སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག བརྒྱད་པ། སྐྱེས་རབས་སྐོར།

བརྒྱད་པ། སྐྱེས་རབས་སྐོར།

 

༣༥༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། སཔྟ་གུ་ཎ་པ་རི་བ་ད་ནཱ་ཀ་ཐཱ། བོད་སྐད་དུ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གངྒཱ་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

འདི་འབྲེལ་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ (1415-1486) གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས[1]། གཅེན་བཀྲ་ཤིས་བཙན་གྱིས་སྔ་ཕྱི་ཐམས་ཅད་དུ་ཛྙཱ་ན་དྷ་ར་ལ་སོགས་པའི་པཎྜི་ཏ་མཁས་པ་རྣམས་སྤྱན་དྲངས། རིན་ཆེན་བཟང་པོས་ལོ་ཙཱ་མཛད་ནས་ཇོ་བོས་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་དང་། དབྱིག་གཉེན་གྱིས་མཛད་པ་ཡོན་ཏན་བཅུ་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ་སོགས་རྒྱལ་བའི་བཀའ་དང་བསྟན་བཅོས་བསྒྱུར་བའི་བདག་རྐྱེན་མཛད། འདི་དག་མངའ་རིས་ཆོས་རྒྱལ་གྱི་རྒྱུད་པས་བདག་རྐྱེན་མཛད་པ་ལས་བསྒྱུར་བར་གསལ་ལོ།།

གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། ཡོན་ཏན་བདུན་བསྟན་པའི་གཏམ། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་གུཔྟ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས། ༢༥༤ན། ༢༥༤བ། བར་བཞུགས་པར་གསལ་ལ། བསྟན་བཅོས་ཀྱི་མཚན་བྱང་དང་རྒྱ་གར་གྱི་པཎྜི་ཏའི་མཚན་མི་འདྲ་བ་ཞིག་བྱུང་ཞིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༨ ལྡེབ་ ༡༦༨ན༤ ནས་ ༡༦༩ན༡ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༡༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༨ ལྡེབ་ ༢༠༢ན༦ ནས་ ༢༠༣ན༥ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༨ ལྡེབ་ ༡༩༧བ༦ ནས་ ༡༩༨བ༦ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༨ ལྡེབ་ ༡༧༧ན༡ ནས་ ༡༧༧བ༥ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས་ ༼གེ༽ དེབ་ཨང་ ༩༦ ཤོག་གྲངས་ ༤༥༦ ནས་ ༤༥༨ བར་བཞུགས་པ་བཅས་སོ།།

༣༦༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། ཤཱི་ལ་པ་རི་ཀ་ཐཱ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། སྤྲིངས་ཡིག ༼ངེ༽ ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་གངྒ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས་ ༢༤༨བ། ༢༥༤བ། བར་བཞུགས་པར་གསལ་ནའང་། ཡོངས་གྲགས་ཀྱི་བསྟན་འགྱུར་པར་མ་ཁག་བཞིར་ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་མཛད་པ་པོ་ནི། རྒྱ་གར་གྱི་སློབ་དཔོན་གསལ་གྲགས་ཀྱིས་མཛད་པར་གསལ་ནའང་། འགྱུར་བྱང་མི་གསལ། མཛད་པ་པོ་ལ་འཁྲུལ་གཞི་བྱུང་བ་ཡིན་ནམ་སྙམ་པས་དཔྱད་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༩ ལྡེབ་ ༡༦༩ན༡ ནས་ ༡༦༩བ༢ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༡༦། ༩-༢༨། ཚེག་ཁྱིམ་ ༤༣༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༩ ལྡེབ་ ༢༠༣ན༥ ནས་ ༢༠༣བ༧ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༡༦། ༩-༢༨ ཚེག་ཁྱིམ་ ༤༣༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༩ ལྡེབ་ ༡༩༨བ༦ ནས་ ༡༩༩བ༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༡༦། ༩-༢༨། ཚེག་ཁྱིམ་ ༤༣༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༩ ལྡེབ་ ༡༧༧བ༥ ནས་ ༡༧༨ན༦ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༡༦། ༩-༢༨། ཚེག་ཁྱིམ་ ༤༣༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས་ ༼གེ༽ དེབ་ཨང་ ༩༦ ཤོག་གྲངས་ ༤༦༠ ནས་ ༤༦༡ བར་བཞུགས་པ་བཅས་སོ།།

༣༧༽ སྐྱེས་རབས་ ༼གེ༽ པ་ལ། རྒྱ་གར་སྐད་དུ། སཾ་བྷཱ་ར་པ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་གངྒཱ་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༡༡ ལྡེབ་ ༡༧༣བ༡ ནས་ ༡༧༥ན༤ བར་ཡིག་ཕྲེང་ ༢༥ ཚིག་རྐང་ ༧-༡༦༧། ཚེག་ཁྱིམ་ ༡༢༤༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༢༠༨བ༡ ནས་ ༢༡༠ན༧ བར་ཡིག་ཕྲེང་ ༣༡ ཚིག་རྐང་ ༧-༡༦༧། ཚེག་ཁྱིམ་ ༡༢༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༡༡ ལྡེབ་ ༢༠༤ན༥ ནས་ ༢༠༦ན༥ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༧-༡༦༧། ཚེག་ཁྱིམ་ ༡༢༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྐྱེས་རབས། པོད་རྟགས། ༼གེ༽ ཚན་གྲངས་ ༡༡ ལྡེབ་ ༡༨༢ན༥ ནས་ ༡༨༣བ༧ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༧-༡༦༧། ཚེག་ཁྱིམ་ ༡༢༤༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས་ ༼གེ༽ དེབ་ཨང་ ༩༦ ཤོག་གྲངས་ ༤༧༥ ནས་ ༤༧༩ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦༤

[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༡༡

[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༥༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༣ ནས་ ༣༠༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *