདེབས་གསུངས། མོས་ནས་འོང་ན་མོ་མ་སྟེང་དུ་འབོད་ལགས་ཞུས་པ་དང་། ཞལ་ཏ་མ་ཞིག་མོ་མ་སར་སོང་ནས་མོ་སྟོན་ཁྱེད་ཀྱི་ངེད་ཚང་རྒྱལ་པོ་ཡབ་ཡུམ་སྐུ་ཕྱྭ་འདེབས་པ་ལ་ནང་དུ་ཕེབས་པར་ཞུ་བྱས་པ་དང་། བློན་པོ་མོ་མ་བརྫུས་པ་དེ་ཁང་སྟེང་ལ་གདན་དྲངས་སོང་ངོ་། །རྒྱལ་པོས་བློན་པོ་ཤེས་ནས་ཁད་ཀྱིས་ལངས་བྱུང་བ་དང་། བློན་པོས་མིག་བཙུམ་གཅིག་བྱས་ནས་སྡོད་པའི་རྟགས་བྱས་པས་རྒྱལ་བུ་ཁྲིག་གེར་བསྡད་དོ། །དེར་མོ་མས་ཕྱག་ཕུལ་ནས། མོ་སྟོན་བྱོན་གསུངས། དེར་དཔོན་མོས་མོ་ཆས་རྣམས་སྤྲད་ནས་མོ་ཡི་ཁྱིམ་ཕྱྭ་སྤྱི་ཁྱབ་འདེབས་ཞུ་བྱས་མོ་སྟོན་ན་རེ། རྒྱལ་མོ་ཁྱེད་ཀྱི་བློ་ཚབ་ཚུབ་འདུག་པ་གྲོང་ཁྱེར་བདེ་ལྡན་གྱི་རྒྱལ་བུ་ཡིན་པར་འདུག །འདི་ནི་པད་འབྱུང་སྤྲུལ་པ་འཁྲུལ་མེད་པས། རྒྱ་གར་གླང་པོ་གཤོངས་ཀྱི་ཕྱོགས་འདིར། རྒྱལ་པོ་གུ་རྞའི་རྒྱལ་པོ་བཟུང་བ་ལ། ལོངས་སྤྱོད་མངའ་ཐང་ཕུན་སུམ་ཚོགས་ལགས་སམ། སེང་གེ་གངས་ལ་འཁོར་ཞིང་གཡུ་རལ་གླིང་བཞི་ཁྱབ་པར་འགྱུར། གཡུ་འབྲུག་མཁའ་ལ་འཕྱོ་ཞིང་གསུང་སྐད་གླིང་བཞིར་ཁྱབ་པའི་སྙན་གྲགས་འདུག །སྨྲས་ནས་མོ་མ་ལོག་གྲབས་བྱས་པས་མོ་རང་ཤིན་ཏུ་དགའ་ནས་ཡོན་འབུལ་སོགས་རྒྱ་ཆེན་པོ་སྟེར་ནས་བློན་གྲ་ཁང་ཞིག་ཏུ་བཞག་གོ།
དེར་བློན་པོ་ནས་རྒྱལ་བུ་ལ་ཞུས། འདི་ན་ཁྱེད་རང་ཞག་ཤས་བཞུགས་ཚེ་ལྷ་ལྕམ་ནས་གསོལ་ཆང་དྲངས་བྱུང་ན། ལྷ་ལྕམ་རང་ནས་གསོལ་ཆང་བཏུང་རྒྱུ་ཁུར་མ་འོང་ན་བདག་གིས་ (ཤོག་ ༡༧༠) ཆང་མི་འཐུང་གྱིས་དང་། ལྷ་ལྕམ་ནས་ཆང་བུམ་པ་འདྲ་འདྲ་གཉིས་ཁུར་འོང་བ། ལྷ་ལྕམ་གྱིས་སྔས་མགོའི་བུམ་པ་ནང་དུ་བརྗེད་ཟས་མྱོས་པས་ལོག་འགྲོ་བའི་རིལ་བུ་འདི་ཆང་ལ་ཐོབ་སྔས་སུ་ཞོག་དང་། དེ་ནུབ་ཉལ་བའི་མཚམས་བར་ཁྱོད་ཀྱི་སྔར་མགོར་བཞག་པའི་ཆང་ཡང་མ་གསོལ་ཞོག་ལ། ལྷ་ལྕམ་རང་ཕྱོགས་སུ་བཏུང་བ་ཡིན་གྱིས་དང་། ལྷ་ལྕམ་གྱིས་ལོག་འགྲོ་བའི་ནང་འཁོར་གྱི་བློན་པོ་རྣམས་དང་གཡོག་མོ་གཞན་ལ་ལྷ་ལྕམ་སྙུང་གཞི་དྲག་པོ་ཕོག་འདུག་པས་འོང་མི་ཉན་འདུག་གྱིས། ལྷ་ལྕམ་གྱི་ཞལ་ཏ་མ་དྲག་པ་གཅིག་གཉིས་ལ་ལྷ་ལྕམ་གྱི་ཞབས་ཕྱི་བཅོལ་ལ། ཁ་སང་གི་མོ་མ་ཡང་བོས་ཤོག་གྱིས་དང་། ངེད་རང་སླེབས་འོང་ལས་སླ་བར་འདུག །ཞུས་ནས་བློན་པོ་ལོག་སོང་ངོ་།།
བློན་པོས་བསླབས་པ་ལྟར་བྱས་ཚེ་ལྷ་ལྕམ་གྱིས་ཆང་བུམ་པ་འདྲ་འདྲ་གཉིས་ཁུར་ནས་གཅིག་རྒྱལ་བུའི་སྔས་ལ་བཞག །གཅིག་མོ་རང་སྔས་སུ་བཞག་ཚེ་མོ་མར་མེ་གཏམ་སོང་ཚེ་མྱོས་བྱེད་རིལ་བུ་དེ་ལྷ་ལྕམ་ཆང་བུམ་ནང་དུ་བཏབ་ནས་ནམ་ཕྱེད་ཙམ་ལྷ་ལྕམ་བཟི་ལོག་ཁུར་སོང་ཚེ། བློན་པོ་ལ་ཆ་བསྐུར་བ། བློན་པོ་སླེབས་ནས་ནོར་མཛོད་ཐམས་ཅད་ཕྱེས་ནས་ནོར་བུའི་མགོས་བྱས་ཀྱི་རིན་པོ་ཆེ་གསེར་དངུལ་དར་གོས་ལ་སོགས་གླང་པོ་ཆེའི་རྒྱབ་མང་ཙམ་བཀལ་མ་རག་བྱས། གླང་ཆེན་གཅིག་ལ་ཤིང་ཁྲི་གཅིག་བཀལ་བའི་ནང་དུ་བཙུན་མོ་ཡང་བཅུག །དེ་ནས་གླང་པོ་ཆེའི་རྫིའུ་རྟ་རྫི་རྣམས་སོགས་བཙུན་མོའི་ཞལ་ཏ་མ་དེ་རྣམས་ལ་ཆང་རིག་རེ་བླུད་པས་ཐམས་ཅད་བཟི་ནས་ཧ་མ་གོ་འོ། །ཞལ་ཏ་མ་དྲག་པ་དེ་བཙུན་མོའི་མཉམ་དུ་གླང་པོ་ཆེ་སྒ་སྟན་བྱ་བའི་གསེར་དངུལ་རིན་ (ཤོག་ ༡༧༡) པོ་ཆེ་སོགས་བཀལ་ནས་གྲོང་ཁྱེར་བདེ་ལྡན་ཕྱོགས་སུ་ཕེབས་ནས་སྔོན་གྱི་རྒྱལ་པོའི་ཕོ་བྲང་དེ་རུ་སླེབས་པས། ཞག་གཅིག་ཕྱིར་ནང་ལྷ་ལྕམ་ཡང་བཟི་དྭངས་ནས་གཉིད་སད་པ་ལྟར་བྱུང་ནས་བུ་མོ་ཡང་ཕོ་བྲང་མིན་པ་ཡུལ་གཞན་ཞིག་གི་ཕོ་བྲང་ནང་དུ་ཁ་སང་གི་རྒྱལ་པོ་དེ་དང་མོ་མ་བརྫུས་པ་དེ་གཉིས་འདུག་པ་མོ་ནས་རང་ཁྱིམ་མིན་པ་ཤེས་ཀྱང་བྱ་ཐབས་མ་བྱུང་བས་བུ་མོས་སྨྲས་པ། རྒྱལ་པོ་ཁྱོད་བསོད་ནམས་ཤིན་ཏུ་ཆེ་རྒྱལ་པོ་འདི་རུ་ངེད་ཀྱི་རྒྱལ་པོ་དང་གཉིས་ནི་ཁྱེད་ནི་མེད་ངེད་ཀྱི་རྒྱལ་པོ་ཡབ་ཡུམ་ལ་སྲས་ནི་མེད་པ་རྒྱལ་སྲིད་འདི་རུ་བཟུང་བ་མི་འོས་པས། བདག་ནི་ཡབ་ཀྱི་རྒྱལ་སྲིད་བཟུང་ན་དྲག་ཞུས་པ། དེ་ནས་གླང་པོ་གཤོངས་ཀྱི་རྒྱལ་སྲིད་ནང་གི་འབངས་འཁོར་རྣམས་ཆང་གིས་བཟི་བ་སོས་ནས། མཛོད་ཐམས་ཅད་ཕྱེས་ནས་སྒོ་ལ་ལྕགས་གཟེར་དང་ཐེལ་ཙེ་བརྒྱབ་འདུག །ཁ་སང་གི་རྒྱལ་པོ་དང་སྲས་མོ་ནི་མེད་སོང་། མོ་མ་དེས་རྒྱལ་སྲིད་དར་རྒྱས་ཆེ་ཟེར་བས་རྒྱལ་སྲིད་འདི་ལས་ཅི་རྒྱས་བྱས་ནས་རྒྱལ་པོ་གུ་རྞའི་དྲུང་དུ་ཞུས་པ་དང་རྒྱལ་པོ་ཡབ་ཡུམ་ཐུགས་སྡུག་ཆེན་པོ་བྱུང་ནས་བློན་པོ་བཞིས་མགོ་བྱས་རྒྱབ་སྐོར་ཞིག་རྗེས་གཅོད་དེ། དེར་བློན་པོ་རྣམས་བདེ་ལྡན་གྱི་ཕོ་བྲང་དེ་རུ་སླེབས་ནས་བློན་རིག་པ་ཅན་དང་བཀའ་གྲོས་ནས་རྒྱལ་སྲིད་གཉིས་ཕྱོགས་གཅིག་བཟུང་བའི་རྒྱལ་བུ་དང་བཙུན་མོ་གཉིས་ཀྱི་གླང་པོ་གཤོངས་ཀྱི་རྒྱལ་ས་བཟུང་། བདེ་ལྡན་གྱི་རྒྱས་ས་རྒྱལ་བུ་ཆུང་བ་དང་བློན་པོ་གཉིས་ཀྱིས་བཟུང་བའི་ཡུབ་ཡུམ་གྱིས་ཆོས་མཛད་ནས་བདེ་ལྡན་གྱི་རྒྱལ་བུ་གཉིས་ནས་རྒྱལ་སྲིད་བཟུང་ནས་སྔར་ལས་དར་རྒྱས་ཆེ་བ་བྱུང་ངོ་། །རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་རྒྱལ་བུ་དེས་མ་ཤེས་ཀྱང་བློན་རིག་པ་ཅན་ (ཤོག་ ༡༧༢) དེ་དྲིན་ཆེ་བར་འདུག་ཟེར་ཁ་ནས་ཤོར། རྒྱལ་བུ་ལས་ཟད་ཁ་ནས་གཏམ་བྱུང་ཟེར་འགྲམ་ལྕག་གསུམ་བརྒྱབ་ནས་ཤོར་རོ། །རྒྱལ་བུ་བདེ་ལྡན་དང་བློན་རིག་པ་ཅན་གྱིས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་བཟུང་བའི་ལེའུ་སྟེ་སུམ་ཅུ་པའོ།། །།

༈ ཡང་སྔར་བཞིན་དུར་ཁྲོད་དེ་རུ་སོང་། བླ་མ། ང་རང་། དྲ་བ། ཐོ་བ། ཞགས་པ། འཛའ་ར། རོ་གོག་བབ་བམ་ཤིང་སྡོང་བཅད་དམ་བྱས། རོ་དེ་བབས་བྱུང་བས་ཞགས་པས་བསྡམས་ནས་གོམ་པ་བདུན་ཙམ་སླེབས་པའི་ས་དེ་ནས་རྒྱལ་བུ་ལས་ཟད་ཁ་ནས་གཏམ་འོང་བ་མ་རེད། ངས་སྒྲུང་ཞིག་བཏང་བས་ཉོན་ཨང་ཟེར་བ། ལུང་པ་གཅིག་ན་རྒད་པོ་དང་རྒད་པོ་གཉིས་ཡོད་པར་འདུག །དེ་ལ་བུ་མོ་གསུམ་ཡོད་པ་འདྲ། ནོར་ལུག་ཁྱུ་གཅིག་ཀྱང་ཡོད་པ་འདུག །ནམ་ཞིག་གི་ཚེ་རྒད་པོ་ལ་ཕར་རྒྱབ་ལ་ལུག་རྫིར་སོང་བ་སྲིན་པོ་གཅིག་གིས་ཟོས། ལུག་ནག་གཅིག་ཡོད་པ་ཡང་བསད་ཟོས། རྒད་པོའི་མགོ་ཤུན་བཤུས་ནས་སྲིན་པོ་དེས་གོན་ནས་རྒད་པོ་ཡི་ལུག་རྣམས་དེད་འོང་བར་གདའ། རྒན་མོ་དེ་ལུག་བསུ་བར་བྱུང་སྟེ་སྲིན་པོ་རྒད་པོ་ལ་སྤྲུལ་པ་དེས་སྨྲས་པ། རྒན་མོ་རང་རེའི་བུ་མོ་ཆེ་བ་དེ། ལ་ཕར་རྒྱབ་ཕྱུག་པོ་ཞིག་ལ་སྦྱིན་ཆད་བྱས། ང་རང་ལུག་ནག་དེ་བཤས་ནས་གཉེན་ཤ་གཉེན་ཆང་བྱས། ཁྱོད་ཀྱི་ཤ་སྐལ་འདི་ཡིན་ཟེར་རྒད་པོའི་མཁལ་ཚིལ་ཁ་ཡ་དེ་གཏད། རྒན་མོས་ཚིལ་དེ་མེར་བསྲེགས་ནས་ཟ་གྲབས་བྱས་པ། རྒན་མོ་ཁྱོ་ཤ་ཟ་མཁན་མ་བྱས་ནས། ཨ་ཕ་དེ་ཅི་འདྲ་ཟེར་བ་ཡིན་བྱས་པས། རྒད་པོས་ཚིལ་དེ་མེས་ཚིག་བྱུང་ཟེར་བ་ཡིན་བྱས་སོ། །རྒན་མོས་ཧ་མ་གོ་ནས་ཟོས་སོ།།
སང་ (ཤོག་ ༡༧༣) བུ་མོ་ཆེ་བ་དེ་ཁྲིད་སོང་ནས་དེར་བསད་ཟོས་སོ། །བུ་མོའི་དེའི་མགོ་དེ་སྔོན་ཉིན་ཕ་རྒན་མགོ་རྒྱུད་ལ་བཞག །ལུག་དཀར་པོ་ཆེ་བ་ཡོད་པ་བསད་ནས་ཟོས། བུ་མོའི་མཁལ་ཚིལ་ཁ་ཡ་ཁུར་ནས་ལུག་དེད་འོང་ངོ་། །དེས་མ་ལ་སྨྲས་པ། རང་རེའི་བུ་མོ་འབྲིང་བ་དེ་ཡང་སང་ལ་རྒྱབ་ཕྱུག་པོ་གཅིག་ལ་སྦྱིན་ཆད་བྱས། ལུག་དཀར་པོ་བཤས་ནས་གཉེན་ཤ་གཉེན་ཆང་བྱས། ཁྱོད་ལ་ཤ་སྐལ་འདི་ཡིན་བྱས་ནས་བུ་མོའི་མཁལ་ཚིལ་སྦྱིན། ཚིལ་ལུ་རྒན་མོ་བུ་ཤ་ཟ་མཁན་མ་བྱས་པས་འདི་འདྲ་ཕ་ཡི་ཅི་ཟེར་བ་ཡིན་བྱས་པས། ཚིལ་དེ་མེ་ལ་བསྲེགས་ལ་ཟོ་ཟེར་བའི་བརྡ་ཡིན་བྱས་སོ། །རྒན་མོས་ཚིལ་བསྲེགས་ནས་ཟོས་སོ།།
ཕྱི་ཉིན་བུ་མོ་བར་མ་དེ་ཡང་ཁྲིད་སོང་། ནས་སྔར་ལྟར་ཟོས་སོ། །ཡང་ལུག་ཆེ་བ་གཅིག་བསད་ནས་ཟོས། བུ་མོའི་མཁལ་ཚིལ་ཁ་ཡ་དེ་ཁུར་དགོང་མོ་ཁྱིམ་དུ་འོང་ནས། རྒན་མོ་དེ་ལུག་བསུ་བར་སོང་བས། དེ་རིང་ཡང་རང་རེའི་བུ་མོ་ཆུང་བ་འདི་ཕྱུག་པོ་གཅིག་ལ་སྦྱིན་ཆད་བྱས། གཉེན་ཤ་གཉེན་ཆང་བཏུང་བ་ཡིན་ནོ་བྱས། ཁྱོད་ཀྱི་ཤ་སྐལ་འདི་ཡིན་ཟེར་སྔ་མ་ལྟར་ཚིལ་སྦྱིན་ནོ། །རྒན་མོ་ན་རེ། བུ་མོ་ཆུང་བ་འདི་རང་རེ་གཉིས་གཡོག་ལ་དགོས་པར་འདུག །སྦྱིན་པ་མི་ལེགས་བྱས་པ། ཕ་རྒན་དེས་ངེད་རང་གཉིས་ཁམས་བཟང་ན་བུ་མོ་ཡང་བཟོ་བ་སླ་བས་འདི་སྦྱིན་ན་དགའ་བྱས་སོ། །ཡང་ཨ་མ་རྒན་མོས་བུ་མོ་ཆུང་བ་འདི་རྩིས་ཤིན་ཏུ་ཆེ་བས་མར་ཟན་ཆེན་པོ་གཅིག་སྤྲུལ་ནས་བུ་མོ་ཆུང་ཤོས་ཡིན་པས་སྙིང་རྗེ་བྱས་ནས་སྦྱིན། རྒད་པོ་འདི་ཡིས་ཅི་བྱེད་པ་ (ཤོག་ ༡༧༤) ཡིན་བསམ་མོ། །རང་སྡུག་བསྔལ་གྱི་འབྲལ་མི་ཕོད་པ་བྱུང་འདུག་ཀྱང་རྒད་པོ་དབང་ཆེ་བས་ཁྲིད་སོང་། བུ་མོ་སྐྱེ་བ་སྔ་མའི་སྔ་མ་ལ་རྟ་མགྲིན་གྱི་བསྙེན་པ་འགྲུབ་པ་ཞིག་ཡིན་གདའ། སྐྱེ་བ་དེའི་ཐོག་རྟ་མགྲིན་ལ་ཐེ་ཚོམ་ཞིག་ཤོར་བས་བུ་མོ་དེ་ལ་ལུས་བླངས་པའི་ཁ་སང་གི་ས་དེར་སླེབས་པ་དང་། ཁྱོད་རང་འདིར་སྡོད་དང་ཨ་ཕས་ཁོ་ཨེ་བྱུང་ལྟ་ཟེར་སོང་། ཡུན་གཅིག་ཐོགས་པ་མོ་ཡི་རྒྱུད་ཁྱི་གུ་ཁྲ་བོ་ཞིག་བྱུང་ནས་བུ་མོ་ཟན་ཁམ་གཅིག་སྟེར་ན་གཏམ་གཅིག་བཤད། ཐམས་ཅད་སྟེར་ན་ཐམས་ཅད་བཤད་བྱས་པ། བུ་མོ་དེ་ཨ་མ་དང་འབྲལ་བའི་སྡུག་བསྔལ་ཆེས་ནས། མར་ཟན་དེ་ཟ་མ་མོས་ནས་ཁྱི་དེ་ལ་ཐམས་ཅད་སྦྱིན་ནོ། །དེ་ནས་ཁྱིས་གཏམ་བཤད་པ་ཁྱོད་ཀྱི་ཕ་འདི་ཕ་མིན་སྲིན་པོ་ཡིན། ཁྱོད་ཀྱི་ཨ་ཞེ་གཉིས་དང་ཨ་པ་ཡི་མགོ་ཡ་ཀིར་ཡོད་ཟེར། ཁྱི་གུས་ཁྲིད་ནས་བསྟན་ནོ། །དེར་མོས་མགོ་རྣམས་རིག་ནས་ཤིན་ཏུ་སྐྲག་པའི་རྐྱེན་གྱིས་ད་ཐབས་ཤིག་ཨེ་ཡོད་བྱས། ཁྱི་གུ་དེས་ཁྱོད་སྙིང་རྗེ་བར་འདུག་ཐབས་ཤིག་འདུག་པ་ངས་བཤད་ཟེར་ནས་སླ་ང་ཞིག་ཡོད་པ་ལག་ཏུ་གཏད་ནས་ཁྱོད་རང་སླ་ང་འདི་ལག་ཏུ་ཁུར་ནས་ལ་ཡ་ཀིའི་ལ་ཁ་བར་བྲོས་སོང་། སྲིན་པོ་དེས་ཨ་ཕས་བུ་མོ་མ་བྲོས་དང་ཟེར་འོང་ཡང་། ལ་ཁ་ནས་ཟིན་ལ་ཁད་བྱུང་དུས་ཕྱིར་མིག་མ་བལྟ་བར་སླ་ང་འདི་བསྒྲིལ་ལ། སླ་ང་གར་སོང་དེར་སོང་དང་། བུ་མོ་ཁྱེད་ཚེ་ཐར་བར་འགྱུར་རོ་གསུངས་ན་ཁྱི་ཕྲུག་མེད་སོང་ངོ་།།
ཁྱི་ཕྲུག་དེ་བུ་མོའི་སྐྱེ་བ་སྔོན་མ་རྟ་མགྲིན་གྱི་བྱིན་རླབས་ཡིན་འདུག །བུ་མོ་སླ་ང་ཁུར་ནས་ལར་བྲོས་པ་དང་། སྲིན་པོ་དེས་བུ་མོ་དེ་དེད་ (ཤོག་ ༡༧༥) ནས་བརྒྱུགས་ཏེ་བུ་མོ་ཨ་ཕ་འདིར་ཡོད་ཁྱོད་གར་འགྲོ་ཟེར་བྱུང་བས་ཕྱིར་མ་བལྟས་པར་བྲོས་པས་ལ་ཁ་ནས་ཁོས་ཟིན་ལ་ཁད་བྱུང་ཚེ་སླ་ང་དེ་བསྒྲིལ་ནས་སླ་ང་སླ་ང་ཟེར་ཞིང་རྗེས་ལ་བྲོས་སོང་བ་སླ་ང་དེ་ལྕི་བ་མང་པོ་བརྩིགས་པའི་ནང་དུ་འདྲིལ་སོང་ངོ་། །མོ་ཡང་དེ་ན་བརྒྱུགས་སོང་བས། ཤིང་གི་སྒོ་གཅིག་ཁྲིག་གེ་འདུག །དེ་ཕྱེས་པས་ལྕགས་སྒོ་ཁྲིག་གེར་འདུག །དེ་ཕྱེས་པས་རིན་པོ་ཆེའི་སྒོ་ཞིག་འདུག །དེའི་ནང་ལ་སྐས་ཤིག་འདུག་པ་དེ་ལ་འབྱར་ནས་སྟེང་ལ་སོང་བས། གཞན་ཅི་ཡང་མི་འདུག་པས་གོ་ཁ་ཞིག་ན་བྱ་ཕོ་ཞིག་བསྡད་འདུག །བྱ་ཕོ་དེས་ཨུ་ཨུ་བུ་མོ་བྱོན་ལགས། བུ་མོ་འོ་རྒྱལ་ཡོད་པས་མཛོད་ཀྱི་ནང་དུ་ཤ་མར་ཐུད་སོགས་ཡོད་པ་ལོངས་ནས་ཟོ་ཟེར། མོས་བལྟས་པས་ཤ་མར་འདུག་པ་བླངས་ནས་བརྒྱག་ཚད་ཟོས་ནས་སྐྱིད་པོ་བྱུང་ངོ་། །
དེར་ནམ་གཅིག་ཏུ་སོང་བ་དང་བྱ་ཕོ་དེས་བུ་མོ་ལ་སྨྲས་པ། མཛོད་ཀྱི་ཕུག་ཡ་གི་ན་གོས་ལྷམ་རྒྱན་ཆ་ལུགས་རྣམས་ཡོད། དེ་ཐོགས་ལ་ལུང་པའི་མདའ་ལ་སོང་དང་ལྟད་མོ་བལྟས། ལྟད་མོ་ཆེན་པོ་ཡོད་པས་རྒྱུགས་ཟེར་རོ། །དེར་བུ་མོ་དེས་མཛོད་ནས་གོས་ལྷམ་རྒྱན་ཆ་ལུགས་འདུག །གྱོན་བཏགས་ལེགས་པར་བྱས་ནས་བུ་མོ་སོང་བའི་རྗེས་ལ་ཁོས་ར་བ་ན་རྟ་བཟང་པོ་གཅིག་བསྐུང་ཡོད་པ་དེ་ལ་སྒ་སྟན་བརྒྱབ་བྱ་ཤུན་ཕུད་འདྲིལ་ནས་གདུང་གསེབ་ཏུ་བཅུག །རྒྱན་ཆ་ལུགས་ལེགས་པར་བྱས་ནས་ཁོ་ལྟད་མོ་ལ་ཕྱིན་ནས་ཁྲོམ་པ་ལ་གཡས་སྐོར་གཅིག་བརྒྱབ་པ་དང་། ཁ་སང་གི་བུ་མོ་ལས་ཡག་པ་གཅིག་མི་འདུག །བུ་མོ་དེས་ཀྱང་ཁྲོམ་ལ་གཡོན་སྐོར་གཅིག་བྱས་པ་དང་། མི་རྟ་པ་སྔོན་པོ་དེ་ལེགས་པ་མ་མཐོང་། ཁོས་ཁྲོམ་དེ་ཡི་མ་རིག་པ་ (ཤོག་ ༡༧༦) དགོས་བསམས་ནས་གལ་ཁ་ཡ་བུ་རིམ་གྱིས་བསྐང་། ཁ་ཡ་ཐལ་བས་བསྐང་པ་དེ་གཏོར་ནས་ལ་ལས་བུ་རམ་ཨེ་ལོན་ལྟ་བར་འདུག །ལ་ལས་ཐལ་བས་མིག་སྒྲིབ་པར་འདུག་ཚེ་ཁོས་ལ་ལྕགས་གཅིག་བརྒྱབ་ནས་རྟ་མགྲིན་སྤྱི་གཙུག་ཏུ་བསྒོམས་ནས་རྟ་ལ་ལྕགས་གཅིག་བརྒྱབ་པས་ལུང་པའི་ཕུ་ལ་སླེབས་སོ།།
དེར་རྟ་སྒ་བཤུས་ནས་ར་བའི་སྦུག་ལ་བསྐུང་། རྒྱན་ཆ་ལུགས་རྣམས་སྦས། བྱ་ཤུབས་དེ་གྱོན་ནས་རྟ་མགྲིན་བསྙེན་པ་བྱས་བསྡད་ཙ་ན། བུ་མོ་དེ་སླེབས་བྱུང་། བུ་མོ་ཕྱག་ཕེབས་དེ་རིང་ཁྲོམ་ཉི་མ་རིང་བྱས་པས། ཁྲོམ་དེའི་ཕུགས་སུ་གཟུགས་མཛེས་སུ་ཡིན་འདུག །མོའི་མཛེས་ཆ་གྲགས་སུ་ཡི་གྲགས་པ་འདུག་དྲིས་པས། མོས་ན་རེ་ཕོ་ཡི་ཆ་ལུགས་དེ་ལུང་པའི་ཕུ་བྱ་ཕོ་ཚ་ལུ་ཟེར་བས་བཅོད་སོང་། མོ་ཐོག་དེ་བུ་མོ་མང་པོས་གཅོད་སོང་འདུག་བྱས་སོ། །བྱ་ཕོས་བུ་མོ་ལྟོགས་ཡོད་ལས་ཆེ། ཤ་མར་ཟོ་བྱས་སོ་མོ་རང་ཟོས་བྱ་ཕོ་ལ་དྲངས་སོ།།
ཡང་ཞག་འགའ་ཞིག་སོང་བྱ་ཕོས་བུ་མོ་དེ་ལ་ཡང་ཁ་སང་རྒྱན་གོས་གྱིས་ལ་ལྟད་མོ་ལྟ་བར་ཕྱིན་བྱས་སོ། །དེར་བུ་མོས་རྒྱན་ཆ་ལུགས་བྱས་ནས་ལྟད་མོ་ལ་དེང་པར་གདའ། ཡང་ཁྲོམ་ལ་སྔར་ལྟར་བལྟས་ནས་མོ་ཡི་ནང་ནས་བུ་མོ་དེ་ལས་མཛེས་པ་མི་འདུག །མོ་ཡིས་བལྟས་ཀྱང་ཁ་སང་དེ་ལས་མཛེས་པ་མི་འདུག །ཁྲོམ་རྣམས་ཀྱིས་སྨྲས་པ། བྱ་ཕོ་ཚ་ལུ་ཟེར་བ་ཁ་གྲག་པ་མཚར་དྲགས་པས་བཙན་གྱི་ཆེ་བ་ཡིན་ཏེ་བུ་མོ་འདི་ཡང་མཚར་ཟེར་ཐག་བཅད་དོ། །དེ་ནས་མོ་རང་ཡར་ལངས་ནས་སྔ་མ་ལྟར་བུ་རམ་ཐལ་བ་རྣམས་གཏོར་བས་གར་ཐལ་མ་མཐོང་བས་ཁོ་རང་ལུང་པའི་ཕུ་ལ་སླེབས་སོ།།(ཤོག་ ༡༧༧) རྟ་རྒྱན་གོས་སྔར་ལྟར་བསྐུང་ནས་བསྙེན་པ་འདོན་ཞིང་བསྡད། བུ་མོ་སླེབས་བྱུང་སྟེ། བུ་མོ་ཕྱག་ཕེབས་དེ་རིང་ཕོ་ལ་སུ་བཙུན་མོ་སུ་མཛེས་བྱས་པ། བུ་མོས། ཕོ་ཡི་ནང་ནས་ལུང་པ་ཕུའི་བྱ་ཕོ་ཚ་ལུ་མཛེས་པར་གདའ། མོའི་ནང་ནས་བུ་མོ་མང་པོས་མཛེས་པ་འདུག་བྱས་པས། ཡང་མཛོད་ནས་ཤ་མར་རང་གིས་ཟོས་ང་ལ་དྲོངས་ཟེར་བར་གདའ།
