སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག གསུམ་པ། ཤེར་ཕྱིན་གྱི་སྐོར།

གསུམ་པ། ཤེར་ཕྱིན་གྱི་སྐོར།

 

༣༽ ཤེར་ཕྱིན་ ༼ཕ༽ པ་ལ། རྒྱ་གར་སྐད་མི་གསལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། བམ་པོ་ཉི་ཤུ་རྩ་བདུན་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་དངོས་ཀྱི་མཇུག་མཐར་མཛད་བྱང་མི་སྣང་ངོ་། །

འདི་ནི་གཞུང་འགྲེལ་གནོད་འཇོམས་ཏེ། འདི་དབྱིག་གཉེན་གྱི་གསུང་ཡིན་མིན་སྐོར་རྣམ་ཐར་གྱི་སྐབས་སུ་རྒྱས་པར་བཀོད་ཡོད་པས་དེར་གཟིགས་པར་འཚལ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

 

(དཀར་ཆག་གི་ཟུར་མཆན། འདིར་ཤེར་ཕྱིན་སྐོར་གྱི་ཐོད་ཡིག་དང་། དཀར་ཆག །

དཔེ་བསྡུར་མའི་བསྡུར་འབྲས་རེའུ་མིག་རྣམས་སུ་སྡེ་དགེ་བསྟན་འགྱུར་གྱི་

ཐོད་ཡིག་ལྟར་ཤེས་ཕྱིན་ཞེས་བཀོད་འདུག་ཀྱང་། འདིར་ཡོངས་

ཁྱབ་ལྟར་ཤེར་ཕྱིན་ཞེས་བཀོད་ཡོད།)

 

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༡ བམ་པོ་ ༢༧ ལྡེབ་ ༡ན༡ ནས་ ༢༩༢བ༣ བར་ཡིག་ཕྲེང་ ༤༠༧༢ ཚེག་ཁྱིམ་ ༢༣༣༥༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༡ བམ་པོ་ ༢༧ ལྡེབ་ ༡ན༡ ནས་ ༣༣༣ན༦ བར་ཡིག་ཕྲེང་ ༥༣༠༧ ཚེག་ཁྱིམ་ ༢༣༢༣༣༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཕ༽ ཚན་གྲངས་ ༡ བམ་པོ་ ༢༧ ལྡེབ་ ༡ན༡ ནས་ ༢༣༣བ༧ བར་ཡིག་ཕྲེང་ ༤༦༤༢ ཚེག་ཁྱིམ་ ༢༣༢༣༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཕ༽ ཚན་གྲངས་ ༡ བམ་པོ་ ༢༧ ལྡེབ་ ༡ན༡ ནས་ ༢༩༩ན༣ བར་ཡིག་ཕྲེང་ ༤༡༦༤ ཚེག་ཁྱིམ་ ༢༣༣༥༩༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་ ༥༥ ཤོག་གྲངས་ ༦༤༥ ནས་ ༡༣༢༦ བར་བཞུགས་པ་བཅས་སོ།།

༤༽ ཤེར་ཕྱིན་ ༼མ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་བཛྲཙྪེ་དི་ཀཱ་ཡཱཿསཔྟ་དཱརྠ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པ་འདི་ནི་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་བའི་ཞལ་སྔ་ནས་གསར་འགྱུར་མཛད་པའི་འཕྲོ་ཅུང་ཟད་ལུས་པ། རྗེ་དམ་པ་དེའི་དགོངས་པ་ཡོངས་སུ་རྫོགས་པའི་སླད་དུ་འགྱུར་བར་གྱིས་ཤིག་ཅེས། ཞྭ་དམར་ཅོད་པན་འཛིན་པ་བཞི་པ། དཔལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་སྩལ་པ་སྤྱི་བོས་མནོས་ཏེ། ཞ་ལུ་ལོ་ཙཱ་བ་འགོས་ཆོས་སྐྱོང་བཟང་པོས། ལུགས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་སྣེའུ་གདོང་རྩེར། ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ངག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་གྱི་མངའ་ཐང་ཆེན་པོ་ལ་བརྟེན་ནས་ལེགས་པར་བསྒྱུར་བའོ།།

དུས་གསུམ་རྒྱལ་བ་སྐྱེད་མ་རྡོ་རྗེའི་མཚན་ཅན་ཟབ་མོའི་དགོངས་འགྲེལ་རབ་གསལ་བ། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞེས་གྲགས་དཔལ་ལྡན་ཤིང་རྟ་ཆེན་པོས་རྣམ་པར་བཀོད། །གང་དེ་ཁ་བ་ཅན་པའི་དཔལ་དུ་གཞོན་ནུའི་མཚན་ཅན་མཁས་གྲུབ་མཆོག་གིས་བསྒྱུར། །དེ་ཉིད་རྫོགས་པར་བསྒྱུར་བའི་དགེ་བས་འདྲེན་པ་མཆོག་དེའི་དགོངས་པ་རྫོགས་གྱུར་ཅིག །སླར་ཡང་རྒྱ་དཔེ་ལ་གཏུགས་ཤིང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པར་བརྗོད་བྱ་རིས་མཐུན་པ་རྣམས་དང་སྦྱར་ཏེ། ཚིག་ཕྲད་དང་འཁྲུགས་སྡེབ་པ་སོགས་ཅུང་ཟད་ལེགས་ཆར་འགྱུར་བ་རྣམས་འབད་ཅིང་དག་པར་བགྱིས་སོ། །ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་ལ། རྒྱའི་སྐད་དུའང་། (金剛般若論(無著)T25, No1510) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༥ ལྡེབ་ ༡༧༨ན༥ ནས་ ༢༠༤ན༡ བར་ཡིག་ཕྲེང་ ༣༦༡ ཚེག་ཁྱིམ་ ༢༡༤༩༠། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼མ༽ ཚན་གྲངས་ ༥ ལྡེབ་ ༡༧༨བ༦ ནས་ ༢༠༣བ༤ བར་ཡིག་ཕྲེང་ ༣༤༩ ཚེག་ཁྱིམ་ ༢༡༤༩༠། ག༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼མ༽ དེབ་ཨང་ ༥༦ ཤོག་གྲངས་ ༡༢༥༥ ནས་ ༡༣༡༩ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་མི་གསལ་བ་བཅས་སོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *