༄༅། །ཕྱི་ལོ་ ༢༠༡༩ ཟླ་བ་ ༣ ཚེས་ ༢༥ ཉིན་བཞུགས་སྒར་ཕོ་བྲང་མཇལ་འཕྲད་ཁང་སོག་རིགས་ཁྱད་ལས་པ་ ༤༧ ལ་སྩལ་བའི་བཀའ་སློབ་ལས་བཏུས།
མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་པ་བཟུང་སྟེ་ང་ཚོས་ཆོས་དེ་རྒྱ་གར་ལ་དཔེ་བལྟས་ཡོད་ལ། སྐད་ཡིག་ནི་མཁན་ཆེན་ཞི་བ་འཚོ་མ་བྱུང་གོང་གི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཞེས་དབྱངས་གསལ་གཉིས་ལྡན་གྱི་ཡི་གེ་ཞིག་བཟོས་པ་རེད།
དུས་རབས་བརྒྱད་པར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ་ནང་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་བཙུགས་གནང་བར་བརྟེན། མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ནས་རྒྱ་གར་མཁས་པའི་ནཱ་ལེནྡྲའི་ཆོས་བརྒྱུད་རང་བཟུང་ཡོད། ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཞེས་བརྗོད་བཞིན་པ་དེ་ང་ཚོའི་དགེ་རྒན་རང་རེད། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་དག་ང་ཚོའི་སློབ་དེབ་ཆགས་ནས་ལྟ་བཞིན་ཡོད། ངོས་ནས་འདི་བརྗོད་འདོད་བྱུང་། མཁན་ཆེན་ཞི་བ་འཚོ་དང་། ཆོས་རྒྱལ་ཁྲི་ལྡེ་བཙན་ཁོང་རྣམ་པས་ཆོས་རྒྱ་གར་གྱི་ཆོས་ཧ་ཅང་ཡག་པོ་རེད། འོན་ཀྱང་གྱོན་ཆས་སོག་པོའི་གྱོན་ཆས་ཡག་པོར་བརྩིས་ནས་བོད་ལ་སོག་པོའི་ཆས་གོས་གྱོན་པའི་གོམས་གཤིས་ཆེན་པོ་ཡོད། བོད་དང་སོག་པོའི་འབྲེལ་བ་ཐུན་མོང་མ་ཡིན་པ་རེད་འདུག[1]

[1] https://gyalwarinpoche.com/news/2019/2019-03-25
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།