དཔལ་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་གྱི་མཚན་གཞུང་།
ཀ༽ དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་གྲགས་ཅན་བཅུ་བདུན།
༡༽ མགོན་པོ་ཀླུ་སྒྲུབ་དང་། ༢༽ སློབ་དཔོན་འཕགས་པ་ལྷ། ༣༽ སློབ་དཔོན་སངས་རྒྱས་བསྐྱངས། ༤༽ སློབ་དཔོན་ལེགས་ལྡན་འབྱེད། ༥༽ དཔལ་ལྡན་ཟླ་བ་གྲགས་པ། ༦༽ རྒྱལ་སྲས་ཞི་བ་ལྷ། ༧༽ མཁན་ཆེན་ཞི་བ་འཚོ། ༨༽ སློབ་དཔོན་ཀ་མ་ལ་ཤཱི་ལ།
༩༽ འཕགས་པ་ཐོགས་མེད། ༡༠༽ སློབ་དཔོན་དབྱིག་གཉེན། ༡༡༽ སློབ་དཔོན་ཕྱོགས་གླང་། ༡༢༽ དཔལ་ལྡན་ཆོས་གྲགས། ༡༣༽ འཕགས་པ་གྲོལ་སྡེ། ༡༤༽ སློབ་དཔོན་སེངྒེ་བཟང་པོ། ༡༥༽ སློབ་དཔོན་ཡོན་ཏན་འོད། ༡༦༽ སློབ་དཔོན་ཤཱཀྱ་འོད། ༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་པཎ་གྲུབ་བཅུ་བདུན་རྣམས་སོ།།
ཁ༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་རིམ་བྱོན།
༡༽ སློབ་དཔོན་སྒྲ་གཅན་འཛིན་འོད། ༢༽ སློབ་དཔོན་ཤཱཀྱ་བཤེས་གཉེན། ༣༽ སློབ་དཔོན་རྡོ་རྗེ་མཚོན་ཆ། ༤༽ ཏ་ཐཱ་ག་ཏ་བྷ་དྲའམ་སློབ་དཔོན་ཀླུ་བོས། ༥༽ སློབ་དཔོན་ཟག་ཟད་སྡེ། ༦༽ པཎྜི་ཏ་ཟླ་བ་མགོན་པོ། ༧༽ སློབ་དཔོན་འདུས་བཟང་ངམ་ཁ་ཆེ་དགེ་འདུན་བཟང་པོ། ༨༽ སློབ་དཔོན་ཡོན་ཏན་བློ་གྲོས། ༩༽ སློབ་དཔོན་དུལ་བ་ལྷ། ༡༠༽ སློབ་དཔོན་ཆོས་ཀྱི་བཤེས་གཉེན། ༡༡༽ སློབ་དཔོན་དྷརྨ་མི་ཏྲའམ་རྣམ་པར་རྒྱལ་བའི་ལྷ། ༡༢༽ སློབ་དཔོན་དཔལ་ལྡན་ཆོས་སྐྱོང་། ༡༣༽ སློབ་དཔོན་ངང་ཚུལ་བཟང་པོ། ༡༤༽ བྷ་བི་དེ་ཝ་སྟེ་སློབ་དཔོན་རྒྱལ་བའི་ལྷ། ༡༥༽ སློབ་དཔོན་རྡོ་རྗེ་དྲིལ་བུ་པ། ༡༦༽ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། ༡༧༽ སློབ་དཔོན་མར་མེ་མཛད་བཟང་པོ། ༡༨༽ སློབ་དཔོན་ལངྐ་རྒྱལ་བ་བཟང་པོ། ༡༩༽ སློབ་དཔོན་དཔལ་འཛིན། ༢༠༽ སློབ་དཔོན་བྷ་ཝ་བྷ་དྲ། ༢༡༽ སློབ་དཔོན་སྐལ་ལྡན་གྲགས་པ། ༢༢༽ སློབ་དཔོན་ལ་ལི་ཏ་བཛྲ། ༢༣༽ སློབ་དཔོན་མི་ཐུབ་ཟླ་བ། ༢༤༽ སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ། ༢༥༽ སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ། ༢༦༽ སློབ་དཔོན་བོ་དྷི་བྷ་དྲ། ༢༧༽ སློབ་དཔོན་ཛེ་ཏཱ་རི་སྟེ་དགྲ་ལས་རྣམ་རྒྱལ། ༢༨༽ སློབ་དཔོན་ཀ་མ་ལ་རཀྵི་ཏ། ༢༩༽ ཤར་སྒོ་སྲུང་བ་རིན་ཆེན་འབྱུང་གནས་ཞི་བ། ༣༠༽ ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས། ༣༡༽ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༣༢༽ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ། ༣༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་། ༣༤༽ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༣༥༽ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ། ༣༦༽ དུས་ཞབས་ཆུང་བ་རྒྱལ་སྲས་ནཱ་ལེནྡྲ་པ། ༣༧༽ བླ་མ་རྡོ་རྗེ་གདན་པ་ཆེན་པོ། ༣༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ། ༣༩༽ ཀ་མ་ལ་ཀུ་ལི་ཤ ། ༤༠༽ ན་རེནྡྲ་ཤྲཱི་ཛྙཱ་ན། ༤༡༽ དཱ་ན་རཀྵི་ཏ། ༤༢༽ ཤུ་བྷ་ཡཱ་ཀ་ར་གུཔྟ། ༤༣༽ ན་ཡ་ཀ་པ་ཤྲཱི། ༤༤༽ ཆོས་འབྱུང་ཞི་བ། ༤༥༽ པཎྜི་ཏ་དཔལ་གོ་མི་འཆི་མེད། ༤༦༽ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། ༤༧༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་། ༤༨༽ ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས། ༤༩༽ པཎྜི་ཏ་མན་ཛ་གླིང་པ། ༥༠༽ པཎྜི་ཏ་པྲ་མ་མི་ཏྲ་སོགས་སོ།།
ག༽ དཔལ་ནཱ་ལེནྡྲའི་པཎ་གྲུབ་གཞན།
༡༽ སློབ་དཔོན་བློ་གྲོས་བརྟན་པ། ༢༽ སློབ་དཔོན་ཉི་མ་སྦས་པ། ༣༽ སློབ་དཔོན་དྷ་ན་སཾ་ཏྲིའི་རྣམ་ཐར། ༤༽ སློབ་དཔོན་པདྨ་འབྱུང་གནས། ༥༽ ཁ་ཆེའི་མཁས་པ་མཧཱ་རཱ་ཛའི་རྣམ་ཐར། ༦༽ སློབ་དཔོན་བི་མ་ལ་མི་ཏྲ། ༧༽ སློབ་དཔོན་སྒེག་པ་རྡོ་རྗེ། ༨༽ སློབ་དཔོན་སངས་རྒྱས་གསང་བ། ༩༽ སློབ་དཔོན་ནག་པོ་སྤྱོད་པ་ཆུང་བ། ༡༠༽ སློབ་དཔོན་བློ་བཟང་ངང་ཚུལ། ༡༡༽ སློབ་དཔོན་ར་ཏ་བཛྲའི་རྣམ་ཐར། ༡༢༽ གྲུབ་ཆེན་རཱ་ཧུ་ལ་བཛྲ། ༡༣༽ སློབ་དཔོན་ཆེན་པོ་ཤྲཱི་སིངྷ་། ༡༤༽ སློབ་དཔོན་ཀུན་དགའ་སྙིང་པོ། ༡༥༽ སློབ་དཔོན་དམན་པའི་ཞབས། ༡༦༽ མངའ་བདག་མཻ་ཏྲི་པ་ཆེན་པོ། ༡༧༽ སློབ་དཔོན་རྣམ་རྒྱལ་སྲུང་བ། ༡༨༽ སློབ་དཔོན་བྷ་ཝི་ལྷ། ༡༩༽ ཙི་ལུ་པཎྜི་ཏ། ༢༠༽ གྲུབ་ཆེན་ཀུ་ཀུ་རི་པ། ༢༡༽ སློབ་དཔོན་ཆེན་པོ་ནོར་བཟང་། ༢༢༽ ཐམས་ཅད་མཁྱེན་པའི་བཤེས་གཉེན། ༢༣༽ བླ་མ་རིགས་པའི་ཁུ་བྱུག་ཆེ་བ། ༢༤༽ རིགས་པའི་ཁུ་བྱུག་ཆུང་བ། ༢༥༽ བཻ་རོ་ཙ་ན་རཀྵི་ཏ། ༢༦༽ པཎ་ཆེན་མཛྙཱུ་ཀིརྟི། ༢༧༽ པཎྜི་ཏ་རྣམ་པར་གྲགས་པ། ༢༨༽ བལ་པོའི་སློབ་དཔོན་ཧཱུཾ་ཀ་ར། ༢༩༽ པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟི་སོགས་དང་།
ང༽ གཞན་ཡང་ནཱ་ལེནྡྲའི་པཎ་གྲུབ་ཀྱི་བླ་སློབ་ཏུ་གྱུར་པའི་པཎ་གྲུབ་གྲགས་ཅན་ཡང་མང་དུ་བྱོན་པར་སྣང་ངོ་།།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་ལས་ཟུར་བཏོན་ཞུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།