ཡང་ཉིན་བྱ་ཕོ་དེས་ལུང་པ་མདར་ལྟད་མོ་ལྟ་བར་སོང་བྱས་པ། བུ་མོ་དེས་ཕུའི་བྱ་ཕོ་ཚ་ལུ་ཟེར་བ་འདི་ཨེ་ཡིན་བསམས་ནས། བུ་མོས་རྒྱན་གོས་སྔོན་མ་ལྟར་བྱས་ནས་ར་བའི་ཕག་ཅིག་ཏུ་གབ་བསྡད་པར་གདའ། དེར་རྒྱན་ཆ་ཁོས་གོན་བྱ་ཤུན་གདུང་གསེབ་དེར་བཅུག་ལྟ་བ་མིག་གིས་མི་བཟོད་པ་གཅིག་བྱས་ནས་ཁྲོམ་ནང་དུ་སོང་། བུ་མོ་དེས་ཁོ་སོང་ཤུལ་དུ་བྱ་ཤུན་འདི་མེད་ན་ཁོ་ཡི་མཛེས་གཟུགས་ལྡན་པ་འདི་དང་མཉམ་སྡོད་ཆོག་བསམས་ནས་བྱ་ལྤགས་དེ་མེ་ནང་བསྲེགས་སོ། །ཁོས་ཁྲོམ་དེ་གཡས་སྐོར་གཡོན་སྐོར་གཉིས་བྱས་ཀྱང་མོ་མི་འདུག་ཀྱང་ཁོས་སྔར་བཞིན་བུ་རམ་ཐལ་བ་གཏོར་ནས་ནང་དུ་རྒྱུག་བྱུང་ནས་མོ་ལ་སྨྲས་པ་ང་ཡི་བྱ་ཤུན་ཁྱོད་ཀྱིས་མེ་ལ་བསྲེགས་པ་དེ་མ་ལེགས་འདུག །བྱ་ཤུན་དེ་ལོ་བཅུ་ཙམ་མ་བསྲེགས་ན་ངེད་རང་གཉིས་བཟའ་མི་ལྟར་བྱད་ནས་སྡོད་རྒྱུ་ཡོད་པར་འདུག །ད་ངེད་རང་གཉིས་འབྲེལ་བའི་སྐལ་བ་མེད་ཟེར་ནས། བུ་མོ་ཤིན་ཏུ་སྐྱོ་ནས་ངུས་པ་ཁྱོད་ཀྱི་བྱ་ལྤགས་དེ་ཅི་འདྲ་ཞིག་ཡིན་ད་ཐབས་ཨེ་ཡོད་བྱས་པ། ཁོས་སྨྲས་པ། ང་རང་ལུང་པ་འདིའི་མདའ་ལ་གྲོང་ཁྱེར་ཆེ་བ་ཞིག་གི་ནང་ལ་རྒྱལ་པོ་གཅིག་ཡོད་པ་དེའི་སྲས་གཅིག་ཡིན། ཡབ་ནི་འདས་ནས་མེད། ཡུམ་གཅིག་དང་འཁོར་དང་ལོངས་སྤྱོད་ (ཤོག་ ༡༧༨) ཀྱང་ཡོད་དེ། ང་རང་སྐྱེས་གཟུགས་འདི་ལེགས་པའི་དོན་གྱིས་མི་དང་འདྲེས་མཐོང་ན་བཙན་གྱིས་ཁྱེར་འགྲོ་བ་ཡིན་པས། ལྷའི་སྤྲུལ་པས་ལུང་བསྟན་ཡ་ཀིའི་ནང་བསྡད་ན་མཁར་ཟས་ནོར་ལོངས་སྤྱོད་ལྡན་པ་བྱུང་།
བྱ་ཤུན་ལ་བརྫུས་པ་དེ་བྱུང་ནས་ལོ་བཅུ་བར་རྟ་མགྲིན་གྱི་བསྙེན་པ་བསྒྲུབས་ནས་བསྡད་ན་བཙན་གྱིས་ཁྱེར་རྒྱུ་མེད་པ་ལུང་བསྟན་ཡོད་པ། ཁྱིམ་གྱི་མ་དང་ནང་འཁོར་གྱིས་མ་ཤེས་པར་འདིར་འོང་ནས་བསྡད་པ་ཡིན། ད་ཡང་བྱ་ལྤགས་ལ་སྤྲུལ་ས་མེད་ན་ང་རང་བཙན་གྱིས་ཁྱེར་ནས་སྡོད་རྒྱུ་མེད་བྱས་པས། མོས་ད་དུང་ཐབས་འདྲ་བྱེད་རྒྱུ་མེད་དམ་ཟེར་ནས་མཆང་ནས་ངུས་པ། ཁོས་ན་རེ་ད་ཁྱོད་རང་ལ་ངེད་ཀྱི་མི་རྒྱུད་ལུས་པོ་གཅིག་ཀྱང་ཡོད་འདུག་པ། ལུང་པའི་མདའ་ལ་སོང་དང་མཁར་ཤ་རུའི་བད་ཅན་མཐོ་བ་གཅིག་ཡོད་པ་དེར་སོང་ལ་ང་ཡི་ཐུགས་དམ་རྟ་མགྲིན་གྱི་སྐུ་འདི་ཁུར་ལ་བསྙེན་པ་བཏོན་ནས་སྡོད་དང་། ཁྱོད་ལ་ངའི་ཁྱིའི་བསུ་བ་བྱེད་འོང་། དེའི་འཕང་ར་ན་ངའི་མ་རྒན་གཅིག་ཡོད། དེ་འོང་ནས་ཁྱོད་བསུ་བ་ལ་འོང་བས་རང་གི་སྐྱེ་རྒྱུད་རྣམས་ཤོད་ལ་ཁྱོད་རང་སྡོད་དང་བྱས་པས། བུ་མོ་དེ་ལུང་པའི་མདར་སོང་ཞིང་ཁོས་ཇི་ལྟར་བྱས་པའི་ལུང་པའི་མཁར་དེའི་ནང་དུ་ཕྱིན་ཏོ།།
ཁྱི་གཉིས་བསུ་བར་བྱུང་བ་ཁོང་གི་མ་རྒན་དེས་མཐོང་བ་ལམ་མ་གི་ངོ་མི་ཤེས་པའི་བུད་མེད་གཅིག་བྱུང་། ཁྱི་འདི་གཉིས་ཀྱིས་བུད་མེད་དེ་ལ་མགོ་ཕབ་རྔ་མ་རི་ལི་ལི་བྱས་པ་མཐོང་ནས་མ་རྒན་བསུ་བ་བྱེད་མི་འོང་བར་གདའ། མ་རྒན་དེས་བུ་མོ་བྱོན་ནམ་བྱས་པ་དང་། བུ་མོས་ཨ་མ་བཞུགས་སམ་བྱས་པས། མ་ཡི་ནང་དུ་ཁྲིད་ནས་ཇ་དྲངས་པ་དང་། བུ་མོ་དེའི་ཁ་ནས་རྟ་མགྲིན་བསྙེན་པ་འདོན་ནས་ (ཤོག་ ༡༧༩) ཧུ་ལུ་ཟེར་བ་གོ་ནས་ཨ་མ་རྒན་མོ་དེས། བུ་མོ་ཁྱོད་ལ་བློ་མི་བདེ་བ་གཅིག་འདུག་ཧུ་ལུ་ཟེར་བ་ཅི་ཡིན་བྱས་པས་ཁྱོད་འདི་ན་ཅི་ལ་འོང་། ངའི་བུ་སྐྱེ་གཟུགས་ལང་ཚོ་ལྡན་པ་གཅིག་ཡོད་པ་མིག་གིས་མ་མཐོང་ནས་གར་སོང་འདི་སོང་མེད་པར་ལོ་ལྔ་ཙམ་སོང་། ཁྱོད་ཅི་གློ་ལ་ཡོད་པའི་སྐུ་འདྲ་བ་ངའི་བུ་ལ་ཡོད་པར་འདུག །བུ་མོ་དེས་མཆི་མ་རང་དབང་མེད་པར་ཤོར་ནས་བདག་ཚེ་བསོད་ཟད་པས་ཨ་ཅེ་རྣམས་སྲིན་པོས་ཟོས། ང་རང་ཐར་བ་ཡིན་བྱས་པ་དང་། ཁྱོད་བུ་མོ་ཡང་བདེན་ཟེར་རྒན་མོ་ཡང་མཆི་མ་བཏང་། ངེད་བུད་མེད་ཐབས་མེད་པའི་གཅེས་ཕྲུག་གཅིག་མིག་གིས་མ་མཐོང་ལོ་ལྔ་ཙམ་སོང་། ཁྱོད་ཀྱང་དེ་ལས་སྡུག་པ་གཅིག་འདུག་བྱས་ནས། དེར་རྒན་མོས་ཁང་ཆུང་གཅིག་ཏུ་སྡོད་བཅུག་ནས་ཐག་དང་བལ་འཁེལ་བཅོལ། བུ་མོ་དེས་ཁང་ཆུང་དུ་སྡོད་བཅུག་པའི་རྟ་མགྲིན་གྱི་སྐུ་དེ་ཁྲི་མཐོན་པོ་གཅིག་ལ་བཞུགས་སུ་གསོལ། མོ་རང་ཐག་དང་བལ་མཁལ་གླ་མར་བླངས་ནས་སྐུ་མདུན་དུ་མར་མེ་ཕུལ། རྟ་མགྲིན་བསྙེན་པ་བསྐྱར་ནས་བསྡད། བུ་མོ་དེ་སྲིན་པོས་ཁྱེར་དུས་བྱུང་བའི་ཁྱི་གུ་དེ་རྟ་མགྲིན་གྱི་སྤྲུལ་པ་ཡིན་པར་གདའ། བུ་མོ་སྐྱེ་བ་སྔ་མ་རྟ་མགྲིན་གྱི་བསྙེན་པ་བསྐྱལ་བའི་འཕྲོ་ལ་ཐེ་ཚོམ་བྱུང་ནས་མོ་ལུས་བླངས་པ་ཡིན་འདུག །ཟླ་བ་འགའ་རེ་སོང་བ་དང་། བུ་མོ་ཡང་ལུས་པོ་ཇེ་མཐོར་སོང་བ་དང་། གཡོག་མོ་རྣམས་ཆགས་སྡང་ལངས་ནས་ཨ་མ་ལ་ཞུས་པ་རང་རེའི་ཡུལ་ལ་འོང་བའི་བུ་མོ་འདི་ལུས་པོ་ཡོད་འདྲ་ཟེར། དེར་ཟླ་བ་ལྔ་ཙམ་སོང་བ་དང་། བུ་མོས་རྟ་མགྲིན་གྲུབ་སྟེ་ནམ་ཐོ་རང་ཙམ་ལ་སོང་བ་ལ་མི་ལུས་ཀྱི་ཁྲོ་བོ་སྟག་ཤམ་ (ཤོག་ ༡༨༠) ཅན་དབུ་གཙུག་རྟ་མགོ་ཡོད་པ་ཞལ་ནས་ཧུ་ལུ་ཀྲོ་ཏའི་སྒྲ་སྒྲོགས་པ་གཅིག་བྱུང་སྟེ། བུ་མོ་ཁྱོད་ཀྱིས་ང་འབོད་པ་ཅི་བྱེད་ཟེར་བ་བུ་མོས་སྐྱེ་བ་སྔ་མ་ཚུན་རིམ་གྱིས་དྲན་བྱུང་ངོ་།།
བུ་མོས་ཞུས་པ། བདག་གི་ཚེ་སྔོན་བསྒྲུབས་པའི་ཡི་དམ་ལྷ། །མཆོད་ཅིང་བསྒྲུབས་པའི་བྱིན་རླབས་ཡོན་ཏན་གྱིས། །བདག་གི་བརྟན་གྲོགས་ཁུག་པའི་འཕྲིན་ལས་མཛོད། །ཞུས་ནས་ཕྱག་འཚལ། རྟ་མགྲིན་གྱི་ཞལ་ནས། ཁྱོད་ཀྱིས་དུས་བཟང་ཚེས་ལ་ཤ་རུས་སྤངས་པ་རྣམས་གསོས། བུ་མོ་ཁྱོད་རང་མི་དང་ཁ་མི་འདྲེས་ལ་སྔར་ལུགས་ལ་ང་སྤྱི་གཙུག་ལ་སྒོམ་སྡོད་དང་། ཁྱོད་ཀྱི་ཁྱོ་ཕོ་དེ་དང་འཕྲད་པ་ངས་བྱེད་གསུངས་ནས་ཡར་སོང་། མོས་བསྙེན་པ་སྔར་ལས་དྲག་ཙམ་འདོན་ནས་བསྡད། གཡོག་མོ་རྣམས་ཀྱི་མ་རྒན་ལ་བུ་མོ་དེ་ལ་ལུས་པོ་ཡོད་འདུག་བྱས་པ། བུས་མོས་ངེད་ལ་མི་གཅིག་ཀྱང་མེད་པ་ལྷ་བཟང་པོ་འདི་གཏོགས་སྡོད་རོགས་མེད་བྱས་པ། ཁ་སང་རྨི་ལམ་མང་། རང་རེའི་ཤ་རུའི་སྤང་བད་རྣམས་གསོ་ལྷ་བསང་རྒྱས་པ་དགོས་པར་གདའ། ང་ལ་དོགས་པ་བྱས་ན་ལུག་རྫི་རྟ་རྫི་ལ་རྩད་ཆོད་དང་གསལ། ཕྱི་མི་སྡེས་ཟེར་བ་མི་བདེན་ཟེར་ནས་ཁང་ཆུང་ནང་ལོག་སོང་། དེར་ཞག་ཁ་ཤས་སོང་བ་དང་། མོའི་སྒོ་དྲུང་དུ་མི་དམར་རྟ་དམར་ཞོན་ཁྱི་དམར་རོལ་དུ་ཁྲིད་པ་གཅིག་བྱུང་ནས། བུ་མོ་ལྷ་ང་སླང་ཆུང་ཚུར་གསོན་དང་། །སྔས་ལ་རྒྱ་སྔས་ཨེ་བཅུག་གོ །ཞབས་ལ་འབོལ་གདན་ཨེ་བཏང་ངོ་། །སྟེང་ལ་ཐུལ་བ་ཨེ་བཀོན་ནོ། །སྔས་མགོར་བུར་ཆང་ཨེ་བཞག་གོ །ལྟོ་ལ་ཕྱེ་རམ་ཨེ་བཞག་ཟེར་བྱུང་བ། མོ་ན་རེ། ཚ་བོ་བྱ་ཕོ་ཚ་ལུ་ལགས། །སྔས་ (ཤོག་ ༡༨༡) ལ་འབོལ་གདན་ལ་བཏིང་ལགས། །ཉལ་ས་ཁང་ཆུང་ནང་ལ་ཡོད། །སྔས་ལ་རྒྱ་སྔས་མ་བཙུགས་ལགས། །སྐེ་རགས་གོས་ཀྱི་སྔས་འགོ་ཡོད། །སྟེང་ལ་ཐུལ་པ་མ་བཀོན་ལགས། །ཉིན་གོན་མཚན་གོན་གཅིག་ལས་མེད། །ལྟོ་རུ་ཕྱེ་རམ་མ་སྦྱིན་ནོ། །སྔས་མགོར་བུར་ཆང་མེད་ལགས་སམ། བྱས་པ། ཁོ་ནང་དུ་བྱུང་སྟེ། ཁོང་གཉིས་པོ་ལོ་རྒྱུས་བཤད། མོས་ཁྱེད་ད་རུང་འབྱོན་རྒྱུ་མེད་པ་ཅི་ཡིན་བྱས་པས། ཁོས་འོང་རྒྱུ་ག་ལ་ཡོད་ཁྱོད་ཀྱིས་བྱ་ཤུན་མེ་ལ་བསྲེགས་པས་ང་བཙན་གྱིས་ཁྱེར་སོང་བ་ཡིན་ཟེར། ད་རེས་ཁྱོད་བྱོན་ཆོག་པ་ཅི་ཡིན་བྱས་པ། ང་འདི་ནས་བཙན་གྱི་ཁྱེར་འཕྲལ་ལ་སྐྱེ་འབྲས་ལེགས་པས་བཙན་གྱིས་གསོལ་དཔོན་བཅོལ་བ་ཡིན། དེ་ནས་གཟིམ་དཔོན་བཅོལ་བ་ཡིན། ཁ་སང་གཟིམ་ཆང་ལེན་མི་བཏང་བས། ཆང་བམ་ཤོར་ནས་གསོལ་ཆང་ཆད་པས་ཐུགས་ཁྲོས་ནས་ད་ང་རྟ་རྫི་བཞག་ཡོད་པས་འོང་བ་ཡིན། ད་ང་རང་གཉིས་འཕྲད་རྒྱུ་ཡོད་པར་འདུག་ཟེར། བུ་མོས་ད་འཕྲད་རྒྱུ་ཡོད་ན་ལོག་མི་དགོས་པ་ཨེ་ཡོད་ཟེར། ལོག་མི་དགོས་པ་ཡང་མི་ཤེས། ཁྱོད་ཀྱིས་ཨ་མ་ལ་ང་ཡི་སྐྱེ་རྒྱུད་འདྲ་ཡིན་ཚུལ་ཤོད་དང་། འོག་ཏུ་འབོལ་གདན་སྟེང་དུ་ཐུལ་བ་རག་ཡོང་ཟེར་བ་བུ་མོས་སྨྲས་པ། ཁྱེད་མ་ཕེབས་བར་དུ་དེ་འདྲ་མི་འོང་བས་ང་རང་འདི་གས་ཆོག་ཟེར། དེར་ནམ་ཐོ་རངས་ཁར་ཁོ་སོང་ངོ་།།
བུ་མོ་དེའི་བསམ་པ་བདག་གི་ཡི་དམ་རྟ་མགྲིན་གྱི་བྱིན་རླབས་རེད་བསམས་ནས་ལྷ་ལ་དད་པ་དང་མོས་གུས་ཆེ་བར་བྱས་སོ། །དེར་རེ་ཞིག་ནངས་སྔ་མོར་ཡི་དམ་རྟ་མགྲིན་དེ་བྱོན་བྱུང་ནས་བུ་མོ་མ་ཉལ་ལོངས་ཤིག་གསུངས་པ་བུ་མོ་མགྱོགས་པོར་ (ཤོག་ ༡༨༢) ལངས། ཕྱག་འཚལ་མོས་གུས་དཔག་མེད་བྱས་སོ། །རྟ་མགྲིན་ཞལ་ནས་དེ་རང་དུས་བཟང་ཡིན་པས་སྔ་དྲོའི་ཆ་ལ་ང་ལ་མཆོད་པ་ཤོམས་ལ་ཕུལ། ཉི་མ་ཕྱེད་ཡོལ་ལ་ཁྱོད་ཀྱི་ལག་གཡས་ན་ཤ་རུས་བཟུང་། ཁ་ལ་གཡུ་ཆུང་འདི་ཆུག་ལ་ཅི་མ་ཟེར་བར་ལག་པས་ཤ་རུ་མ་ཤོར་བར་ང་སྤྱི་གཙུག་ལ་སྒོམ་ལ་སྡོད། གཡས་ན་རྟ་པ་དམར་པོ་བརྒྱ་ཙམ། གཡོན་ན་སྟོང་ཙམ་བཤར་འོང་དེ་དཀྱིལ་མི་ཆེ་བ་རི་རབ་ཙམ་ལ་སྡིག་པའི་མགོ་ཅན་གཅིག་བྱུང་བ། ཁང་པ་སྒོ་བསྡམས་ནས་དེའི་བད་ཁར་སྡོད་ལ་ང་སྤྱི་གཙུག་ཏུ་སྒོམས་ནས་སྡོད་དང་། ཁ་སང་ནས་ཟེར་བའི་མདོ་དོན་དེ་ཡིན་ནོ་ཟེར་མེད་སོང་། དེར་མོས་མཆོད་པ་བཤམས། གཡུ་ཆུང་ཁར་བཅུག །ལག་ཏུ་ཤ་རུས་བཟུང་། སྤྱི་གཙུག་ཏུ་ཡི་དམ་རྟ་མགྲིན་བསྒོམས་ནས་བསྡད་པས། ཡི་དམ་གྱི་རྟ་མགྲིན་རྟ་སྔོན་པོ་ཞིག་ལ་སྤྲུལ་ནས་ཆུ་མིག་ཁ་དེ་རུ་བསྡད་ནས། ཁོས་རྒྱབ་ཏུ་ཟངས་བུམ་གཅིག་ཁུར་ལག་ཏུ་སྐྱོགས་ཤིག་བཟུང་པང་ཁེབས་ཤིག་གི་ཁུར་གདན་བྱས་ནས་གླུ་ཆུང་འཐེན་ཞིང་བྱུང་ནས། བྲག་དམར་མཆོང་བྱས། ཤིང་རྩིའི་ཟིན་བྱས། བཙན་ལ་བྲག་ཕུག་སྐྱོ་སྐྱོ་འདྲ་བས་ཨང་། ཤ་རུའི་སྤོ་ཚེ་བྱས་པའི་མཁར་གྲུ་བཞི་ནང་ལ། སྨན་ཆུང་སླ་ང་སླང་ཆུང་། ང་སྐྱེ་སྐྱེ་འདྲ་ཟེར་བྱུང་བ་དང་། ཆུ་མིག་ཁར་སླེབས་པ་དང་། རྟ་མགྲིན་གྱི་སྤྲུལ་པ་དེས་གསུངས་པ། བུ་ཁྱོད་ཀྱིས་ལོ་ལྔ་བསྒྲུབས་པ་བས་ཚེ་སྔོན་བསོད་ནམས་བསགས་པའི་བུ་མོ་དེས་ཟླ་བ་ལྔ་ནས་ཡི་དམ་འགྲུབ་པར་གདའ། མི་ཁྱོད་ཡུལ་དུ་འགྲོ་ན་རྟ་མཆོག་ང་ལ་ཞོན་ལ་ཕྱིར་མིག་མ་ལྟ་བར་གྱིས་བྱས་ (ཤོག་ ༡༨༣) པ་དང་། ཁོ་དགའ་དྲགས་ནས་རྟ་ལ་ཞོན་ནས་སྐད་ཅིག་ནས་རང་ཡུལ་དུ་སླེབས་པ་གདའ། དེར་བཙན་གྱི་ཡུལ་ནས་ར་མདའ་རྟ་དམར་པོ་བརྒྱ་སྟོང་གི་དཀྱིལ་དུ་མི་དམར་པོ་རི་བོ་ཙམ་གཅིག་ལ་སྡིག་པའི་མགོ་ཡོད་པ་གཅིག་ཁོའི་མཁར་དེའི་རྩ་བ་ན་སླེབས་བྱུང་བ་བུ་མོ་དེས་རྟ་མགྲིན་སྤྱི་གཙུག་ལ་བསྒོམས་ནས་སྙིང་རྗེ་བསྐྱེད་ནས་སྨྲས་པ། ཁྱོད་ཚེ་སྔོན་ལས་ངན་བསགས་པའི་སྡིག་མགོ་ཅན། འཁོར་བ་མ་སྟོང་བར་དུ་དམྱལ་བའི་གཏིང་རྡོ་བྱེད་པ་སྙིང་རྗེ་བྱས་པའི་དེ་མ་ཐག་མེད་པར་སོང་། མོས་ཤ་རུས་བཟུང་བལྟས་པས་མཐོང་། གཞན་གྱིས་མ་མཐོང་ངོ་།།
དེར་མོ་སྟེང་ནས་མར་བབ་སོང་ནས་རྒྱལ་བུ་དེ་གཟིམ་ཆུང་ནང་ལ་སླེབས་འདུག །མོ་རང་ཤིན་ཏུ་དགའ་ནས་སྐེ་ལ་མཆོང་། ཨ་མ་ཡང་རྒྱལ་བུ་མཐོང་ནས་བརྒྱལ་ལོ། །ནང་མི་རྣམས་ཀྱིས་རྒྱལ་པོ་མཐོང་བས་ཕྱག་འཚལ་བསྐོར་བ་བྱས་ཡིད་སྤྲོ་ཐམས་ཅད་མཆི་མ་ཤོར། དེ་ཐམས་ཅད་ཀྱི་རྒྱལ་པོ་ཕེབས་པའི་དགའ་སྟོན་ལྷ་གསོལ་དཔག་ཏུ་མེད་པ་བྱས་སོ། །བུ་མོ་དེ་ལ་བུ་གསུམ་བུ་མོ་གསུམ་སྐྱེས་སོ། །མོ་ཡི་བསོད་ནམས་སྟོབས་ཀྱིས་ཡུལ་དེ་སྔར་བས་སྐྱིད་ཆེ་བར་བྱུང་ངོ་། །ཡུལ་དེའི་རྒྱལ་པོ་གཅིག་ཡོད་པ་རྒྱལ་བརྒྱུད་ཆད་ནས་རྒྱལ་སྲིད་གཉིས་ཀ་ཁོང་ཡབ་ཡུམ་གྱིས་བཟུང་ནས་སྐྱིད་དགའ་དགུང་དང་མཉམ་ཞིང་ཉིན་མོ་མཚན་མོ་ཀུན་ཏུ་དམ་ཆོས་སྐལ་བཟང་གིས་སྤྱོད་པས་སྐྱོང་བར་གདའོ། །རྒྱལ་བུ་བདེ་བྱེད་བཟང་པོའི་ཞལ་ནས་བུ་མོ་དེ་བསོད་ནམས་ཆེ་བ་ཡི་དམ་རྟ་མགྲིན་བསྒྲུབས་པའི་སྙིང་རུས་ཆེ་བ་བྱས་པས། རོ་ལ་གཏམ་ལན་བྱུང་བྱས་འགྲམ་ལྕགས་གསུམ་བརྒྱབ་ནས་སྔར་ལྟར་ཤོར་རོ། ། (ཤོག་ ༡༨༤) བུ་མོ་སླ་ང་སླང་ཆུང་ཚེ་སྔོན་བསོད་ནམས་བསགས་ནས། ཡི་དམ་རྟ་མགྲིན་བསྒྲུབས་པའི་ཡོན་ཏན་གྱིས་སྲིན་པོའི་ཁ་ནས་ཐར་ཞིང་བྱ་ཕོ་ཚ་ལུ་བཙན་གྱིས་བསྐུས་པ་བླངས་ནས་ཐོན་པའི་ལེའུ་སྟེ་སོ་གཅིག་པའོ།། །།

ཡང་རྒྱལ་བུས་ཤིང་སྡོང་དེའི་རྩར་ཕྱིན། རལ་གྲི་དེས་བཙགས་པས་བརྒྱབ། བླ་མ་ཀླུ་སྒྲུབ། ང་རང་། དྲ་བ། ཏོག་མ། ཞགས་པ། རལ་གྲི། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེས་བབས་བྱུང་སྟེ་ཏོག་མ་དེས་བརྡུངས། དྲ་བའི་ནང་དུ་གཞུག །ཞགས་པས་བསྒྲོགས་ཁུར་ནས་ཡོང་ངོ་། །ཡང་གོམ་པ་བདུན་ཚོད་ཕོག་པའི་སར། རྒྱལ་བུས་ལམ་ཐག་འདྲ་སྟུང་བྱས་པས། རྒྱུས་ཡོད་བསམས་ཁ་རོག་ཡོང་བས། རྒྱལ་བུ་ལས་ཟད་ཁ་རོག་ཁྱོད། རོ་ངས་སྒྲུང་བྲ་བའི་སྲན་མ་ཙམ་གྱིས། ཉོན་ཨང་ཟེར་བ། ལུང་པ་ཆེན་པོ་གཅིག་ན་རྒན་རྒོན་གཉིས་ཡོད་པར་འདུག །དེ་ལ་བུ་མོ་མཁྲོ་མའི་མཚན་ལྡན་པ་གཅིག་ཡོད་པར་གདའ། དེ་ལ་སྐྱབས་འགྲོ་ཆོས་སྤྱོད་རང་ལྡན་པའང་འདུག །ཆས་ཀ་རྣམས་ཨ་མས་བསྐྱེས་ནས་དྲངས་ནས་ཡོད་པར་གདའ། ནང་གཅིག་ཏུ་སོང་བ་དང་སྲིན་པོ་གཅིག་གིས་བུ་མོ་སློང་བ་ཡིན་པར་འདུག །སྲིན་པོས་མི་གཞོན་གཅིག་ཏུ་སྤྲུལ་གོས་སྐྱ་ཕྲུག་གོན། མདའ་གཞུ་ལག་ཏུ་ཁུར་བ་གཅིག་བྱས་ཡོང་བ་ཡིན་པར་འདུག །ཁོས་རྒན་རྒོན་གཉིས་ལ་ཁྱོད་ཀྱི་བུ་མོ་འདི་ང་ལ་སྟེར་དགོས་བྱས་པ་ཡིན་པར་འདུག །ངེད་རང་གཉིས་ལ་བུ་མོ་འདིའི་མིང་ཤེས་ན་བྱིན་པས་ཆོག་བྱས་པ་ཡིན་པར་གདའ། མིང་མི་ཤེས་ན་མི་སྟེར་བྱས་པས། ཁོ་ལོག་སོང་ངོ་། །(ཤོག་ ༡༨༥)
