བཅུ་གཅིག སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག ཀ༽ དང་པོ། བསྟོད་ཚོགས་ཀྱི་སྐོར།

བཅུ་གཅིག སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། བསྟོད་ཚོགས་ཀྱི་སྐོར།

 

༡༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། མི་ཤྲ་ཀ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྤེལ་མར་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་མ་ཏི་ཙི་ཊ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་དག་གི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

འདིར་མཛད་པ་པོ་སློབ་དཔོན་མ་ཏི་ཙི་ཊ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་གཉིས་ཀྱི་མཚན་གསལ་ལོ། །བསྟོད་པ་འདི་སློབ་དཔོན་དཔའ་བོས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་ཞེས་པ་དེ་གཞི་རྩར་བཟུང་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་ཞིག་ཡིན། ཚུལ་འདི་ལས་རྩོམ་འགྲོས་ཀྱི་ལེགས་ཆ་བཞེས་པའི་སྒོ་ནས་ཚངས་སྲས་བཞད་པའི་སྒྲ་དབྱངས་ཀྱིས་རྟེན་འབྲེལ་བསྟོད་པའི་སྤེལ་མར་བསྟོད་པ་དེ་མཛད་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽  སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༢ པོད་རྟགས། ༼ཀ༽ ལེའུ་ ༡༣ ལྡེབ་ ༡༨༡ན༢ ནས་ ༡༩༣བ༤ བར་ཡིག་ཕྲེང་ ༡༦༤ ཚིག་རྐང་ ༧-༡༢༠༦། ༩-༡༦། ཚེག་ཁྱིམ་ ༨༣༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༡ པོད་རྟགས། ༼ཀ༽ ལེའུ་ ༡༣ ལྡེབ་ ༢༡༤ན༡ ནས་ ༢༢༨ན༣ བར་ཡིག་ཕྲེང་ ༢༢༧ ཚིག་རྐང་ ༧-༡༡༩༨། ༩-༡༦། ཚེག་ཁྱིམ་ ༨༣༠༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༡ པོད་རྟགས། ༼ཀ༽ ལེའུ་ ༡༣ ལྡེབ་ ༡༩༩བ༧ ནས་ ༢༡༣ན༥ བར་ཡིག་ཕྲེང་ ༡༨༨ ཚིག་རྐང་ ༧-༡༡༩༨། ༩-༡༦། ཚེག་ཁྱིམ་ ༨༢༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༢ པོད་རྟགས། ༼ཀ༽ ལེའུ་ ༡༣ ལྡེབ་ ༢༡༠བ༥ ནས་ ༢༢༥ན༥ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༥༢༣ ནས་ ༥༦༡ བར་བཞུགས་པ་བཅས་སོ།།

༢༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། གུ་ཎ་ཨ་པརྱནྟ་སྟོ་ཏྲ་ཊཱི་ཀཱ། བོད་སྐད་དུ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། སློབ་དཔོན་ཆེན་པོ་ཕྱོགས་གླང་གིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། གཞུང་ཚད་ཤོ་ལོ་ཀ་སུམ་ཅུའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བསྟོད་པ། དེ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ཡོན་ཏན་མཐའ་ཡས་པར་བསྟོད་པ་ཤུ་ལོ་ཀ་བཞི་བཅུ་དང་། དེའི་འགྲེལ་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པ་ཤུ་ལོ་ཀ་སུམ་ཅུ། དོན་བསྡུས་ཚིག་ལེའུར་བྱས་པ་ཤུ་ལོ་ཀ་བཅུ་དང་བཅས་པ་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽  སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༨ པོད་རྟགས། ༼ཀ༽ ལེའུ་ ༦ ལྡེབ་ ༢༠༠བ༡ ནས་ ༢༠༣ན༡ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༧ ཚེག་ཁྱིམ་ ༢༠༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༥ པོད་རྟགས། ༼ཀ༽ ལེའུ་ ༦ ལྡེབ་ ༢༣༤ན༦ ནས་ ༢༣༧ན༤ བར་ཡིག་ཕྲེང་ ༤༧ ཚིག་རྐང་ ༧-༧ ཚེག་ཁྱིམ་ ༢༠༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༥ པོད་རྟགས། ༼ཀ༽ ལེའུ་ ༦ ལྡེབ་ ༢༡༩ན༦ ནས་ ༢༢༢ན༣ བར་ཡིག་ཕྲེང་ ༤༠ ཚིག་རྐང་ ༧-༧ ཚེག་ཁྱིམ་ ༢༠༦༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༨ པོད་རྟགས། ༼ཀ༽ ལྡེབ་ ༢༣༡བ༦ ནས་ ༢༣༤བ༧ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༥༨༩ ནས་ ༥༩༥ བར་བཞུགས་པ་བཅས་སོ།།

༣༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། གུ་ཎ་ཨ་པརྱནྟ་སྟོ་ཏྲ་བ་ཏུ་ཀཱ་རི་ཀཱ། བོད་སྐད་དུ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིགས་ལེའུར་བྱས་པ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་ཞུས་ནས་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༩ པོད་རྟགས། ༼ཀ༽ ལྡེབ་ ༢༠༣ན༡ ནས་ ༢༠༣བ༡ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༣༨༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༦ པོད་རྟགས། ༼ཀ༽ ལྡེབ་ ༢༣༧ན༤ ནས་ ༢༣༧བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༤༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༦ པོད་རྟགས། ༼ཀ༽ ལྡེབ་ ༢༢༢ན༣ ནས་ ༢༢༢བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༤༠༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༤༩ པོད་རྟགས། ༼ཀ༽ ལྡེབ་ ༢༣༤བ༧ ནས་ ༢༣༥བ༡ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༥༩༧ ནས་ ༥༩༨ བར་བཞུགས་པ་བཅས་སོ།།

༤༽ བསྟོད་ཚོགས་ ༼ཀ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཨེ་ཀ་ནཱ་ཐའི་དོན་འགྲེལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། རྒྱ་དཔེ་ལས་བོད་ཀྱི་སྐད་དུ་ཞ་ལུ་ལོ་ཙཱ་བས་བསྒྱུར་པའོ། །མངྒ་ལཾ། ལན་ཅིག་ཞུས་སོ། །ཞེས་གསལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། བསྟོད་ཚོགས། ༼ཀ༽ ཆོས་ཚན་ ༦༤ པ། ཚིགས་སུ་བཅད་པ་གཅིག་པའི་འགྲེལ་པ། སློབ་དཔོན་ཕྱོགས་ཀྱིས་གླང་པོས་མཛད། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་བསྒྱུར། ལྡེབ་གྲངས་ ༣༦༨བ། ༣༦༩ན། བར་བཞུགས་པར་གསལ་ནའང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། མདོ་སྡེ། ༼ངི༽ པར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིགས་སུ་བཅད་པ་གཅིག་པའི་བཤད་པ་ལས། དེ་མིན་ཚིགས་སུ་བཅད་པ་གཅིག་པའི་འགྲེལ་པའི་རིགས་བསྟན་འགྱུར་དུ་མི་གསལ་བས། གཞུང་མཚན་འདི་ཉིད་ལེགས་སྦྱར་གྱི་མཚན་བོད་འགྱུར་གནང་མིན་ཙམ་ལས་ཆོས་ཚན་འདི་རང་ཡིན་འདུག །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༦༣ པོད་རྟགས། ༼ཀ༽ ལྡེབ་ ༢༩༥བ༥ ནས་ ༢༩༦ན༨ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༡༡-༤༠ ཚེག་ཁྱིམ་ ༣༥༩། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༦༤ པོད་རྟགས། ༼ཀ༽ ལྡེབ་ ༢༧༨ན༥ ནས་ ༢༧༨བ༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༡༡-༤༠ ཚེག་ཁྱིམ་ ༣༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། ཚན་གྲངས་ ༦༣ པོད་རྟགས། ༼ཀ༽ ལྡེབ་ ༢༩༥བ༥ ནས་ ༢༩༦ན༦ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༧༨༠ ནས་ ༧༨༡ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༤༧

[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༡ ནས་ ༣༤༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *