ཆ༽ གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བརྩི་ལུགས།
འཕགས་བོད་བལ་གསུམ་དུ་རྒྱ་གར་གྲུབ་ཆེན་གྱ་བཞི་ངོས་འཛིན་ལུགས་ལ་བཞེད་པ་མི་མཐུན་པ་ལྔ་བྱུང་ཡོད། རྒྱ་གར་གྲུབ་ཆེན་གྱ་བཞི་ཞེས་འཕགས་བོད་ཀུན་ཏུ་ཡོངས་སུ་གྲགས་པར་གྱུར་མོད། སྔོན་གྱི་ཡིག་ཚང་ལས་དཔྱད་ན། ཡུལ་དུས་དང་ཆོས་རྒྱུན་བཅས་མི་འདྲ་བའི་ཁྱད་པར་ལས། གྲུབ་ཆེན་གྱ་བཞི་ལ་གྲུབ་ཐོབ་པ་སུ་སུ་བགྲང་དགོས་པའི་ཐད་རྒྱ་བོད་བལ་གསུམ་དུ་བཞེད་ལུགས་མི་མཐུན་པ་གཙོ་བོ་ལྔ་ཙམ་བྱུང་།
གྲུབ་ཆེན་གང་དག་བགྲང་བ་དང་། མཚན་འབྲི་ཚུལ། གོ་རིམ་སྒྲིག་སྟངས་སོགས་ཀྱི་ཐད་བཞེད་ལུགས་ལྔ་པོ་ཁྱད་པར་ཤིན་ཏུ་ཆེ། བཞེད་ལུགས་ལྔ་བྱུང་བ་རྣམས་ས་དགེ་བཀའ་རྙིང་ཇོ་ནང་བཅས་བོད་ཀྱི་གྲུབ་མཐའ་ལྔའི་སྟེང་དུ་མངོན་གསལ་ཡིན་ཏེ། རང་རང་ལུགས་ཀྱི་གྲུབ་ཆེན་གྱ་བཞི་རེ་འདྲེན་ཞིང་། གྲུབ་ཆེན་གྱ་བཞིའི་དབང་རྗེས་གནང་དང་བྱིན་རླབས་བྱ་ཚུལ་ཡང་སོ་སོར་བྱུང་། ༡ རྒྱ་གར་རྡོ་རྗེ་གདན་པའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། རྙིང་མ་པ་དང་དགེ་ལྡན་པའི་ལུགས་ལ་ཤན་ཞུགས། ༢ བལ་པོ་དཔལ་སྡེའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། དགེ་ལྡན་པར་དར་ཆེ། ༣ ཙ་མིའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། བཀའ་བརྒྱུད་པ་དང་ཇོ་ནང་པར་དར་ཆེ། ༤ པ་ཚབ་ལུགས་ཀྱི་གྲུབ་ཆེན་གྱ་བཞི། ས་སྐྱ་པར་དར་ཆེ། ༥ ཀུན་མཁྱེན་འཇིགས་མེད་གླིང་པའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། རྙིང་མ་པར་དར་ཆེ།[1] ཞེས་བྱུང་བ་ལྟར་རོ།།
དང་པོ། རྒྱ་གར་ཅམ་པཱ་རྣའི་བླ་མའམ་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་ཅིང་། དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[2]། ༡) ལཱུ་ཧི་པཱ། ༢) གུ་རུ་ལཱི་ལཱ་པཱ། ༣) གུ་རུ་ཝི་རུ་པཱ། ༤) ཌོམ་བྷི་པཱ། ༥) གུ་རུ་ཤ་ཝ་རི་པཱ། ༦) གུ་རུ་ས་ར་ཧ་པཱ། ༧) ཀཾ་ཀ་རི་པཱ། ༨) མཱིན་པཱ། ༩) གོརཀྵ། ༡༠) ཙཽརངྒཱ་པཱ། ༡༡) ཝཱིནཱ་པཱ། ༡༢) གུ་རུ་ཤཱནྟི་པཱ། ༡༣) གུ་རུ་ཏནྟི་པཱ། ༡༤) གུ་རུ་ཅ་མ་རི་པཱ། ༡༥) གུ་རུ་ཁངྒ་པཱ། ༡༦) ནཱ་གཱ་རྫུ་ན། ༡༧) གུ་རུ་ཀཎ་ཧ་པཱ། ༡༨) གུ་རུ་ཀ་ཎ་རི་པ། ༡༩) གུ་རུ་ཐ་ཀ་ན་པཱ། ༢༠) གུ་རུ་ནཱ་རོ་པཱ། ༢༡) གུ་རུ་ཤྱ་ལི་པཱ། ༢༢) གུ་རུ་ཏིལླི་པཱ། ༢༣) གུ་རུ་ཅ་ཏྲ་པཱ། ༢༤) གུ་རུ་བྷ་དྲ་པཱ། ༢༥) གུ་རུ་དོཁན་ཊི། ༢༦) གུ་རུ་ཨ་ཛོ་གི་པཱ། ༢༧) གུ་རུ་ཀ་ལ་པཱ། ༢༨) གུ་རུ་དྷོ་ཝི་པཱ། ༢༩) གུ་རུ་ཀཾ་ཀན་པཱ། ༣༠) གུ་རུ་ཀམྦྷ་ལ་པཱ། ༣༡) གུ་རུ་ཊིངྒི་པཱ། ༣༢) གུ་རུ་བྷན་དྷེ་པཱ། ༣༣) གུ་རུ་ཏན་དྷེ་པཱ། ༣༤) གུ་རུ་ཀུ་ཀྐུ་རི་པཱ། ༣༥) གུ་རུ་ཀུ་ཙི་པཱ། ༣༦) གུ་རུ་དྷརྨ་པཱ། ༣༧) གུ་རུ་མ་ཧི་པཱ། ༣༨) གུ་རུ་ཨ་ཅིནྟཱ། ༣༩) གུ་རུ་བ་བྷ་ཧི། ༤༠) གུ་རུ་ན་ལིན་པཱ། ༤༡) གུ་རུ་བྷུ་སུ་ཀུ་པཱ། ༤༢) གུ་རུ་ཨིནྡྲ་བྷུ་ཏི། ༤༣) གུ་རུ་མེ་ཀོ་པཱ། ༤༤) གུ་རུ་ཀོད་ལི་པཱ། ༤༥) གུ་རུ་ཀཾ་པ་རི་པཱ། ༤༦) གུ་རུ་ཇཱ་ལན་དྷ་ར། ༤༧) གུ་རུ་རཱ་ཧུ་ལ། ༤༨) གུ་རུ་དྷ་རྨ་པཱ། ༤༩) གུ་རུ་དྷོ་ཀ་རི་པཱ། ༥༠) གུ་རུ་མེ་དྷི་ནི། ༥༡) གུ་རུ་པཾ་ཀ་ཇ། ༥༢) གུ་རུ་གྷནྚ་པཱ། ༥༣) གུ་རུ་ཛོ་གི་པཱ། ༥༤) གུ་རུ་ཅེ་ལུ་ཀ་པཱ། ༥༥) གུ་རུ་གུཾ་ཊ་རི་པཱ། ༥༦) གུ་རུ་ལུ་ཅི་ཀ་པཱ། ༥༧) གུ་རུ་ན་གུ་ཎ། ༥༨) གུ་རུ་ཇ་ཡཱནྡ། ༥༩) གུ་རུ་ཅ་པ་རི་པཱ། ༦༠) གུ་རུ་ཅམ་པཱ་ཀ། ༦༡) གུ་རུ་བྷིཀྵན་ན་པཱ། ༦༢) གུ་རུ་དྷི་ལི་པཱ། ༦༣) གུ་རུ་ཀུམྦ་རི་པཱ། ༦༤) གུ་རུ་ཛ་ཝ་རི་པཱ། ༦༥) གུ་རུ་མ་ཎི་བྷ་དྲཱ། ༦༦) གུ་རུ་མེ་ཁ་ལཱ། ༦༧) གུ་རུ་ཀན་ཁ་ལཱ། ༦༨) གུ་རུ་ཀ་ལ་ཀ་ལ། ༦༩) གུ་རུ་ཀནྟ་ལི། ༧༠) གུ་རུ་དྷ་ཧུ་ལི། ༧༡) གུ་རུ་ཨུ་དྷི་ལི་པཱ། ༧༢) གུ་རུ་ཀ་པཱ་ལ། ༧༣) གུ་རུ་ཀིར་པཱ་ལ། ༧༤) གུ་རུ་སཱ་ག་ར། ༧༥) གུ་རུ་སརྦ་བྷཀྵ། ༧༦) གུ་རུ་ནཱ་ག་བོདྷི། ༧༧) གུ་རུ་ད་རི་ཀཱ་པཱ། ༧༨) གུ་རུ་པུ་ཏ་ལི་པཱ། ༧༩) གུ་རུ་པན་ཧ་པཱ། ༨༠) གུ་རུ་ཀོ་ཀི་ལ་པཱ། ༨༡) གུ་རུ་ཨནཾ་ག་པཱ། ༨༢) གུ་རུ་ལ་ཀྵི་ཀཱར། ༨༣) གུ་རུ་ས་མུ་དྲ། ༨༤) གུ་རུ་བྱཱ་ལི་པཱ་བཅས་གྲུབ་ཐོབ་གྱ་བཞིའི་ཁྲོད་ནས་ ༡༦) ནཱ་གཱ་རྫུ་ན་དང་། ༡༨) གུ་རུ་ཀཎ་རི་པ། ༤༡) གུ་རུ་བྷུ་སུ་ཀུ་པཱ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་གསུམ་ལས་མི་གསལ་བ་བཅས་སོ།།
གཉིས་པ། སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོར་[3]གསལ་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནི། ༡) གུ་རུ་ལཱུ་ཡི་པ། ༢) གུ་རུ་ལི་ལ་པ། ༣) གུ་རུ་བི་རཱུ་པ། ༤) གུ་རུ་ཌོམྦི་པ། ༥) གུ་རུ་ཤ་བ་རི་པ། ༦) གུ་རུ་ས་ར་ཧ། ༧) གུ་རུ་ཀཾ་ཀ་ལི། ༨) གུ་རུ་མིན་པ། ༩) གུ་རུ་གྷོ་ར་ཁ། ༡༠) གུ་རུ་ཙོ་རང་གི །༡༡) གུ་རུ་བྷི་ན་པ། ༡༢) གུ་རུ་ཤཱནྟི་པ། ༡༣) གུ་རུ་ཏནྟི་བ། ༡༤) གུ་རུ་ཙ་མ་ར་པ། ༡༥) གུ་རུ་ཁཌྒ་པ། ༡༦) གུ་རུ་ནཱ་གཱ་རྫུ་ན། ༡༧) གུ་རུ་ཀཧྞ་པ། ༡༨) གུ་རུ་ཀ་ན་རི་པ། ༡༩) གུ་རུ་ཐ་ཁ་ན། ༢༠) གུ་རུ་ན་རོ་པ། ༢༡) གུ་རུ་ཤ་ཝ་རི་པ། ༢༢) གུ་རུ་ཏེ་ལོ་པ། ༢༣) གུ་རུ་ཙ་ཏྲ་པ། ༢༤) གུ་རུ་བྷ་ཏྲ་པ། ༢༥) གུ་རུ་དྷུ་ཁ་ན་དྷ། ༢༦) གུ་རུ་ཨ་ཛོ་ཀ །༢༧) གུ་རུ་ཀ་ལ་པ། ༢༨) གུ་རུ་ཌོམྦི་པ། ༢༩) གུ་རུ་ཀཾ་ཀ་ན། ༣༠) གུ་རུ་ཀ་མ་ལ། ༣༡) གུ་རུ་དྷིཾ་གི་པ། ༣༢) གུ་རུ་བནྡྷི། ༣༣) གུ་རུ་ཌནྚ་ན། ༣༤) གུ་རུ་ཀུ་ཀུ་རི་པ། ༣༥) གུ་རུ་ཀུ་ཙི་པ། ༣༦) གུ་རུ་དྷ་མུ། ༣༧) གུ་རུ་མ་ཧི་ལ། ༣༨) གུ་རུ་ཨ་ཙིནྡྷ། ༣༩) གུ་རུ་པ་ཧ། ༤༠) གུ་རུ་ནི་ལ་ན། ༤༡) གུ་རུ་བྷུ་སུ་ཀུ། ༤༢) གུ་རུ་ཨིནྡྲ་བྷཱུ་ཏི། ༤༣) གུ་རུ་མེ་ཀོ་པ། ༤༤) གུ་རུ་ཀོ་ཏ་ལ། ༤༥) གུ་རུ་ཀཾ་རི་པ། ༤༦) གུ་རུ་ཛཱ་ལནྡྷ་ར། ༤༧) གུ་རུ་རཱ་ཧུ་ལ། ༤༨) གུ་རུ་དྷརྨ་པ། ༤༩) གུ་རུ་དྷོ་ཀ་རི། ༥༠) གུ་རུ་མེ་དྷི་ན། ༥༡) གུ་རུ་བ་ཀ་ཛ། ༥༢) གུ་རུ་གྷཎྚ་པ། ༥༣) གུ་རུ་ཛོ་གི་པ། ༥༤) གུ་རུའི་ཙ་ལུ་ཀ །༥༥) གུ་རུ་གོ་ཏུ་རི། ༥༦) གུ་རུ་ལུ་ཙི་ཀ །༥༧) གུ་རུ་ན་ར་གུ་ན། ༥༨) གུ་རུ་དྲག་ཨཱ་ནནྡ། ༥༩) གུ་རུ་པ་ཙ་རི། ༦༠) གུ་རུ་ཙམྦ་ཀ །༦༡) གུ་རུ་བྷིཀྵ་ཎ། ༦༢) གུ་རུ་དྷེ་ལི་པ། ༦༣) གུ་རུ་ཀཾ་པ་ལ། ༦༤) གུ་རུ་དྷཱུ་མ་པ། ༦༥) གུ་རུ་མ་ཎི་བྷ་དྲ། ༦༦) གུ་རུ་མེ་ཁ་ལ། ༦༧) གུ་རུ་ནཱ་ག་ཀ་ལ་ཀ །༦༨) གུ་རུ་ཀ་ལ་ཀ་ལ། ༦༩) གུ་རུ་ཀན་ཏ་ལ། ༧༠) གུ་རུ་དྷ་ཧུ་ལ། ༧༡) གུ་རུ་ཨུ་དྷི་ལ། ༧༢) གུ་རུ་ཀ་པཱ་ལ། ༧༣) གུ་རུ་ཀི་ར་བ་ལ། ༧༤) གུ་རུ་པ་ག་ར། ༧༥) གུ་རུ་སརྦ་བྷཀྵ། ༧༦) གུ་རུ་ནཱ་ག་བོ་དྷི། ༧༧) གུ་རུ་དཱ་རི་ཀ་པ། ༧༨) གུ་རུ་སུ་ཏ་བ། ༧༩) གུ་རུ་པ་ན་ཧ། ༨༠) གུ་རུ་ཀོ་ཀི་ལ། ༨༡) གུ་རུ་ཨ་ནཾ་ག །༨༢) གུ་རུ་ནཱི་ལཀྵ་ན། ༨༣) གུ་རུ་ས་མུ་དྲ། ༨༤) གུ་རུ་བི་ར་ལི་པ་བཅས་གྲུབ་པའི་ཉམས་རྟོགས་ཕ་མཐར་སོན་པ་བརྒྱད་ཅུ་རྩ་བཞིའི་ཁྲོད་ནས། ༡༦) གུ་རུ་ནཱ་གཱ་རྫུ་ན་དང་། ༡༨) གུ་རུ་ཀ་ན་རི་པ། ༤༡) གུ་རུ་བྷུ་སུ་ཀུ་བཅས་པཎ་གྲུབ་བཅུ་བདུན་ལས་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ལྷ། རྒྱལ་སྲས་ཞི་བ་ལྷ་གསུམ་གསལ་ལས་མི་གསལ་ལོ།།
གསུམ་པ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་བྲིས་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ཞེས་བྱ་བ་ལས་བྱུང་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནི། ༡) སློབ་དཔོན་ལཱུ་ཧི་པ། ༢) ལི་ལ་པ། ༣) བིར་ཝ་པ། ༤) ཌོམྦི་ཧེ་རུ་ཀ ། ༥) ཤྭ་བ་རི་པ། ༦) ས་ར་ཧ། ༧) ཀཾ་ཀ་ལི་པ། ༨) མཱི་ན་པ། ༩) གོ་རཀྵ། ༡༠) ཙོ་རམ་གི་པ། ༡༡) བཱི་ན་པ། ༡༢) ཤནྟི་པ། ༡༣) ཏིནྟ། ༡༤) ཙ་མ་རི་པ། ༡༥) ཁད་ག་པ། ༡༦) འཕགས་པ་ཀླུ་སྒྲུབ། ༡༧) ནག་པོ་སྤྱོད་པ། ༡༨) ཨརྱ་དེ་ཝ། ༡༩) ཐ་ག་ན་པ། ༢༠) ན་རོ་པ། ༢༡) ཤྱ་ལི་པ། ༢༢) ཏིལླ་པ། ༢༣) ཙ་དྲ་པ། ༢༤) བྷ་དྲ་པ། ༢༥) དྷུ་ཁན་རི་པ། ༢༦) ཨ་ཛོ་གི་པ། ༢༧) ཀ་ལ་པ། ༢༨) དྷུ་པི་པ། ༢༩) ཀང་ཀ་ན་པ། ༣༠) ཀམ་པ་ལའམ་ལྭ་ཝ་པ། ༣༡) ཌིང་གི་པ། ༣༢) བྷནྡྷི་པ། ༣༣) ཏེནྟ་པ། ༣༤) ཀུ་ཀུ་རི་པ། ༣༥) ཀུ་ཛི་པ། ༣༦) དྷ་ཡ་པ། ༣༧) མ་ཧི་ལ། ༣༨) ཨ་ཚིནྟ་པ། ༣༩) བྷ་བ་ཧི་པ། ༤༠) ན་ལི་པ། ༤༡) བྷུ་སུ་ཀུ་པ། ༤༢) ཨིནྡྲ་བྷུ་ཏི། ༤༣) མ་ཀོ་པ། ༤༤) ཏོག་ཙེ་པ། ༤༥) ཀམྦྷ་རི་པ། ༤༦) ཛ་ལེནྡྷ་རི་པ། ༤༧) རཱ་ཧུ་ལ་པ། ༤༨) དྷརྨ་པ། ༤༩) དྷོ་ཀ་རི་པ། ༥༠) མོ་དྷི་པ། ༥༡) པང་ཀ་ཛ་པ། ༥༢) དྲིལ་བུ་པ། ༥༣) ཛོ་རི་པ། ༥༤) ཙ་ལུ་ཀ་པ། ༥༥) གོ་རུ་ཌ་པ། ༥༦) ལུ་ཙི་ཀ་པ། ༥༧) ནིརྒུ་ཎི་པ། ༥༨) ཛ་ཡནྟ་པ། ༥༩) པ་ཙ་རི་པ། ༦༠) ཙམ་པ་ལ་པ། ༦༡) བྷིཀྵ་ཎ་པ། ༦༢) དྷེ་ལ་པ། ༦༣) ཀུམ་པ་རི་པ། ༦༤) ཙརྤ་ཌི་པ། ༦༥) རྣལ་འབྱོར་མ་མ་ཎི་བྷ་དྲ། ༦༦) རྣལ་འབྱོར་མ་མེ་ཁ་ལ་པ། ༦༧) རྣལ་འབྱོར་མ། ༦༨) ཀ་ལ་ཀ་ལ་པ། ༦༩) ཀན་དྷ་ལི་ཡང་། ༧༠) དྷ་རུ་ལི་པ། ༧༡) ཨུ་ཊི་ལི་པ། ༧༢) ཀ་པཱ་ལི་པ། ༧༣) ཀི་ར་བ་ལ་པ། ༧༤) པ་ཀ་ར་པ། ༧༥) སརྦ་བྷ་ཀྵ་པ། ༧༦) ན་ག་བྷོ་དྷི། ༧༧) དྷ་རི་ཀ་པ། ༧༨) སུ་ར་ལི་པ། ༧༩) ས་ཧ་ན་པ། ༨༠) ཀོ་ལོ་ལི་ལ་པ། ༨༡) ཨ་ནམ་གོ་པ་ནི། ༨༢) རྣལ་འབྱོར་མ་ལིཀྵཾ་ཀ་ར། ༨༣) པ་མུ་དྲ་པ། ༨༤) བྱ་ལི་པ་བཅས་ལས་ ༡༦) འཕགས་པ་ཀླུ་སྒྲུབ་དང་། ༡༨) ཨརྱ་དེ་ཝ། ༤༡) བྷུ་སུ་ཀུ་པ་བཅས་པཎ་གྲུབ་བཅུ་བདུན་ལས་པཎ་གྲུབ་གསུམ་གྱི་མཚན་གསལ་བ་བཅས་གོང་གསལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་དང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ། གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་བྲིས་ཡིག་བཅས་གསུམ་གྱི་ནང་དུ་པཎ་གྲུབ་བཅུ་བདུན་ལས་ཀླུ་སྒྲུབ་དང་། ཨརྱ་དེ་ཝ། བྷུ་སུ་ཀུ་གསུམ་གོ་རིམ་དང་པཎ་གྲུབ་སུ་ཡིན་བཞེད་ཚུལ་གཅིག་གྱུར་དུ་བྱུང་ངོ་།།
དེ་ཡང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ངོས་འཛིན་འཁྲུལ་པ་ཅན་སྐྱོ་མ་སྔ་བཙན་གྱི་རྗེས་སུ་མ་འབྲངས་པར། གྲུབ་ཐོབ་སོ་སོའི་སྒྲུབ་ཐབས་དང་། དབང་ཆོག །དོ་ཧ། རྫོགས་རིམ་དང་བཅས་པའི་གཞུང་སློབ་དཔོན་དཔའ་བོ་རྡོ་རྗེའི་མན་ངག་དང་། མི་ཉག་ལོ་ཙཱ་བས་བསྒྱུར་བའི་ཚད་ལྡན་དེ་ཡི་རྗེས་སུ་འབྲངས། མཁས་པའི་མཁས་པ་ཤིང་རྟ་ཆེན་པོ་ཇོ་ནང་སྤྲུལ་སྐུ་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་སྙིང་པོའི་བཞེད་པ་ཇི་བཞིན་རྟག་བརྟན་ཐེག་མཆོག་ཧེ་རུ་ཀའི་ལྷ་ཁང་དུ་ལོགས་བྲིས་སུ་བཞུགས་པ་དང་། དེ་བཞིན་རས་བྲིས་ཀྱང་གཉིས་ཙམ་མཇལ་ཞིང་། ལྷག་པར་དུ་རྗེ་བཙུན་དམ་པས་མཛད་པའི་བྲིས་ཡིག་དངོས་མ་ཞིག་ཇོ་ནང་གི་ཕྱག་བསྟར་ཉལ་ཉིལ་ཁྲོད་ནས་སྣེ་ཆུས་ཟོས་ཅུང་ཟད་བྱུང་བ་ཞིག་ཀྱང་རྙེད་པ་དེ་ཉིད་དཔང་པོར་བྱས་ཏེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མངོན་པར་རྟོགས་པ་དག་ཅིང་གསལ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ།།
བཞི་པ། བསྟན་འགྱུར་བཟོ་རིག་ཁྲོད་དུ་བཞུགས་པའི་དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས་[4]གསལ་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནི། ༡) ལཱུ་ཡི་པ། ༢) ལིང་པ་པ། ༣) ཀུ་བི་རཱུ་པ། ༤) ཌེང་གི་པ། ༥) ཀླུ་སྒྲུབ་ཞབས། ༦) ཀ་ཁ་ཡ་ལ་པ། ༧) མཚོ་སྐྱེས་རྡོ་རྗེ། ༨) ཟ་ཉལ་འཆག་མདོག ༩) ས་ར་ཧ་པ། ༡༠) རི་ཁྲོད་པ། ༡༡) སྒེག་པའི་རྡོ་རྗེ། ༡༢) དཱ་རི་ཀ་པ། ༡༣) ཡེ་ཤེས་ཞབས། ༡༤) ཨུཎྜ་ཏ་པ། ༡༥) ཐག་པ་སེར་པོ། ༡༦) པདྨ་རྡོ་རྗེ། ༡༧) དབྱིག་གཉེན། ༡༨) ཛཱ་ལནྡྷ་ར། ༡༩) ཆོས་ཀྱི་གྲགས་པ། ༢༠) བུ་བ་སེར་པོ། ༢༡) ཀ་ཤི་རི་པ། ༢༢) ཏོག་ཙེ་བ། ༢༣) ཨིན་དྲ་བྷཱུ་ཏི། ༢༤) ཀླུའི་བྱང་ཆུབ། ༢༥) འོད་མཛད་ཞབས། ༢༦) མ་ག་ན་ཌི་པ། ༢༧) ཌོམ་བི་བ། ༢༨) ཐོད་པ་ཅན། ༢༩) ལ་བ་པ། ༣༠) ཏཻ་ལོ་པ། ༣༡) མར་མེ་མཛད། ༣༢) དགེ་བསྙེན་ཟླ་བ། ༣༣) ར་བུ་ཏ། ༣༤) དགའ་བའི་རྡོ་རྗེ། ༣༥) ཀ་དོ་ལ་པ། ༣༦) ལྤགས་ལྷམ་མཁན། ༣༧) པ་ག་ལ་པ། ༣༨) བ་སུ་བནྡྷ་བ། ༣༩) ཙ་པི་ཌཱི་པ། ༤༠) དམ་ཚིག་རྡོ་རྗེ། ༤༡) ཅེ་སྤྱང་ཞབས། ༤༢) ཀ་རན་པ། ༤༣) དྷ་མུ་པ། ༤༤) དྷ་མ་པ། ༤༥) ཀུ་མཱ་རི་པ། ༤༦) བནྡྷེ་བ། ༤༧) ཀུ་བ་ཇི་བ། ༤༨) རིན་ཆེན་མྱུ་གུ། ༤༩) རལ་གྲི་གྲུབ་པ། ༥༠) དྷ་ཀི་བ། ༥༡) ཀུ་མ་རུ་བ། ༥༢) ཊེན་ཊ་ན་པ། ༥༣) སྤྱོད་པ། ༥༤) ཀོ་བླས་མཁན། ༥༥) ཀུན་ཟ་ཞབས། ༥༦) དི་པཱ་ཀ་རི་ཏི་པ། ༥༧) བཞི་གཏུམ། ༥༨) དགེ་སློང་འདུན་སྐྱོང་། ༥༩) ཁྲུས་མཁན། ༦༠) དྷོ་ཀི་ཌི་པ། ༦༡) བེ་སྣ། ༦༢) དབྱུག་པ་པ། ༦༣) ཡན་ལག་མེད་པའི་རྡོ་རྗེ། ༦༤) འཕགས་པའི་ལྷ། ༦༥) ལ་བ་པ། ༦༦) ཐག་པ་མཁན། ༦༧) ས་ར་ཧ། ༦༨) དཔལ་འཛིན་ཞབས། ༦༩) ཙ་ཏྲ་ལི་པ། ༧༠) ཀོ་ཀི་ལི་པ། ༧༡) དྲིལ་བུ་པ། ༧༢) ནཱ་རོ་བ། ༧༣) ཁྱི་མོ་ཅན། ༧༤) རིན་ཆེན་འབྱུང་གནས། ༧༥) ཀར་ལི་པ། ༧༦) མཁའ་མཁན་སེར་པོ། ༧༧) ཁནྡ་རི་པ། ༧༨) གཡུང་པོ། ༧༩) བྱི་ལ་ཅན། ༨༠) ཀ་ན་པ། ༨༡) རྣལ་འབྱོར་མ་མེ་ལ་ཁ་ལ། ༨༢) རྣལ་འབྱོར་མ་གྲུབ་པ་ཅན་དཔལ་མོ། ༨༣) ནཱི་ལོ་པ། ༨༤) ཡེ་ཤེས་མྱུ་གུ་བཅས་རང་རང་གི་ལས་དང་རྗེས་སུ་མཐུན་པའི་ཚུལ་འཛིན་པ་བཅུ་ཕྲག་བརྒྱད་དང་བཞིའི་ཁྲོད་པཎ་གྲུབ་བཅུ་བདུན་ལས། ༥) ཀླུ་སྒྲུབ་ཞབས་དང་། ༨) ཟ་ཉལ་འཆག་མདོག ༡༧) དབྱིག་གཉེན། ༡༩) ཆོས་ཀྱི་གྲགས་པ། ༣༡) མར་མེ་མཛད[5]། ༣༨) བ་སུ་བནྡྷ་བ་བཅས་དྲུག་གསལ་ལ། མར་མེ་མཛད་ཅེས་པ་མར་མེ་མཛད་བཟང་པོ་དང་། མར་མེ་མཛད་བླ་སློབ་གཉིས་ལས་གང་ཡིན་གསལ་ཁ་མི་སྣང་ངོ་།།
ལྔ་པ། བླ་མ་རྡོ་རྗེ་གདན་པས་མཛད་ཅིང་། པཎྜི་ཏ་བཻ་རོ་ཙ་ན་དང་ལོ་ཙཱ་བ་ཤྲཱི་ཆོས་ཀྱི་གྲགས་པས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་[6]སུ་གསལ་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནི། ༡) ཀླུ་སྒྲུབ་སྙིང་པོ། ༢) ཨཱཪྻ་དེ་བ། ༣) ལཱུ་ཡི་པ། ༤) པདྨ་བཛྲ། ༥) ས་ར་ཧ། ༦) མཚོ་སྐྱེས་རྡོ་རྗེ། ༧) ཌོཾ་བི་ཧེ་ར་ཀ ༨) བི་རཱུ་པ། ༩) བུ་སུ་ཀུ་ར། ༡༠) རྡོ་རྗེ་དྲིལ་བུ། ༡༡) ན་ལེནྡྲ་པ། ༡༢) ཀུ་ཀུ་རི་པ། ༡༣) སངས་རྒྱས་ཡེ་ཤེས། ༡༤) ནག་པོ་རྡོ་རྗེ། ༡༥) ཨིནྡྲ་བྷཱུ་ཏི། ༡༦) ནཱ་རོ་པ། ༡༧) ཏོག་ཙེ་པ། ༡༨) ཏནྟྲ་ལ། ༡༩) ལ་བ་པ། ༢༠) ཙནྡྲ་གོ་མི། ༢༡) ཤཱནྟི་པ། ༢༢) མར་མེ་མཛད། ༢༣) ཏེ་ལོ་པ། ༢༤) ནག་པོ་སྤྱོད་པ། ༢༥) ཕག་ཚང་པ། ༢༦) བཟང་པོ་པ། ༢༧) ཤ་བ་རི་པ། ༢༨) ད་རི་ཀ་པ། ༢༩) ནཱ་ག་བོ་དྷི། ༣༠) མར་མེ་ལྷ། ༣༡) ད་ཀི་པ། ༣༢) ཛཻ་ཏ་རི། ༣༣) ས་ར་ཀ་པ། ༣༤) ཤཱནྟི་པ། ༣༥) ཐ་ག་པ། ༣༦) ཛཱ་ལནྡྷ་ར། ༣༧) ཀ་མ་ལ། ༣༨) གསེར་གླིང་པ། ༣༩) བིར་ཡ་པ། ༤༠) ཀོངྐ་ན། ༤༡) པ་ཀ་པ་ལཱ། ༤༢) ཏཾ་པ་ཀ ༤༣) བྷི་ན་ས། ༤༤) སུ་ཏ་ལོ་ཀི། ༤༥) དྷརྨ་ཀཱི་རྟི། ༤༦) ཀུ་མཱ་ར། ༤༧) ཚེམ་བུ་བ། ༤༨) ནཱི་ལ་པ། ༤༩) པདྨ་ཀཱ་ར། ༥༠) སིདྷ་པ། ༥༡) མི་ནར་པ། ༥༢) སྤྲིན་གྱི་ཤུགས་ཅན། ༥༣) ཀ་རུ་པ་ཀ ༥༤) ད་སི་རི་པ། ༥༥) ཨ་ནནྟ། ༥༦) སེང་གེ་པ། ༥༧) ཟླ་བ་བཟང་པོ། ༥༨) ཀུན་དགའ་སྙིང་པོ། ༥༩) ཟླ་བ་གྲགས་པ། ༦༠) སྨད་དཀྲིས་པ། ༦༡) ཀརྞ་པ། ༦༢) ཨ་ཝ་དྷཱུ་ཏཱི། ༦༣) ཙཪྻ་པ། ༦༤) ཤཱཀྱ་བཤེས་གཉེན། ༦༥) ཙཎྜ་ལཱི། ༦༦) གླུ་དབྱངས་མཁན། ༦༧) བྷ་ག་ལ་ན། ༦༨) སྒྲ་མཁན་ཞབས། ༦༩) ཀོནྟཾ་ལི། ༧༠) ཙ་བ་རི། ༧༡) སི་ཡ་ལི། ༧༢) ངག་གི་དབང་ཕྱུག ༧༣) ཧི་ལ་བ། ༧༤) ཀ་ལ་ཀ ༧༥) ཀུ་བྷུ་ཙ། ༧༦) སེང་གེ་པ། ༧༧) ཐོགས་པ་མེད་པ། ༧༨) ན་ཏ་པ། ༧༩) གླིང་བུ་མཁན། ༨༠) ས་ར་ཧ། ༨༡) ས་ར་སུ་ཀ ༨༢) ཀ་ལ་ལཾ་གེ །༨༣) བྷ་ཡ་ནི། ༨༤) མེ་ཏོག་པ་བཅས་གསང་སྔགས་སྤྱོད་པ་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས། ༡) ཀླུ་སྒྲུབ་སྙིང་པོ་དང་། ༢) ཨཱཪྻ་དེ་བ། ༩) བུ་སུ་ཀུ་ར། ༤༥) དྷརྨ་ཀཱི་རྟི། ༥༩) ཟླ་བ་གྲགས་པ། ༧༧) ཐོགས་མེད་བཅས་དྲུག་གསལ་བ་ཞལ་གྲངས་མཚུངས་ཀྱང་པཎ་གྲུབ་སུ་ཡིན་མི་མཐུན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༨ ཉིན།
[2] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡-༢༢༢ བར།
[3] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༧༢
[4] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༢༦ ནས་ ༩༣༠ བར།
[5] མར་མེ་མཛད་བཟང་པོ་ནི། སྒོམ་སྡེ་ཚིག་མཛོད་ཆེན་མོ་ (གླེགས་བམ་གསུམ་པ། ༢༠༡༣ ལོའི་ཐེ་ཝན་པར་མ། ཤོག་ ༣༤༥ ལས། མར་མེ་མཛད་བཟང་པོ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མའི་གཙོ་བོ་ཞིག་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མར་གྱུར་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག །ཅེས་བྱུང་ལ། བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་གྱི་སྔོན་གླེང་ལས། མར་མེ་མཛད་བཟང་པོའམ་དཱི་པཾ་ཀ་ར་བྷ་དྲ་དང་། མར་མེ་མཛད་བཟང་པོ་ནི་དཔལ་ལྡན་ཨ་ཏི་ཤ་ཡིན། ཞེས་བྱུང་བས་དཔྱད་དགོས་པར་སྣང་སྟེ། ལེགས་སྦྱར་སྐད་དུ། དཱི་པཾ་ཀ་ར་བྷ་དྲ་ནི་བོད་སྐད་དུ་མར་མེ་མཛད་བཟང་པོ་དང་། ལེགས་སྦྱར་སྐད་དུ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ནི། བོད་སྐད་དུ་མར་མེ་མཛད་ཡེ་ཤེས་བཅས་སུ་བསྒྱུར་བས། སྒོམ་སྡེ་ཚིག་མཛོད་དུ་དེ་གཉིས་བླ་སློབ་གཉིས་ཀྱི་མཚན་ཡིན་པར་གསུངས་ལ། བཀའ་བབས་བདུན་ལྡན་གྱི་རྣམ་ཐར་གྱི་སྔོན་གླེང་དུ་གང་ཟག་གཅིག་གི་མཚན་ཡིན་པར་གསལ་མོད། ཡོངས་གྲགས་དེབ་ཐེར་ཁག་ཏུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཏེ། ལེགས་སྦྱར་སྐད་ལ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་གསལ་བ་ལས། དཱི་པཾ་ཀ་ར་བྷ་དྲ་ཞེས་མི་འབྱུང་ལ། དེ་དག་བོད་སྒྱུར་ཞུ་སྐབས་མར་མེ་མཛད་ཡེ་ཤེས་ཞེས་གསལ་བ་ལས། མར་མེ་མཛད་བཟང་པོ་ཞེས་པ་ཇོ་བོའི་མཚན་གྱི་རྣམ་གྲངས་ཡིན་པར་མི་གསལ་བས། ད་དུང་དཔྱད་དགོས་པར་སྣང་བས་ཞིབ་ཕྲ་ཇོ་བོའི་རྣམ་ཐར་གྱི་སྐབས་སུ་གཟིགས་པར་འཚལ་ལོ།།
[6] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༣ ནས་ ༩༤༡ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༧ ནས་ ༡༨༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།