རིགས་པ་དང་ལྡན་ཞིང་ཚན་རིག་དང་མཐུན་པའི་ཆོས་ལུགས།
སྔར་ནས་རྟག་པར་ཞུས་པ་ལྟར། དབང་རྟུལ་དད་པའི་རྗེས་འབྲང་གི་ལམ་ཁྲིད་སྟངས་ལྟར་ཕྱིན་ན། སངས་རྒྱས་པའི་ཆོས་འདི་ཉིད་ལོ་མང་རིང་གནས་མི་ཐུབ་མིན་ཐེ་ཚོམ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དཔེ་ཆ་ཁྲིད་སྟངས་དང་། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་སྟངས་ལྟར་བྱུང་ན། འཛམ་གླིང་འདིའི་ཐོག་ཤེས་ཡོན་མུ་མཐུད་ཡར་རྒྱས་འགྲོ་ངེས་ཡིན།
དཔེར་ན། རྒྱ་གར་ནང་ལ་ཆ་བཞག་ནའང་དངོས་སུ་མཐོང་རྒྱུ་ཡོད། སློབ་ཕྲུག་ཕོ་མོ་ཧ་ཅང་མང་པོ་ཡོད་ལ། གྲོང་གསེབ་ས་ཁུལ་ཁུག་ཀྱོག་ལའང་སློབ་གྲྭ་ཡོད་པས། སྔ་དྲོ་སློབ་ཕྲུག་ཕོ་མོ་ཚོགས་པ་མང་པོ་ཡར་མར་འགྲོ་འོང་བྱེད་བཞིན་པ་མཐོང་རྒྱུ་འདུག དེས་ན་ཤེས་ཡོན་ནི་རང་བཞིན་གྱིས་ཡར་རྒྱས་འགྲོ་ངེས་ཡིན། དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་མཁན་གྱི་སངས་རྒྱས་པའི་ཆོས་འདི། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་རྣམ་གཞག་གཏན་ལ་ཕབ་སྟེ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་ཧ་ཅང་གལ་ཆེན་པོ་ཆགས་འདུག
དེ་ལྟར་ང་ཚོ་བོད་པར་ཡོད་པའི་སངས་རྒྱས་པའི་ཆོས་འདི་ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། འཛམ་གླིང་འདིའི་ཐོག་གི་ནང་པ་དུང་ཕྱུར་བཅུ་ཕྲག་གི་ནང་ནས། ཕལ་ཆེར་གཞི་ལམ་འབྲས་བུའི་རྣམ་གཞག་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། དེ་ཡང་ཚན་རིག་པ་དང་མཉམ་དུ་ལག་གདང་སྦྲེལ་ནས་འགྲོ་ཐུབ་མཁན་ནི་ཕལ་ཆེར་བོད་བརྒྱུད་ནང་བསྟན་འདི་ཉིད་གཅིག་པུ་རེད། དེ་ལྟར་ཡོང་བ་ལའང་རྟགས་དང་ཆ་ལུགས་མི་འSet featured imageདྲ་བ་ཡོད་པ་ཙམ་གྱིས་མི་ཆོག་པར།
བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །
ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །
ཞེས་དགྲ་བཅོམ་པ་ས་ག་ལྷས་གསུངས་པ་ལྟར། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་བཅས་མདོར་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བསྟན་པའི་གནད་ཤེས་ཏེ་བསྟན་པ་འཛིན་དགོས་པ་ལས། གོས་ངུར་སྨྲིག་འཆང་བ་ཙམ་གྱིས་ཆོག་ཤེས་བྱས་ན་མི་འགྲིག་ཅེས་གསུངས་ཡོད།
༸གོང་ས་གསུང་ཆོས་ཀྱི་བརྙན་ཐུང་ལས་ཡིག་འབེབས་ཞུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།