ཉིན་གཅིག་ཏུ་སོང་བ་དང་། ཁོས་ཕྲག་པ་གཡས་ན་རྟ་རོ་གཅིག་བཀལ་གཡོན་ན་མི་རོ་གཅིག་བཀལ། བྱི་སྦའི་རོ་གཅིག་ཁ་ལ་ཁུར་བྱས། ཡོ་ག་ཡོག་ཅིང་ཡོང་བ་ལ། ཝ་མོ་གཅིག་འདུར་འདུར་བྱུང་སྟེ། ཨ་བོ་སྲིན་པོ་ང་ལ་ཤ་གཅིག་སློངས་དང་བྱས་པས། ཤ་བྱིན་པས་ཆོག་ཁྱོད་ཀྱིས་ལུང་པ་མདའི་རྒན་རྒོན་གཉིས་ཀྱི་བུ་མོའི་མིང་ཤེས་པ་གྱིས་ཤོག །ཁྱོད་ལ་ད་རུང་ཤ་སྟེར་བྱས་པ་དང་། ཝ་མོས་ལུང་པ་མདའི་རྒན་རྒོན་གཉིས་ཀྱི་བུ་མོའི་མིང་ལ་ཅི་ཡིན་ཉན་བསྡད་པས། དགོང་མོའི་ཆ་ལ་ལབ་ཅི་ཡང་མི་ཟེར། སང་ཉི་མ་ཤར་བའི་དུས་སུ་ཨ་མ་དེས་བུ་མོ་སོ་ཁ་འདི་ལི་སྨན་བཞིན་ལ་ཆས་ཀ་བྱེད་པ་ལ་ཤོག་བྱས་པ་དང་། ཝ་མོ་དེས་གོ་བར་ཐོས་སོ་བྱས་ནས་ཕྱིར་འོང་བ་དང་། སྲིན་པོ་ཡི་ཁོ་སྒུག་འདུག་སྟེ། ཝ་མོ་ཁོའི་རྩར་སླེབས་ལ་ཁད་པ་དང་། གྲི་རྡོ་གཅིག་ལ་རྒྱང་སྟེ་མཆོང་པས། མོའི་མིང་རྗེད་དེར་འགྲམ་པ་ཕར་འཆང་ཚུར་འཆང་ཁ་ཡར་བྱེད་ཀྱི་བསྡད་པས། སྲིན་པོས་ཝ་མོ་ལ་ཡར་ཤོག་གང་བྱེད་ཀྱི་ཡོད་བྱས་པ་དང་། ད་རེས་ཀྱིས་མིང་ཤེས་ཀྱི་ཡོད་པ་ཡིན་ཏེ། མིང་དེ་ལམ་ནས་རྗེད་དོ་བྱས་པ་དང་། ད་རུང་ཤ་འདི་ཟོ་ལ་ཉོན་ཤོག་བྱས་པ་ཡིན་པར་གདའ།
ཡང་ཝ་མོས་ཤ་ཟོས་ད་རུང་ཉེས་འོང་བྱས་པ་ཡིན་པར་གདའ། སྔར་བཞིན་གཡག་ཤིང་རུ་ཉལ་ཕག་ཉན་བྱས་པས། ནམ་ལ་གླེང་མོ་མི་འདུག །སྔ་དྲོ་ཉི་མ་ཤར་བ་དང་། ཨ་མས་བུ་མོ་སོ་ཁ་འདི་ལི་སྨན་བཞེངས་ལས་ཚ་ཆས་ཀ་བྱེད་པར་བྱོན་བྱས་པ་དང་། (ཤོག་ ༡༨༦) རྗེད་ཀྱི་དོགས་ནས་བུ་མོ་སོ་ཁ་འདི་ལི་སྨན་ཟེར་གྱིན་ཕྱིན། ཁོས་གྲོགས་པོའི་མཁར་ཚུར་ངོས་ན་སླེབས་འདུག་སྟེ། བུ་མོ་སོ་ཁ་འདི་ལི་སྨན་ཟེར་ཁོས་རྩར་སླེབས་པར་ཡིན་པར་གདའ། དེ་ཁོས་གསེར་གཡུ་མང་པོ་ཁྱེར་བུ་མོ་སློང་དུ་ཕྱིན་པ་དང་། དེར་རྒན་རྒོན་གཉིས་ལ་གསེར་གཡུ་མང་པོ་བྱིན་ནས་ཁྱོད་ཀྱིས་བུ་མོ་འདི་ང་སློང་བྱས་པས། རིན་གསེར་གཡུ་དགའ་ཁ་སང་ནས་ངའི་བུ་མོའི་མིང་ཤེས་ན་སྟེར། གཞན་བུ་མོ་མི་སྟེར་རོ་བྱས་པ་དང་། མིང་མ་ཤེས་ན་སྟེར་མ་བྱས་པས། མིང་ཤེས་ན་སྟེར་ཟེར། མིང་ལ་བུ་མོ་སོ་ཁ་འདི་ལི་སྨན་ཟེར་བ་ཡིན་བྱས་པ་དང་། འོ་ན་བུ་མོ་སྟེར་དགོས་ཟེར། རྒན་རྒོན་གཉིས་ངོ་ནག་ལོང་ངེར་སོང་ངོ་། །བསུ་བར་ཤོག་ཟེར་ནས་ཁོས་བསུ་བ་ལ་ཡོང་ངོ་།།
བུ་མོ་བསུ་བ་ལ་རྟ་མེད་པ་ཨེ་ཡིན་བྱས་པ་དང་། རྟ་ཁ་སང་ཁྱེར་རྒྱུ་མེད་ཟེར་མི་འདུག་བྱས་པ་དང་། ད་རྐང་ཐང་ལ་འགྲོ་དགོས་བྱས་པས་ངེད་རང་གི་བུ་མོ་རྟར་བསྐྱོན་བཏང་ཟེར་རོ། །ཁྱེར་རང་རྟ་འཕངས་ཁྱེར་བ་མིན་པ་མི་དགོས། རྟ་མི་དགོས་ཟེར་རོ། །བུ་མོས་ན་རེ། རྒན་རྒོན་གཉིས་ནས་མངགས་པ་ལྟར། འགྲོ་བའི་གྲབས་བྱས་པ་ཡིན། དེར་ཅང་ཤེས་རྟ་ལེགས་པོ་གཅིག་ཡོད་པའི་རྩར་ཕྱིན་པ་དང་། རྟ་ཕོ་དེས་ན་རེ། བུ་མོ་བསྡད་ཀྱང་སྲིན་པོ་ཁོས་ཟ་བ་ལས་མེད། ད་རེས་བུ་མོ་ཕྱིན་པ་དྲག་ཟེར་ནས་འབྲུ་བདུན་པོ་འདི་སྐེད་ལ་ཐོགས། དགོས་པའི་དུས་ཤིག་ཡོང་། དེ་དུས་ནས་ (ཤོག་ ༡༨༧) འབྲུ་བདུན་པོ་འདི་འཐོར་ལས་གཏོར་བས་ཁྱོད་རང་ཐར་བར་ཡོད། ད་རེས་རྒྱུགས་ཟེར། བུ་མོ་དེ་ཁོ་ཡི་རྗེས་ལ་འཕྲལ་དུ་བརྫངས་སོ།།
ལུང་པའི་མདའ་རུ་སླེབས་པ་དང་ལུག་མགོ་དེ་འདྲ་གཅིག་ཁོས་ཞོན་ཏེ། རྒྱབ་ཏུ་ཞོན་ཅིག་ཟེར་རོ། །དེར་བུ་མོས་མི་ཞོན་ཀ་མེད་བྱུང་ནས་ཞོན་ནོ། །ལམ་གསུམ་འདུག་པའི་ལམ་ཕྲ་ཟེའི་རིང་བ་གཅིག་ལ་ཕྱིན་པ་དང་། མཁར་ལྕགས་མཁར་དགུ་གནམ་ལ་རེག་པ་ཙམ་འདུག །དེའི་ནང་ལ་ཡར་ཕྱིན་པ་དང་། བཟའ་བཏུང་ལོངས་སྤྱོད་མང་པོ་འདུག །དེར་ཁོས་ནི་ཉིན་རེ་བཞིན་འགྲོ་དགོས་ཀྱི་འདུག་པ་དང་། ཁྱོད་ཉིན་རེ་བཞིན་འགྲོ་ན་ང་སྐྱོ་འདུག་བྱས་པས། ཉིན་གཅིག་ཁྱི་གུ་གཅིག་དང་ཟན་གོང་གཅིག་བཞག་གོ །ཉིན་གཅིག་ཁྱི་གུའི་ཟན་གོང་ཟོས་སོང་ངོ་། །དགོང་མོར་སོང་བ་དང་ཟན་གོང་གིས་ཁྱི་གུ་ཟོས་སོང་ངོ་། །ཉིན་གཅིག་ཏུ་སོང་བ་དང་། རོས་ཚེས་རྩ་ཆུན་ཟོས། དགོང་མོ་རྩྭ་ཆུན་གྱིས་རེའུ་ཟོས་མི་རྟག་པའི་བརྡ་བསྟན་པར་གདའ། ཉིན་གཅིག་ཏུ་སོང་བ་དང་ལྡེ་མིག་འཆང་པ་གང་མོ་ལ་བཞག་པ་ཡིན་པར་འདུག །མིག་འཕྲུལ་གྱིས་སྒོ་ཚོ་ཕྱེས་པ་དང་། བུ་མོས་མིག་འཕྲུལ་ལ་ལར་དགུན་ཆུ་འཁྱགས་པ། ལ་ལར་ཞིང་འདེབས་པ། ལ་ལ་ལོ་ཐོག་སེར་ཚོམ་ཡོད། སྒོ་ལ་ལ་ནས་བལྟས་ནས་ཡུར་མ་བྱེད་པ། ལ་ལ་ནས་རྔ་བ་སོགས་སྐད་ཅིག་ཉིད་ལ་བྱེད་པ། མི་འཕྲུལ་མང་པོ་བྱེད་པ་འདུག །སྒོ་ནག་པོ་དྲེག་པ་ཚོམ་མེ་བ་གཅིག་འདུག་པ་ལྡེ་མིག་གིས་ཕྱེས་ཀྱང་མ་ (ཤོག་ ༡༨༨) འབྱེད་སོང་། སིང་པོ་གཅིག་བཏུང་ནས་གན་རྐྱལ་ཉལ་ནས་བསྡད་པས། གདུང་སྲུབ་ནས་མཐོང་སྟེ། ལྡེ་མིག་དེ་བླངས་ནས་སྒོ་ཕྱེ་བ་དང་། དེའི་ནང་ཡར་གནས་ན་རྒན་མོ་སྙོལ་སྙོལ་བ། གཡོག་ན་ཕར་དབུགས་ངར་ངར་པོར་འགྲོ་བ་མང་པོ་འདུག་པ་བལྟས་པ་དང་། རྒན་མོས་ནག་མོ་བསོད་ནམས་ཡོད་པ་དེ་འདྲ་བ་སླེབས་སམ་ཟེར། བུ་མོས་དེར་གང་ལ་ཟེར་བྱས་པས། ཁྱོད་འདྲ་ལས་ལྷག་པ་ངེད་ཚོ་ལ་ཡང་བྱས། རྒས་ནས་རོ་འདི་ཚོ་ཨེ་མཐོང་། གཞོན་དུས་ཆུང་མ་བཅོལ། རྒས་ནས་ངེད་ཚོ་དང་འདྲ་ཟེར་བས། མོ་ལ་ཐབས་ཡོད་མ་བྱས་པས། ཁྱོད་ལ་ད་རེས་ལྡེ་མིག་འདུག་པས་བསོད་ནམས་ཆེ། ངེད་ཚོ་ལ་ལྡེ་མིག་འཇོག་གི་མེད། ད་ཁྱོད་རང་རྒན་མོ་ཕ་གིས་ཕྱི་ནས་འཐེན་དང་། འདིའི་གསེར་གཡུ་ཐམས་ཅད་ཐོགས་ལ་རྒན་མོའི་ལྤགས་པ་གོན་གོས་ཧྲུལ་རྣམས་ཀྱང་གོན། ལུང་པ་མདའ་མ་ཀི་ན་ཆོས་ཀྱི་རྒྱལ་པོ་གཅིག་ཡོད། དེ་ག་ལ་གཏོད་ལ་རྒྱུགས་ཟེར་རོ།།
བུ་མོ་དེ་དགའ་ནས་གསེར་གཡུ་རྣམས་བཏགས་རྒན་མོའི་ལྤགས་པ་གོན། སྟེང་དུ་གོས་ཧྲུལ་པོ་གོན། སྒོ་དེ་བཅད་དེ་སྟོང་ནས་ཁུར་ནས་མདའ་ལ་མར་ཕྱིན་ནོ། །དེར་སྲིན་པོ་སླེབས་ནས་ནང་དུའང་བོས། དེར་མོ་མི་འདུག་པ་དང་། དེར་ཁོས་ལུག་མགོ་དེ་ལ་ཞོན་ནས་མོ་ཡི་རྗེས་ལ་བརྒྱུགས་སོ། །སྐད་ཅིག་ལ་བུ་མོ་དེའི་རྩར་སླེབས་པ་དང་། རྒན་མོ་འདི་ན་མར་ལ་བུ་མོ་གཅིག་སོང་བ་ཨེ་མཐོང་ཟེར་བ་དང་། མ་མཐོང་ལགས་བྱས་པ་དང་། མོ་སྐྲག་ནས་མོ་འགྱེལ་ལོ། །མོ་འགྱེལ་བ་ (ཤོག་ ༡༨༩) དང་ཁྲོག་ཏིང་ཟེར་བ་བྱས་པས། ཁྱོད་ཀྱིས་ཁྲོག་ཁྲོག་ཟེར་བ་དེ་གང་ཡིན་བྱས་པ་དང་རྒན་རྒོན་རུས་པ་ཁྲོག་པས་ཡིན་བྱས་པ་དང་། ཁོ་སོང་སྟེ། ཡང་ཁྲོག་ཏིང་བྱུང་སྟེ་ཁྱོད་ཀྱི་ཁྲོག་ཁྲོག་དེ་གང་ཡིན་ཟེར། རྒན་འཁོགས་རུས་པ་ཁྲོག་པ་ཡིན་པར་འདུག་བྱས་པ་དང་། ལན་གསུམ་འཕྲད་པའི་གཏིང་མ་བུ་མོ་དེ་རྒྱལ་པོ་དེའི་ཞིང་གི་ལོ་ཏོག་གསེབ་ཏུ་གབ་བསྡད་དོ། །རྒྱལ་པོས་སྐུ་མཁར་སྟེང་ནས་ལོ་སྲུང་བས་འོ་དོད་བརྒྱབ་པས་མོ་ཡིས་མ་ཐོས་པས་མར་ཐོན་ནས་མོ་ཡི་རྩར་ཡོང་བ་དང་། རྒན་མོ་རྒས་ཤིང་འཁོགས་པ་འཁར་བ་ལ་བརྟེན་པ་གཅིག་འདུག་སྟེ། རྒན་མོ་ཁྱོད་ག་ནས་ཡོང་བ་ཡིན་བྱས་པ་དང་། ངེད་ཕུ་ཡ་གི་ནས་ཡོང་བ་ཡིན་ལགས། འདི་ནས་ཆུ་ལེན་རྔོ་འཐག་མཁན་འདྲ་ཨེ་ཡོང་ལགས་བྱས་པས། ཡོས་རྔོ་ཆུ་ལེན་ཁྱོད་ཀྱིས་ཨེ་འཕེར་བྱས་པ་དང་། ལྡོག་འཁྱགས་ཀྱིས་ཁྱེར་བ་ཡིན་པས་ལོས་འཕེར་ལགས་བྱས་པ་དང་། འཕེར་ན་མཁོ་ཟེར་ཁྲིད་དོ། །དེར་ནང་དུ་སླེབས་པ་དང་བུ་མོ་དེ་ལ་ཆུ་ལེན་ཐལ་ཕྱག་བཅོལ་ལོ། །
ནང་གཅིག་ཏུ་སོང་བ་དང་མོ་ཆུ་ལེན་ལ་སོང་བ་དང་། རྟ་རྫི་གཅིག་གི་རྟ་ཆུ་བླུད་དུ་ཕྱིན་པ་དང་། མོས་ལྤགས་པ་ཕུད་ནས་ཤིད་ཐུ་བ་དང་ཐུག་སྟེ། བུ་མོ་མཚར་སྡུག་ལ་འོད་ཆགས་པ་གསེར་གཡུ་རིམ་པ་མང་པོས་ཁོས་བརྒྱན་པ་མཐོང་བ་དང་། མགྱོགས་པར་ནང་དུ་བརྒྱུགས་ནས་རྒྱལ་པོ་ལ་ཞུས་སོ། །རྒྱལ་པོས་གསུངས་པ་ལ་བུ་མོ་ཚུར་སླེབས་པ་དང་། རང་རེ་དཔོན་གཡོག་ཚོ་ལ་མོས་རྫུན་ཡིན་པར་ (ཤོག་ ༡༩༠) འདུག་གསུངས་ནས་དེར་མོ་ནང་དུ་སླེབས་བྱུང་བ་དང་། རྟ་རྫི་དེ་དང་གཡོག་གཅིག་གཉིས་རྩེད་མོར་བསྙད་ནས་རྒན་མོ་ལ་ཕར་འཐེན་ཚུར་འཐེན་བྱས་པ་དང་། དེ་མོ་ཡི་གོས་ཧྲུལ་དེ་རྣམས་དང་ལུག་ལྤགས་རྣམས་ཐེ་གཏོར་དགུ་གཏོར་ལ་བཏང་། དེར་རྒྱལ་པོ་ཕེབས་པ་དང་བུ་མོ་མཚར་སྡུག་འོད་ཆགས་པ་གཅིག་འདུག་གོ །རྒྱལ་པོས་བུ་མོ་ལ་ཁྱོད་འདི་འདྲའི་རྫུས་རྟགས་བྱས་ཅི་ཡིན་གསུངས་པས། བུ་མོས་གང་གི་ལོ་རྒྱུས་རྣམས་ཞུས། ངའི་ལྤགས་པ་འདི་ཞག་གཉིས་མ་འཕྲལ་ན་དགའ་བ་ཡོད་པ་ཡིན་ཏེ་ཞུས་པ་དང་། རྒྱལ་པོས་ན་རེ། བུ་མོ་ཁྱོད་ནང་དུ་སྡོད། ལུང་པའི་སྲིན་པོ་དེས་སྐྱོན་མི་ཡོང་ཟེར། སྐྱོ་མི་ཡོང་ན་གོ་བཅད་ལགས་ཟེར་རོ།།
མོས་རྒྱལ་པོའི་བཙུན་མོ་བྱས་ལོ་འགའ་ཞིག་སོང་བ་དང་། བུ་མོ་དེ་ལ་ལུས་པོ་གཅིག་བྱུང་ངོ་། །ལུས་པོ་མ་སྐྱེས་ཙམ་ལ་རྒྱལ་པོ་ཆེན་པོ་དེས་དཔོན་གཡོན་མང་པོ་བྱས་འབྱར་མཐོང་བྱོན། རྒྱལ་པོ་བྱོན་པའི་ཤུལ་དུ། བུ་མོ་དེ་ལ་བུ་རོ་སྟོད་གསེར་ལས་བྱས་པ། རོ་སྨད་དངུལ་ལས་བྱས་པ། སྐེད་པ་དུང་ལས་བྱས་པ། སྤྱན་ཁྲ་བོ་གཟི་ལས་བྱས་པ་གཅིག་སྐྱེས་སོ། །དེར་བློན་འབངས་རྣམས་ཤིན་ཏུ་དགའ་ནས་རྒྱལ་པོ་ལ་ཞུ་བ་བཏང་ངོ་། །རང་རེའི་བཙུན་མོ་འདི་ལ་བུ་རོ་སྟོད་གསེར་ལས་བྱས་པ། རོ་སྨད་གཡུ་ལས་བྱས་པ། སྐེད་པ་དཀར་པོ་དུང་ལས་བྱས་པ། སྤྱན་མིག་ཁྲ་བོ་གཟི་ལས་བྱས་པ། སྲས་ཁྱད་འཕགས་གཅིག་འཁྲུངས། ངེད་རང་ཚོ་ཡང་ལེགས་པོ་ཡོད་ལས་ཆེ། མགྱོགས་པར་ཕེབས་པ་ཞུ། ཟེར་བའི་བང་ཆེན་བཏང་ངོ་།།
(ཤོག་ ༡༩༡) བང་ཆེན་པ་དེ་ལ་ཆེན་པོ་ལ་སོང་བ་དང་། ལ་རྩེ་དེ་ལ་སྲིན་པོ་དེས་ཡོ་ག་ཡོག་གིན་བསྡད་འདུག་པ་དེ་བྱོན་ནམ་བྱས་པས་འོ་ལགས་སོ། །སྐུ་ཁམས་བདེ་འམ་ཞུས་པ་དང་། ཁྱོད་གར་འགྲོ་དྲིས་པས། དེ་ངེད་ཀྱི་དཔོན་མོ་སོ་ཁ་འདི་ལི་སྨན་ལ་སྲས་ཁྱད་འཕགས་གཅིག་འཁྲུངས་པའི་བང་ཆེན་ལ་འགྲོ་བ་ཡིན་བྱས་པས། ཁྱོད་རྒྱུག་པ་ལྟོགས་པ་ཡོད་འགྲོ། ངོམ་གཅིག་ཟོ་ཟེར་ཏེ་བང་ཆེན་པ་དེར་གྲོ་གཅིག་བྱིན། ཟ་མ་ཟ་བའི་བར་ལ་ཡི་གེ་རྣམས་བརྗེས་ནས། རྒྱལ་པོའི་དྲུང་དུ་ངེད་འབངས་འཁོར་རྣམས་ཀྱིས་ཞུ་བ། རང་རེའི་བཙུན་མོ་འདི་ལ་བུ་རོ་སྟོད་བོང་བུའི་གཟུགས་ལ། སྤྲེའུའི་མགོ་ཡོད་པ་གཅིག་ལྟས་ངན་པ་སྐྱེས་བྱུང་བ་འདི་གང་འདྲ་བྱེད་རྒྱུ་ཡིན་ཟེར་བ་སྲིད་པོས་བྲིས་སོ།།
དེར་བང་ཆེན་པས་རྒྱལ་པོའི་སྤྱན་སྔར་ཡི་གེ་ཕུལ་བ་དང་། རྒྱལ་པོས་ཡིག་ལན་མཛད་པ། རང་རེའི་བློན་འབངས་རྣམས་ལ་སྤྲིངས་པ། ངེད་རང་གི་བུ་མོ་དེ་ལ་ཕྲུ་གུ་གང་སྐྱེས་ཀྱང་ང་རང་མ་སླེབས་བར་དེ་ཀ་ལ་ཞོག་ཟེར་བ་བྲིས་ཀྱང་། བང་ཆེན་པས་ཚུར་ཡོང་བ་དང་། སྲིན་པོ་དང་ཐུག་ནས་ཡི་གེ་བརྗེས་ནས། རང་རེའི་སྐྱེས་པ་རྣམས་ཀྱིས་གོ་མཚོན་སྤྲོད། བུ་མོ་དེ་རྣམས་ཀྱིས་ཐལ་བ་ཁྱེར་ལ། ལ་དེ་རྒོལ་ངང་སླེབས་གདོང་དུ་མེད་པ་གྱིས་བྱས་ཁོ་ལ་བསྐུར་རོ། །དེར་ཁོ་ཡུལ་དུ་སླེབས་པ་དང་། རང་རེའི་ཡི་གེ་ཀློག་པ་དང་བུ་མོ་ལ་ལས་འདི་ཐོན་ཟེར་འདུག་པ་དང་། མངའ་འོག་རྣམས་ཀྱིས་མི་མ་དགའ། ཡིན་ཡང་རྒྱལ་པོའི་བཀའ་བཅག་པ་མེད་པས། བུ་མོ་དེ་བོང་ (ཤོག་ ༡༩༢) བུ་ག་དམར་གཅིག་ལ་སྐྱོན་ལུང་པའི་མི་རྣམས་ཀྱིས་བརྡས་ནས། ལ་རྒྱབ་དེ་ལ་ཡར་བསྐྱལ་ལོ། །བུ་མོ་དེ་ལ་ཁ་རུ་སླེབས་པ་དང་། སྲིན་པོ་ཁོ་སླེབས་འདུག་སྟེ། འོ་ན་བུ་མོ་ཁྱེད་ཕེབས་སམ་ཟེར། བུ་མོས་ཕེབས་ལགས་བྱས་པ་དང་། གདོན་བུ་ད་སྟོན་དང་ཟེར། དེ་ཁོས་ལག་ཏུ་བླངས་སྔར་འདི་འདྲའི་ལེགས་པ་ཟ་མ་མྱོང་ཟེར་གྱུར་མིད་བྱས་སོ། །བུ་མོ་ཁྱོད་ལྟོགས་ཀྱི་ཡོད་ཟེར་འགྲང་གཅིག་བྱིན། དེར་བུ་མོར་སྲིན་པོས་སྨྲས་པ། བུ་རོ་སྟོད་གསེར་ལས་བྱས་པ་དེ་ང་ཡི་གསེར་ཚོ་བརྐུས་པས་བྱུང་། རོ་སྨད་གཡུ་ལས་བྱས་པ་དེ་ང་ཡི་གཡུ་ཁྱེར་བས་བྱུང་བ་ཡིན། སྐེད་པ་དུང་ལས་བྱས་པ་དེ་ང་ཡི་ཁྱོད་ལ་སེམས་དཀར་བས་བྱུང་བ་ཡིན སྨིན་མ་གཟི་ལས་བྱས་པ་དེ་ང་ཁྱོད་གར་འདུག་བལྟས་པས་བྱུང་བ་ཡིན། ད་ཁྱོད་ཟ་རྒྱུ་གཅིག་ཡོད་དེ་ང་ཡི་མགོ་ལ་སྲོ་མ་འཐུ་རོགས་བྱས་སྙིང་རྗེ་བ་ལ་ཟེར་རོ། །མོའི་མགོ་ལ་སྲོ་མ་འཐུས་ཀྱིན་བསྡད་པས། དེར་བུ་མོས་བསམ་བློ་གཅིག་བཏང་བ་དང་། ང་ལ་འདི་ལས་གདུག་པ་གཅིག་མི་ཡོང་བསམ། སྐེ་ཡི་ནང་འབྲུ་བདུན་པོ་དེ་གཏོར་ནས་ང་ཡི་ཅང་ཤེས་ཀྱི་རྟ་བྱས་པ་དང་རྟ་ཀྲོང་ངེར་སླེབས་བྱུང་སྟེ། ཁོ་ཡི་མགོ་ཡི་འོག་ཏུ་ག་ལེར་སྟེང་གོས་གཅིག་བཞག་ནས། རྟ་དེ་ལ་ཞོན་ནས་བྲོས་སོ།།
སྲིན་པོ་དེའི་ནང་ནས་རྟ་ (ཤོག་ ༡༩༣) ལེན་དུ་ཕྱིན་པ་དང་། ཁོང་མི་རྟ་གཉིས་མིག་གིས་མ་མཐོང་། བུ་མོ་དེ་སྔར་མིག་གིས་མ་མཐོང་བའི་ས་སྟོང་རྒྱང་རིང་པོ་ཞིག་ལ་སླེབས་པ་དང་། རྟ་དེ་ཤིའོ། །དེར་མོ་ངུས་པ་དང་། ཁ་བ་བུ་ཡུག་འཚུབ་བྱུང་སྟེ། རྟ་དེས་བུ་མོ་ལ་སྨྲས་པ། ངུ་བའི་ལུགས་ཀྱི་ཁྱོད་འཁྱགས་པའི་རིན་འཆི། ད་ཁྱོད་ལ་སྐྱིད་པོ་ཡོང་གིས། ཁྱོད་རང་ང་ཡི་རོ་འདི་ཧེ་ཧེ་བགྱིས་ནས་བཤུས་ན་ཉི་མ་དྲོ་པོ་ཡོང་། ལྤགས་པ་འདི་བཤུས་ལས་ཐོང་འདི་ཁ་ལ་ཁྲོམ། ཀླད་པ་འདི་ཐོན་ནས་ལས་ཕུ་ཡི་བྲག་ཡ་གིས་མགོ་ལ་སྤུངས། སྤུ་ཚེ་ཐོགས་ལ་རི་འདི་ལ་གཏོར། མགོ་བོ་ལྤགས་པའི་དཀྱིལ་དུ་ཞོག །སྙིང་དང་མཁལ་མ་གཉིས་པོ་མགོ་བོའི་རྩ་ལ་ཞོག །སུག་ལག་བཞི་ཟུར་བཞི་བླངས། སྒྱུ་མ་རྣམས་ཀྱིས་ལྤགས་པའི་མཐར་བསྐོར་ཏེ། མིག་གཉིས་པོ་ལྤགས་པའི་ཁུང་དུ་ཞོག །གློ་སྙིང་ཐམས་ཅད་ནང་དུ་ཞོག་ཟེར་ཁོ་ཤིའོ། །བུ་མོ་ངུས་པས་ཁ་ཆར་བབས་བྱུང་། བུ་མོ་ངུ་འཕྲོ་ལ་ཧ་ཧ་ཟེར་བཤུས་པས་ཉི་མ་དྲོ་པོ་བྱུང་ངོ་། །རྟས་གང་ཟེར་བ་དེ་བཞིན་བྱས། བུ་མོ་ཐང་ཆད་གཉིད་དུ་སོང་བ་དང་། དར་གཅིག་ནས་གཉིད་སད་པས་དེར་ཁྱི་སྐད་གཅིག་ཆོམ་ཆོམ་འདུག །ཧད་དེ་ལངས་པ་དང་། ལུང་པ་དེའི་ཕུ་ལ་གངས་དང་ཆར་པ་ (ཤོག་ ༡༩༤) བབས་མདའ་ན་གཤོང་ཞིང་ཡོད་པ། བར་ན་རྩྭ་ཁ་གཡུའི་གཞོང་པ་འདྲ་བ་ཡོད། སྐུ་མཁར་གྲུ་གང་གནམ་ལ་རེག་པ། གྲུ་གང་ས་ལ་རེག་པ་གཅིག་ཡོད་པའི་མཐའ་ལ་ལྕགས་རེགས་འབོས་དང་བཅས་ཡོད་པ་ཕྱོགས་བཞི་ན་ལྕོགས་བཞི་ཡོད་པ། དེའི་ནང་དུ་ཕྱིན་པ་དང་མི་མང་པོ་སྡོད་མཁན་འདུག་པས། དཔོན་མོ་ཕྱག་ཕེབས་ཟེར་གྱི་འདུག་གོ།
མོ་ཡིན་གློ་བའི་ཡོན་ཏན་ཡིན་པར་འདུག །ཁྱི་གཉིས་པོ་མཁལ་མཆིན་ཡིན་པར་འདུག །སྒོ་དེའི་ཕྱི་ན་རྟ་སྔར་གྱིས་རྟ་གཞན་པ་གཅིག་འདུག་པ་སྙིང་གི་ཡོན་ཏན་ཡིན་པར་འདུག །གྲོང་ཁྱེར་དེའི་ཕར་ཚུར་གཉིས་ནས་ཆུ་མིག་རེ་རེ་ཡོད་པ་མིག་གིས་ཡོན་ཏན་ཡིན་པར་འདུག །གློ་མཆིན་གཉིས་ལ་ཤ་མར་གྱི་རྩིག་པ་ཡིན་པར་འདུག །མཁྲིས་པ་ནང་དུ་ཡོད་པའི་སྟོབས་ཀྱིས་གསེར་གཡུ་ལ་སོགས་ནོར་ཁྱད་འཕགས་སྣ་ཚོགས་པ་འདུག་གོ །གྲོད་པ་ཐང་ལ་བཀྲམ་པ་དེ་ནེའུ་གསིང་ཡིན་པར་འདུག །ཀླད་པ་ཕུ་རུ་ཆགས་པས་གངས་རི་ཀ་བ་བཙུགས་པ་འདྲ་བ་ཡིན་པར་འདུག །སྤུ་ཚོ་རི་ལ་གཏོར་བས་རྩི་ཤིང་དགོས་འདོད་འབྱུང་བ་ཡིན་པར་འདུག །བུ་མོ་དེས་དཔོན་མོ་སྐྱིད་པོ་བྱུང་ནས་ལོ་གསུམ་སོང་བ་དང་། བུ་མོ་དེས་ཁྱོ་ཕོ་རྒྱལ་པོ་དེས་ཉུག་པ་ཡིན་པར་གདའ། (ཤོག་ ༡༩༥) བུ་མོ་དེས་ཉག་ཅིག་ཏུ་ཕོ་བྲང་དེས་རྩེ་ལ་བསྐོར་ར་ལ་ཕྱིན་པས། སྔར་གྱི་ཡོང་ཕྱིས་མི་ཡོང་བའི་ལམ་དེ་ལ་རྟ་པ་མང་རབ་གཅིག་བྱུང་བ་དང་། བུ་མོས་རྟ་ཞིག་ལེགས་པོ་བྱས་པས། སྔར་རྒྱལ་པོ་ཡིན་པར་ངོ་ཤེས་ནས་སྐས་རིང་རྣམས་ལ་བབས། རྐས་ཐུང་རྣམས་ལ་མཆོང་གིན་ཕྱིན་ནས་རྒྱལ་པོའི་རྩ་ནས་བུ་མོ་སླེབས་དགའ་དྲགས་ནས་ངུས་རྒྱལ་པོ་ལ་འཆང་། རྒྱལ་པོས་མཆི་མ་ཕྱུང་བུ་མོ་ལ་འཆང་ངོ་།།
དེར་གང་གི་གླེང་མོ་རྣམས་རྒྱལ་པོ་ལ་ཞུས། རྒྱལ་པོ་ན་རེ་ཁྱོད་བདེན་པར་འདུག །ད་དེ་འདྲ་གང་ནས་ཟེར་གསུངས་སོ། །བློན་པོ་དེ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་པ་གྱིས་མིས་གོ་མ་ཆོད་པ་ཡིན་པར་འདུག །དཔོན་མོ་ཁྱེད་ལས་བདེན་པར་མེད་ཟེར་རོ། །ངེད་རྒྱལ་བློན་རྣམས་ནང་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་པ་དང་། རྒྱལ་པོས་ན་རེ། བུ་མོ་འདི་ཡི་ཕ་ཡིན་ནམ་མིན་གསུངས་པས། ཕ་མ་དང་འཕྲད་པའི་བསོད་ནམས་ཅན་དེ་མིན་པར་འདུག །བདག་ལ་ཅང་ཤེས་ཀྱི་རྟ་གཅིག་ཡོད་པའི་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཞུས་པས། ངེད་རྩ་རུ་ཡོང་དུས་ནི་རྟ་མང་གང་ནས་བྱུང་གསུངས་པ་དང་། གང་གི་ལོ་རྒྱུས་རྒྱལ་པོ་ལ་ཞུས་པས་མཉེས་སོ། །ཅང་ཤེས་ཀྱི་རྟ་དེ་ཕ་མ་ལས་དྲིན་ཆེ་བ་འདུག་གསུངས་ཏེ། དེར་རྒྱལ་པོས་རྒྱལ་སྲིད་ཕན་ཚུན་གཉིས་རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་ཁྱད་མེད་བསྐྱངས། རྒྱལ་འབངས་ཀྱང་སྔར་ལས་དར་ཞིང་རྒྱས་པ་ཉིན་དང་མཚན་དུ་ཆོས་ཀྱི་བྱ་བ་ལ་སྤྱོད་པ་ཞིག་བྱུང་བ་ཡིན་པར་གདའ་བྱས་པས། (ཤོག་ ༡༩༦) རྒྱལ་བུ་བདེ་སྤྱོད་བཟང་པོའི་ཞལ་ནས་རྟ་དེ་རང་བུ་མོ་ལ་དྲིན་ཆེ་ཟེར་བ་ལ་ཁ་ནས་ཤོར་ནས། རོ་དེ་ན་རེ། རོ་ལ་གཏམ། འགྲམ་ལྕགས་གསུམ། ཤོར་སོང་ངོ་། །རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ཏ། ང་སེམས་ཡེངས་གཏམ་ཤོར་བས་ལན་གསུངས། ཡང་དུར་ཁྲོད་དེར་ཕྱིན་ནས་རོ་ཧ་ལ་ཟེར་བ་རྣམས་ཏོག་མས་བརྡུངས། ཧུ་ལུ་ཟེར་བ་རྣམ་ཞགས་པས་བསྡམས། བུ་མོ་སོ་ཁ་འདི་ལི་སྨན་ཅང་ཤེས་རྟས་སྲིན་པོའི་ལག་ནས་འཕྲལ་ཏེ་རྒྱལ་སྲིད་དང་འཕྲད་པའི་ལེའུ་སྟེ་སོ་གཉིས་པའོ།། །།

༈ རྒྱལ་བུ་རྒྱལ་བུ་ཡང་ན་ཁྱོད་ཀྱིས་སྒྲུང་ཞིག་ཐོངས། ཡང་ན་ངས་རོ་སྒྲུང་གཅིག་བཏང་། རྒྱལ་བུ་རྒྱུས་ཡོད་བསམས་ན་ཁ་རོག་དང་། རྒྱལ་བུ་ལ་གོ་རྒྱུ་མི་འདུག །ཚུར་ལ་གནང་རྒྱུ་མི་འདུག་ལུང་པ་མདའ་ན་རྒྱལ་པོ་གཅིག་ཡོད་པས། ཕུ་ན་བུད་མེད་རྒན་མོ་མ་སྨད་གཉིས་ཡོད། ཁྱིམ་མཚེས་སྲིན་མོ་མ་སྨད་གཉིས་ཡོད། ནངས་གཅིག་མི་ཡི་བུ་མོ་སྲིན་མོ་མ་སྨད་ལ་མེ་སློང་དུ་ཕྱིན། བུ་མོ་ལ་མི་ཡི་རྣ་མཆོག །ཡོས་དང་ཡུང་བསྲེག་བྱིན་ནས་བུ་མོས་ཞིམ་པར་ཟོས། ཁྱོད་རང་ངེད་ཀྱི་རྗེས་ལ་ཨེ་ཡོང་བྱས། ང་འོང་སྟེ་ཨ་མས་མི་བཏང་བས། ཨ་མ་འདྲ་བསད་ན་ཡོང་བས་ཆོག་བྱས། བུ་མོས་གསོད་ལུགས་ག་འདྲ་དགོས་བྱས། སྲིན་པོས་ཁྱོད་རང་ན་ཚ་གྱིས་དང་གང་དྲག་ཟེར་འོང་། ང་ན་བ་ལས་གྲོལ་ཐབས་ཡོད་དེ་ཨ་མས་བྱེད་དོགས་མེད་བྱས་པས། ཐབས་ཡོད་ན་ལོས་བྱེད་ཟེར་བྱུང་བས། རང་ཐག་པ་བཟུང་ལ་མའི་ནུ་མས་ལྟོ་ཕྱེ་བྱས་ན་ཕན་ (ཤོག་ ༡༩༧) བྱས་པས། བུ་མོ་ལ་ཕན་ན་ལོས་བྱེད། རང་ཐག་ངས་བཟུང་ལ་ཨ་མའི་ནུ་མས་ཕྱོགས་མགྱོགས་པར་ཤོག་བྱས། བུ་མོས་སྲིན་པོས་བསླབས་པ་བཞིན་བྱས། མའི་ནུ་མས་ཕྱེ་འཕྱགས། །བུ་མོས་རང་ཐག་བཏང་བས་ནུ་མ་ཆད་ནས་ཤིའོ།།
དེར་སྲིན་མོས་ཁྱོད་མགྱོགས་པར་ཤོག །ངས་ཨ་མ་བསད་ཡོད། སྲིན་མོ་མ་སྨད་བྱུང་། ཁོང་མ་སྨད་ཀྱི་ཤ་ཟོས་རུས་མུར་ཁོང་མ་སྨད་ཀྱི་ཤ་མར་རྣམས་ཟོས། བུ་མོ་ལ་སྦང་ཟན་དང་ལོ་ཚོད་བྱིན། མོ་ལ་ཤིང་འཐུ་དང་གླང་འཚོ་བཅོལ། བུ་མོའི་གོས་ལྷམ་ལེགས་པོ་རྣམས་སྲིན་མོས་གྱོན། སྲིན་མོའི་གོས་ལྷམ་ཧྲུལ་པོ་རྣམས་མོར་བཀོན། དེར་གླང་བཅུ་ལ་ཤིང་ཁུར་རེ་ཉིན་བཞིན་ལོན་དགོས་པར་འདུག་པས། དེར་མོ་སྡུག་ཅིང་ཉམས་ཐག་ནས་ཨ་མ་དེས་བུ་མོ་མ་ཕོད་པར་སྲིན་པོའི་ལུས་བ་བཞེས་ཚད་ཞོ་མར་འཕྲོད། ཞག་འགའ་ནས་མོ་ལ་སྨྲས་པ། སྐྱིད་འདོད་སྡུག་ཉོ་མ། ཉི་མ་དགོང་མོར་ཡོང་རེ་འདུག །སྔར་ལས་ཆེ་བའི་ཤིང་ཁུར་འཐུ་ནས་ཟན་དྲོན་འུ་རང་འདུག་པ། ནམ་ཞིག་ཏུ་སོང་བ་དང་སྲིན་མོས་ན་རེ། ང་རང་བུ་མོ་ཤར་མར་བུ་རམ་བྱིན་པ་ལས་ཁྱོད་ལ་སྦང་ཟན་བྱིན་པ་ཤ་བཀྲག་ཆེ་བ་འདི་གང་ཡིན་དྲི་དགོས་སྙམ། གང་ཡིན་དྲིས་པས་མོས་དྲང་པོར་བཤད་ན་གསོད་ཀྱི་དོགས་ནས། རང་རེའི་བ་དམར་མོ་འདི་བུ་མོ་སྐྱིད་ཀྱི་སྡུག་ཉོ་མ་ཐུ་བ་གཟེད་ལ་གཉིད་ལོག་ཟེར། ཐུ་བ་གཟེད་ནས་གཉིད་ལོག་པས། ཟན་དྲོན་རེ་དང་ཤིང་ཡང་མོ་རང་བསྒྲུབས་ (ཤོག་ ༡༩༨) དེ་སྐྱིད་པ་ཡིན་བྱས་འདུག །ཁ་སང་མི་ཟེར་ན་ང་ཡི་བུ་མོ་བཏང་། སྤྲང་མོ་འདི་ཚོད་མི་ཟིན། མོ་རང་བུ་མོ་གླང་འཚོ་བ་ལ་བཏང་། བུ་མོ་སྐྱིད་ཀྱི་སྡུག་ཉོ་མ། ཐུ་བ་ཐིངས་ལ་སྡོད་ཅིག་ཟེར། ཐུ་བའི་ནང་དུ་ལྕི་བ་གཅིག་བཞག །བལ་ཚོ་ཤིང་མགོ་ལ་བཀོན། བ་གླང་ལ་ལུང་སོ་སོར་བཀྲམ། བུ་མོ་ས་ཚུབ་བར་དུ་མ་བྱུང་བས། བུ་མོ་འགོར་བ་ཅི་ཡིན་མས་འཐབ།
བུ་མོས་སྨྲས་པ། ཐུ་གཟེད་གཉིད་ལོག་པས། བ་གླང་བཀྲམ་པ་ཤིང་བལ་གཡེང་། སྐྱིད་ཀྱི་སྡུག་ཉོ་མ་གསོད་དགོས་དགོས། ཤ་སྣ་གང་གནང་ཨ་མས་ཤེས། བྱིན་པ་རྣམས་ཀྱང་ཐེམ་འོག་སྦས། དེ་ལ་སྲིན་མོས་ལུང་པའི་མདའ་ལྟད་མོ་འདུག །སྲིན་མོ་མ་སྨད་ཀྱིས་གོས་རྒྱན་བྱས། ནས་རྫ་མ་གང་། ཉུང་ཞི་རྫ་མ་གང་། དེ་གཉིས་བསྲེས་པ་ཕྱེ་ཐུབ་དགོས། མ་ཐུབ་ན་འཆི་གྲབས་གྱིས་ཟེར། ཡུད་ཙམ་གཅིག་ནས་བྱ་ཕུག་རོན་གཅིག་བྱུང་། བུ་མོ་སྐྱིད་བཞག་སྡུག་ཉོ་མ། གོས་ཚག་སྐེ་རགས་གསེར་གཡུ་བརྒྱན་ཐོགས་ལ་ལྟད་མོར་སོང་ཞིག་ཟེར། བུ་མོའི་ལྤགས་པ་གསུམ་སོང་། སུག་པོ་བཞི་ལ་ལྷམ་ཆ་རེ། རྒྱ་མ་སྐེ་རགས་ཤ་རྣམས་གསེར་གཡུ་གྱུར། སྐེ་རགས་བཅིང་ནས་ལྷམ་གཅིག་ཁུར། ཕྱིན་ནས་ཕུག་རོན་ལ་སྨྲས་པ། གཡོན་སྐོར་བྱས་ནས་འོང་ལམ་དུ། རྒྱལ་པོའི་ལྟད་མོ་མཚར་བ་བསམ། ཁྲོམ་དེ་བྱེར་སོང་བས། མ་སྨད་གཉིས་ཀྱི་ཟ་གིན་འདུག་པ། བང་བཏང་ཡོང་བས་ཆུ་ལ་མཆོང་། གོས་དང་ (ཤོག་ ༡༩༩) ཆ་ལུགས་སྦས་ནས་བཞག །ནས་དང་ཉུང་དཀར་ཕྱེ་ཚར་ནས། རྒྱལ་པོའི་ཆིབས་གཅིག་གིས་ཆུ་མ་འཐུང་ནས་རྟ་རྫི་ཡང་རྗེས་ལ་ཕྱིན་ནས་བལྟས། རྟ་དེས་ལྷམ་སྣུམ་ཞིང་འདུག་པ། རྟ་རྫིའི་ལྷམ་ཁུར་རྟ་ཁྲིད། རྒྱལ་པོ་ལ་ལྷམ་ཕུལ། དེ་བཞིན་ཞུས། རྒྱལ་པོས་གསུངས་ནས། ཁ་སང་ཁྲོམ་གསེབ་ན་བུ་མོ་ལྔ་གསུམ་བཅོ་ལྔ་མཁའ་འགྲོའི་ཆ་ལུགས་ལྡན། དེ་རིང་ཅང་ཤེས་ཚོས་ལ་ཤོག །རྒྱལ་པོ་ང་ཡི་བཙུན་མོ་འཚལ། སྲིན་མོ་མ་སྨད་ཕེབས་བྱུང་། ཕྱག་ཕེབས་ལགས། དེ་རིང་ཕོ་ཐོག་སུས་ཆོད། མོ་ཐོག་ང་རང་བུ་མོས་བཅད། ཡུང་དཀར་དང་ནས་བྲེ་གང་ཙམ་མ་གཏོགས་ཕྱེ་ཚར་སྨྲས་པས་ཁྱོད་དགའ་རབ་ཡིན་སྡོད་ཟེར། སྲིན་མོས་རྒྱན་དང་ཆ་ལུགས་མང་སྤྲས། ཨ་མ་ཡིན་འདྲ་བྱས། བདེན་འདུག་ཟེར། ཁ་སང་བུ་མོ་རྒྱན་ལྡན་ལྷམ་ཁུར་མ། ཁྲོམ་དེའི་ནང་ནས་རྒྱལ་པོའི་བློན་པོས་སྐད་བརྒྱབ་པས་དེ་འདྲ་བུ་མོ་སུ་ཡང་མ་བྱུང་། སྲིན་མོས་ལྷམ་གོན་མཛུབ་མོ་རྣམས་ཆད། དེ་ནས་ལྷམ་ཡ་མ་ཤང་རིན་མི་བྱུང་། སྲིན་ལྷམ་གཉིས་ཕུད་ནས་ཕྲག་ལ་བཀལ་ནས་ཕྱིན། འདི་ཡང་རིན་ཡང་ང་རང་འདི་ན་ཡོད་ཟེར་ནས་སྲིན་པོའི་བུ་མོ་ངེད་རང་བུ་མོ་དེ་འདྲ་འདུག །ཨ་མ་དེ་འདྲ་བསོད་ནམས་ཅན། བུ་མོ་རྒྱལ་བུའི་བཙུན་མོ་འཆོལ། སྲིན་མོ་མ་སྨད་ལོག་ཕྱིན་ནས། བུ་རྗེས་ཤིག་ཤིག་འབྲུ་རྣམས་ཐེར་ཟོས་བྲུན་གྱིས་བཀང་། སྲིན་མོས་ཡང་འདི་སྐད་བསམ། ཨ་མ་དེ་ནི་ཕུན་རོན་སྐྱེས་འདུག་ (ཤོག་ ༢༠༠) ཟེར། བུ་མོས་རྒྱལ་པོའི་བཙུན་མོ་བྱས་རྒྱལ་བུ་དོན་འགྲུབ་འཁྲུངས། མོ་སླེབས་ཡུལ་དེར་བདེ་སྐྱིད་ཕུན་ཚོགས་བྱུང་། དུས་ནམ་སྲིན་པོའི་བུ་མོ་ཨ་ཅེ་མཇལ་བ་ཡིན། དེར་ཐང་དང་ཟེར། མོས་ཅོ་དྲིས་པ། རྒྱལ་པོ་དཔོན་གཡོན་གང་ལ་འདྲེན། རྒྱལ་པོ་ལ་འོ་ཐུག་དང་ཟན། འབངས་གཡོག་ལ་མངར་གསུམ་མཆོད། ཆིབས་ངང་པ་གསེར་ལྡན། ཁྱི་དུང་དཀར་གང་ལ་སྟེར་དྲིས་པ། ཆིབས་ངང་པ་ལ་རུས་སྟེར། ཁྱི་དུང་དཀར་ལ་ཆག་སྟེར་བྱས། མོས་རྒྱལ་པོའི་སྲས་དོན་གྲུབ་ལ་མི་བྱམས། འགྲོ་དུས་ཐལ་ལྕག་རེ། འབངས་འཁོར་ཡར་མར་འགྲོ་ལ་མིག་ལོག །སྐས་དང་སྒོ་དང་དེ་རྣམས་ལ་བརྡོག་འགྲོས། དེར་ནམ་ཞིག་ཏུ་སོང་བ་དང་ཨ་ཅེའི་དབུ་སྐྲ་བཀྲུས་ནས་དགའ། ངས་རོགས་བྱ་རྒྱལ་པོའི་ཇོ་མོ་ཡིན་པས་མཚོ་ལ་བཀྲུ་དགོས་བྱས། མཚོ་ཁར་སླེབས་པ་དང་། རྒྱན་ཆ་བཀྲོལ་ན་བཟའ་ཕུད་མགོ་སྒུར་དེར་མཚོ་ལ་འཕང་། ཆས་རྣམས་གྱོན་ནས་སྒོ་སྐས་འགྲོ་ལུགས། རྟ་ཁྱི་དང་རྒྱལ་བུ་ལ་སྔོན་བཞིན་རྒྱལ་པོ་འབངས་འཁོར་ལ་ཟས་སྦང་ཟན་ལས་མེད་པར་བྱས།
ཉིན་རེ་བཞིན་མེ་སློང་དགོས་ཚེ། འབངས་རྣམས་ཀྱིས་བཙུན་མོ་འདི་སྨྱོ་འདུག །བཙུན་མོ་ཡོད་ལས་ཆེ་ཟེར། དེ་ཚེ་གློ་བུར་དུ་ཆིབས་གསེར་ལྡན་ཅི་ཆུ་མ་འཐུང་། མཚོ་ཁ་ནས་འདྲོགས་ཤོར། མཆི་མ་བཏོན་མཚོ་དཀྱིལ་ནས་བྱིའུ་ཐོར་ཚུག་ཅན་འགྲམ་དུ་བབས་ནས། བྱིའུས་རྒྱལ་པོ་ལགས། ཇོ་མོ་སྔ་ཕྱི་བཀུར་བསྟི་སུ་ཆེ། སྲས་དོན་གྲུབ་ལ་ (ཤོག་ ༢༠༡) གང་བྱམས། གཡོག་འཁོར་དང་རྟ་ལ་གང་བྱམས། བྱིའུ་ཆུང་ཆུ་ལ་ཅི་ལ་བསྐྱུར་ཟེར་ནས་མར་སོང་། རྟ་ཆུ་བླུད་ནས་རྟ་རྫི་མགྱོགས་པར་ལོག་ནས་རྒྱལ་པོར་ཞུས། རང་རེའི་ཆིབས་པ་གསེར་ལྡན་འདིས་སྔར་རྟ་ཆུ་བླུད་པ་མི་འཐུང་ནས་མཚོ་ཆུ་བཏུང་། སྐད་འདོན་མཆི་མ་ཕྱུང་། གསེར་བྱིའུ་གཡུའི་ཐོར་ཅོག་བྱས་པ་གཅིག་ཤིང་སྡོང་རྩེར་བབས་འདི་སྐད་ཟེར་ལགས་ཞུས། རྒྱལ་པོ་སང་ཉིན་ལྟར་འགྲོ་དགོས། རྨི་ལམ་ཡང་ངན་བུ་མོ་གཤིས་འགྱུར་འདུག་པ་གསུངས་ནས་རྟ་རྫི་དང་བཅས་བྱོན། མཚོ་ཁར་ཕེབས་རན་ཁོས་ཟེར་བཞིན་བྱིའུ་དེས་ཇི་ལྟར་ཟེར། རྒྱལ་པོས་སྤྱན་ཆབ་ཤོར་ནས། ཁྱོད་འདི་རུ་ཤོག་དང་གསུངས་པས་བྱིའུ་ལག་མཐིལ་བབས་ནས་སྔར་བཞིན་ཟེར། རྒྱལ་པོས་བཟུང་བས་བྱིའུ་དེས། བུ་མོ་རང་གིས་ཉོས་པ་ཡིན། བྱིའུ་བཏང་བས་ཞུ་ལན་གཉིས་གསུམ་ཞུས། རྒྱལ་པོ་ཐབས་མེད་དམ་སློབས་བྱས། དེ་ལ་བྱ་ཐབས་གང་དགོས་ཁྱོད་ཀྱིས་སློབས། བྱིའུས་ཞུས་པ་རྒྱལ་པོ་ཁྱིད་ཉིད་འཁྲུལ། སྲིན་མོ་ཡིན་ལགས་མི་གབ་ལགས། བཙུན་མོ་དེ་ཁྲིད་མཚོ་ལ་རྒྱང་གཏད་འཕོངས། དེ་ལ་ཐབས་ཡོད་ལས་ཆེ་རྒྱལ་པོ་ལ་ཞུས་པ། ཁྱེད་རྣམས་འདི་ན་འདུག་པའི་གསུང་གླེང་མ་མཛད།
ཕོ་བྲང་དུ་ཕེབས་ལ་ང་དར་ཚོན་ནང་དྲིལ་ལ་མཛོད་དུ་བོན་པོ་མང་པོས་ཚེ་གཡང་ཞག་བདུན་བར་བསྒྲུབས། ཆང་མང་པོ་ཚོས་ལ་ཟེར་བ་གྱིས། བུ་མོ་སྡོད་སའི་ཞབས་སུ་མོ་རང་ཤོང་བའི་དུང་ཆེན་བྲུས། ཁ་ལ་ (ཤོག་ ༢༠༢) གདན་ཐིངས། མོ་རང་སྡོད་དུ་ཆུག་དང་མོ་མགོ་མཇུག་ལོག་འཚུབ་དུ་འཆིའོ། །དེར་ང་སོས་འོང་ལགས་ཞུས། རྒྱལ་བློན་རྣམས་མཉེས་ཇི་ལྟར་ཟེར་བའི་ལུགས་བཞིན་བྱས། གདན་ཁར་སྡོད་དུས་ནས་མགོ་མཇུག་ལོག་སོང་། མོ་བསད་མཛོད་དུ་ཕྱིན་པས། བུ་མོའི་བཀྲག་མདངས་ཆུང་དུ་མ་སོང་། རྒྱལ་པོས་བུ་མོར་ལྟ་འབངས་རྣམས་ལ་སྲིན་མོའི་མགོ་བྲེག་ཅིག་གསུངས་པས། སྲིན་མོའི་མགོ་དེ་གྲུག་སྙིང་ལ་འཇུག་རྫ་མ་ཙམ་ཅིག་བྱས། ཟས་ཞིམ་དགུ་མདར་བཅུ་ཕྱོགས་གཅིག་ཏུ་བྱས། རྟ་ངང་པ་གསེར་ལྡན་ཕྱི་ཤ་ལ་བཀལ། བཙུན་སྲིན་མོ་ཨ་མ་ཅན་དུ་ཕྱིན། དེར་སྲིན་མོ་རང་གི་བུ་མོ་འགྲོ་བཞིན་ཟས་སྣ་བྱིན། ཨ་མ་གཟུགས་པོ་བདེ་བྱུང་ངམ་དྲིས། གཟུགས་པོ་བདེ་མ་བྱུང་། ཁྱོས་བསླུས་སམ། རྒྱལ་པོས་མ་རིག་པ་འདུག་གམ། བུ་མོ་ཁྱོད་དགྲ་རུ་འདུག་ཟེར། དེར་མོས་སྟེང་གི་སྒེའུ་ཁུང་ལ་དར་དམར་ཡུག་ཅིག་བཏགས། འོག་ཏུ་བབས་ད་འགྲོ་རྒྱལ་པོ་བཀའ་བཀྱོན་ཡོང་། ཨ་མ་གྲུ་གུ་ཕྲ་མོ་འདི་བཞུག་རོགས་གྱིས་ང་འགྲོ་བྱས་པ་དང་། རྒྱལ་པོ་མ་རིག་པ་འབངས་འཁོར་གྱིས་སྐྱོང་། རྒྱལ་སྲས་དོན་གྲུབ་ལ་གང་བྱེད་རྣམས་མོས་བྱེད་པ་བཞིན་བགྱིས་པ་ལ་ཨ་མའི་ཁ་ཏ་ལྟར་བྱས་སོ།།
དེར་རྒན་མོས་གྲུ་གུ་ཞུད་རྟ་རིང་པོ་གཅིག་བཙུགས་ནས་བཞུས་པས། མོ་རྟ་ཞོན་སྟབས་ལ་བྲོས་སོ། །མོས་ཞུད་བཞུད་པས། གྲུ་གུ་ནང་ནས་སྣ་མཆོག་ལྷག་སྟེ་བྱུང་བས། དེ་མཚམས་བལྟས་པས། མོ་རང་བུ་མོའི་མགོ་ཡིན་པར་ (ཤོག་ ༢༠༣) འདུག་སྟེ། དེ་ཁ་ལ་མོས། རྗེས་ལ་རྒྱུགས་སོ། །དེར་མོས་ཟིན་ལ་ཁད་བྱུང་བ་དང་། ཨ་སྲིན་མོ་ང་འདོད་བྱུང་བས་ཁྱོད་ཀྱི་ཁྱིམ་ནང་མོ་ཤོར་བྱུང་བས། ངའི་རྟ་འདི་མགྱོགས་པར་མི་ཟིན་བྱས། སྲིན་མོས་བལྟས་པས་སྒོ་ཆུང་ལ་དར་ཡུག་བཏགས་པ་དེ་དམར་ལྷབ་ལྷབ་མཐོང་ནས་ཕྱིར་ལོགས། དེ་ནས་བུ་རྒྱལ་པོའི་མདུན་ལ་སླེབས་སོ།།
སྲིན་མོ་མ་སྨད་ལ་ངན་ལག་འཇལ་ཐུབ། རྒྱལ་པོས་རྒྱལ་སྲིད་ཆོས་བཞིན་སྐྱོང་། འབངས་རྣམས་སྔར་ལས་དར་ཆ་ཆེ་བར་བྱས། རྒྱལ་བུ་བདེ་སྤྱོད་ཀྱིས་སྔོན་མ་དེ་མ་བསད་ན། ང་སྐྱིད་པོ་གཅིག་ཡོང་བ་འདུག་སྟེ། མ་སྨད་གཉིས་པ་མཁའ་འགྲོ་མར་སང་ནས་སྲིན་མོའི་ལག་ནས་ཐར། རྒྱལ་པོའི་ཇོ་མོ་ཐོབ་པ་དེ། བསོད་ནམས་ཆེ་བྱས་པས་རོ་ལ་གཏམ་ཟེར། བྱ་ཁྲ་ཧུར་ཟེར། འགྲམ་ལྕག་གསུམ་རྒྱུད་གཅིག་བརྒྱབ་ནས་ཤོར། རྒྱལ་བུ་ང་སེམས་ཡེངས་པས་ལན། ལོགས་ཀྱང་བླ་མའི་བཀའ་བཀྱོན་ཡོང་། ཁ་སང་དུར་ཁྲོད་དེར་ཕྱིན་ནོ། །རོ་ཧ་ལ་ཟེར་བ་མ་གཏོགས་བརྡུངས། ཧུ་ལུ་ཟེར་བ་རྣམས་འགོམ་ཞིང་ཕྱིན། ཤིང་སྡོང་རྩར་སླེབས་པ་དང་སྲིན་མོའི་བུ་ལ་མགོ་བསླུས་བཏང་བའི་ཨ་མ་དེ་ཡེ་ཤེས་མཁའ་འགྲོ་མ་ཡིན་པས། ངན་ལན་འཇལ་བས། རྒྱལ་པོའི་ཇོ་མོ་ཐོབ་པའི་ལེའུ་སྟེ་གསུམ་པའོ།། །།

 

༈ ཡང་ན་ངས་སྒྲུང་།x རྒྱལ་པོ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་དེ་ཡོང་བ་མིན་པར་འདུག །ངས་རོས་སྒྲུང་x ཉོན་ཨང་ཟེར། ལུང་པ་གཅིག་ན་རྒྱལ་པོ་གཅིག་ཡོད་པར་འདུག །རྒྱལ་པོའི་མངའ་འོག་དེ་ན་རྒན་རྒོན་ཕྱུག་པོ་གཅིག་ཡོད་པར་འདུག །དེ་ལ་བུ་གཅིག་ཡོད། (ཤོག་ ༢༠༤) ཕ་དེ་ཉིན་མཚན་མེད་པར་ཆོས་ཀྱི་བྱ་བྱེད་གཅིག་ཡོད། མ་དེ་འཛོང་ཞིང་གྲུང་བ་གཅིག་ཡོད། ཁྱིམ་མཚེས་རྣམས་མི་དགའ་བ་གཅིག་ཀྱང་མེད། ནམ་གཅིག་སོང་བ་དང་ཡུལ་དེའི་ཚོང་པ་མང་པོ་ཚོང་ལ་འགྲོ་ཡི་ཡོད། བུ་དེ་ཚོང་པ་རྣམས་ཀྱི་ཞོ་བླུད་ནས། ཁྱོད་ཀྱི་ནོག་འདི་ལ་འཚོང་མ་ཕྱིན་ན་ཟད་མི་ཤེས་ཟེར། བུ་དེས་ང་ཚོང་ལ་འགྲོ་བྱས། ཚོང་ལ་འགྲོ་མེད་སྲོལ་མེད། དེ་སྔོན་ཕན་ཚོ་ལ་ཕྱིན་སོང་བས་ཕྱུག་པོ་བྱུང་། ཚོང་ལ་མི་བཏང་ཟེར། ཨ་མའི་རྩར་ཕྱིན་ནས། ང་ཚོང་ལ་འགྲོ་ཡིན་བྱས། ཚོང་ལ་ཕྱིན་པའི་སྲོལ་མེད། ཕ་མྱེས་ཀྱི་བསམ་པ་བཟང་པོ་བྱས། གནོད་སེམས་སྤངས་ན་ཆོས་ཀྱི་བྱ་བ་བྱས་པས་སྐྱིད་པོ་བྱུང་། ང་ལ་བུ་གཅིག་ལས་མེད་མི་བཏང་ཟེར། འཆི་འགྲོ་ཟེར། ཁྱོད་གཉིས་ཀྱིས་མི་བཏང་ན་བྲོས་འགྲོ་ཟེར། ཨ་མས་ཡབ་ལ་ཞུས། ཁོ་ཤོག་གསུངས་ནས་ཕྱིན་པས། ཁྱོད་ཚེ་འདིར་དགོས་པའི་ནོར་ནི་ཡོད། ཕྱི་མར་ཕན་པའི་དགེ་ཕྱོགས་སུ་བཏང་ན་ལེགས། ཁྱོད་སྲོག་ཚོང་ལ་འགྲོ་བ་ཡིན་མ་འགྲོ་ཟེར། མི་བཏང་ན་ལྐོག་ལ་འགྲོ་བ་ཡིན། སྨྲས་པ་ལྐོག་ལ་བྲོས་པའི་གཏམ་ངན་གང་ཡང་གྲགས། བཏང་དྲག་གི་བྱས། མི་བཏང་ཟེར། ཨ་མ་བུ་འདི་འགྲོ་བ་ནི་ཐག་ཆོད་འདུག །ས་མཐའ་བསྐོར་ནས་མི་མཐོང་མི་རྙེད་ཡོང་བས། ཡབ་ན་རེ། རང་རེའི་ཡུལ་མི་ཁྱིམ་མཚེས་མི་ངན་པས། ས་ཐག་རིང་བས་མཐོང་རྙེད་རན། བུ་འདི་ལ་མཐོང་གོམས་མེད། རྒས་ཁར་བུ་གཅིག་དང་ (ཤོག་ ༢༠༥) བྲལ་བ་གཅིག་ཨེ་ཡོང་ངམ། ཡུམ་ན་རེ། སྡོད་ནི་མི་སྡོད་པས། ད་རང་ཅི་མི་ཡོང་། བཏང་ཟེར་ནས་འགྲོ་བའི་གྲབས་བྱས་ནས་ཚོང་ལ་བཏང་། ཁོས་ཚོང་ཟླ་ཚོ་དང་བསྡེབས་ནས་སོང་།
ཟླ་ཕྱེད་ཙམ་པའི་སར་སླེབས་ནས། ཚོང་དུས་ཆེན་པོ་གཅིག་དེར་སླེབས་ནས་སོང་། ཁོ་གནས་ཁང་ཟུར་གཅིག་སོང་། གཞན་ཚོས་ཁོ་སྐྱུར་ནས་སོང་། གནས་པོ་ན་རེ། ཟླ་བོ་ཚོ་འདུག་གམ་ཟེར། མི་འདུག་ཟེར། འདི་ནས་ཡར་འགྲོ་དཀའ་ལས་ཆེ། ཁོང་ཚོ་མ་སླེབས་པ་འདུག་པ་གྲགས་ཟེར། ཁོ་ནོར་མེད་ཚོང་ལ་ཡོང་བ་མིན། ཕ་མ་གཉིས་ཀྱི་མ་བཏང་ཡང་མ་ཉན་ཡོང་བ་ཡིན། གནས་ཚང་ན་རེ། ད་ཅི་ནས་འབྱོན་ན། གྲི་འདི་ཁུར་ལ་བྱོན་ཟེར། གྲི་བཟང་པོ་གཅིག་བསྐུར། གྲི་དང་མ་བྲལ་དང་གཟུགས་ཅན་དགྲར་རྒྱག་མི་དགོས་སྟོན་པས་ཆོག །གཟུགས་མེད་ལྷ་འདྲེ་ལ་འདོན་མི་དགོས་ཟེར་ནས་གྲི་བསྐུར་རོ། །གྲི་བཏགས་ཁལ་བཀལ་ནས་རྐང་རྗེས་ཀྱིས་ཕྱིན། ལུང་པ་ཆེན་པོ་གཅིག་ཏུ་སླེབས། ཉི་མ་རྒས་ནས་ཁོང་ཚོའི་ལ་རྒྱ་དད་ཀྱང་རྩད་མ་ཆོག་ཕོ་བྲང་མང་པོ་མཐོང་ཡང་། རྒྱལ་པོ་ཞིག་གི་ཕོ་བྲང་གི་འགག་ཏུ་སླེབས་པ་དང་། རྒྱལ་སྒོ་ཞིག་འདུག་པ་ཕྱེས་ནས་འདུག །སྒོ་ནང་ནས་ཡར་ཕྱིན་པས། མི་གཅིག་ཀྱང་མི་འདུག །ཕྱུགས་ར་དེ་ནང་བ་གླང་ཚོ་གཟོན་ཆུ་མེད་པས། འཆི་ལ་ཁད་འདུག །རྟ་ར་ཆེན་པོ་གཅིག་ནང་བལྟས་པས་རྟ་རྣམས་འགྱེལ་ལ་ཁད་འདུག་པས། མི་ནི་གཅིག་ཀྱང་མི་འདུག །ཁལ་མ་རྣམས་བཞག་ནས་ཕོ་བྲང་སྐས་ལ་ (ཤོག་ ༢༠༦) འཛེགས། བར་ཁང་དེར་སླེབས་པ་དང་། འབངས་བློན་ཚོགས་རྣམས་ཤི་ནས་འདུག །རྒྱལ་པོ་གསེར་ཁྲིའི་སྟེང་ན་ཤི་ནས་འདུག །བཙུན་མོ་གཡུ་ཁྲིའི་སྟེང་ན་གྲོངས་ནས་འདུག །མི་གཅིག་ཀྱང་མི་སྣང་། ཁོས་རྟ་ཚོ་ལ་རྒྱག་བྱིན། བ་གླང་རྣམས་ལ་རྩ་རྒྱགས་བྱིན། ཁོ་རང་ཁལ་རྣམས་སྦུག་བཅུག་རྩ་རྒྱགས་བྱིན། སྒོ་རྣམས་ནས་རྡོ་ཡིས་བརྩིགས། སྒོ་ཚོ་རིམ་བསྡམས་གསེར་ཁྲི། གཡུ་ཁྲིའི་རོ་དེ་རོ་མང་པོ་སྐྱུར། ཤ་ཆང་ལོངས་སྤྱོད་འདུག་པས་ཆང་ཆེན་ཤ་ཁོག་གཅིག་ཁོ་རང་ཐང་ཁུག་ཟན་རྩར་བཞག །མེ་རྐང་ཆེན་པོ་གཅིག་བཏང་ནས། ཆང་རྒྱག་ཚད་གཅིག་བཏུང་། ཤ་རྐང་ཟོས་ནས་བསྡད་ཡོད་ཀྱང་ནམ་ཕྱེད་ཙ་ན། སྒོ་ཕྱེས་བྱུང་བས་གྲི་མགོ་ལག་པས་བཟུང་། གྲི་སྟོན་གཟུགས་ཅན་དགྲ་བོ་བརླག་པ་ཡིན། གཟུགས་མེད་འདྲེ་ལ་གདོན་མི་དགོས། ཟེར་གྱི་བསམ་བློ་ལྷོད་ནས་བསྡད། སྐས་ལ་ཁྲོག་ཁྲོག་ཟེར་ནས་གཅིག་འཛེག་བྱུང་། སྤྲེའུ་འཇིགས་རུང་རྔ་མས་དཔུང་པ་བརྒྱན་པ་སྐས་འགོར་བྱུང་།
དེ་རྗེས་སྤྲེའུ་དྲུག་ཙི་ཙིའི་སྒྲ་སྐད་འདོན། ཁོ་ལ་སྐོར་བྱས་སྒོམ་ནག་སྐོར་བ་བྱས། ཕ་གིའི་སྤྲེལ་ཚོ་རྒྱུགས་ལ་ཨ་གཏད་བྱས། གཉིས་པར་སྤྲུལ་སྤྲུལ་གཡལ་ཆོལ་འདུག །ཐོ་རང་གྲིའི་ཁ་སྦག་བྱུང་། སྤྲེའུ་ཚོ་ནི་མི་འདུག་གོ །ནམ་སངས་ནས་གྲི་ཁ་ཤུབ་ན་འདུག །ཉི་ཤར་འགྲོ་དགོས་བསམས་ནས་སྐས་དེར་བབས་ཕྱིན་པས། སྒོ་ཚོ་བསྡམས་པ་དེ་ཁ་འདུག །ཁོ་རང་རྟ་གླང་རྩར་ཕྱིན་ཆུ་བླུད་སྔར་ལྟར་སྒོ་བསྡམས་ནས། མདང་སུམ་ཤུལ་དུ་བསྡད་ (ཤོག་ ༢༠༧) མེ་རྐང་གཅིག་བཏང་། ཆང་ཕྱེ་ཤ་རྣམས་ཟོས། ནམ་ཕྱི་མདང་གི་སྒོ་དེ་ཁྲོག་ཁྲོག་ཆེ་བ་གཅིག་བྱུང་། སྒོ་དེ་ཕྱེས་བྱུང་སྤྲེའུ་དེ་ག་མ་ཡིན་པ། སྤྲེའུ་ཆེ་ཤོས་ཕྱག་ན་བྷན་ཕུར་བསྣམས། མགོ་ལ་བསེ་ཐེབས་གཅིག་དེ་རྗེས་ལ། མདང་གི་སྤྲེལ་བདུན་ཕུར་པ་བྷན་ཏ་ཁུར། དེ་རྗེས་སྤྲེའུ་ཁྱི་རྔ་ཁྱེར་བ་བྱུང་། སྤྲེའུས་རྔ་ཁྱེར་སྤྲེའུས་རོལ་མོ་དཀྲོལ། གྲི་ཁ་དེ་སྦག་ཙམ་བྱུང་། སྤྲེའུ་རོལ་འཆམ་བྱས་བྱུང་གྲི་མ་ཐུབ་པ་མཐོ་གང་འདོན་བྱུང་ངོ་། །སྤྲེའུས་ཙི་ཙི་ཟེར་ནས་མིག་ཧུར་ཧུར་ཁེམ་ཁེམ་འདུག །རེ་རེ་སྐས་ནས་མར་བབས་ནས་སོང་། དེ་ནུབ་ཤ་ཟོས་ཆང་འཐུང་བསྡད། ནམ་ལང་ཉི་ཤར་འོག་ཏུ་མར་བབས་ནས། སྒོ་ཚོ་སྒོ་ཆ་དེ་བཞིན་འདུག །རྟ་གླང་ཆུ་བླུད་ནང་དུ་བསྡད། སྒོ་བརྡུངས་མི་སྨད་ཙེ་ཙེར་འདུག །ཁ་སང་མི་སྐད་མི་འདུག་པས། ཅི་ཡིན་བསམས་ནས་བལྟས་པས། སྔགས་པ་ཞྭ་ནག་ཁུར་ཁྱེར་གཉིས་བྱུང་སྟེ། རལ་གྲི་བཏགས་ཕྱིན་སྔགས་པ་ན་རེ། ཕྱག་ཕེབས་ལགས། སློབ་དཔོན་བྱོན་ལགས་ནང་ཕེབས་ཟེར། གསུང་གླེང་མཛད་ཞུ་ནང་དུ་ཞལ་བརྡ་ཆོག་པར་གདའ།
སྔགས་པ་ཁོང་གཉིས་ནང་སླེབས་སྒོ་བསྡམས་སྔགས་པས་ན་རེ། སྒོ་བསྡམས་མི་དགོས་གྲི་བཟང་བས། གཟུགས་མེད་བཀྲུང་རྣམས་ཀྱིས་མ་རྙེད། གཟུགས་ཅན་མི་ཡང་ཕྱིར་འབྲོས་འགྲོ། སྒོ་བསྡམས་མི་དགོས་ཟེར་ནས་མ་བསྡམས་སླེབས་ནས། སྔགས་པ་ཁོ་གཉིས་ངན་སྤང་མནའ་སྒག་ནས། ཤ་མཐུད་ཟས་སྣ་མང་པོ་དྲངས་ནས་འཁོར་གཡོག་སོ་སོར་ཤི་བ་གང་ཡིན་དྲིས། སྔགས་པས་བདག་གི་ (ཤོག་ ༢༠༨) བཀའ་སྲུང་ཁྲོས་པ་ཡིན། ལུང་པའི་རྒྱལ་པོ་ཡབ་ཡུམ་གྱི་ང་རང་ཆོས་སྐྱོང་རྟེན་ལ་ཁྲབ་ཡིད་བཞིན་ནོར་བུ་ལས་ལྷག་ཅིག་ཡོད་པས། ནས་དཀོན་རྒྱལ་པོ་ལ་གཏའ་མ་བཞག་པས་རྒྱལ་པོས་བུ་མོ་དེ་སྤྲད་ཀྱང་ལོ་མང་ཞུ་ཕུལ་མ་གཏད་པས་བཀའ་སྲུང་ཁྲོས་ནས་མདང་ཁར་ནུབ་ཀྱི་དེ་འདྲ་ཆོ་འཕྲུལ་བཀྱེས་ནས་རྒྱལ་པོ་འཁོར་བཅས་བྱིན་མ་ཐེབས་ཤི་བ་ཡིན། དྲུང་སྐུ་བསོད་ཀྱི་དགོང་ལ་སོང་འདུག་ད་ལྟ་མེད་གསུངས། འདི་འབར་བ་ལྟ་བུ་གྲི་བཟང་མ་བསྟན་ཡང་ཤུབ་ནས་ཐོན་གྱི་འདུག །རང་རེ་ཡོན་མཆོད་རྒྱལ་པོ་མཛད་ནས་བླ་མ་མཆོད་གནས་བྱེད་ཁྲབ་དེ་སྒམ་ནག་ཕ་གི་ནང་ལ་ཡོད། གཏད་རོགས་མཛོད་བྱས་པས། ཚོང་པས་ཁྲབ་གཏད་པར་བྱེད་མི་རབས་ཀྱི་བར་ཡོན་མཆོད་བྱེད་དགོས་ཟེར། བླ་མས་ཡུལ་མི་རྣམས་ལ་བརྡ་བརྒྱབ་ནས་རང་རེའི་རྒྱལ་པོ་འདྲེར་སྐྱེས་ནས་ཆོས་ཀྱི་རྒྱལ་པོ་གཅིག་བྱོན་འདུག །ལུང་པའི་མི་རྣམས་ཀྱིས་ཚོར་ནས་ཁྱེད་རང་གི་གཡོག་ངེད་ཚོས་བྱེད་ཞུ་བ་ཕུལ་ནས། ཚོང་པ་རྣམས་ནི་ལོངས་སྤྱོད་ཕུན་ཚོགས་བྱེད་ཀྱི་ཡོད་དོ།།
ཟླ་བོ་ཚོ་སླེབས་རྩ་འཚོལ་ཕོ་བྲང་ཕྱོད་ལ་བྱུང་། ཁང་ཐོག་ཕྱིན་ནས་ཁྱིམ་མཚེས་ཡིན་པར་དགོངས། གཡོག་གཅིག་མ་འཕོ་མི་རྣམས་བོས་ཤོག་ཟེར། ཚོང་པའི་བསམ་པ་རྒྱལ་པོ་སྔར་འདྲིས་མེད་པས་སྙད་ཚོལ་རྒྱུ་ཡིན་འདྲ། ཚོང་པའི་ཅི་ཁར་སང་ནས་དྲིས་པ། ཟླ་བོ་ཕ་གི་ན་འདུག་པས་ཕྱིར་སོང་ཞུས་པས། ཟླ་བོ་ཚོང་དུས་བཞག་པ་དེ་ཡིན། རྩ་ཆང་གང་དགོས་གྱིས་གསུངས་པས་འདོ་འོ་ཚོས་རྩར་ཕྱིན་ཇི་ལྟར་གསུང་བཞིན་སྨྲས། ཚོང་པ་དགའ་ནས་ཕོ་བྲང་ (ཤོག་ ༢༠༩) བལྟས་ནས་ཡོང་བས་ཁོ་མདུན་སླེབས་པས་གཅིག་ལ་གཅིག་གིས་མིག་ཧྲུལ་ལེ་ཧ་ལས་འདུག །རྒྱལ་པོས་བཟང་བཏུང་ཕུན་ཚོགས་དྲངས་ནས་ཁ་ཤས་བཤུལ། རྒྱལ་པོའི་དྲུང་དུ་གླང་ཆེན་རྒྱབ་ཁལ་གཅིག་གསེར་དངུལ་རྟེན་བཅས་ཕུལ། བློན་པོ་གོ་ཆོད་གཅིག་ལ་རྟ་པ་མང་བཀུར་ཕ་མ་བསུ་རུ་བཏང་། ཡུལ་མི་དེ་རྣམས་ལ་རྟ་ཁྲབ་ཀྱི་མགོས་བྱེས་གནང་བ་ཡང་དག་བྱས། ཁོ་རང་རྣམས་ཡུལ་དུ་ལོག་ནས་རྒྱལ་པོའི་སྐྱེ་རྒྱུད་རྣམས་ཞུས། བློན་པོ་ཞལ་ཏ་བཀུར་བ་ཞུས་སོ། །རྒྱལ་པོའི་ཕ་མ་མངའ་འོག་ཨེ་ཡོང་བསམས། རྒྱལ་པོས་མངའ་འོག་ལོངས་སྤྱོད་ཆེ་ཆུང་དྲིས་པས་མངའ་འོག་ལོངས་སྤྱོད་ཆེ་བར་ཤེས་ནས། ཕ་མ་ནོར་བཅས་བསུ་མཁན་བློན་པོ་གདང་ལ་བཏང་། རྒྱལ་པོའི་ལྷ་ལྕམ་གཅིག་ཡོད། གླང་ཆེན་རྒྱབ་ཁལ་བཅུ་བཅས་ལམ་ནོར་ཚོང་པ་དེ་ལ་གནང་། རྒྱལ་སྲས་ཡབ་ཡུམ་བཅས་རྒྱལ་པོའི་ཕོ་བྲང་སླེབས། ཕ་མ་ལྷ་ལྕམ་འཁོར་གཡོག་ལོངས་སྤྱོད་གཟིགས་པས་མཉེས། བློན་པོ་གཅིག་བཏང་ཚོང་དུས་གྲི་བཀུར་མཁན། བློན་པོ་ཚོང་དུས་རྩད་གཅོད་གནས་ཚང་བཟའ་མི་གདའ། བློན་དང་བསྡེབས་ནས་རྒྱལ་པོ་མཇལ་དུ་མོར། རྒྱལ་པོའི་ཕོ་བྲང་དུ་སླེབས་ནས་སྙེན་བཀུར་ཕུན་ཚོགས་བྱས་ཡིན་འདུག་བྱས་པས། བདེ་བྱེད་བཟང་པོའི་ཞལ་ནས་མི་དེ་དང་གནས་མོ་དེ་གཉིས་ཚོང་པའི་མི་ནོར་རྒྱལ་པོ་ཟིན་པའི་ལེའུ་སྟེ་སོ་བཞི་པའོ།། །།

༈ ཡང་བླ་མ། ང་རང་། དྲ་བ། ཏོག་མ། ཞགས་པ། རལ་གྲི། འཛའ་ར། རོ་གོག །ཟེར་བ་བྱས་པས་རོ་དེ་བབས་ (ཤོག་ ༢༡༠) བྱུང་ངོ་། །ཏོག་མ་དེས་བརྡུངས། དྲ་བའི་ནང་དུ་བཅུག །ཞགས་པས་བསྡམས་ཁུར་ཡོང་ངོ་། །གོམ་པ་བདུན་སླེབས་རྒྱལ་བུ་ཐབས་སྡུག་ཟེར། དམུས་ཆེ་ནས་ཅི་མ་སྨྲས། རྒྱལ་བུ་ཁྱོད་འདྲ་ཁ་གཏམ་མེད་པ་འདུག །ངས་རོ་སྒྲུང་བྲ་བའི་སྲིན་མོ་ཙམ་གཅིག་བཏང་གིས་ཟེར། ལུང་པའི་ཕུ་ན་རྒྱལ་ཆེན་གཅིག་ཡོད་པ། ཕུ་ན་ཞིང་བཟང་ཆེན་པོ་ཡོད་པ་ལ། རྫིང་དེ་ལ་ཀླུ་བདུད་གཉིས་ཀྱིས་ཆུ་བླུག་ཅིང་ཡོད་པ། གཏོང་མཁན་ཀླུ་བདུད་ཀྱིས་ཟ་བར་འདུག །དེ་གཏོང་དུ་འགྲོ་བ་ལ་གྲགས་ཆེ་ཆུང་མེད་པར་ཤོ་རྒྱག་དགོས་པར་འདུག །དེར་ནམ་གཅིག་ཏུ་ཤོ་བརྒྱབ་པས་རྒྱལ་བུའི་བུ་ལ་ཤོ་བབས་འདུག །རྒན་རྒོན་གཉིས་ལ་བུ་གཅིག་ཡོད། ཁོ་རང་གཉིས་ལ་ནོར་མེད། རྒྱལ་བུ་བྱོན་པ་ལ་སྡུག་བསྔལ་བསམ་མི་ཁྱབ་པ་བྱས། རྒན་འཁོགས་ཀྱི་བུ་ལ་རྒྱལ་པོས་བཀའ་དྲིན་སྐྱོང་བར་ཡོད། བུ་དེར་སོང་ནས་རྒྱལ་པོ་ཡབ་ཡུམ་ལ་ཞུས་པ། ཐུགས་འཁྲལ་མ་མཛད་རྒྱལ་པོ་བུ་འབྱོན་པའི་ལུགས་མེད། རྒྱལ་བརྒྱུད་ཆད་པའི་ཉེན་ཡོད་པར་འདུག །ལུང་པ་འདིའི་མིས་མི་ཕྱ་བའི་ཆོས་ཤིག་ཐུགས་ལ་འདོགས། ཕ་མ་གཟའ་བརྡུང་ཤི་རྣ་ཐུགས་རྗེས་འཛིན། འཆི་བ་ལ་འཚེར་ཡང་ང་འགྲོ་ཟེར་ནས་རྒྱགས་ཕྱེ་དང་གཡག་པ་ཁྱེར་ནས་རྫུན་རྫིང་ཁ་ལ་སླེབས། ཆུ་བཏང་ནས་ཞིང་ཁ་རུ་རྒྱལ་ཚབ་ཡིན་བསམས་ཉལ་བསྡད། དེ་ནུབ་ཟ་མཁན་སུ་ཡང་མ་བྱུང་། སང་ཉི་མ་ཤར་ནས་བལྟས་པས་གད་པ་གཅིག་གི་འོག་ན། སྦྲུལ་ནག་གཅིག་དང་། རུ་སྦལ་གཉིས་སྐད་ཙི་རི་རི་འདུག །རུས་སྦལ་གྱིས་སྦྲུལ་ལ་སྨྲས་པ། མདང་འདི་ཉལ་ཡོད་པ་ཟེར། སྦྲུལ་གྱིས་ཁྱོད་ལན་ཟེར། ཁྱོད་ (ཤོག་ ༢༡༡) དེ་ལས་སྔ་བ་བྱུང་ན་ད་ལྟ་རང་ཡོང་པ་ཡིན་ཟེར། རུས་སྦལ་གྱིས་སྦྲུལ་གྱིས་ལན་པ་ཡིན་ཟེར། མདང་ཟོས་ན་དེ་གས་འཐུས་ཡོད་ཟེར། རུས་སྦལ་ན་རེ་སྤྲང་པོ་སྦྲུལ་ཁྱོད་ནན་ལྟར་ལ་སོང་ཁྱོད་བཀྲུས་ནས་ཟོས་ན་ལུང་པ་ཐམས་ཅད་གསེར་ཡོང་། སྦྲུལ་ན་རེ་རུས་སྦལ་ཁྱོད་བསད་ནས་རོ་དར་ཚོན་སྣ་ལྔ་དྲིལ་ནས་ཁུར་རྒྱལ་པོས་ཕྱག་མཛོད་ལ་བཞག་ན། ཁོང་གཉིས་ངས་ལན་ཁྱོད་ལན་ལ་མ་འཆམ་པར་འཛིང་ངོ་། །
དེར་ཁོས་ཁོང་གཉིས་ཀྱི་མགོ་ལ་སྦྱག་མ་རེ་བརྒྱབ་ནས་གསད་དོ། །ཁོང་གཉིས་ཨེ་བདེན་བསམ་སྦྲུལ་དེ་ཆུ་ལ་བཤལ་བ་གཅིག་བྱས་ཁྱུར་མིད་བྱས་པས། ཁ་ནས་ཧད་བྱས་པས་ལུང་པ་གསེར་དུ་བྱུང་བ་ཡིན་པར་འདུག །རུས་སྦལ་གྱི་རོ་ཁུར་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་ཡིན་པར་འདུག །དེར་ཁོས་ཡུལ་དུ་སླེབས་པ་དང་། ཁོ་ཤི་བའི་ལུང་སྟོན་རྒྱ་ཆེན་པོ་གཅིག་བྱས་ཡིན་པར་འདུག །ཁོ་ཡི་ཕ་མ་རྒན་འཁོགས་ལ་བཀུར་སྟི་ཕུན་སུམ་ཚོགས་པར་བྱས་པ་ཡིན་པར་གདའ། དེར་ཡུལ་མི་རྣམས་ཁོ་མཐོང་སྟེ་ཁྱོད་ལོག་ཏུ་བྱུང་བ་ཅི་ཡིན། ཀ་ཆུ་ད་ལོ་ལས་བཟང་བ་མ་བྱུང་བྱས། དགའ་ཚོར་བྱས། དགེ་བ་རྒྱལ་པོ་རང་གྲོངས་ཀྱང་དེ་ལས་ལྷག་མེད་ཟེར་ནས་འཆང་པ། ང་ལོག་པས་ཆོག་པ་བྱུང་བྱས་ཏེ། རྒྱལ་པོ་ཡབ་ཡུམ་སྲས་བཅས་སྐུ་མདུན་དུ་ཕྱིན། རྒྱལ་པོ་ཡབ་ཡུམ་སྲས་བཅས་ཀྱིས་འཆང་ནས་ཁྱོད་ཚུར་རྩེབས་པ་བཟང་བ་ཅི་འདྲ་གཅིག་བྱས་པ་ཡིན། ཆུ་ད་ལོ་ལས་བཟང་བ་མ་བྱུང་གསུངས་པ་དང་། ཁོས་ཞུས་པ་རྒྱལ་པོའི་སྐུ་བསོད་དང་ང་རང་འཆི་སྙིང་མ་འདོད་པ་ (ཤོག་ ༢༡༢) འགྲིག །ནུབ་མོས་བརྗིན་བཏང་ནས་ཟ་མཁན་མ་བྱུང་། སྦྲུལ་དང་སྦལ་པ་གཉིས་ད་ལྟ་ཡོད། ཁོ་བོ་གཉིས་འཛིང་འཁྲུག་བྱས། སྦྲུལ་ཟེར་དུས་ཁྱོད་བསོད་དར་ཚོན་ལྔ་ཡིས་དྲིལ་ནས་བང་མཛོད་དུ་བཞག་ན་ནོར་དང་འདྲ་ཟེར། རུས་སྦལ་ཟེར་དུས་ཁྱོད་བསད་བཀྲུས་ཁྱུར་མིད་བཏང་ནས་ཧད་བྱས་ན་ལུང་པ་གསེར་དུ་འགྲོ་ཟེར་ནས་ཁོང་གཉིས་འཛིང་གིན་འདུག་སྟེ། དེར་ཉི་མ་ཕྱེད་སྨད་སོང་བ་དང་ཁོང་གཉིས་དར་མ་རོལ་སོང་འདུག་པ་དང་། ངས་ཁོང་བསད་ཡོད་དུས་ཕྱིས་རྫིང་བཏང་བ་ལ་ཤོ་རྒྱག་མི་དགོས་ལགས་བྱས། ཡིད་བཞིན་གྱི་ནོར་བུ་འདི་རྒྱལ་པོ་ལ་འབུལ་ཟེར་འདི་མ་ཧད་གསེར་གྱིས་རུས་སྦལ་དེ་འབུལ་ལོ། །རྒྱལ་པོས་ཀྱང་སྐུ་མཆེད་ཁྱད་མེད་མཛད་དོ།།
དེར་ནམ་གཅིག་ཏུ་ཡབ་ཡུམ་གཉིས་སྐུ་གཤེགས། ཁོ་རང་གི་ཕ་མ་གཉིས་ཀྱང་འདས། ཕ་མའི་དོན་དུ་ཡུལ་བསྟེན་ཉི་མ་བཅོ་བརྒྱད་བྱས། བཀའ་འགྱུར་ལ་སོགས་སྐུ་གསུང་ཐུགས་རྟེན་བཞག །རྒྱལ་པོས་གསུངས་ནས་རང་རེ་གཉིས་དེ་རིང་སྐྱོ་སངས་ལ་འགྲོ་གསུངས། ནས་གྲོའི་ཟན་དང་མདའ་གཞུ་ཁུར་ནས་ཕུ་ལ་བྱོན། ལ་ལུང་བཅོ་བརྒྱད་བརྒྱབ་ནས་རི་རྩེ་འགྲིམས། ལུང་ཆེན་གཅིག་ལ་མི་མང་ཚོགས་པ་མཐོང་། བློན་པོ་མང་པོས་རྒྱན་ཆ་ལུགས་སྤྲས་ནས་གླང་པོ་ཆེའི་སྣ་ལ་ཚེའི་བུམ་པ་བསྐུར་ནས་ཁྲོམ་ཚོ་ཡུལ་ཚོལ་ཕྱིན་འདུག །གླང་པོ་ཆེ་སྣ་ཡུག་ནས་བློན་འབངས་རྣམས་འགྱེལ་ནས་ཁོང་དཔོན་གཡོག་གཉིས་ཀྱི་སྟེང་དུ་ཤོར་བྱུང་ངོ་། །གླང་པོ་ཆེ་དེས་རྒྱལ་པོའི་དབུ་ཐོག་ལ་བུམ་པ་བཞག་བྱུང་། ། (ཤོག་ ༢༡༣) བུམ་པ་བཞག་པ་མ་ཐོགས་ལ་བློན་འབངས་རྣམས་ཀྱིས་རོལ་མོ་སྒྲ་མང་པོ་དང་བཅས་མཐའ་བསྐོར་ཏེ། རྒྱལ་པོ་གར་ཁྱེར་འདི་ཁྱེར་མེད་པར། མིག་གིས་མ་མཐོང་ངོ་། །དེར་ཁོ་མགོ་འཁོར་བ་གཅིག་བྱུང་སྟེ། རང་ཡུལ་འགྲོ་བ་ལམ་ནི་མ་མཐོང་། དེར་མ་བུ་གཉིས་ཡོད་པ་བཞག་པར་གཡར་ནས་བསྡད་དོ། །དེར་ཁོ་ཁ་སྐོམ་བྱུང་བ་དང་མ་བུ་གཉིས་ལ་ཆང་འདྲ་ཨེ་ཡོད་དྲིས་པས་ཆང་རིན་ཅི་ཡོད་ཟེར། གསེར་ཡོད་ཟེར་དེར་ཁོ་ལ་ཆང་ཡོད་ཚད་དྲངས་སོ།།
དེ་ནུབ་ཁོ་བད་ནས་རོ་ལྟར་སོང་། ནམ་ཕྱེད་ཆང་སྨིན་ནས་ཁོ་སྐྱུག་པ་ལ། མ་བུས་མེ་ཁྱེར་ནས་བལྟས་པས་སྐྱུག་པ་གསེར་ཁོ་ན་འདུག །ད་དུང་གསེར་གྱི་མིག་གཉིས་ད་དུང་བསྐྱུགས་ན་བསམ། གསེར་འོང་ཐབས་ཁ་ལ་མར་སྦྱར་བླུག །དེ་རྒྱབ་བསྐྱུགས་པས་སྦྲུལ་དོན་བྱུང་། སྦྲུལ་དོན་པ་དང་སྐྱུག་པ་རང་བཞིན་མིན་མ་བྱུང་། གསེར་གྱི་ཡོན་ཏན་སྦྲུལ་འདི་རེད་བསམ་མོ། །རང་བུ་མོ་ལ་བཀྲུས་ནས་སྟེར་བས་གྱུར་མིད་བྱས་ནས་ཧག་བྱས་ལུད་པ་གསེར་དུ་བྱུང་། ཆང་རིང་སྤྲད་བསམ་ཧག་བྱས་གང་ཡང་མ་བྱུང་། རྒན་མོ་ལ་སྨྲས་པ་སྐྱུག་པའི་གསེར་ཁྱོད་ཀྱིས་སྦྲུལ་ང་རང་ལ་གཏོད་སྨྲས། སྤྲང་འཁྱམ་ག་ནས་འོང་མེད་པའི་འདིས་ལྟོ་བྱིན་དང་ཆང་རིང་མི་འཇལ་རྐུན་ཁག་འཛུགས་ཟེར་རྒན་མོས་བརྡུངས། ཁོའི་བསམ་པ་ལ་ཚོགས་བསགས་མ་བསགས་རྒྱལ་པོ་དང་ཟས་ནོར་མཉམ་སྤྲད་བྱུང་། མ་བསགས་དཔོན་གཡོག་གཉིས་ཡོང་བས་རྒྱལ་པོ་དང་བྲལ་གསེར་བསྐྱུག་རྒྱུ་མེད། ཡུལ་དུ་མ་ཐོན་ངོ་ཚ་བསམས།
ལུང་ (ཤོག་ ༢༡༤) པའི་ཕུ་ན་ཡར་ལྕེབས་བསམ་ཕྱིན་པས་བུ་ཚ་གསུམ་འཛིང་བཞིན་འདུག །རྩར་བལྟས་པས་བུ་ཚ་གསུམ་གཡོ་བ་ཞྭ་ལྷམ་གཅིག་མ་དུམ་ནས། དེར་ཁོས་ཁྱེད་གསུམ་ཅི་ལ་འཐབ་བྱས་འདི་གསུམ་པོས་ཅི་ལོ་སྨྲས། ལྷམ་འདིས་གར་བསམ་སླེབས། ཞྭ་འདི་གྱོན་པས་སུས་མི་མཐོང་། ཁུར་སྒྱེ་འདི་ནང་ཤ་ཤོག་བྱས་ན་ཤ་འོང་། མར་ཤོག་བྱས་ན་མ་འོང་། གང་དགོས་ཤོག་བྱས་པས་ངེད་གསུམ་མི་འཆམ་ཡིན་པས། ཁྱེད་གསུམ་པོ་སུ་མགྱོགས་དང་པོ་ལ་ཁུར་གཡོ་འདི། བར་མ་ལ་ཞྭ་འདི། རྗེས་མ་ལ་ལྷམ་འདི་གྱིས་བྱས། ཁོང་གསུམ་པོས་ཁྱོད་འདྲའི་མི་བཙལ་ན་མི་རྙེད་ཟེར། ཁོས་ཞྭ་གྱོན་གཡོ་ཁུར་ལྷམ་བཟུང་བསྡད། སུ་མགྱོགས་ན་དེ་ལ་གཏད་བསམས་ནས། བུ་ཚ་གསུམ་རྒྱུག་འོང་། ཁོ་མ་མཐོང་ནས། གཅིག་གིས་གཅིག་ལ་ངས་ད་གིས་གང་དགའ་གྱིས་བྱས་སྙིང་ཚིམ་ཟེར་ལོགས་སོང་། དེར་ཁོས་བྲག་ཁ་འཛེགས་པ་དང་། ཤིང་སྡོང་ཆེན་པོ་འདུག་པར་ཕྱིན་ནས་ཕ་ཀི་ན་སྲིན་པོ་མགོ་གསུམ་པ་གཅིག་ཡོང་གིན་འདུག་སྟེ། ཁོས་ཞྭ་གྱོན་བསྡད་པས་སྲིན་པོས་མ་མཐོང་སྲིན་པོས་མེ་ཏོག་སྔོན་པོ་གཅིག་བཏོག་ནས་སྤྲེལ་རྒན་གཅིག་ཏུ་སོང་ནས་ཤིང་སྡོང་དེ་ལ་འཛེགས་སོང་། སང་ཉི་མ་ཤར་བ་དང་བབས་བྱུང་། མེ་སྟག་སེར་པོ་ཅིག་ཏུ་རྟོགས་ནས་ཁོ་ཡི་རྟོགས་བྱས། ཁོ་སྔར་བཞིན་སྲིན་པོར་བྱུང་། དེར་ཁོ་ཡང་མེ་ཏོག་སེར་པོ་གཅིག་སྔོན་པོ་གཅིག་ཏུ་རྟོགས་ནས། ལྷམ་དེ་གོན་ནས་སྔོན་གྱི་གནས་མོ་མ་བུ་གཉིས་ཀྱི་སྒོ་དྲུང་དུ་སླེབས་ནས་དགའ་བསམ། བསམ་པ་ཐག་པ་མ་བུའི་སྒོ་དྲུང་དུ་སླེབས་པས། དེར་ཁོས་ (ཤོག་ ༢༡༥) རྒན་མོ་མ་སྨད་ལ་བོས་པས། བུ་མོ་སྒོ་དྲུང་ན་ཉག་སྟེ་བྱུང་བ་དང་། བུ་མོས་མེ་ཏོག་སྔོན་པོ་ལག་ཏུ་གཏད་པས་བུ་མོ་སྤྲེལ་རྒན་འཇིགས་སུ་རུང་བར་སོང་། ཁོས་ཞྭ་ཆུང་གོན་པས་མ་མཐོང་། སུ་མི་འདུག་པ་ཟེར་ནས་ནང་དུ་ལོག་སོང་།
བུ་མོ་སྤྲེའུར་མཐོང་བས་མ་རྒན་སྐྲག་ནས་ཁོ་སྲུང་མའི་ཆོ་འཕྲུལ་རེད་བསམས། ཕོ་བྲང་གི་སྒོ་ཞབས་མེད་པས་བཙལ་བས་མ་རྙེད། ཁོས་ཁུར་གཡོ་ནང་ཞྭ་བརྫངས་ལྷམ་སྐེད་ལ་བཏགས། རྒན་མོའི་སྒོ་ར་ན་བསྡད་པས། རྒན་མོས་མ་མཐོང་། ཁྱོད་ཀྱི་གསེར་དང་སྦྲུལ་གཏོད་ཟེར་ཁོས་ཕྱག་འཚལ། དེར་ཁོས་རྒན་མོ་ལ་སྨྲས་པ། འོ་གོ་བཅད་དམ་བྲིད་ནས་མི་ཡོང་བསྒུགས་ནས་ཡོང་ཟེར་བ་དེ་བདེན་པར་འདུག །ངའི་སྦྲུལ་དང་གསེར་ཁྱེར་ལ་ཕུལ་བས། རྒན་མོའི་བུ་མོ་ལུས་སྤྲེའུར་བཏང་ཡང་འཕོ་འཕྱུག་མེད་པར་མ་བུ་ཟུང་གིས་ཕྱག་འཚལ། དེར་ཁོ་པ་བཟང་བས། ང་ཡི་སྦྲུལ་བྱུང་ན་བུ་མོའི་ལུས་སྔར་བཞིན་བྱེད་བྱས། དེར་གཉིས་ཀ་ལོག་ནས་བུ་མོ་བསྐྱུགས་པས་སྦྲུལ་དོན་བྱུང་། ཆུས་བཤལ་ནས་ཁོ་རང་མིད། མོ་ཁང་ཆུང་དུ་ཁྲིད་ནས་མ་ལ་ཐོབ་ཐང་ཅི་ཡོད་དྲིས་པས་བུ་མོས་སྙིང་རྗེ་ཟེར་བས་ལྟར་བྱས་མེ་ཏོག་སེར་པོ་དེ་འཕངས་པས་མོ་སྔར་ལྟར་བྱུང་ངོ་།།
མ་བུ་གཉིས་བསམ་པ་དགའ་ནས་གསེར་རྣམས་ཁོའི་མདུན་དུ་སྤུངས་སོ། །ཕྱག་སྨན་བླའི་ཕོ་བྲང་ལྟར་བཙལ་ལོ། །མི་དེའི་བསམ་པ་རྣམ་པར་དག་པས་མ་བུ་ལ་ངེས་པར་བྱིན་ནོ། །ལྷམ་གོན་ཁུར་པོ་ཁུར་ (ཤོག་ ༢༡༦) ཞྭ་གྱོན་ཁོ་རང་རྒྱལ་པོའི་རྩ་ལ་སླེབས་ནས་བསམ་པ་ཡིད་མ་བྱུང་། སྐུ་མདུན་ཕེབས་ནས་རྒྱལ་པོ་མཐོང་བ་དང་བཞད་ནས་གཅིག་གིས་གཅིག་ལ་འཆང་ནས་འབྲལ་མི་ཕོད་པ་བྱུང་། རྒྱལ་པོའི་དྲུང་དུ་ཕྱག་རྟེན་ཤ་ཤོག་མར་ཤོག་ཁུར་སྒྱེ་དེ་ཕུལ་ལོ། །དེར་ཁོང་དཔོན་གཡོག་གཉིས་བསྡེབས་ཏེ་གླང་པོ་ཆེ་ལ་ཆིབས་འཁོར་བློན་དང་བཅས་སྔར་གྱི་རྒྱལ་སར་བྱོན། རྒྱལ་པོ་ལ་མི་བསོད་ནམས་ཅན་དེ་བསྐོས་ནས་རྒྱལ་སྲིད་ཕན་ཚུན་གཉིས་ཀ་ཁྱད་མེད་བྱོས། ཚུར་ངོས་ན་ཡིད་བཞིན་ནོར་བུ་མཧཱ་གསེར་གྱི་རུས་སྦལ་དེ་ཡོད་པར་འདུག །ཕར་ངོས་ན་ཤ་ཤོག་གི་ཁུར་སྒྱེ་དེ་ཡོད་པར་འདུག །མི་བསོད་ནམས་ཅན་རྒྱལ་སར་སླེབས་ནས་རྒྱལ་སྲིད་དར་རྒྱས་བྱུང་བ་ཡིན། ཕན་ཚུན་གཉིས་ཀ་ཉིན་དང་མཚན་ལ་ཆོས་སྤྱོད་པ་དང་། འབངས་འཁོར་གཡོག་བདེ་ཞིང་སྐྱིད་པ་བྱུང་བར་འདུག་ཟེར་བས། རྒྱལ་པོའི་ཞལ་ནས་མི་རང་བསོད་ནམས་རེ་ཆེ་བྱས་པས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་གསུམ་བརྒྱབ་ནས་རོ་རྒྱུ་མ་ཅུ་རེ་སོང་། རྒྱལ་པོའི་བསམ་པ་ཁ་མང་སེམས་ཡེངས་པས་ལན། རོ་མེད་པར་ལོག་ན་བཀའ་བཀྱོན་ཡང་། ཡང་དུར་ཁྲོད་དེར་ཕྱིན་རོ་ཧ་ལ་ཧུ་ལུ་ཟེར་བ་རྣམས་རྡོག་ཐོ་བརྒྱབ་ཅིང་སྡོང་རྩར་སླེབས་མི་བསོད་ནམས་ཅན་དེས་རྒྱལ་པོའི་བསམ་པ་རྣམ་པར་དག་པས་རྒྱལ་པོ་ཐོབ་པའི་ལེའུ་སྟེ་སོ་ལྔ་པའོ།། །།

༈ ཡང་རལ་གྲི་དེས་བརྒྱབ་ནས་རྩབ་བསམ་རོ་དེ་བབས་བྱུང་། བླ་མ། ང་རང་། དྲ་བ། ཏོག་མ། རལ་གྲི ཞགས་པ། (ཤོག་ ༢༡༧) འཛར་ར། དྲ་བར་བཅུག་ཞགས་པས་བསྡམས་ཁུར་ནས་གོམ་པ་བདུན་པོར་སླེབས་པ་དང་། རྒྱལ་བུས་སྒྲུང་ཞིག་ཐོངས་ལམ་ཐག་ཐུང་བྱས། རྒྱལ་པོས་རྒྱུས་ཡོད་ཁ་རོག་ཡོང་བས། ཁྱོད་ཀྱི་ཁ་ནས་གཏམ་ཡོང་བ་དེ་མི་འདུག །ངས་སྒྲུང་བྲ་བའི་སེན་མོ་ཙམ་བཏང་གིས་ཉོན་ཨ་ཟེར། ལུང་པ་གཅིག་ན་ཕ་མ་སྔར་ནས་ཤི་བའི་མིང་སྲིང་གཉིས་ཡོད། ཕུ་ན་སྲིན་པོ་རྫ་ཆེན་རྫ་ཆུང་ཟེར་བ་གཉིས་ཡོད། ལུང་པ་དེ་ན་གྲངས་པ་ཆེན་པོ་གཅིག་ཡོད། ཕར་རྒྱབ་སྲིན་མོ་དེ་ལ་ཇོ་ཇོ་ཚད་མེད་འདུག །ཁོ་རང་གཉིས་ལ་ལུག་ཁྱུ་ཡོད་པ་བུ་མོས་འཚོ། རྩྭ་ཁ་དང་སྦྲགས་ནས་ཕུ་ལ་ཕྱིན་པས། ལ་རྒྱབ་ཀྱི་བུ་ཚ་མཚར་སྡུག་འོད་ཆགས་པ་གཅིག་གི་ལུག་དེད་ནས་ཚུར་འོང་བ། ཁོང་གཉིས་འཛོམས་འཕྲད་བྱུང་། བུ་ཚས་ངེད་རང་བཟའ་མི་ཨེ་བྱེད་སྨྲས་པས། བུ་མོས་དེ་ཁ་ལ་འདུག་ཟེར། འོ་ན་ཁྱོད་ཀྱི་མིང་པོ་ལ་སློང་ན་ཨེ་སྟེར་ཟེར། བསླང་ན་དགོས་པ་མེད། ཇོ་ཇོ་འཆི་ཡང་རང་རེ་བཟའ་མི་བྱེད། བུ་ཚས་འོ་ན་རང་རེའི་ཕུ་ན་སྲིན་པོ་རྫ་ཆེ་ཆུང་ཟེར་བ་ཡོད། དེ་དགོང་ཁྱོད་རང་ན་བ་དང་ཚ་མདོག་གྱིས། མིང་པོ་བཟང་པོ་ཡོད་ལས་ཆེ་བས། ན་ཚ་ལ་གང་ཕན་ཟེར་འོང་། ན་བ་དང་ཚ་བ་འདི་ལ་ཐབས་ཡོད་དེ་ཇོ་ཇོས་བྱེད་མི་ནུས་གྱིས། བུ་མོ་ཁྱོད་ལ་ཕན་ན་ཅི་དགོས་བགྱི་ཟེར། ཕན་ཐབས་རང་རེའི་ལུང་ཕུ་ན་སྲིན་པོ་རྫ་ཆེ་ཆུང་ཟེར་བའི་ལྡུམ་ར་ནས་བྱིན་ན་དྲག་འགྲོ་བས་ཇོ་ཇོས་ཨེ་ནུས་ (ཤོག་ ༢༡༨) གྱིས། ཁྱོད་ན་བ་ལ་ཕན་ན་ནུས་ཟེར། ཁོ་ཡི་ལྡུམ་ར་རུ་འགྲོ་དེར་སྒོག་པ་རྔས་པས་ཁོ་ཚིག་པ་ཟོས་ནས་ཁོ་རང་ཟོས།
དེ་ནས་རང་རེ་ལྷན་དུ་སྡོད་པས་ཆོག་ཟེར་སླེབས་ཡོང་། དེར་མོ་རང་ཁ་ཁུག་གཡས་གཡོན་དུ་ཙག་དང་རམ་བཅུག་ན་ཨ་ན་ཨ་ཚ་བྱས། ཅིས་ཕན་ཟེར། བྱ་བ་བྱས་ཤིང་འདྲེ་བྱུང་བས་ན་ཚ་འདི་ལ་ཐབས་ཡོད་དེ་ཁྱོད་མི་ནུས་སྨྲས། ཕ་མ་ཤི་ཚར་ཁྱོད་སྡུག་པ་ལ་ཕན་ཐབས་ཡོད་ན་ཅི་དགོས་ན་བྱེད་ཟེར། བུ་མོས་རང་རེའི་ཕུ་ཡ་གི་ན་སྲིན་པོ་རྫ་ཆེན་ཟེར་བའི་ལྡུམ་རའི་སྒོག་པ་བླང་ནས་ང་ལ་བྱིན་པས་དྲག་སྟེ་ཁྱོད་མི་ནུས་སམ་ཟེར། ཁོས་ཁྱོད་ན་བ་ལ་དྲག་ན་ནུས་ཟེར་རྟ་བཟང་ཞོན་ཁྱི་ཁྲིད་ནས་ལུང་ཕུ་ལ་ཕྱིན། སྲིན་པོ་རྫས་དུ་ཚང་ལྡུམ་ར་ནས་སྒོག་པ་བརྔས་ཚར་བ་དང་སྲིན་པོ་རྫ་ཆུང་གིས་མཐོང་ནས་སྔར་ཕན་ང་ཡི་ལྡུམ་ར་ནས་སྒོག་པ་སུས་ཀྱང་མི་ཐུ་སྤྲང་རྒན་མ་གིའི་མཉེས་པ་ལ་ཟེར་ནས་ལག་ངར་བརྫེས་ནས་ཤོར་བྱུང་བས། རྟ་ཅང་ཤེས་དེ་ཁོ་མཐོང་བ་དང་མཆོང་། ཁྱིས་རྐང་པ་གཉིས་རྨུག་སྲིན་པོའི་ངར་རྡུང་ལ་རྡོ་བརྒྱབ། སྲིན་པོ་རྫ་ཆུང་འགྱེལ་བ་དང་། ཁོས་ཁྱེད་མཁྱེན་ང་མ་བསད་ཅི་གསུང་སྒྲུབ་ཟེར། རྒྱོབ་ཟེར་ན་ཕ་མགོ་ལ་རྒྱོབ། ཟོ་ཟེར་ན་མ་མཆིན་ཟ། སོང་ཟེར་ན་དམྱལ་བར་འགྲོ་ཟེར་མནའ་བསྐྱལ། དེར་ཁོ་མ་བསད་སྒོག་ལོ་འཁྱོག་ཚད་ཁུར། ཁྱིམ་དུ་ཕེབས་པས་བུ་མོ་ལ་རྒྱག་ཚད་བྱིན། མོ་ཡང་དྲག་པའི་ཁུལ་བྱས།
ལུག་འཚོ་བ་ལ་སོང་། བུ་ཚ་དང་འཕྲད་པས་ཁོ་ན་རེ། ཁྱོད་ཀྱི་ཇོ་ཇོ་ཤི་འམ་ཟེར། མོ་ (ཤོག་ ༢༡༩) ན་རེ། ཇོ་ཇོ་མ་ཤི་བའི་སྒོག་ཕོན་ཆེན་འཐུས་རྫུ་ཆུང་གཡོག་ལ་ཁྲིད་བྱུང་སྨྲས། ཁྱོད་ཀྱི་མིང་པོ་འཇིག་པ་ཨེ་ཤི་ཟེར། ད་ཕུ་ལ་སྲིན་པོ་རྫ་ཆེན་ཟེར་བའི་སྒོག་པ་ལྡུམ་ར་ནས་ལོན་དགོས། ཨ་ན་ན་ཨ་ཚ་ཚ་གྱིས། བྱིན་རྒྱུ་མ་ལོན་ན་འཆི་ལེ་ཡོད་གྱིས་བསླབས་སོ། །ཡང་མོས་ན་རྫུ་འཆི་རྫུ་བྱས། ཕན་པའི་ལུགས་ཀྱི་འགྲོ་དགོས་སྙམ་ནས། རྟ་ཞོན་ཁྱི་ཁྲིད་རྫ་ཆུང་གཡོག་ལ་ཁྲིད་ནས་རྫ་ཆེན་ལྡུམ་རར་ཕྱིན། སྒོག་པ་གཡེ་གང་བྲེག་ཚར་བ་དང་རྫ་ཆེན་གྱིས་མགོ་ནས་ལག་ངར་བརྫེས་སྤྲང་ཆུང་རྫ་ཆུང་ཁྱོད་ཀྱིས་མི་འདི་ཁྲིད་ཡོང་བ་སྔར་ནས་འདི་སུ་ཡོང་ས་མེད་ཟེར་རྫ་ཆུང་ལ་འགྲམ་ལྕག་གསུམ་བརྒྱབ་ཁོའི་སྟེང་དུ་ཤོར་བྱུང་བས། རྟ་ཁྱེར་ནས་ཁོ་ཡི་གཉའ་བ་ནས་བཟུང་། རྫ་ཆུང་ཚིག་པ་ཟོས་ནས་མཐོང་རྩ་བགགས། ཁྱིས་ཁོ་བོའི་རྒྱུ་མ་ནས་འཐེན། དེར་སྲིན་པོ་རྫ་ཆེན་འགྱེལ་ནས། ང་མ་བསད་ཅི་དགོས་བྱེད། རྒྱོབ་ཟེར་ནས་ཕ་མགོ་ལ་རྒྱག །ཟོ་ཟེར་ཀྱང་མ་མཆིན་ཟ། ཁྱེད་ཀྱིས་གང་གསུངས་མི་བྱེད་རེ། ཡ་ར་ཀན། མ་ར་ཀན། རྡོ་རྗེ་དམྱལ་བ་ལ་འགྲོ་ཟེར། མནའ་བརྒྱུད་མར་བསྐྱལ། རྫ་ཆུང་ཁུར་སོ་བསྐུར་རྫ་ཆེན་ཁྲིད་ནས་འོང་། དེར་སླེབས་པ་དང་བུ་མོ་ལ་སྒོག་པ་རྒྱག་ཚད་སྟེར།
སང་ཡང་ལུག་དེད་ནས་ལ་ཁར་ཕྱིན། དེར་བུ་ཚ་དང་འཕྲད་ཁྱོད་ཀྱི་ཇོ་ཇོ་ཨེ་བསད་དམ་བྱས། མིང་པོས་སྒོག་པ་ཕོན་ཆེན་ཁུར་སྲིན་པོ་རྫ་ཆེན་ཁྲིད་བྱུང་བྱས། ཁོས་ན་རེ་ཁྱོད་ཀྱི་མིང་ (ཤོག་ ༢༢༠) པོ་དེ་འཇིགས་པ་ཨེ་ཤི །འདི་ནས་ཕྱིར་སོང་ཨ་ན་ཨ་ཚ་གྱིས་ཉོལ་སྡོད། བུ་མོ་ན་བ་ལ་ཅི་ཕན་དྲི་འོང་བས། ང་ན་བ་ལ་སྒོག་པ་ལོ་ཚོད་ཟ་ཆེ་བས། ད་ཕོ་བ་དང་ཁ་ནས་ན། ཐབས་ཡོད་མིང་པོ་འོ་བརྒྱལ་ཆེ་བ་གྱིས། ཕན་པའི་ཐབས་གང་དྲག་བྱེད་ཟེར་ཡོང་། འོ་ཕྱིའི་རྒྱ་མཚོ་ནས་རྒྱ་ཚྭ་བླངས་ན་དྲག་གྱིས། དེར་ཁོ་སོང་ན་ལམ་དུ་འཆི་ཟེར་གྲོས་བསླབས་སོ། །ཁོས་བསླབས་བཞིན་བུ་མོས་བྱས། ན་རྫུ་བྱས་རྒྱ་ཚྭས་ཕན་སྨྲས་པས། ན་བ་ལ་ཕན་ན་ང་འོ་བརྒྱལ་རྒྱུ་མེད་ཟེར། རྟ་སྒ་བསྟད་སྲིན་པོ་གཉིས་དང་ཁྱི་གཉིས་ཁྲིད་ནས་རྒྱ་མཚོ་ཆེན་པོ་ལ་ཕྱིན། དེ་ནས་མཚོ་ཁ་ལ་སླེབས་པ་དང་རྒྱ་ཚྭ་མཚོ་དཀྱིལ་ན་ཡོད་འདུག་པས། ཁོ་བའི་སྐེད་པ་ལ་ཐག་པ་བཏགས་ཏེ་སྒྱེ་ལུ་ཁུར་རྫ་ཆེན་གྱིས་བཟུང་ནས་རྒྱ་མཚོ་གཏིང་ལ་སོང་ངོ་། །ངས་ཐག་པ་འཐེན་འོང་བས་སྒྱེའུ་གང་སྲག་ཡིན་པས་འཐོན་བྱས་པ་དང་། རྫ་ཆེན་འཐེན་པས་གང་ཡང་མ་བྱུང་བ་དང་། རྫ་ཆེན་ན་རེ། ད་ཐབས་གཞན་མེད། ཁྱི་གཉིས་འདོགས་རྟ་ཁྱོད་རང་འཐུང་ཟེར། ཁྱི་དང་རྟས་འཐུང་ཡང་ཁ་མ་འབྲི། རྫ་ཆུང་ལ་ཁྱེར་ཁ་ཅི་འདུག་བལྟས་བཏུང་བྱས་པས་མཚོ་ཁ་དམའ་ཙམ་བཏུང་། དེར་སོ་སྦྲིད་ནས་ལ་ཕར་རྒྱབ་ཏུ་ཕོ་བས་ལུང་པ་གཤའ་ལོག་ཀྱིས་ཁེངས། དེར་རྫ་ཆེན་གྱི་བཏུང་བས་ཐམས་ཅད་རུབ་སྟེ་སོང་། དེ་སྟེང་ལ་ཚྭ་ཞོ་ཆགས་ལྟ་བུ་དེ་ལ་མགྱོགས་པར་རྒྱ་ཚྭ་སྒྱེ་བཞི་བརྫངས་སོ།།
ཁོས་རུས་པ་ཨེ་འདུག་བལྟས་པས་མ་རྙེད། རྫ་ཆེན་པོ་འགྲིག་ཆུ་གཞན་ལ་བུ་ཚ་རྣམས་ཁུར་ནས་མཚོ་གསེབ་ (ཤོག་ ༢༢༡) ནས་རུས་པ་རྙེད་དེ་འཕྲོ་མ་ཞིག་རྫ་ཆེན་བཏུང་བའི་གསེབ་ནས་བྱུང་། རྫ་ཆེན་གྱིས་རྫ་ཆུང་ལ་སྨྲས་པ། རང་རེ་དཔོན་གྱི་བར་ན་མནའ་དམ་པ་ཡོད་པས། རྫ་ཆུང་ཁྱོད་མགྱོགས་པར་སོང་ལ་ང་ཡི་ཁྱིམ་དུ། ན་ནིང་སྔོན་མ་ཙམ་ལ། ཨ་མ་ལབ་ཀྱི་སྒྲོལ་མས་བྱིན་པའི་བདུད་རྩི་སྤར་བུ་གང་ཡོད། གར་དགོས་མི་ཤེས་བསམ་པས། ཀ་འགོ་སྟེང་ན་བཞག་ཡོད་པ་ཁྱོད་ཀྱིས་ལོངས་ཤོག་བྱས་པས། ཀ་མགོའི་སྟེང་ནས་སྤ་རུ་ཞིག་འདུག་པས་རུམ་དུ་བཅུག་ནས། འཛའ་ར་ཟོས་ནས་མུན་མ་རུབ་ལ་ཕེབས་བྱུང་། རྫ་ཆེན་གྱིས་རྫ་ཆུང་འགོར་བ་རེག་ཟེར་དེ་ག་ལ་ཉལ་བསྡད། སང་ཉི་མ་ལ་ཁོ་ཡི་རུས་སྒྲོམ་བསོས། ཕྱི་ནས་བདུད་རྩི་རིལ་བུ་གཅིག་བྱུག་པས་ཤ་ལ་ཁྲག་ཆགས་བྱུང་། དེས་ཁ་ལ་རིལ་བུ་གཅིག་བཏབ་པས། ཤ་རྣམས་སྔར་བཞིན་ཁེང་བྱུང་། དེ་ནས་རིལ་བུ་གཅིག་བཏབ་ནས་ཕྱིས་ལྤགས་ཆག་བྱུང་། ཡར་སྔར་བཞིན་བཏང་བ་སྔར་བཞིན་དྲན་པ་རྙེད་བྱུང་བ་ཡིན་པར་འདུག །གསོས་སྨན་གྱི་ཡོན་ཏན་དེས་ཁོ་མང་དུ་བྱུང་ངོ། །དེར་རྒྱ་ཚྭ་རྣམས་བཀལ་དཔོན་གཡོག་མི་ཁྱི་དང་བཅས་པ་ཡུལ་དུ་སླེབས་སོ།།
དེར་བུ་མོ་དེ་ལ་རྒྱ་ཚྭ་བླུད་པར་ཡིན་འདུག་པར་གདའ། དེར་མོ་དྲག་ལ་ཁད་བྱས། ལུག་འཚོ་བར་ཕྱིན་པས། ཡང་བ་ཚྭ་དེ་དང་ལ་ཁར་འཕྲད་ནས། ཁྱོད་ཀྱི་ཇོ་ཇོ་ཨེ་ཤི་བྱས་པས་ཇོ་ཇོ་མ་ཤི་བའི་རྒྱ་ཚྭ་བཀལ་ནས་བྱུང་། ང་ཡི་ཁར་མ་སོང་བར་རྒྱ་ཚྭ་བླུད་ནས་བྱས། ཁོ་ན་རེ། ཁྱོད་ཀྱི་ཇོ་ཇོ་དེ་འཇིགས་པ་གཅིག་ཡོད་པར་འདུག །དེར་བུ་མོ་དེའི་ཇོ་ཇོ་མ་ཤི་ན་བཟའ་མི་ཡོང་ (ཤོག་ ༢༢༢) བར་མི་འདུག་ཐབས་ཨེ་ཡོད་ཟེར། ད་ཐབས་མེད་ཇོ་ཇོ་དེ་ལ་བསླང་ནས་མི་སྟེར་བྱས་པས་མོ་མཆི་མ་ཕྲོམ་ཕྲོམ་དུ་ངུ་བཞིན་འདུག །ཁྱོད་ངུ་བ་ལ་མ་ཐུག །ཁྱོད་ཀྱི་ཇོ་ཇོ་གསོད་ནུས་སམ་ཟེར། གསོད་ནུས་ཟེར། འོ་ན་ཁྱོད་ཀྱི་དོ་ནུབ་ཇོ་ཇོ་འོ་བརྒྱལ་ཟེར་བ་གྱིས་ལ་ཆང་མང་བ་དྲངས། ཇོ་ཇོའི་སྔས་ཞབས་གདུང་མ་གཅིག་ཆུག །དེར་ཁྱོད་རང་ནམ་ཕྱེད་ཙམ་ལ་ཇོ་ཇོའི་མགོ་ལ་རྡོ་སྤང་ཚད་མ་གཅིག་རྒྱོབ་ལས་སོད། དེར་ཇོ་ཇོ་བསད་པ་སྲིན་མོ་གཉིས་ཀྱི་མི་ཚོར་བར་གྱིས་ལ། རྟ་དེ་ཞོན་བྲོས་ཤོག་ཟེར་བསླབས་པ་དང་། ཡང་ལུག་དེད་ནས་ནང་དུ་ལོག་ཡོང་ངོ་།།
སྔར་སོར་མི་དེས་བསླབས་པ་ལྟར་ཇོ་ཇོ་འོ་བརྒྱལ། ཉལ་བ་བདེ་མོ་གྱིས། འདིར་ཉལ་ན་ལེགས་བྱས། ཉལ་ས་བཟོས་ཆང་མང་བར་དྲངས། སྔས་ཞབས་ལ་གདུང་མ་གཅིག་བཞག །ནམ་ཕྱེད་སོང་བ་དང་། བུ་མོ་ལངས་སྲིན་མོས་མ་ཚོར་བར་བྱས། རྡོ་སྤང་ཚད་གཅིག་ཇོ་ཇོའི་སྔས་ཁུར་ནས་ཕྱིན་པ་དང་། ཇོ་ཇོས་མགོ་བོ་སྔར་བཞག་པ་དེ་ལ་བདེ་མོ་མ་བྱུང་ནས། གདུང་མ་མེད་པའི་སར་ཉལ་ནས་བསྡད། དེར་མོས་ཇོ་ཇོས་མགོ་བཞག་པའི་ཐད་ལ་རྡོ་སྤང་ཚད་གཅིག་བརྒྱབ་པར་ཡིན་པར་གདའ། དེར་ཇོ་ཇོ་ཧར་དེ་ལངས་ནས་སུ་ཡིན་ཟེར། རྫ་ཆེན་རྫ་ཆུང་གཉིས་རྒྱུག་ཤོག་བྱས་བོས་པས། དེར་རྫ་ཆེན་རྫ་ཆུང་གཉིས་ཀྱི་མར་མེ་ཁྱེར་ནས་བལྟས་པས་གཞན་སུ་ཡང་མི་འདུག །བུ་མོ་དེས་རྟ་སྒ་བརྒྱབ་འགྲོ་གྲབས་བྱེད་འདུག་པས། རྫ་ཆེན་གྱིས་བདུད་མོ་འདི་ཡིན་པར་འདུག །སྔ་མ་ཡང་འདི་ལན་ (ཤོག་ ༢༢༣) འདི་མ་བཏང་ཟེར་ནས་གྱུར་མིད་བྱས། ཇོ་ཇོས་བུ་མོ་དེ་ལ་མ་བྱེད་ཟེར་ཡང་། ཁོས་མིད་ཚར་བ་ཡིན་ཟེར། དེར་ཁྱོད་ལ་བཟང་བྱས་ངན་བྱས་འདྲ་བར་འདུག །ཇོ་ཇོས་ད་མོ་རང་གི་ཅི་བྱེད་ཟེར་སྙིང་རྗེ་ཟེར། སེམས་འཁྲལ་དཔག་ཏུ་མེད་པར་བྱས་པ་ཡིན་པར་འདུག །སྲིན་མོས་ཁྱོད་ལ་བཟང་ངན་གང་བྱས་འདྲ་བར་འདུག །སྨན་འདེབས་རྒྱུ་ཡོད་ཀྱང་མི་འདེབས་ཟེར། དེར་ཇོ་ཇོ་ནས་ངེད་རང་མིང་སྲིན་ལངས་མེད། དེར་མོ་རང་ཡང་ཅི་བྱས་ཀྱང་ངེད་གཉིས་མི་གཅིག་སྙིང་གཅིག་ལ་གཏད་པ་ཡིན། སྙིང་རྗེ་ཟེར་ནོར་གང་ཡོད་མོའི་ཕྱོགས་སུ་བདོག་པར་བཏང་། རྫ་ཆེན་རྫ་ཆུང་ཁོ་རང་གཉིས་ལོག་སོང་ངོ་།།
དེ་ནས་རྟ་ཞོན་ཁྱི་གཉིས་ཁྲིད་ནས་རྒྱང་རིང་པོ་གཅིག་ལ་སྐྱོ་བསངས་ལ་ཕྱིན་ཏོ། །དེར་མཚོ་འགྲམ་རྩྭ་ཁ་བཟང་པོ་གཅིག་ལ་རྟ་ལ་ཟ་བཅོལ་སྡོད་པའི་ལམ་ཁ་དེར། སོ་མང་གཅིག །དུང་ཕྲེང་གཅིག །མེ་ལོང་གཅིག་རྙེད་པ་ཡིན་འདུག །དེར་རྟ་ཕོ་ན་རེ། གང་དགོས་མི་ཤེས་འདི་རྣམས་ཁྱེར་བྱས་ཡིན་པར་འདུག །དེ་ཁྱེར་ནས་མཚོ་འགྲམ་དེ་ལ་བསྡད་པ་ཡིན་པར་འདུག །ནམ་གཅིག་ཏུ་སོང་བ་དང་མཚོ་ལངས་བྱུང་བས། རྟ་དེས་ཁོ་ལ་སྨྲས་པ། སྒ་ལེགས་པ་གཏོད་དོ། །ཁྱི་གཉིས་ཁྲིད་ལ་བྲོས་ཤོག །སྒ་བརྒྱབ་ཚར་བ་དང་ཁྱི་གཉིས་ཁྲིད་རྟ་ཞོན་ཟིན་པ་དང་། མཚོ་དཀྱིལ་ནས་ལྕགས་ཀྱི་སྤྱང་མོ་གཅིག་རི་སྣ་ཙམ་བྱས་བྱུང་ནས། ཁོ་དེད་པ་ཡིན་པར་འདུག །ཁོ་ཟིན་ལ་ཁད་བྱུང་བ་དང་། རྟ་དེས་ཁོ་རེ་སོ་མང་དེ་སྨོན་ལམ་ཐོབ་ལ་བསྐྱུར། སོ་མང་བསྐྱུར་ནགས་གཅིག་ཏུ་སོང་། (ཤོག་ ༢༢༤) ཁོས་བསྐོར་ནས་དེས་རིང་བྲོས་སོ། །ཡང་ཟིན་ལ་ཁད་བྱུང་བ་དང་། བུ་སྨོན་ལམ་ཐོབ་ལ་དུང་ཕྲེང་བསྐྱུར་ཟེར། གངས་རི་དུང་ཕྲེང་འདྲ་བ་གཅིག་བྱུང་ནས། ཡང་དུམ་གཅིག་བྲོས་སོ། །སྤྱང་མོས་རྗེས་ཟིན་ལ་ཁད་བྱུང་བ་དང་། མེ་ལོང་ལོངས་ལ་སྨོན་པ་ཐོབ་ལ་བསྐྱུར་ཅིག །ཁོས་མེ་ལོང་ལ་དམོད་པ་བོར་ནས་མཚོ་མེ་ལོང་འདྲ་བ་གཅིག་ཤོག །མཚོ་ཡི་ཕར་རི་མོ་ཡོད་པ། ཚུར་ངོས་སུ་ང་རང་ཐར་བ། བསྐོར་བས་མི་འཁོར་བ་བརྒལ་བས་མི་ཐར་རྐྱལ་གྱིས་མི་ཆོད་པར་ཤོག་བྱས་པས། སྨོན་པ་བཏབ་པས། ཇི་ལྟར་བྱས་པ་བཞིན་བྱུང་། མཚོ་ཕ་རི་ནས་སྤྱང་མོ་ན་རེ། སྤྲང་པོ་ཁྱོས་ང་ཚེ་སྔ་མོ་སྲོག་ལན་ཆགས་པ་ཡིན་འདུག །སྤྲང་པོ་རྫ་ཆེན་རྫ་ཆུང་དང་རྟ་དེས་ཁྱོད་ཀྱི་ཚེ་ཐར་བ་ཡིན་ནོ་ཟེར་ལོག་སོང་།
ཁོས་སྲིང་མོ་དེ་ཚེ་སྔ་མོ་ནས་སྲོག་གི་ལན་ཆགས་ཡོད་པས། སྲོག་ལེན་པར་སྲིང་མོར་རྫུས་ནས་སྐྱེས་པར་ཡིན་པར་གདའ། སྲོག་ལན་ཆགས་པའི་རྣམས་སྨིན་ཡིན་པར་འདུག །དེར་ས་སྟོང་ཆེན་པོ་གཅིག་ཏུ་སླེབས་པ་དང་། རྟ་དེས་གོ་ནས་ཤི་བའི་དུས་སྟབས་པར་ཡིན་འདུག །རྟ་དེས་སྨྲས་པ་དང་ད་འཆི་བར་འདུག །ཤི་བ་དང་ངུ་བ་སོགས་གཏན་ནས་མ་བྱེད་པར། ལེགས་པར་ལྤགས་པ་ཤུས་ལ། ལྤགས་པ་ཁྲོབ། མགོ་བོ་དཀྱིལ་ལ་ཞོག །ཁ་ནང་དེར་སྙིང་དེ་བཅུག །སོ་རྣམས་སྟུང་ལ་སྤང་ལ་གཏོར། མཁལ་མ་གཉིས་མགོ་བོའི་རྩར་ཞོག །གྲོད་པ་ཐང་ལ་ཁྲོམ། རྒྱུ་མས་ལྤགས་པའི་མཐའ་བསྐོར། གློ་བ་ཕུགས་སྐྱོལ། མཆིན་པར་དུམ་བུར་གཏུབ་ (ཤོག་ ༢༢༥) ལ་གློ་བའི་གཡས་གཡོན་དུ་བསྐོར། སྤུ་རྣམས་འཐོགས་ལ་རི་ལ་གཏོར། མཁྲིས་པ་མགོ་བོའི་རྩར་ཞོག །མ་ངུ་ངུས་ན་གྲང་ཡང་ཟེར། རྟ་དེ་ཤིའོ། །དེར་ཁོས་རྟ་ཤི་དང་ཚེ་སྔོན་དགྲ་སྲིང་མོ་དེས་སྡུག་དེ་བཏང་། སྲོག་མགོ་ཐོན་པའི་རྟ་དེ་ཤི་དེ་ངུས་པས་ཁ་ཆར་བབས། ངུ་འཕྲོ་ཧེ་ཧེ་བྱས་པས་ཉི་མ་དྲོན་མོ་བྱུང་། དེར་ཁོས་རྟ་རང་གིས་བསླབས་པའི་ལུགས་བཞིན་བྱས་པས་ཐང་ཆད། ངུས་པ་དེས་ཀྱང་དུབ་ནས་ཉི་མ་དེ་ལ་གཉིད་དུ་སོང་འདུག་གོ །
གཉིད་ཁུག་ལ་བུ་གཅིག་གིས་དེ་འདྲའི་གཟིམ་ལུགས་མ་མཛད་པར་ཡར་བཞེངས་དང་ཟེར། མགོ་ནས་མེ་ཏོག་བྱེད་ཅིང་འདུག་གོ །དེར་གཉིད་སད་པ་དང་། ང་ཡི་སྲིང་མོ་དེ་སྲོག་ལན་དེད་པའི་བདུད་མོ་དེ་འདྲ་གཅིག་བྱུང་། རྟ་དེ་ཤི །ད་སུ་ཡོད་དམ་བསམ་བལྟས་པས་བུ་ཚ་མཚར་ལ་འོད་ཆགས་པ་གཅིག་ལ་རྒྱན་ཆ་ལུགས་ཀྱིས་བརྒྱན་པ་གཅིག་འདུག་གོ །ཡར་བཞེངས་པ་ཞུ་ཟེར། ད་ཚེ་སྔོན་གྱིས་དྲིན་ལན་འཇལ་བའི་རྟ་ཕོ་དེ་ང་ཡིན་ཟེར་བ་དང་། དེར་ཁོས་ལངས་པས་བུ་མོ་དེས་ཁོ་ནང་དུ་གདན་དྲངས་སོ། །ཕོ་བྲང་ཁྱད་འཕགས་དགུ་ཐོག་མ་དེ། རྟས་མགོ་ལས་བྱུང་བ་ཡིན་པར་འདུག །མགོ་ཡི་ཁ་ནས་སྙིང་བཞག་པ་དེ་ལ་བུ་མོ་མཚར་ལ་སྡུག་པ་གཅིག་བྱུང་བ་ཡིན་པར་འདུག །མཁལ་མ་གཉིས་ལ་རྟ་བཟང་པོ་གཅིག་བྱུང་བ་ཡིན་པར་འདུག །ཁོ་རང་གི་རྟ་དེ་ཡིན་པར་འདུག །རྒྱུ་མས་མཐའ་བསྐོར་བ་དེ་ལྕགས་རི་ལེགས་པོ་གཅིག་བྱུང་ཡིན་པར་འདུག །གློ་བ་གཏོར་བ་དེའི་ཡོན་ཏན་གྱིས། བློན་ (ཤོག་ ༢༢༦) པོ་གྲོས་བློ་དང་ལྡན་པ་གཅིག་བྱུང་བ་ཡིན་པར་འདུག །སྤུ་རྣམས་གཏོར་བས་ནགས་ལ་ཤིང་སྣ་ཚོགས་བྱུང་བ་ཡིན་པར་འདུག །གྲོད་པ་ཐང་ལ་བཀྲམ་པའི་ཡོན་ཏན་གྱིས་རྩྭ་ཁ་ཁྱད་འཕགས་བྱུང་བ་ཡིན་པར་འདུག །སྤང་ལ་སོ་གཏོར་བའི་ཡོན་ཏན་གྱིས་ལུག་ཁྱུ་ལྡོག་པས་མི་ཕུལ་བ་བྱུང་བ་ཡིན་པར་འདུག །གཡས་གཡོན་དུ་མཆིན་པ་གཏུབ་པའི་ཡོན་ཏན་གྱིས་ལམ་གཅིག་མིན་པ་མཐས་རྫ་ཡི་བསྐོར་བ་ཡིན་པར་འདུག །བུ་ཚ་མིང་སྲིང་ལྷ་ཕྲུག་འདྲ་བ་གསུམ་བྱུང་བ་ཡིན་པར་འདུག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པ་གཅིག་བྱུང་བ་ཡིན་པར་འདུག །ཟེར་བ་སྨྲས་པས། རྒྱལ་བུས་ཞལ་ནས་སྲིང་མོ་དེ་ལ་ཇོ་ཇོས་བྱམས་བྱས་པ་ལ་ཤི་ནས་ཇོ་ཇོས་སྲོག་ལེན་དུ་ཡོང་བ་ལ་སྲོག་མགོ་ཐོན་པའི་རྟ་དེ་ཡང་དྲིན་ཆེ་ཨང་། བྱས་པས་རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་འགྲམ་ལྕགས་གསུམ་བརྒྱབ་རོ་དེ་རྒྱུ་མ་ཅུ་རེ་ཤོར་སོང་། །དེར་རྒྱལ་པོའི་ཐུགས་ལ་གྲོད་པ་ཡང་ལྟོགས། ད་གང་བྱས་མི་ལོན་པ་འདྲ་བསམ་དགོན་པ་ལ་ལོག་ཕྱིན། མཐོ་རྣམས་བརྒལ་མ་ནུས། སྐོར་བ་གཅིག་བསྐོར་ཏེ། ཤར་ནས་ལྷོ་ལ་ཕྱིན་པས། ལྷོ་ཡི་མཚམས་ཐོར་ཡི་གེ་གཅིག་སྦྱར་ནས་འདུག་སྟེ། དེ་ཀློག་པས། བུ་ཁྱོད་ལ་ཅི་སྨྲས་ཀྱང་གོ་རྒྱུ་ནི་མེད། དང་པོ་སྔ་མ་ལ་ཞེ་རུས་གཅིག་སྐྱེད་ན། བསྟན་པ་ལ་ཕན་ཐོགས་འདུག །གསེར་ཁ་གཅིག་ཡོང་བ་ཡོད་པ་ཡིན། (ཤོག་ ༤༥༢) དེ་གཏིང་ཞེ་རུས་གཅིག་བསྐྱེད་ན་པུས་མོ་མན་གསེར་དུ་འགྲོ་བ་ཡིན་ཏེ་མ་བྱུང་། ད་བུ་ཁྱོད་སྙིང་རུས་གཅིག་བསྐྱེད་ན། ལྟོ་བ་མན་ཆད་གསེར་དུ་འགྱུར་བ་ཡོད། རྒྱ་གར་གྱི་གསེར་ཆགས་པ་རྣམས་གསེར་གྱི་འགྱེད་གཅིག་ཨེ་ཡོང་ལྟའོ། །སྙིང་རུས་གཅིག་བསྐྱེད་ཅིག་གསུངས་ནས་མར་ཟན་གཡུ་སང་གི་དེ་ལས་ཆེ་བ་བཞག་འདུག་གོ །མར་ཟན་དེ་ནས་རྒྱག་ཚད་ཅིག་ཟོས། ལྷག་མ་རྣམ་ཁུར་བྱས་དུར་ཁྲོད་དེ་རུ་ཕྱིན་ཏོ།།
དེར་རོ་ཕྲན་རྣམས་འཇིགས་པའི་ཆ་ལུགས་མང་པོ་བསྟན་ནས་རོས་ཧ་ཧས་ཧ་ལ་ཟེར་གྱིན་ཅང་སྟེ་ལངས་བྱུང་། ལ་ལས་ཧུ་ལུ་ཧུ་ལུ་ཟེར་གྱིན་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན་འདུག །ངའི་བླ་མ་བདེན། སྤྲང་པོ་འདི་ཚོས་ཡང་ང་ལ་མཉེས་ལས་རེད་ས་འདུག །ཞོད་པའི་སྐད་ (ཤོག་ ༢༢༧) ཅིག་ཀྱང་མ་བྱུང་སྟེ་རོ་ཧ་ལ་ཧ་ལ་ཟེར་བ་རྣམས་མས་བརྡུངས་རྡོག་རུལ་བཏང་། ཧུ་ལུ་ཧུ་ལུ་ཟེར་བ་རྣམས་ཏོག་མས་བརྡུངས་པ་དང་། རླུང་ཞི་བ་ལྟར་ཉལ་སོང་། དེར་རོ་ཆེན་པོའི་རྩར་ཕྱིན་པ་དང་། ཁོས་སོ་ཐམ་ཐམ་མང་པོ་བྱེད། ལུས་ཤིང་ལ་བྲལ་ནས་མིག་ཕར་ཧྲིག་ཚུར་ཧྲིག །སྦར་སྦར་མང་པོ་བྱེད་འདུག་པས། དེར་ཚོ་སྔོན་གྱིས་དྲིན་ལན་འཇལ་བའི་རྟ་ཕོ་དེས་སྲིན་མོ་བྲན་དུ་བསྐུལ་ཚེ་སྔོན་གྱིས་སྲོག་ལན་དེད་པའི་སྲིན་མོ་དེ་ཁ་ནས་ཐར་ཏེ། མཁར་གཞིས་ནོར་ཕྱུག་མངའ་ཐང་དང་བཅས། ཅང་ཤེས་ཀྱི་རྟ་དེས་དྲིན་ལན་གཞལ་བའི་ལེའུ་སྟེ་སོ་དྲུག་གོ། །།

༈ ཡང་རྒྱལ་བུ་བདེ་བྱེད་བཟང་པོ་སྔར་ལྟར་སོང་ནས། ཤིང་སྡོང་གི་རྩར་རྩེབས་པ་དང་། (ཤོག་ ༢༢༨) རྒྱལ་བུས་རལ་གྲི་བཏོན་ཏེ་ཤིང་དེ་ཕྱེད་ཙམ་ཆད་ལ་ཁད་པ་གཅིག་བརྒྱབ་ནས། བླ་མ། ང་རང་། དྲ་བ། ཏོག་མ། ཞགས་པ། རལ་གྲི། འཛའ་ར། རོ་གོག་བབ་བམ་ཤིང་སྡོང་གཅོད་བྱས་པས། རོ་དེ་སྡིག་སེ་བབས་བྱུང་། ཡ་གིའི་སྤྱི་བོ་ནས་རྐང་མཐིལ་ཡན་ཐོ་བས་འདམ་བག་ས་བཞིན་དུ་བརྡུངས། ཁྱོད་ཁ་ཐམ་ཐམ་ཟེར་རལ་གྲི་གཤགས་མིག་ཁྲབ་ཁྲབ་ཟེར་བའི་མིག་ལ་གྲི་ཚག་བྱས། གཟུགས་བཞི་རྣམས་འཕྲལ་ནས་དྲ་བའི་ནང་ལ་བརྫངས། ཞགས་པ་དེས་སྡིག་སྟེ་ཁུར་ཡོང་བས། གོམ་པ་བདུན་ཙམ་ལ་ཕོག་པ་དང་། རོ་ཁོའི་ཁ་ནས་རྒྱལ་བུ་རྒྱལ་བུ་ཟེར་གང་བྱུང་ཟེར། རྒྱལ་བུས་རྒྱུས་ཡོད་བསམ་ཁ་རོག་བསྡད་པས་རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་མིན་པར་འདུག །ངས་རོ་སྒྲུང་x ཉོན་ཨང་x ལུང་པ་ཆེན་པོ་གཅིག་ན་རྒྱལ་པོ་ཆེན་པོ་གཅིག་ཡོད་པར་ཡིན་པར་འདུག །རྒྱལ་པོ་དེས་ལུང་པ་ཕུ་ན་སྟག་མི་ཟན་ཡོད་པར་འདུག་གོ །སྟག་མི་ཟན་དེ་ལ་ལུང་པ་དེས་ལོ་རེ་ལ་མི་གསུམ་སྤྲོད་དགོས་ཀྱི་ཡོད་པར་འདུག །ལུང་པ་དེའི་ཕུ་ན་འཐག་མཁན་ཕོ་རེང་གཅིག་ཡོད་པར་འདུག །མདའ་དེ་ན་མ་སྨད་གསུམ་ཡོད་པར་འདུག །མ་སྨད་གསུམ་པོ་སྟག་མི་ཟན་གསུམ་པོས་ཟ་རེད་ཡོད་པར་འདུག །མོའི་བུ་གཅིག་བུ་ཡར་ཡིན་པ་ལ་ནོར་ལོངས་སྤྱོད་ཀྱི་དགའ་འདུག །མོ་རང་སྒོ་ར་ནང་སྟག་སླེབས་པར་འདུག །ཡར་བལྟས་པས་ཁོང་མ་སྨད་ཟ་རྒྱུ་དང་འུར་རྒྱག་གི་ཡོད་བསམ་ཉན་པས་ (ཤོག་ ༢༢༩) མ་ཡར་བུ་ཡར་ཁ་སེམས་མ་གཅིག་ཟས་ནོར་ཤུལ་དུ་ལུས་འགྲོ། བསམ་ངན་ཡོད་ནས་ཁོང་གཉིས་གྲོ་ཟན་ནང་ལ་ཤ་མར་བཅུག །བུ་ལ་ཟན་སྒོག་ནང་འཆག་བཅུག་དེ་མོ་མུར་ཆེན་པོའི་ནང་བསགས་ནས་བསྡད། ཁོང་མ་བུའི་ཟན་དེ་ཚིག་པ་དང་སྣུམ་ཚིལ་བྱུང་བས་བུ་ཡར་དེས་ཞེ་ཁྲེལ་འཇོག །ཁོ་རང་ཟན་དེ་མེ་བསྲོས་པས་ཁ་དེ་སྐྱ་སྦོབ་སྦོབ་སྔོ་ཉུག་ཉུག་ཆུ་བྱུང་བས། དེ་དོན་བྱུང་བ་དང་ཁོ་གཏིང་ནས་ཞེ་ཁྲེལ་ནས་སྔར་གང་བྱས་ཀྱང་དོ་ནུབ་འཆི་བ་ཡིན། ཟས་ནོར་ནི་མོ་ལ་དབང་དུ་མི་ཡོང་བསམས་ནས་ཞེ་ཁྲེལ། དེར་ཨ་མ་དེས་བུ་ཚ་མིང་སྲིང་རང་རེ་སྟག་གིས་ཟ་བ་ལ་རང་རེ་སྡུག་པ་ཟེར་བ་བྱས་པ་ཡིན་པར་འདུག །དེར་ཁོས་ཨ་མ་ཞེ་ཁྲེལ་དད་ནས། དེ་འདྲའི་སྡུག་རྒྱུ་མེད། རྒྱལ་འབངས་གཞན་རྣམས་ཟ་བའི་བར་ལ་སྡུག་རྒྱུ་མེད། དེ་བས་སྡུག་གཞན་ན་གདའ། མ་ཡར་གྱིས་ཁོ་རེ་སྟག་གིས་ཟ་བ་ལ་སྡུག །དེར་ཁོས་སྨྲས་པ་ལ་སྟག་དེས་སྡུག་པའི་སེམས་ཅན་ཟག་ཡོད། ཟག་ལས་ཞེད་པའི་སེམས་ཅན་སུ་རུ་ཁ་སྦོབ་ཟེར་བ་གཅིག་ཡོད། སུ་རུ་ཁ་སྦོབ་ལས་ཞེད་པའི་སེམས་ཅན་གདའ་ལེ་སྔོ་སྐྱ་ཟེར་བ་གཅིག་ཡོད། སྟག་གི་བསམ་པ་ལ་ཞེད་དེ་གཉིས་ལ་ཞེད་རྒྱུ་མེད། སུ་རུ་ཁ་སྦོབ་ལུགས་དེས་དེ་བྱུང་ན་དོན་མེད་པའི་དེས་ཡོད། ར་བའི་གླང་མ་གི་ཟོས་ན་བསམ། ར་བ་ན་གླང་རྒན་ཁྲ་བོ་ཟོས་ནས་ཉལ་བསྡད། ལུང་པ་ཕུ་ཡི་འཐག་མཁན་ཕོ་རེང་གི་བསམ་པ། བཅོ་ལྔའི་ཟླ་བ་ཤར་བྱུང་སྟག་གིས་མི་ནམ་ཕྱེད་ཟ་བ་ཡིན། མ་བུ་གསུམ་ (ཤོག་ ༢༣༠) གྱིས་གླང་གིས་བསམ། གོས་ཀྱང་བུད་ལག་གཡས་ཏོག་མ་གཅིག་ཁུར། གཡོན་དུ་ཞགས་པ་ཁུར་ནས་ཕྱིན། མ་བུའི་སྒོ་འགག་ཕྱིན་པས་མི་སྐད་ཁྱི་སྐད་མི་འདུག་བསམས་ནས་ཡར་ལངས། གླང་ཡིད་སེམས་དགའ་དྲགས་པས་སྟག་ལ་ཐག་པ་སྟག་དེ་ཞོན་པས་སྟག་ཁོའི་བསམ་ལ་སུ་རུ་ཁ་སྦོབ་ཟེར་བ་རེད་བསམས་ནས་ཧར་ལངས་ནས་བྲོས་སོ། །
འཐག་མཁན་གྱི་བསམ་པ་ལ་ད་གང་དྲག་བསམ། སྟག་གིས་རྣ་མཆོག་གཉིས་བཟུང་ནས་ལ་ལུང་བཅོ་བརྒྱད་ཀྱི་བར་དུ་ཁྱེར་རོ། །ལ་ལུང་མང་པོར་ཁྱེར་ནས་ཕྱིན་པའི་སར་ཉི་མ་རྩེ་ཞུར་ཞུར་བྱུང་བས་ཤིང་ཙན་དན་གྱི་སྡོང་པོ་ཆེན་པོ་གཅིག་ལ་ཁྱུང་གི་ཚང་ཡོད་པ། ཚེས་བཅོ་ལྔའི་ནུབ་མོ་ཁྱུང་ཕྲུག་རྡོལ་ཡོང་གི་ཡོད་པ། ཤིང་དེའི་རྩ་བ་ན་དུག་སྦྲུལ་ཆེན་པོ་གཅིག་ཡོད་པ། ཚེས་བཅོ་ལྔའི་སྔ་དྲོ་ཡར་འཛེགས་ན་ཁྱུང་ཕྲུག་ཚོ་ཟ་བ་གཅིག་ཡོད་པར་འདུག །འཐག་མཁན་ཕོ་རེང་བསམ་པ་ལ། ཤིང་སྡོང་ཕ་གི་ལ་ཞགས་པ་བརྒྱབ་ནས་སྡོད་དགོས་པས་ཤིང་གིས་རྩར་སླེབས་པ་དང་། ཞགས་པ་བསྐྱུར་བས་དུག་སྦྲུལ་གྱི་གཞུག་མ་ནས་བཟུང་། དུག་སྦྲུལ་མར་ལོག་སྟག་གི་སྙིང་ལ་འཆང་། དུག་སྦྲུལ་ཡང་སྟག་གིས་སྙག་པས་སྟག་དང་དུག་སྦྲུལ་གཉིས་ཀ་ཤི་བ་ཡིན་པར་འདུག །དེར་ལུང་པའི་ཕུ་ལ་ཕྱུག་རྫི་མང་པོ་ཡོད་པས་ཁོས་སྔོན་ལ་སྟག་ཞོན་ནས་བྱུང་བ་དང་། བར་དུག་སྦྲུལ་ (ཤོག་ ༢༣༡) ཞགས་པ་བརྒྱབ་པ་སྟག་དང་སྦྲུལ་གཉིས་འཛིན་ཁ་བྱས་རྣམས་མཐོང་བ་ཡིན་པར་འདུག །དེར་ཕྱུག་རྫི་རྣམས་ཀྱིས་བརྒྱུགས་ནས་རྒྱལ་པོ་ལ་ཞུས་པ་ཡིན་པར་འདུག །རྒྱལ་པོ་བློན་དྲག་པ་གཅིག་བཏང་ནས་ཁོས་རྩར་ཕྱིན་པ་ཡིན་པར་འདུག །ཁོས་སྟག་གིས་ལྤགས་པ་བཤུ་གིན་བསྡད་འདུག་པ། དེར་བློན་པོས་སྐུ་ཁམས་བདེ་འམ་བྱས་ཁྱེད་ལ་ངེད་ཀྱི་རྒྱལ་པོ་ཆེན་པོས་བྱོན་གསུངས་འདུག་བྱས་པས། དེར་སྟག་ལྤགས་བཤུས་རྒྱལ་པོའི་དྲུང་དུ་ཕྱིན། རྒྱལ་པོའི་དྲུང་དུ་སླེབས་པ་དང་། རྒྱལ་པོའི་སྲས་མོ་ལྷ་ལྕམ་གཅིག་ཡོད་པ་དེ་ཁོ་ལ་གནང་། ཁོའི་མིང་ལ་ཚ་བོ་ངོམ་གྱིས་སྟག་ཞོན་ཟེར། ཕྱག་ན་སྦྲུལ་ཞགས་བསྣམས་པའི་མཚན་གསོལ།
དེར་ནམ་ཞིག་ཏུ་སོང་བ་དང་ལུང་པ་དེའི་ཆང་ཚོང་མ་གཅིག་གིས་ཁོ་གདན་དྲངས། ཆང་གིས་བཟི་བ་གཅིག་བྱས་སླེབས་བྱུང་། ལྷ་ལྕམ་ང་ལ་ཉལ་ས་བཟོས་དང་ཉལ་འདུག་ཟེར། དེར་མོས་ཉལ་ས་བཟོས་པས། ཁོས་རྩིབ་གྱང་ཆེན་པོ་གཅིག་བྱས་ཏེ། ལྷ་ལྕམ་ང་ལུང་པའི་འཐག་མཁན་ཕོ་རེང་པོ་མ་སྨད་གསུམ་གྱིས་གླང་ཁྲ་བོ་རྐུར་ཕྱིན་པས་སྟག་མི་ཟན་དང་ཐུག་གླང་ཡིད་སེམས་དགའ་ནས་ཞོན་པས་སྟག་གིས་ལ་ལུང་མེད་པར་ཁྱེར། ཙན་དན་ཡལ་ག་འདུག་བསམ་ཞགས་པ་བསྐྱུར་ནས་དུག་སྦྲུལ་མཇུག་མ་ནས་ཟིན། དུག་སྦྲུལ་ཕྱིར་ལོག་སྟག་གིས་སྙིང་ལ་འཆང་། སྟག་གི་ན་ཚ་མ་བཟོད་དུག་སྦྲུལ་མགོ་བོ་སླེབས། སྟག་ལྤགས་བཤུ་ཡིན་བསྡད་པས་བློན་པོས་གནད་དྲངས་བྱུང་། རྒྱལ་པོས་སྐུ་མདུན་ཕྱིན་པས་རྒྱལ་པོས་ལྷ་ (ཤོག་ ༢༣༢) ལྕམ་གནང་། ལུང་པ་ཕུ་ཡི་འཐག་མཁན་ཕོ་རེང་དང་། ལྷ་ལྕམ་ཁྱོ་ཕོ་ཨ་སྟག་མི་ཤེས་པས། ལུང་པ་ཕུ་ཡི་འཐག་ཟན་བཏགས་པ་ཟ་བ་ཨེ་དགའ་བྱས་པས། ལྷ་ལྕམ་ཚིག་པ་ཟོས་ནས་རྒྱལ་པོས་སྐུ་མདུན་དུ་ཕྱིན་ནས་ངུ་བཤད་བྱས་སོ།།
ཡབ་རྒྱལ་པོས་ཁྱོད་ལ་བུ་གཅིག་པོ་ལས་མེད་པ་ལས་ང་སུ་ལ་གནང་བས་ཆོག་སྟེ། ཕ་གི་ཟེར་ལུགས་འདི་མ་བཟང་ལུང་པ་ཕུས་འཐག་མཁན་ཡིན་པར་འདུག་ཞུས་པས། རྒྱལ་པོས་གསུང་ནས་བུ་མོ་ཁྱོད་བློ་སྡུག་མི་དགོས། མ་བཟང་ཡིན། ད་རུང་བལྟས་པས་ཆོག་གསུངས། བློན་པོ་རིག་པ་ཅན་གཅིག་ཡོད་པ་དེ་ལ་རང་རེའི་ལུང་པའི་ཕུ་ལ་ཝ་མི་ཟན་ཅིག་ཡོད་ལ། ལོ་རེ་མི་རེ་སྤྲོད་དགོས་པ་ཡིན་པས། དེར་ཚ་བོ་ཁྱོད་ཀྱིས་ཐུལ་ཤོག་ཟེར་བྱས་པས། ལག་ཆ་གང་དགོས་དྲིས་གསུངས་པ་དང་། བློན་པོ་རིག་པ་ཅན་དེས་ཆང་དམ་བི་གང་ཁུར་ནས། ཁང་ཆུང་ཞིག་ཏུ་ཕྱིན་ནས། ཆང་འདྲེན་ཞིང་ཁོས་དྲིས་པ། རང་རེའི་ལུང་པའི་ཕུ་ལ་ལོ་རེ་བཞིན་མི་རེ་སྤྲད་དགོས་པའི་ཝ་མི་ཟན་གཅིག་ཡོད་པས། དེ་ཐུལ་བ་ལ་བཅའ་ལག་གང་དགོས་ང་ལ་ཞལ་ཏ་གསུངས་ཟེར་བ་བྱས་པས། ཁོས་ངའི་ལས་འཐག་སུ་བཏགས་པ། ལག་ཆ་ཐག་ཁྲི་ལས་མེད། གང་དྲག་བསམས། ཀ་གདུང་ལ་མིག་ཧུར་ཧུར་བལྟས་སོ། །ཁོའི་ཁ་ཅི་དྲན་ལ་མ་བྱུང་ནས་ཀ་གདུང་བལྟས་པ་གཤོག་པ་ཁྱུང་གཤོག་གདེང་པ་འདྲ་བ་གདུང་མ་རིང་ཐུང་ངུ་དུག་སྦྲུལ་རྒྱུག་པ་འདྲ་བའི་ཀ་བ་ལ་བྱས་པས། ངས་གོ་ཟེར་བློན་པོ་དེ་ལོག་སོང་ངོ་། །
(ཤོག་ ༢༣༣) འཐག་མཁན་ལ་ཡང་བཤད་རྒྱུ་མེད་པས་སྙིང་གྲང་སང་བ་བྱུང་། དེར་རྒྱལ་པོའི་སྐུ་མདུན་ལ་བློན་པོ་གཅིག་ཕྱིན་ཏེ། གཞུ་གདུང་མ་ཙམ་ཞིག་དགོས་གསུངས་པ་འདུག །མནའ་ཀ་བ་ཙམ་པ་གཅིག་དགོས་ཟེར། རྒྱལ་པོའི་ལྡུམ་ར་ནས། ལྕང་མ་གདུང་མ་ཙམ་ལ་གཞུ་བཟོས། ཀོ་བུབ་མང་པོ་ལ་སྐོར་གྲས་བྱས་ནས་གཞུ་རྒྱུད་བཟོས། ལྕང་ཤིང་ལྡེམ་པ་གཅིག་ལ་མདའ་བཟོས། མགར་བ་རྣམས་བསགས་ལ་ལྕགས་མང་པོ་ལ་མདེའུ་བཟོས་ཏེ་མདའ་གཞུ་ཚོ་མི་ལག་འགྲིག་ནས་བཟོ། བསྐྱལ་ལོ། །དེར་སྐྱེལ་མཁན་རྣམས་ལོག་སོང་། ཁོའི་བསམ་པ་ལ། ཝ་མོ་རང་ཝ་ཚང་ནས་ཡོད་བསམ། ཟ་རྒྱུ་རེ་ནས་ཉལ་བསྡད་དོ། །ཝ་མོ་ནང་ན་ཡོད་པར་ཕྱིན་ནས་ལོག་ཡང་དང་གཞུ་དེ་མཐོང་ནས་ལྟོགས་ལ་ཁ་བ་དང་། ཝ་ཡི་གཞུ་རྒྱུད་དེ་ཟོས་བཏད་པས་གཞུ་དེ་ཕར་ནས་ཝ་མོའི་སྣ་ལ་ཕོག་ནས་ཤིའོ།།
དེར་ཁོའི་བསམ་པ་ལ་ནང་ལ་མི་འདུག་པར་སོང་བསམས་ནས་བལྟས་པས་ཝ་མོ་ཤི་འདུག་གོ །དེར་ཁོ་བརྒྱུགས་ནས་ཝ་མོའི་རྩར་ཕྱིན་དྲུད་པས་འདྲུད་ཐུབ་ཙམ་བྱུང་བ་དང་། རྩིབ་མ་དེ་གྲིས་གཤགས་ནས་མདའ་དེ་གྱང་ཁོག་ལ་བརྫངས་སོ། །ཁོས་རྒྱལ་པོའི་རྩར་ཕྱིན་ཝ་མི་ཟན་ངས་བསད་དོ། །ལེན་མཁན་མཁོ་བ་ཞུ་ཞུས་པས། ཝ་མོའི་རོ་ལེན་དུ་བློན་པོ་དང་གཡོག་མང་དུ་བཏང་ངོ་། །དེར་ཝ་ཡི་ལྤགས་པ་བཤུས། མདའ་གཞུ་རྣམས་ཁུར་ནས་རྒྱལ་པོ་ལ་ཕུལ་ལོ། །དེར་རྒྱལ་པོས་ལྷ་ལྕམ་བོས་ཤོག་གསུངས། ལྷ་ལྕམ་སྐུ་མདུན་བྱུང་བ་དང་བུ་མོ་ཁྱོད་འཐག་མཁན་ཕོ་རེང་པོ་ཡིན་ (ཤོག་ ༢༣༤) ཟེར་བ། མ་བཟང་གི་སྤྲུལ་པ་ཡིན། མིང་ཝ་ལྤགས་འདི་ལ་ལྟོས་གསུངས་པས་ལྷ་ལྕམ་ཡང་དགའ་ནས་ཁོ་རང་གཉིས་ལྷན་དུ་བསྡད་དོ།།
ཡང་ནམ་གཅིག་ཏུ་སོང་བ་དང་རྒྱལ་པོ་སྟོན་མོ་ཞུ་མཁན་བྱུང་བའི་དུས་ཆང་གིས་བཟི་སྟེ། ལུང་པའི་ཕུ་འདི་འཐག་མཁན་ཁོ་རང་ང་། ཝ་མོས་ཨེ་ཟ་བསམས་ཏེ་ཚང་དུ་ཉལ་བསྡད། ཝ་མོས་གཞུ་རྒྱུད་བཅད་ནས་སྣ་ལ་ཕོག་ནས་ཝ་མོ་ཤི་མིན། ང་ལྷ་ལྕམ་ཁྱོད་ཀྱིས་ཁྱོ་ཕོ་སྟག་པས། ངས་ལུང་པ་ཕུས་འཐག་ཟན་ལག་པས་རེག་ཚད་ཟ་བ་ཨེ་གདའ་ཡིན་བྱས་པ་དང་། བུ་མོས་རྒྱལ་པོ་ལ་ཞུས་པ་ཡབ་རྒྱལ་པོ་སྲས་མོ་ང་མིན་པ་མེད་པས་སུ་ལ་གནང་ཡང་ཆོག་པར་ཞུས་པས། བུ་མོ་འདི་མ་བཟང་གིས་སྤྲུལ་པ་ཆེན་པོ་ཡོད་པ་ཡིན། བུ་མོ་ཁྱོད་ཀྱི་ཁྱོ་ཕོ་འདིས་ཡོང་བ་ཡོད་གསུངས་སོ། །འཐག་མཁན་ཕོ་རེང་པོ་ཡིན་མིན་དེང་སང་རང་རེ་ལ་རྒྱ་དམག་ཡོང་བར་འདུག་པས། དམག་དཔོན་ཚ་བོ་འབྱོན་དགོས་པར་འདུག་པས། ལག་ཆ་གང་དགོས་བློན་པོ་རིག་པ་ཅན་གྱིས་དྲིས་གསུངས། བློན་པ་རིག་པ་ཅན་དེས་ཆང་དམ་བི་གང་ཁུར་ནས་ལྡུམ་ར་གཅིག་ལ་ཆང་དྲངས་ནས། དེང་སང་རང་རེའི་ཕྱོགས་སུ་རྒྱ་དམག་ཡོང་བར་འདུག །རྒྱ་དམག་ཟློག་པའི་དམག་དཔོན་ལ་ཚ་བོ་འབྱོན་དགོས་པར་འདུག་པས། ལག་ཆ་གང་དགོས་ང་ལ་ཞལ་ཏ་གནང་བ་ཞུ་བྱས་པ་དང་། ལྡུམ་རའི་སྒོག་པ་སར་གང་རྩ་བ་བཀོག་རན་པའི་མདུང་རྩེ་ཤར་བ་དེ་མཐོང་ནས་བྱུང་བ་དང་ཁོའི་བསམ་པ་ལ་ངས་ལས་སུ་འཐག་བཏགས་ (ཤོག་ ༢༣༥) ལག་ཆ་འཐག་ཁྲི་ལས་མེད་བསམས། བློ་ལྡུམ་ར་ལ་རྒྱ་ཡན་པ་དང་། ཁ་ནས་ཅི་དྲན་མ་དྲན་ལ། རྩ་བ་སྐྱ་བོ་ལ་ཁ་ཚ་བ་རྩེ་མོ་མདུང་རྩེ་གསུམ་པ། དཔུང་མང་ཧྲག་པ་གཅིག་འདུག་བྱས་པས། བློན་པོ་རིག་པ་ཅན་དེས་ངས་གོ་ཟེར་རོ། །ཁོ་ལོག་སོང་ངོ་། །རྒྱལ་པོས་བློན་པོ་ལ་གསུངས་པ། ཚ་བོ་ལ་འོག་རྟ་ཁྲ་བོ་ཁ་ཚན་གཅིག་དགོས། ལག་ཏུ་དུག་མདུང་རྩེ་གསུམ་པ་གཅིག་དགོས། རྒྱབ་དཔུང་མང་ལ་ཧྲག་པ་གཅིག་དགོས། ཉི་མ་གནངས་ཉིན་མོ་དམག་ལོག་ཟེར་བ་ཡིན་པར་འདུག་ཞུས་པས། དེ་ལ་རྟ་ཁྲ་བོ་ཁ་ཚན་པ་གཅིག་ལ་བསྐྱོན། ལུས་ལ་གོ་ཁྲབ་བཙན་པོ་གཅིག་གྱོན། ལག་ཏུ་མདུང་རྩེ་གསུམ་པ་གཅིག་ཁྱེར། རྒྱལ་པོ་རང་གིས་མགོ་བྱས་པའི་དཔུང་རྒྱ་དམག་གི་གདོང་ལ་ཕྱིན་ཏོ།།
དེར་རྒྱ་དམག་ཚོའི་བསམ་པ་ལ་ཁོ་ལ་ཚ་བོ་ངར་གྱི་སྟག་ཞོན་ཟེར་བའི་ཕོ་ཐུ་བ་གཅིག་ཟེར་བ་ཐོས་ནས་རྙེད་ནས་ཡོད་དེ། དེར་རྒྱ་དམག་ཡོང་བཤམས། འདི་ནས་ཀྱང་དམག་བཤམས་པ་ཕར་ཚུབ་ཚུར་ཚུབ་བྱས་པ་དང་། ཁོས་རྟ་དེ་ཁ་ཚ་ལངས་ཏེ། རྒྱའི་དམག་གི་དཀྱིལ་ལ་ཤོར། ཁོའི་ཁ་ནས་ཅི་དྲན་ཅི་མ་དྲན་ལ་ཨང་ག་ཚུག་བྱེད་ཟེར་བ་གཅིག་ཤོར་བས། ཕོ་ང་བཞིན་གྱིས་ཤོག་ཟེར་བ་གོ་ནས། ཕོ་ང་བཞིན་གྱིས་རྒྱུགས་ཟེར་དམག་ཚོ་རྫང་ལ་ཁལ་རྟ་མ་ཐུབ། ཕར་འགྲོ་ཚུར་འགྲོ་བྱས་པས། དུག་མདུང་ཕོག་ནས་མི་མང་པོ་ཤིའོ། ། (ཤོག་ ༢༣༦) རྒྱ་དམག་རྣམས་ཀྱི་སེམས་ལ་ཁོ་ཕོ་རྒོད་པོ་ཡོད་ཟེར་བ་ཐོས་ནས། རྒྱ་དམག་རྣམས་འུར་ནས་ལོག་པ་ཡིན་པར་འདུག །དེར་རྒྱ་དམར་རྣམས་ཕམ་རྒྱལ་པོའི་དམག་རྣམས་རྒྱལ་བར་འགྱུར་རོ། །དེར་དམག་རྣམས་ཡར་སླེབས་པ་དང་། ཁོ་ལུང་པའི་འཐག་མཁན་ཕོ་རེང་ཡིན་པར་འདུག །ཡིན་པར་ཨེ་འདུག །བུད་མེད་མིན་པའི་མི་ཐུབ། རྒོད་མ་ཡོ་མ་ཡིན་པས་མི་འཚེང་པ་ཟེར་བའི་བདེན་པར་འདུག་གསུངས་སོ། །དེར་ལྷ་ལྕམ་ཡང་དགའ། རྒྱལ་བློན་རྣམས་ཀྱང་དགའ་ནས་ཡིད་ཆེས་སོ། །དེར་རྒྱལ་པོའི་སྲས་མེད་པས་ཆོས་མཛོད། སྲས་མོ་ལྷ་ལྕམ་དང་འཐག་མཁན་ཕོ་རེང་ཁོ་ལ་རྒྱལ་སྲིད་ཐོབ་བོ། །ལྷ་ལྕམ་དེ་ལ་སྲས་པོ་གསུམ་དང་སྲས་མོ་གཉིས་འཁྲུངས་ནས། དེས་རྒྱལ་སྲིད་སྔར་ལས་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་གདའ་བྱས་པས། བདེ་བྱེད་བཟང་པོས་བུ་དེ་བསོད་ནམས་མེད། དེ་ལས་ཀྱང་འཐག་མཁན་ཕོ་རེང་པ་བསོད་ནམས་ཆེ་བར་བྱུང་འདུག་ཟེར་བ་ཁ་ནས་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། འགྲམ་ལྕག་གསུམ་བཏུད་ཅིག་བརྒྱབ་ཤོར་རོ། །དེར་བླ་མའི་བཀའ་བཀྱོན་བསམ། རོ་ལ་ཧ་ལ་ཟེར་བ་རྣམས་ཏོག་མས་བརྡུངས། ཧུ་ལུ་ཟེར་བ་རྣམས་ལ་རྡོག་རུལ་བ་དང་། སྔར་གྱི་ཤིང་སྡོང་པོའི་རྩར་ཕྱིན་ཏོ། །དེར་འཐག་མཁན་ཕོ་རེང་སྔོན་ (ཤོག་ ༢༣༧) བོས་ལ་སྤྲོ་བསད། དེས་བསངས་པས་སྟག་མི་ཟན་གྱི་ཁ་ནས་ཐར། དུག་སྦྲུལ་ཝ་མི་ཟན་རྒྱ་དམག་བཏུལ་ནས་རྒྱལ་ས་ཟིན་པའི་ལེའུ་སྟེ་སོ་བདུན་པའོ།། །།

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༨༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *