བཏགས་ཡོད་མིང་རྐྱང་ཙམ་གྱི་རྟེན་འབྱུང་ཧ་ཅང་གསལ་པོར་གསུང་མཁན།

ངས་ནམ་རྒྱུན་སློབ་དཔོན་ལེགས་ལྡན་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཡིན་པ་དང་། དབུ་མ་སྙིང་པོ་རྩ་འགྲེལ་ཧ་ལས་པ་རེད། བུདྡྷ་པཱ་ལི་ཏའམ་སློབ་དཔོན་སངས་རྒྱ་བསྐྱངས་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཡིན་ན་ཡང་། བཏགས་ཡོད་མིང་རྐྱང་ཙམ་གྱི་རྟེན་འབྱུང་ཧ་ཅང་གསལ་པོར་གསུང་མཁན་དེ་བུདྡྷ་པཱ་ལི་ཏ་རེད། སློབ་དཔོན་ལེགས་ལྡན་དེ་འདྲ་རང་ཆགས་མེད་སྟབས། ངས་ནམ་རྒྱུན་རྩེ་མོ་རྩེས་ནས་སློབ་དཔོན་ལེགས་ལྡན་དང་བུདྡྷ་པཱ་ལི་ཏ་གཉིས་ཀས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་མདུན་ནས་རྩ་བ་ཤེས་རབ་གསན་ཡོད་ཀྱང་།

བུདྡྷ་པཱ་ལི་ཏའམ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་བ་ཤེས་རབ་ཀྱི་ཞལ་ལུང་ཧ་ཅང་ཞིབ་ཚགས་བྱས་ནས་གསན་ཡོད་པ་དང་། སློབ་དཔོན་ལེགས་ལྡན་གྱིས་ལུང་རྐྱང་ཙམ་མ་གཏོགས་གསན་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད། ཅེས་བཀའ་སྩལ་ཏོ།།

 

བུདྡྷ་པཱ་ལི་ཏའི་བཀའ་ཁྲིད་ཟིན་བྲིས་ཆེན་མོ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *