ཁ༽ པཎ་གྲུབ་བཅུ་བདུན་གྱི་འགྲེལ་བྱེད་གཞུང་གི་མཚན་བྱང་།

ཁ༽ འགྲེལ་བྱེད་གཞུང་གི་མཚན་བྱང་།

 

དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་ལྟ་གྲུབ་ལས་བརྩམས་ཆོས་རྣམས་ཀྱི་རྒྱ་འགྲེལ་བསྟན་འགྱུར་ནས་ངོས་བཟུང་ཐུབ་པ་འགའི་མཚན་བྱང་དང་། དེ་དག་གི་མཛད་པ་པོ་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་མཚན་བྱང་ཕྱོགས་བསྡུས་རགས་ཟིན་ཙམ་འགོད་པ་ལ། ༡༽ ༼དབུ་མ་ཛ།༽ དབུ་མ་རྟེན་ཅིང་འབྲེལ་བ་འབྱུང་བ། སློབ་དཔོན་ནག་པོ་པས་མཛད། འགྱུར་བྱང་མེད།

༢༽ ༼དབུ་མ་ཝ་ཞ་ཟ།༽ དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་འགྲེལ་པ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོའི་དབུ་མ་པ་ཛྙཱ་ན་གརྦཱ་དང་། བོད་ཀྱི་ལོ་ཙཱ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ༣༽ ༼དབུ་མ་ཡ་པ།༽ སྟོང་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞན་ལ་ཕན་པས་མཛད་པ།  ཁ་ཆེའི་མཁན་པོ་པ་ར་ཧི་ཏའི་ཞལ་སྔ་ནས་ཉིད་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ༤༽ ༼དབུ་མ་ར་པ།༽ དབུ་མ་ལ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་ཞེས་བྱ་བ། ཁ་ཆེ་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྟས་མཛད་པ། ཁ་ཆེའི་མཁས་པ་ཆེན་པོ་ཛ་ཡ་ཨཱ་ནནྟ་དང་། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ༥༽ ༼དབུ་མ་ལ་པ།༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང༌། ལོ་ཙཱ་བ་གཉན་དར་མ་གྲགས་གཉིས་ཀྱིས་སྟོད་སྨད་བགོས་ནས་བསྒྱུར།

༦༽ ༼དབུ་མ་ཤ་པ།༽ བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བར་བྱེད་ཅེས་བྱ་བ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷུ་ཏི་ཙནྡྲས་མཛད་དེ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ། ༧༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་ ༼བཅུ་གཅིག་ཏུ་བསྡུས་པ།༽ བསྡུས་པ། གསེར་གླིང་པའི་བླ་མ་ཆོས་སྐྱོང་གིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ༨༽ ཡང་དེ་ཉིད་ཀྱི་དོན་བཅུ་གཅིག་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ་ཡང་མཛད། དེ་ཡང་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ༩༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ཤླཽ་ཀ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་རྩ་ལྔ་པ། སློབ་དཔོན་དགེ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ༡༠༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཀྲི་ཥན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲི་ཥན་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།

༡༡༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། རྒྱ་གར་གྱི་པཎྜི་ཏ་མི་མཉམ་ཁོལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ། ལོ་སྟོན་རྡོ་རྗེ་རྒྱལ་མཚན་དབང་གིས་འགྲེལ་པ་འདི་ལེགས་པར་བསྒྱུར། ༡༢༽ ༼དབུ་མ་ཀི།༽ ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པའི་འགྲེལ་པ། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་བྱ་བ་ལུང་གི་ཚད་མ་རབ་ཏུ་སྦྱར་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པོའི་ཞབས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༡༣༽ ཞི་བ་ལྷའི་བསླབ་པ་ཀུན་ལས་བཏུས་པའི་འགྲེལ་པ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད།  ལོ་ཙཱ་བ་དཔལ་མར་མེ་མཛད་ཡེ་ཤེས་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ༡༤༽ བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ་ཞེས་བྱ་བ། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏས་མཛད།  བོད་ཀྱི་ལོ་ཙཱ་བ་དགེ་སློང་ཞ་མ་སེང་རྒྱལ་དང་། གློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར། སླད་ནས་བོད་ཀྱི་ལོ་ཙཱ་བ་བན་དེ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས། ༡༥༽ ༼མདོ་སྡེ་ཆི་པ།༽ རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད། འདི་རྟེན་ཅིང་འབྲེལ་བ་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ། ཞེས་སློབ་དཔོན་དབྱིག་གཉེན་གྱི་གསུང་དེའི་འགྲེལ་པ་ཡིན། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང་། ལོ་ཙཱ་བ་ནམ་མཁས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།

༡༦༽ ༼སེམས་ཙམ་འི་པ།༽ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ། ༡༧༽ ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ། སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། ལྷ་བཙུན་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས་བལ་ཡུལ་གྱི་པཎྜི་ཏ་བྷ་དྲའི་ཆེན་པོ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་གཏན་ལ་ཕབ། ༡༨༽ ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སློབ་དཔོན་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་ལ། དགེ་སློང་དཔལ་བརྩེགས་ཀྱིས་ཀྱང་ཞུས་སོ། །༡༩༽ ༼སེམས་ཙམ་ལི།༽ ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་བམ་པོ་བཅུ་པ། སློབ་དཔོན་ཆེན་པོ་རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ། ༢༠༽ ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ། སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ།

༢༡༽ ༼སེམས་ཙམ་ཤི་པ།༽ དབྱིག་གཉེན་གྱི་སུམ་ཅུ་པའི་འགྲེལ་པ། སུམ་ཅུ་པའི་བཤད་པ། སློབ་དཔོན་བློ་བརྟན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བེནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ༢༢༽ རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད། སློབ་དཔོན་དུལ་བ་ལྷས་མཛད་པ། ༼འདི་དབྱིག་གཉེན་གྱི་ཉི་ཤུ་པའི་འགྲེལ་པ་ཡིན།༽ རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ༢༣༽ དབྱིག་གཉེན་གྱི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་བམ་པོ་བཞི་པ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ༢༤༽ ༼སེམས་ཙམ་སི་པ།༽ ཕུང་པོ་ལྔའི་རྣམ་པར་འགྲེལ་པ། སློབ་དཔོན་ཡོན་ཏན་འོད། ༼དབྱིག་གཉེན་གྱི་ཕུང་པོ་ལྔའི་འགྲེལ།༽ རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ༢༥༽ ༼སེམས་ཙམ་ཧི་པ།༽ སུམ་ཅུ་པའི་འགྲེལ་བཤད་བམ་པོ་ལྔ་པ། སློབ་དཔོན་འདུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུ་དྷ་སིང་ཧ་དང་། ཤཱཀྱ་སེང་ཧ་དང་། ལོ་ཙཱ་བ་བནྡེ་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་གཏན་ལ་ཕབ།

༢༦༽ དབྱིག་གཉེན་གྱི་ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པ་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བིཤུདྡྷ་སི་ཾཧ་དང་། ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ༢༧༽ དབུ་མ་རྒྱན་གྱི་འགྲེལ་བཤད་དབུ་མའི་ལམ་གྲུབ་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ། ལོ་ཙཱ་བ་ཤཱཀྱ་འོད་ཀྱིས་རང་འགྱུར་དུ་མཛད་པ། ༢༨༽ དབུ་མ་རྒྱན་གྱི་མན་ངག་ཅེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཁ་ཆེའི་ཨ་མོ་གྷ་དང་། འོ་རུ་ལོ་ཙཱ་བས་ཞུས་ཏེ་གཏན་ལ་ཕབ། ༢༩༽ ༼མངོན་པ་ཁུ་སྨད།༽ ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ། སློབ་དཔོན་འདུན་བཟང་གིས་མཛད་པ། ལོ་ཙཱ་བའི་འགྱུར་བྱང་མི་གསལ། ༣༠༽ ༼མངོན་པ་གུ་ངུ་།༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ། སློབ་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྔྷ་སིང་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་བ་བཞུགས་སོ།།

༣༡༽ ༼མངོན་པ་ཅུ་ཆུ།༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ། སློབ་དཔོན་གང་བ་སྤེལ་ཞེས་པ་ཆོས་མངོན་པའི་གཞུང་ལུགས་གངས་ཅན་མཚོའི་ཕ་རོལ་ཏུ་སོན་པས་མཛད་པ། འདི་ནི་གངས་རི་ཆེན་པོ་ཏི་སེ་དང་ཡིད་བཞིན་གྱི་མཚོའི་ལྷོ་ངོས། རི་བོ་ཆེན་པོ་སྤོས་ཀྱི་ངད་ལྡང་བའི་འདབ་ཡུལ་པུ་རངས་སུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་བ་བཞུགས་སོ། ། ༣༢༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ་མདོ་དང་སྦྱར་བ། བལ་པོའི་པཎྜི་ཏ་དགེ་སློང་ཞི་གནས་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་ཡ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་འོད་ཟེར་གྱིས་བསྒྱུར་པའོ། ། ༣༣༽ ༼མངོན་པ་ཉུ་སྨད་ལ།༽ ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་གང་བ་སྤེལ་གྱིས་མཛད། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ། འདི་འགྲེལ་པ་ཆེན་མོ་ལས་མཆིམས་ཀྱིས་བཀོལ་བ་ཡིན་ནོ་ཞེས་གྲག་གོ །༣༤༽ ༼གཏམ་ཚོགས་ལས།༽ རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ། ༣༥༽ ༼ཚད་མ་ཆེ་བ།༽ ཚད་མ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། སློབ་དཔོན་ལྷ་དབང་བློས་མཛད་པ། ལྷ་བཙུན་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷུ་ཏི་ཤྲཱི་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ། །༼ལེགས་སྦྱར་གྱི་མཚན་བྱང་མེད་ཀྱང་གོང་ལྟར་ཡིན་སྙམ།༽

༣༦༽ ༼ཚད་མ་ཇེ་ཉེ་གཉིས།༽ ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་པ་དང་། ལྷ་དབང་བློའི་འགྲེལ་པ་གཉིས་ཀྱི་འགྲེལ་བཤད། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཞབས་ལ་བརྟེན་པ་སློབ་དཔོན་ཤཱཀྱ་བློས་མཛད་པ། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར། ༣༧༽ ༼ཚད་མ་ཏེ་ཐེ།༽ ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ། སློབ་དཔོན་མཁས་པ་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། སླད་ཀྱིས་ཁ་ཆེ་པཎྜི་ཏ་ཀུ་མ་ར་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་ཏེ་གཏན་ལ་ཕབ། ༣༨༽ ༼ཚད་མ་དེ་ནེ་གཉིས།༽ ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད། སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་ཆེན་པོ་པཎྜི་ཏ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ་དང་། ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བནྡེ་བྱང་ཆུབ་ཤེས་རབ་ཀྱིས་ནན་ཏན་སྙིང་པོར་བྱས་ནས་གཏན་ལ་ཕབ་པར་བསྒྱུར་བའོ། །༣༩༽ ༼ཚད་མ་པེ་པ་ལ།༽ ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ། རྣམ་འགྲེལ་གྱི་རྗེས་སུ་འབྲང་བའི་འཕྲོ་ཇི་སྙེད་པ། འགྱུར་བྱང་མེད། ༤༠༽ ༼ཚད་མ་ཕེ་བེ་མེ་ཙེ།༽ ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་པ་ཞེས་བྱ་བ། བླ་མ་དམ་པ་དགེ་བའི་བཤེས་གཉེན་ཤེས་རབ་འབྱུང་གནས་ཀྱི་ཞབས་ལ་བཏུད་དེ་བསྟེན་ནས་ཉི་མ་སྦས་པས་མཛད་པ། འགྱུར་བྱང་མེད།

༤༡༽ ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པའི་སློབ་མ་ཉི་མ་སྦས་པས་མཛད་པ། འགྱུར་བྱང་མེད། ༤༢༽ ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། དཔལ་མཁས་པ་ཛ་མཱ་རིས་མཛད་པ། (འདིས་ལེའུ་དང་པོ་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་འགྲེལ་པ་མཛད་འདུག) འདི་དག་གཉི་ཐང་བྲག་སྣ་བཀྲ་ཤིས་གཙུག་ལག་ཁང་དུ་པཎྜི་ཏ་སུ་ཏི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། ༤༣༽ ༼ཚད་མ་ཚེ་པ།༽ རྣམ་ངེས་ཀྱི་ཊིཀ་འཐད་ལྡན། སློབ་དཔོན་ཆོས་མཆོག་གིས་མཛད་པ། ལེགས་སྦྱར་གྱི་མཚན་བྱང་མེད། ཁ་ཆེ་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་དང་། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར། ༤༤༽ རྣམ་ངེས་ཀྱི་འགྲེལ་བཤད། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པ། བརྟན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར། ༤༥༽ ༼ཚད་མ་ཛེ་པ།༽ ཆོས་མཆོག་གི་རྣམ་ངེས་ཀྱི་འགྲེལ་བཤད་ལེའུ་གཉིས་པའི་འགྲེལ་པ། འགྱུར་བྱང་མེད།

༤༦༽ ༼ཚད་མ་ཝེ་པ།༽ རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ། སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ༤༧༽ རིགས་པའི་ཐིགས་པའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ལོ་ཀའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ནས་ལེགས་པར་བསྒྱུར་ཏེ་བཅོས་པ། ༤༨༽ གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ། དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་གཏན་ལ་ཕབ་པ། ༤༩༽ གཏན་ཚིགས་ཐིགས་པའི་འགྲེལ་པ། བྲམ་ཟེ་ཨ་ཙ་ཊས་མཛད་པ། འགྱུར་བྱང་མེད་པ་སོགས་ཤིན་ཏུ་མང་བས་རེ་རེ་ནས་འགོད་ཀྱིས་མི་ལང་ལ། ཞིབ་ཕྲ་པཎ་གྲུབ་སོ་སོའི་བསྟན་བཅོས་ཀྱི་དཀར་ཆག་གི་མཇུག་མཐར་བཀོད་པ་ལས་མཁྱེན་པར་མཛོད།།   །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༥ ནས་ ༣༦༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *