ཅ༽ རྒྱལ་སྲས་ཞི་བ་ལྷའི་བསྟན་བཅོས་བོད་བསྒྱུར་ཞུ་རྒྱུ་ཇི་ཡོད།

ཅ༽ བསྟན་བཅོས་བོད་བསྒྱུར་ཞུ་རྒྱུ་ཇི་ཡོད།

 

དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་ཀུན་ལས་བཏུས་པ་རྣམ་གཉིས་ཀྱི་ཡ་གྱལ། མདོ་ཀུན་ལས་བཏུས་པ་བོད་འགྱུར་མེད་ལ། མདོ་ཀུན་ལས་བཏུས་པའི་སྐོར་ཞིབ་པ་ཞི་བ་ལྷའི་རྣམ་ཐར་གྱི་སྐབས་སུ་བཀོད་པ་དེར་གཟིགས་པར་འཚལ་ལོ།།

མདོར་ན། རྒྱལ་སྲས་ཞི་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༣ དང་། ལེགས་སྦྱར་ནས་བོད་བསྒྱུར་མ་ཞུས་པ་གྲངས་ ༡ བཅས་བསྟན་བཅོས་ ༡༤ ལྗགས་རྩོམ་མཛད་པ་ལས་འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༣ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༣ ནས་ ༨༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *