བཞི། ཀློང་ཆེན་ཆོས་འབྱུང་དུ་གསལ་བའི་ལོ་པཎ།
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1363) མཛད་པའི་ཀློང་ཆེན་ཆོས་འབྱུང་ལས་[1]བྱུང་བའི་ལོ་པཎ་རྣམས་ཀྱི་མཚན་གཞུང་ནི། འདི་ཡན་ལ་བྱོན་པའི་པཎྜི་ཏ་དང་། ལོ་ཙཱ་བ་བྱོན་པ་ཀུན་དྲིལ་བའི་རྐང་གྲངས་ནི། མཁན་པོ་ལི་བྱིན། མཁན་པོ་ཤནྟ་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང་། པདྨ་འབྱུང་(པདྨ་ཀ་ར་)དང༌། སྔགས་འཆང་འཕགས་པ་ཀིརྟི་དང༌། བཱི་མ་ལ་མི་ཏྲ་(དྲི་མེད་བཤེས་གཉེན་)དང་། སངས་རྒྱས་གསང་བ་(བུདྡྷ་གུ་ཡ་)དང༌།
བསམ་ཡས་ཀྱི་རབ་གནས་མཁན་ཤནྟི་གརྦྷ་(ཞི་བའི་སྙིང་པོ་)དང༌། བི་ཤུདྷ་སིང་ཧ་(རྣམ་དག་སེངྒེ་)དང་། ཀ་མ་ལ་ཤཱི་ལ་(པདྨའི་ངང་ཚུལ་)དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་(བདེ་བྱེད་)དང༌། བལ་པོ་ཤི་ལ་མཉྫུ་(འཇམ་དཔལ་ཚུལ་ཁྲིམས་)དང་། བྲམ་ཟེ་ཨ་ནནྟ་(མཐའ་ཡས་)དང༌། ཀ་ལྱ་མི་ཏྲ་(དགེ་བའི་བཤེས་གཉེན་)དང་། ཛི་ན་མི་ཏྲ་(རྒྱལ་བའི་བཤེས་གཉེན་)དང་། སུ་རེནྡྲ་བོ་དྷི་(ལྷའི་དབང་པོ་བྱང་ཆུབ་)དང༌། ཤི་ལེནྡྲ་བོ་དྷི་(ཚུལ་ཁྲིམས་དབང་པོ་བྱང་ཆུབ་)དང༌། དྷ་ན་ཤི་ལ་(སྦྱིན་པ་ཚུལ་ཁྲིམས་)དང༌། བོ་དྷི་མི་ཏྲ་(བྱང་ཆུབ་བཤེས་གཉེན་)དང༌། མུ་ནེ་ཝརྨ་(ཐུབ་པའི་གོ་ཆ་)དང༌། སརྦ་ཛྙཱན་དེ་ཝ་(ཀུན་མཁྱེན་ལྷ་)དང༌། བེདྱཱ་ཀ་ར་པྲ་བྷ་(རིག་བྱེད་འོད་ཟེར་)ལ་སོགས་པ་རྣམས་སོ།།
ལོ་ཙཱ་བ་ལ་སྔ་བ་ཐོན་མི་སམྦྷོ་ཊ་དང༌། དྷརྨ་ཀོ་ཤ་དང༌། རྡོ་རྗེ་དཔལ་དང༌། བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། སྦ་ཡེ་ཤེས་དབང་པོ་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། སྦ་ཁྲི་གཞེར་སང་ཤི་ཏ་དང༌། སྦྲང་རྒྱ་རེ་ལེགས་གཟིགས་དང་། སེང་གོང་ལྷ་ལུང་གཟིགས་དང་། སྦ་མང་རྗེ་གསལ་སྣང་དང༌། སྣ་ནམ་རྡོ་རྗེ་བདུད་འཇོམས་དང༌། ལྕེ་ཛྙཱ་ན་སིདྡྷ། སྣུབས་ནམ་མཁའི་སྙིང་པོ། འབྲེ་རྒྱལ་བའི་བློ་གྲོས། རླངས་དཔལ་གྱི་སེངྒེ་། རུ་གྱོང་བིདྱཱ་རཱ་ཛ། གྲུ་གུ་ཨུ་པེག་ཤ །ལང་འགྲོ་དཀོན་མཆོག་འབྱུང་གནས། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་བུ་དཔལ་གྱི་སེངྒེ་། དབས་མཉྫུ་ཤྲཱི་ཝརྨཱ། རྩངས་དེ་ཝེནྡྲ་རཀྵི་ཏ། བྲན་ཀ་མུ་ཏི་ཀ །པ་གོར་བཻ་རོ་ཙ་ན་རཀྵི་ཏ། འཁོན་ན་གེནྡྲ་རཀྵི་ཏ། རྨ་རིན་ཆེན་མཆོག །རྩངས་པ་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨ་ཤོ་ཀཱ་དང་། དྲན་པ་ནམ་མཁའ་དང་། འགྲོ་རིན་ཆེན་སྡེ་དང༌། རྣམ་པར་མི་རྟོག་པ་དང༌། ཤཱཀྱ་པྲ་བྷ་བ་དང༌། ལྕེ་ཁྱི་འབྲུག་དང༌། རླངས་ཁམས་པ་གོ་ཆ་དང་། ཛྙཱ་དེ་བ་ཀོ་ཥ་དང༌། ཞང་རྒྱལ་ཉེན་ཉི་བཟང་དང་། འགོས་ཆོས་གྲུབ་དང༌། སྟོང་ཙཱ་ཨཱཙཱརྱ་དང་། དྷརྨ་ཏ་ཤྲཱི་ལ་དང་། ཀླུའི་རྒྱལ་མཚན་དང༌། དཔལ་བརྩེགས་རཀྵི་ཏ་དང་། རཏྣ་རཀྵི་ཏ་དང༌། ཡེ་ཤེས་སྡེ་དང༌། ཛ་ཡ་རཀྵི་ཏ་དང་། རནྡེན་ཏ་ཤི་ལ་དང༌། བཟང་སྐྱོང་དང༌། ལྷའི་ཟླ་བ་དང༌། དཔལ་གྱི་ལྷུན་པོ་དང་། དཔལ་འབྱོར་དང་། ཡེ་ཤེས་སྙིང་པོ་དང༌། རྒྱལ་བ་ཤེས་རབ་དང་། ཤཱཀྱ་བཤེས་གཉེན་དང༌། དགེ་བ་དཔལ་དང༌། ལེགས་ཀྱི་སྡེ་ལ་སོགས་པ་རྣམས་སོ། །ཞེས་ལོ་ཙཱ་བ་ ༥༦ བྱོན་པ་རྣམས་ཀྱི་མཚན་བྱང་གསལ་ལོ།། །།
དཔྱད་གཞིའི་ཡིག་ཆ།
[1] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ངོས་ ༣༧༩-༣༨༠ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༢ ནས་ ༣༡༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།