དྲུག་པ། པཎ་གྲུབ་བཅུ་བདུན་གྱི་མཚན་གྱི་རྣམ་གྲངས།

དྲུག་པ། པཎ་གྲུབ་བཅུ་བདུན་གྱི་མཚན་གྱི་རྣམ་གྲངས།

 

༡༽ མགོན་པོ་ཀླུ་སྒྲུབ།

ནཱ་ག་རྫུན་དང་། ཀླུ་སྒྲུབ། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ། འཕགས་པ་ཀླུ་སྒྲུབ། རྡོ་རྗེ་ཐེག་པ་ཆེན་པོ་པ་ཀླུ་སྒྲུབ། སློབ་དཔོན་ནཱ་གཱརྫུ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ། དགེ་སློང་ཀླུ་སྒྲུབ། སློབ་དཔོན་ནཱ་གཱ་རྫུ་ན། དགེ་སློང་ནཱ་གཱ་རྫུ་ན། རྗེ་བཙུན་ཀླུ་སྒྲུབ། སློབ་དཔོན་ཀླུ་སྒྲུབ་ཞབས། འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ།

སློབ་དཔོན་དཔལ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ནཱ་གཱ་རྫུ་ན། ཨཱརྱ་ནཱ་གཱ་རྫུ་ན། སློབ་དཔོན་མཁས་པ་ཆེན་པོ་འཕགས་པ་ཀླུ་སྒྲུབ། སློབ་དཔོན་དཔལ་ལྡན་ཀླུ་སྒྲུབ། སློབ་དཔོན་མཁས་པ་ཀླུ་སྒྲུབ། དགེ་སློང་དཔལ་ལྡན་བཅས་སོ།།

 

༢༽ རྒྱལ་སྲས་འཕགས་པ་ལྷ།

འཕགས་པ་ལྷ་དང་། སློབ་དཔོན་ཨཱརྱ་དེ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་བ། སློབ་དཔོན་འཕགས་པ་ལྷ་བཅས་སོ།།

 

༣༽ སློབ་དཔོན་སངས་རྒྱས་བསྐྱངས།

བུདྡྷཔཱལི་ཏཿ་དང་། སློབ་དཔོན་སངས་རྒྱས་བསྐྱངས་གཉིས་སོ།།

 

༤༽ སློབ་དཔོན་ལེགས་ལྡན་འབྱེད།

བྷབྱཾ་དང་། ལེགས་ལྡན། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟི། སློབ་དཔོན་ལེགས་ལྡན་བྱེད། སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད། སློབ་དཔོན་མཁས་པ་ཆེན་པོ་བྷ་བྱ། སློབ་དཔོན་ཆེན་པོ་བྷ་བྱ། སློབ་དཔོན་བྷ་བྱ་བཅས་སོ།།

 

༥༽ དཔལ་ལྡན་ཟླ་བ་གྲགས་པ།

པཎྜི་ཏ་ཟླ་བ་གྲགས་པ་དང་། (དཔལ་ལྡན་ཟླ་བ་གྲགས་པའི་ལེགས་སྦྱར་གྱི་མཚན་ལ་ཙནྡྲ་ཀིརྟི་ཞེས་པ་འདི་ཉིད་སྡེ་བསྟན་དཀར་ཆག་ཏུ་མི་གསལ།) སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ། སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་བཅས་དང་། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་ ༡༨) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། རྩ་ཤེས་ཀྱི་འགྲེལ་པ་དབུ་མ་ལ་འཇུག་པ་སློབ་དཔོན་མཐོན་མཐིང་མིག་གིས་མཛད་པ་ཞེས་གསལ་བ་ལྟར། སློབ་དཔོན་མཐིང་མིག་ཅན་འདི་སློབ་དཔོན་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཡིན་ལ། སྒྲ་བཤད་ནི། མཁུར་མཚོས་གཉིས་ལ་སྨེ་བ་མཐིང་ག་ཟུང་གཅིག་མིག་དང་འདྲ་བ་ཡོད་པས་དེ་ལྟར་གྲགས་སོ། །ཞེས་ཐུའུ་བཀྭན་གྲུབ་མཐའ་ལས་གསུངས་སོ།།

 

༦༽ རྒྱལ་སྲས་ཞི་བ་ལྷ།

ཤནྟ་དེ་ཝ་དང་། ཞི་བ་ལྷ། སློབ་དཔོན་ཞི་བའི་ལྷ། བྷུ་སུ་ཀུ་པ་སྟེ་འདུ་ཤེས་གསུམ་པའམ་ཞི་བ་ལྷ། བློ་གྲོས་མི་ཟད་པ་བཅས་སོ།།

 

༧༽ མཁན་ཆེན་ཞི་བ་འཚོ།

ཤཱནྟརཀྵིཏཿདང་། ཞི་བ་འཚོ། མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོ། སློབ་དཔོན་ཞི་བ་འཚོ། སློབ་དཔོན་ཆེན་པོ་ཞི་བ་འཚོ། ཟ་ཧོར་གྱི་མཁན་པོ་ཤཱནྟ་དེ་ཝ། སློབ་དཔོན་བོ་དྷི་ས་ཏྭ། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་ཤཱནྟ་རཀྵི་ཏ་བཅས་སོ།།

 

༨༽ སློབ་དཔོན་པདྨའི་ངང་ཚུལ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལ། སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ། སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལ་སོགས་སོ།།

 

༩༽ འཕགས་པ་ཐོགས་མེད།

ཨསཾགཿདང་། ཐོགས་པ་མེད་པ། སློབ་དཔོན་ཐོགས་མེད། སློབ་དཔོན་འཕགས་པ་ཐོགས་མེད། འཕགས་པ་ཐོགས་མེད་བདག་བཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པ་བཅས་སོ།།

 

༡༠༽ སློབ་དཔོན་དབྱིག་གཉེན།

བསུབནྡྷུཿདང་། དབྱིག་གཉེན། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཆེན་པོ་དབྱིག་གཉེན། སློབ་དཔོན་སའི་རྩ་ལག་བཅས་སོ།།

 

༡༡༽ སློབ་དཔོན་ཕྱོགས་གླང་།

དིགྣཱགཿདང་། ཕྱོགས་གླང་། སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་ཆེན་པོ་ཕྱོགས་གླང་། རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་པོ། རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོ་རྣམས་སོ།།

 

༡༢༽ དཔལ་ལྡན་ཆོས་གྲགས།

དྷརྨཀིརྟིཿདང་། ཆོས་ཀྱི་གྲགས་པ། སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ། སློབ་དཔོན་ཆོས་ཀྱི་གྲགས་པ། རྟོག་གེ་པའི་ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ། སློབ་དཔོན་དྷརྨ་ཀཱིརྟི། སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟི། མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པ། སློབ་དཔོན་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པ། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ། རིག་པ་ཆེན་པོ་སའི་སྟེང་མ་ལུས་པ་ན་སྨྲ་བའི་གླང་པོ་ཆེའི་སྤྱི་བོ་གནོན་པར་མཛད་པའི་སེང་གེ་ཕྱོགས་མ་ལུས་པར་སྙན་པར་གྲགས་པ་ཅན་དཔལ་ཆོས་ཀྱི་གྲགས་པ་བཅས་སོ།།

 

༡༣༽ འཕགས་པ་གྲོལ་སྡེ།

ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུ་ལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེ། མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ་སློབ་དཔོན་རྣམ་གྲོལ་སྡེ་བཅས་སོ།།

 

༡༤༽ སློབ་དཔོན་སེངྒེ་བཟང་པོ།

ཨཱཙཱརྱ་སིཾ་ཧ་བྷ་དྲ་དང་། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་ཆེན་པོ་སེང་གེ་བཟང་པོ། མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོ། མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོ་རྣམས་སོ།།

 

༡༥༽ སློབ་དཔོན་ཡོན་ཏན་འོད།

སློབ་དཔོན་ཡོན་ཏན་འོད་དང་། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད། སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ། རྣམས་སོ། །དེ་མིན་ལེགས་སྦྱར་གྱི་མཚན་ལ་གུ་ཎ་པྲ་བྷ་ཞེས་པ་འདི་ཉིད་སྡེ་བསྟན་དཀར་ཆག་ཏུ་མི་གསལ་ལོ།།

 

༡༦༽ སློབ་དཔོན་ཤཱཀྱ་འོད།

མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་དང་། ལེགས་སྦྱར་གྱི་མཚན་ལ་ཤཱཀྱ་པྲ་བྷ་ཞེས་པ་འདི་ཉིད་སྡེ་བསྟན་དཀར་ཆག་ཏུ་མི་གསལ་ལོ།།

 

༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ

དཱིཔཾཀརཿདང་། མར་མེ་མཛད། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། སློབ་དཔོན་མར་མེ་མཛད་ཡེ་ཤེས། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས། སློབ་དཔོན་དཔལ་མར་མེ་མཛད། མཁས༌པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་མར་མེ་མཛད། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས། ཡུལ་བྷཾ་ག་ལའི་སློབ་དཔོན་བསོད་སྙོམས་པ་དཔལ་མར་མེ་མཛད་ཡེ་ཤེས། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། རྒྱ་གར་གྱི་མཁན་པོ་མཁས་པར་གྲགས་པ་དཔལ་མར་མེ་མཛད། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར། དཔལ་མར་མེ་མཛད། དཔལ་མར་མེ་མཛད་ཡེ་ཤེས། སློབ་དཔོན་མར་མེ་མཛད། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། སྒྲོལ་མའི་ཞབས་རྡུལ་ལ་རེག་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། དཔལ་ཤཱནྟི་པའི་སློབ་མ་སློབ་དཔོན་མར་མེ་མཛད་ཡེ་ཤེས། རྒྱ་གར་གྱི་མཁས་པ་ཆེན་པོ་བྷངྒ་ལ་པ་དཔལ་མར་མེ་མཛད་ཡེ་ཤེས་ཞབས། བྷངྒ་ལའི་རྒྱལ་པོའི་རིགས་རྒྱུད་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སོགས་སོ།།

དེ་ཡང་སྒྲ་སྦྱོར་བམ་གཉིས་མ་ལས[2]། ཡུལ་དང༌། སེམས་ཅན་དང༌། མེ་ཏོག་དང༌། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི། སྒྲ་འོ་ལེ་ཙམ་བསྒྱུར་བཏུབ་ཀྱང་དོན་ལ་ཐེ་ཚོམ་ཟ་བ་རྣམས། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །ཅེས་དང་། དེ་བཞིན་དག་ཡིག་མཁས་པའི་འབྱུང་ལས་ཀྱང་[3]། པཎ་གྲུབ་དང་རྒྱལ་བློན་ལ་སོགས་པའི་གང་ཟག་གི་མིང་དང་། ཡུལ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་གོ་དཀའ་ཞིང་ཚིག་མི་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དེ་ལྟར་ཡིན་མིན་གཏོལ་མེད་པ་རྣམས་ལ་ནི་མིང་གི་མགོ་མཇུག་ཇི་ལྟར་རིགས་པར་པཎྜི་ཏ་དང་རྒྱལ་པོ་དང་། མེ་ཏོག་ཅེས་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་དམ་བོད་སྐད་སོར་བཞག་ཏུ་བཞག་པར་བྱའོ། །ཞེས་སྒྲ་སྒྱུར་རིག་པའི་རྩ་དོན་གསུམ་དང་། སྒྱུར་བའི་ཐབས་དམ་པ་བཞི། གཞན་ཡང་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་སྒྱུར་བ་ན། ཚིག་གི་གོ་རིམ་མ་སྣོར་བར་སྒྱུར་དགོས་པ་དང་། རྩི་ཤིང་ལ་སོགས་པའི་མིང་མ་སྒྱུར་བར་ལེགས་སྦྱར་རང་སོར་འཇོག་དགོས་པར་གསུངས་ཡོད། འོན་ཀྱང་བོད་པའི་སྒྲ་སྒྱུར་གྱི་ཁྲོད་དུ་ཡུལ་གྱི་མིང་དང་། གང་ཟག་གི་མིང་སོགས་བོད་སྐད་དུ་བསྒྱུར་བ་ཤིན་ཏུ་མང་ལ། གོང་གསལ་པཎ་གྲུབ་བཅུ་བདུན་གྱི་མཚན་རྣམས་ཀྱང་བོད་སྐད་དུ་མ་བསྒྱུར་བ་གཅིག་ཀྱང་མེད་ལ། གལ་ཏེ་བསྒྱུར་ན་དོན་ལ་མི་རྨོངས་པའི་ཕྱིར་སྔོན་ལ་མེ་ཏོག་དང་ཤིང་སོགས་སྦྱོར་དགོས་པ་ལྟར། སློབ་དཔོན་དང་། འཕགས་པ། རྗེ་བཙུན། དགེ་སློང་། མཁས་པ། མཁན་པོ། བསོད་སྙོམས་པ། མང་དུ་ཐོས་པ། སྨྲ་བའི་སེངྒེ་། པཎྜི་ཏ་སོགས་སྦྱར་བ་གོང་གསལ་ལྟར་རོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠

[2] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༢

[3] དག་ཡིག་མཁས་པའི་འབྱུང་གནས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་ ༣༩༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༤ ནས་ ༢༡༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *