༄༅། །རིན་ཆེན་མདོ་རྒྱུད་གསོ་རིག་ལས་ཏི་ཀ་རྣམ་དྲུག་བཞུགས་སོ།།
འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །སེམས་ཅན་དུ་མའི་དོན་ཆེད་དུ། །རིན་ཆེན་མདོའ་རྒྱུད་གསོའ་རིག་ལས། །ཏི་ཀ་རྣམ་དྲུག་རྒྱན་གྱིས་བརྒྱན། །ཏི་ཀ་རྣམ་དྲུག་ཅེས་བྱ་བ། །འདུ་བ་བཞིའི་ཏི་ཀ་དང་། །དོན་ལྔ་སྣོད་དྲུག་ཏི་ཀ་དང་། །ངོས་བཟུང་བ་དང་འཕྲན་བུ་ཉི་ཤུ་རྩ་བཞིའི་ཏི་ཀ་དང་། །ཡན་ལག་དང་པོ་འགོ་[མགོ]བོའི་ཏི་ཀ་དང་། །བྱང་ཁོག་སྟོད་སྨད་ཏི་ཀ་དང་། །ཡན་ལག་ཉ་[ཉྭ]བཞིའི་ཏི་ཀའོ། །ཏི་ཀ་རྣམ་དྲུག་ཚང་བ་ན། །འཚོ་མཛད་འཇམ་དཔལ་ཉིད་དང་མཉམ། །
ལེའུ་དང་པོ། རེག་པ་རྩ་བསྟན་པ།
འདུ་བ་རྣམ་བཞིའི་ཏི་ཀ་ལས། །ངོས་བཟུང་གསོའ་ཐབས་གཉིས་སུ་འདུས། །ངོས་བཟུང་བ་ལ་རེག་པ་དང་། །བལྟའ་བ་དྲི་བ་གསུམ་དུ་འདུས། །རེག་པ་རྩ་ཡི་གདམས་ངག་ལ། །སྔོན་འགྲོ་གཞན་དུ་ཤེས་པར་བྱ། །ཁྲིག་ཁྲིག[མཁྲིག]མའི་ཉེར་[གཉེར]མ་རིང་པོ་ནས། །ཚོན་གང་འཇལ་བའི་འོག་ཏུ་བལྟའ། །སོར་མོ་སྡེ་གསུམ་མགོའ་བོ་ནི། །ཙོན་[ཚོན]དང་ཀན་དང་ཅག་[ཆག]དང་གསུམ། །འཛུབ་[མཛུབ]མོ་ཙོན་[ཚོན]ལ་གོང་[གུང]མོ་ཀན། །སྲིན་ལག་ཅག་[ཆག]ཏུ་ཤེས་པར་བྱ། །ཙོན་[ཚོན]གྱིས་གླད་པ་མན་ཆད་ནས། །སྙིང་ཁ་ཡན་ཆད་བརྟག་པར་བྱ། །ཀུན་[ཀན]གྱིས་སྙིང་ཁ་མན་ཆད་ནས། །ལྟེ་བ་ཡན་ཆད་བརྟག་པར་བྱ། །ཅག་[ཆག]གིས་ལྟེ་བ་མན་ཆད་ནས། །རྐང་མཐིལ་ཡང་ཆད་བརྟག་པར་བྱ། །ནད་པའི་ལག་གཡོན་སྨན་པའི་གཡས། །ཙོན་[ཚོན]གྱི་ཡ་ཟུར་སྙིང་རྩ་རྒྱུ། །མ་ཟུར་རྒྱུ་མར་ཤེས་པར་བྱ། །ཀན་གྱི་ཡ་ཟུར་མཆིན་རྩ་སྟེ། །མ་ཟུར་མཁྲིས་པར་ཤེས་པར་བྱ། །ཅག་[ཆག]གི་ཡ་ཟུར་མཁལ་མ་གཡོན། །མ་ཟུར་ཚིལ་ནག་ཤེས་པར་བྱ། །སྨན་པའི་ལག་གཡོན་ནད་པའི་གཡས། །ཙོན་[ཚོན]གྱི་ཡ་ཟུར་གློ་བ་སྟེ། །མ་ཟུར་ལོང་དུ་ཤེས་པར་བྱ། །ཀན་གྱི་ཡ་ཟུར་མཚེར་པ་སྟེ། །མ་ཟུར་ཕོ་བར་ཤེས་པར་བྱ། །ཅག་[ཆག]གི་ཡ་ཟུར་མཁལ་མ་གཡས། །མ་ཟུར་ལྒང་པར་ཤེས་པར་བྱ། །
དོན་སྣོད་གཞན་པ་ཕོ་མོ་མཐུན། །སྐྱེས་པའི་སྙིང་རྩེ་གཡོན་དུ་བལྟའ། །བུད་མེད་སྙིང་རྩེ་གཡས་སུ་བལྟའ། །ཙོན་[ཚོན]གྱིས་པག་[པགས]ནོན་ཀན་གྱིས་ཤ་ནོན། །ཅག་[ཆག]གིས་རུས་པ་ནོན་པར་མནན། །དུས་བཞིའི་རྩ་ཡི་བརྟགས་པ་ལ། །དཔྱིད་གསུམ་མཆིན་པ་ཤིང་རྩ་དར། །སོར་མོ་གསུམ་གྱི་འོག་ན་ནི། །པི་བང་[ཝང]རྒྱུད་འདྲ་མཆིན་རྩ་ཐ་མལ་ཡིན། །དེ་བས་རྒྱུད་སྦྱང་འདྲའ་བ་ནི། །མཁྲིས་པའི་རྩ་ནི་ཐ་མལ་ཡིན། །རྒྱུད་སྦྱང་ཞེས་བྱ་འཕྲ་ལ་གྲིམ་པ་ཡིན། །དབྱར་གསུམ་སྙིང་རྩ་མྱེ་ཁམ་[ཁམས]དང་། །ཆེ་ཞིང་སྦོམ་པ་རྩ་ཐ་མལ་ཡིན། །དེ་བས་ཆེ་སྦོམ་རྒྱུ་མའི་ཐ་མལ་ལོ། །ཆེ་སྦོམ་ཞེས་བྱ་མནན་ན་མི་མངོན་བཏེག་ན་གང་བ་སྙམས[སྙམ]། །སྟོན་གསུམ་གློ་བ་ལྕགས་ཀྱི་རྩ། །ཐུང་ལ་རྩུབ་པ་གློ་བའི་རྩ་ནི་ཐ་མལ་ཡིན། །དེ་བས་ཐུང་རྩུབ་ལོང་རྩ་ཐ་མལ་ལོ། །ཐུང་རྩུབ་ཅེས་བྱ་མནན་ན་འཕུར་[འཕར]འདྲིལ་ལོ། །དགུན་གསུམ་མཁལ་མ་ཆུ་ཡི་རྩ། །ཐུང་ཞིང་དལ་བ་མཁལ་རྩ་ཐ་མལ་ལོ། །དེ་བས་ཐུང་འཇམ་ལྒང་པའི་ཐ་མལ་ལོ།།
ཐུང་འཇམ་ཞེས་བྱ་དལ་ཞིང་བུལ་བའོ། །ཐ་ཅུང་བཞིའི་བཅུ་གསུམ་མན་ཆད་ནས། །གནམ་སྟོང་ཡན་ཆད་མཚེར་པ་ས་ཡི་རྩ། །དལ་ཞིང་བུལ་ན་མཚེར་རྩ་ཐ་མལ་ཡིན། །དེ་བས་བུལ་ན་ཕོ་བའི་རྩ། །དལ་ཞིང་བུལ་ཞེས་བྱ་བ་ཡིན། །དགྲ་ཡི་རྩ་བཞི་བརྩིའ་བ་ལ། །མཆིན་པ་ཤིང་གི་ཁམས་སུ་ནི། །གློ་བ་ལྕགས་ཀྱི་རྩ་འབྱུང་ན། །ཆུ་ཡིས་མྱེ་བསད་དགུན་ཟླ་གསུམ་ན་ངན། །དུས་བཞི་ལོག་སྟེ་ངན་པའོ། །དུས་བཞི་མ་ལོག་བཟང་པའོ། །སྨན་པའི་དབུགས་ནི་ཐ་མལ་སྙོམས། །ཕྱི་རུ་རྒྱུ་དུས་རྩ་གཉིས་འཕར། །ནང་དུ་རྒྱུ་དུས་རྩ་གཉིས་འཕར། །བར་དུ་གཅིག་སྟེ་ལྔ་འཕར་ན། །དེ་ནི་ནད་མེད་འཕར་ལུགས་ཡིན། །ལྔ་ནས་དྲུག་བདུན་ཡན་ཆད་འཕར་ན་ཚ། །ལྔ་བས་ཉུང་ན་འཕར་བ་གྲང་བ་ཡིན། །
འཕྲ་ལ་གྲིམ་པ་མཁྲིས་པའི་རྩ། །དལ་ཞིང་བུལ་བ་བད་ཀན་རྩ། །དལ་ཞིང་མཁྲང་ན་བད་ཀན་སྨུག །སྟོང་ཞིང་སྐྱལ་[རྐྱལ]ན་རླུང་གི་རྩ། །བྱིང་ཞིང་འབུར་ན་ཁྲག་གི་རྩ། །རྩུབ་ལ་ཆེ་ཆུང་རླུང་གི་ཚ་གྲང་འདྲེས། །སྐྱེས་པའི་དབང་ཐང་མཁལ་རྩ་གཡོན། །བུད་མྱེད་དབང་ཐང་མཁལ་རྩ་གཡས། །མཁལ་རྩ་མ་ཚང་རྩ་དག་ནི། །འཕྲ་ན་ཞག་གསུམ་ཚུན་ཆད་འཆི། །གློ་རྩ་མེད་ན་དབུགས་ཀྱང་དགོད[རྒོད]། །སྣ་འབུད་ཞག་གསུམ་ཚུན་ཆད་འཆི། །མཆིན་རྩ་མེད་ན་བཞིན་སྔོ་འཕྲེད་ཉལ་ཅིང་། །དངུལ་[རྔུལ]ཆེ་གཉིས་སམ་བརྒྱད་ན་འཆི། །སྙིང་རྩ་མེད་ལ་འབྲི་ཚུགས་ལྟ། །སྔང་[སྔངས]པ་རྒོད་ན་ཞག་གཅིག་ཐུབ། །མཆིན་རྩ་མེད་ལ་ཕྱི་ས་མི་ཚོར་བ་རུ་ཤོར། །ཡང་ཞིང་སྐྲང་ན་ལྔའམ་བདུན་ན་འཆི། །མཁལ་རྩ་མི་ཚངས་[ཚང]སོ་དང་བཞིན་ནག་ལ། །མྱིག་སེར་རྐེད་པ་ཆད་པ་འདྲ་ཞིང་རྔུལ། །སྣ་སྒོ་སྐམ་ལ་ཞག་བདུན་དག་ན་འཆི། །མ་ཚངས་[ཚང]ཐུང་ཞིང་མྱུར་ན་ངན། །རིང་ཞིང་སྦོམ་ལ་ཚང་བར་བཞེད། །རྩ་སྟོད་ཞན་ན་སྐྱུགས་པ་ཡིན། །རྩ་སྨད་ཞན་ན་འཁྲུ་བ་ཡིན། །བུད་མེད་རྩ་ནི་མཉེན་པར་བཞེད། །བྱིས་པའི་རྩ་ཡང་མཉེན་པར་བཞེད། །སྐྱེས་པའི་རྩ་ཡང་རེང[རེངས]བར་བཞེད། །རེས་ཡོད་རེས་མེད་སྡོད་ཅེས་བྱ།།
གྲང་[གྲངས]ལས་འཕར་བ་ལྷག་ཅེས་བྱ། །གྲང་[གྲངས]ལྷག་སྡོད་པ་འཆི་སྡོད་ཡིན། །གྲངས་མེད་སྡོད་པ་ན་སྡོད་ཡིན། །དྲག་ཞན་སྡོད་པ་འདྲེ་སྡོད་ཡིན། །བུད་མེད་མཁལ་རྩ་ལྷག་པ་སྲིད་ཀྱི་རྩ། །ད་ནི་དོན་སྣོད་སོ་སོའི་རྩས། །ནད་ཀྱི་ངོས་འཛིན་བསྟན་པར་བྱ། །སྙིང་རྩ་འབུར་ཞིང་འདྲིལ་བ་ན། །སྙིང་ལ་ཁྲག་ངན་ལྷག་པ་ཡིན། །མྱོས་ཤིང་ལྡམ་ལ་གཉིད་མི་ཐུབ། །དང་ག་མི་བདེའ་ཆུ་དད་ཆེ། །བྲང་རྒྱབ་ཚ་བ་མྱེ་བཏང་འངྲ། །གློ་སྙིང་སྡོམ་རྩ་གཏར་བར་བྱ། །སྙིང་རྩ་འཕར་ཞིང་གྲིམ་པ་ན། །སྙིང་དང་སྲོག་རྩར་མཁྲིས་པ་ལྷག །མདོག་སེར་ཁ་ཁ་སྐོམ་དད་ཆེ། །སྐྱུག་བྲོ་གོང་བཞིན་གཏར་བར་བྱ། །སྙིང་རྩ་རྐྱལ་ན་རླུང་ཡིན་ཏེ། །བརྗེད་ངས་དྲན་པ་མེད་པ་ཡིན། །སྙིང་རྩ་རྐྱལ་ཞིང་དུས་ཉེར་འཕར། །སྙིང་ནད་བསྨྱོའ་[སྨྱོ]བརྒྱལ་ཞེས་བྱ་སྟེ། །མ་ཚོར་འགྱེལ་དང་སྨྱོ་འབོག་བྱེད། །མྱིག་རྒོད་ལ་གཡོབ་སྣ་ཚོགས་སྨྲ། །རེས་འགའ་དུད་འགྲོའི་སྐད་ཀྱང་འདོན། །སྙིང་ཞོ་ཤའི་ཕྱེ་མར་སྦྱར་ལ་བསྲེགས། །སྙིང་རྩ་བྱིང་རྒུད་བད་རླུང་བསྡོངས། །མྱོས་རྨུགས་དྲན་རྨུགས་དབང་པོ་ཉམས། །སྙིང་སྣ་ཚོགས་དང་ཚ་བ་གསུམ། །ཞོ་ཤ་འཛ་ཏི་སྦྱར་ལ་བཏངས[བཏང་]། །བསྲེག་དང་སྨན་མར་རིག་པས་དཔྱད། །སྙིང་རྩ་འཁྱིག་ཞར་ཆུ་སེར་བསྡོངས། །སྙིང་འདྲམས་[འགྲམས]པ་དང་ཉལ་མི་ཤེས། །ཟུག་གཟེར་ཆེ་སྟེ་བཅོས་པར་དཀའ། །སྙིང་རྩ་བྱིང་རྒུད་བད་ཀན་ཏེ། །སྙིང་ཆུ་དྲན་པ་མི་གསལ་ལོ། །སྐྲན་ཡོད་གློ་གློ་གཟེར་བའོ།།
རྒྱུ་མའི་རྩ་ནི་འབུར་བ་ན། །རྒྱུ་མར་ཁྲག་རྒྱུ་གཟེར་ལ་འཁྲུའ། །ཁྱིའུ་དཀར་པོའི་གླད་པ་ནི། །ལྷེང་ནག་ཆད་ཚད་ནང་དུ་སྩལ། །བུ་རམ་ཞོ་གསུམ་བཏབ་ལ་བཏང་། །རྒྱུ་རྩ་རྐྱལ་ན་རླུང་ཡིན་ཏེ། །རྒྱུ་མ་རླུང་འཁྲོགས་[འཁྲོག]རླུང་བཅོས་བྱ། །རྒྱུ་མའི་འཕྲ་གྲིམ་མཁྲིས་པ་རྒྱས། །སེར་ལྗང་རླན་ཏེ་འཁྲུའ་བའི་རིགས། །རྒྱུ་རྩ་འཁྱིག་ཅིང་རྒྱུ་དྲག་ན། །རྒྱུ་མའི་ནང་དུ་རྟུག་སྐམ་འདྲིལ། །ནི་རུ་ཧ་ཡིས་སྦྱོར་[སྦྱོང]བར་བྱ། །རྒྱུ་རྩ་ཞར་ཞན་སྲིན་གྱི་རྩ། །རྒྱ་[རྒྱུ]མ་རྟེང་ཞང་ཚི་བ་དང་། །སྐབས་སུ་སྟོང་སྐྱུགས་བྱེད་པའོ། །སྒོག་སྐྱ་གླ་རྩི་ཕུར་མོང་མྱུ་གུ་དང་། །པི་[བྱི]ཏང་ཀ་དང་མེ་རུ་ཙེ། །བཅའ་སྒ་རྩི་བོ་ཆེ་རྣམས་སྦྱར་ལ་བཏང་། །མཆིན་རྩ་འབུར་འདྲིལ་ཁྲག་ལྷས་པས། །དབུགས་ཐུང་སྔང་[སྔངས]རྒོད་སོག་པ་རྩིབ་ལོག་[ལོགས]གཟེར། །གཤུལ་[བཤུལ]ཤ་གཟེར་སྙམས་[སྙམ]མཆིན་གཟེར་དུག་ཐབས་ཡིན། །མདོག་སེར་ཁ་ཁ་སྐོམ་དད་ཆེ། །ལུད་པ་བརྡུད་[བསྟུད]ཅིང་ཁ་ལ་འགྲིལ། །ལུ་སྐྱུག་མཆུའ་ལ་འཐོར་བ་འོང་། །མཁྲིས་རྩ་རུ་ཐུང་གཏར་བར་བྱ། །རྗེས་ནས་བཅུ་གསུམ་པ་ལ་བསྲེགས། །རྐེད་པ་འཕྲེད་ན་བྱིན་འཇུག་[མཇུག]གཏར། །ཡོ་ལེགས་མ་ཐུབ་བརླའི་རྩ་ཆེ་གཏར། །མཁལ་ཁུང་མཁྲིས་ན་བྱིན་སྒྱོག་[ཀྱོག]གཏར། །དང་ཁ་མི་བདེའ་སྣོན་ཁ་གཏར། །རིམ་[རིམས]ཀྱིས་བཏབ་ན་དྲུག་འགོ་གཏར། །མཆིན་པའི་ནད་ལ་རུ་ཐུང་གཏར། །གློ་གཟེར་དྲག་[དྲགས]ན་ལུད་པ་སེར། །ཨ་སོ་དང་ནི་མཁྲིས་རྩ་གཏར། །སྐད་འགག་འཛུབ་[མཛུབ]མོའི་གོང་དུ་གཏར། །མཆུ་དང་མཆིན་ནད་སྲིན་ལག་རྒྱབ་ཏུ་གཏར། །བད་མཁྲིས་ལྡན་མཁྲིས་དྲུག་འགོ་གཏར། །མཁྲིས་ནད་ཁ་ཁ་མཆིན་པའི་གཤལ་རེངས་[གཤའ་རིངས]གཏར། །ཚ་ནད་ཅན་ལ་ཐེབ་རྩ་དཔྲལ་རྩ་གཏར། །ལོང་[ལིང]ཏོག་ཅན་ལ་སྣ་རྩེ་གཏར། །སྤྱི་བོ་ལྕི་ན་ཚོག་[མཚོགས]གསང་ཕྱེ། །ལྕེ་སྐམ་ཐུང་ན་ལྕེ་འོག་གཏར། །བཙན་དུག་ན་ན་དཔུང་རྩ་གཏར།།
རྩ་ཡི་གནས་ལུགས་ཤེས་པ་ནི། །སྟོད་ན་ནད་ཡོད་རྩོལ་[རྩེ]ཅུང་རྒྱས། །སྨད་ན་ནད་ཡོད་ལོང་རྩ་རྒྱས། །གང་རྒྱས་རྩ་ལ་གཏར་བ་ནི། །མན་ངག་ཡིན་པར་ཤེས་པར་བྱ། །སྙིང་ནི་རྣམ་པར་ཤེས་པའི་རྟེན། །དེ་ལ་གདབ་རྩ་རྣམ་པ་ལྔ། །གཉིས་ནི་རྩེའུ་ཅུང་གཡས་དང་གཡོན། །གཉིས་ནི་གྲུ་མོ་ཁུག་ན་གནས། །གཅིག་ནི་ཨོལ་ཀོང་[གོང]རྨྱིད་[མིད]པའི་བར། །དེ་རྣམས་གདབ་པའི་ཡོན་ཏན་ནི། །སྙིང་གི་ནད་རྣམས་འཁྲུགས་འགྱུར་ནས། །ཁྲག་གམ་མཁྲིས་པ་ཆུ་སེར་རམ། །སྙིང་ནད་ཚང་ཚིང་ཞུགས་ལ་ཕན། །གློ་བ་ཡེ་ཤེས་མྱེ་ལོང་སྟེ། །གཉིས་ནི་རྩོའུ་[རྩེ]ཅུང་གཉིས་པོ་ཡིན། །གཉིས་ནི་དཔུང་བའི་ཉ་[ཉྭ]ལ་གནས། །གཉིས་ནི་སྐྱོང་[སྐྱོར]གོང་གཉིས་ན་གནས། །དེ་བརྒྱད་གདན་[གདབ]པའི་ཡོན་ཏན་ནི། །གློ་ལ་ཁྲག་མཁྲིས་ཚ་བ་ཞུགས་ལ་ཕན། །མཆིན་རིས་[དྲི]ལ་ནི་གདབ་རྩ་དྲུག །གཉིས་ནི་ལག་པའི་ཁྲིག་[མཁྲིག]མའི་འོག །གཉིས་ནི་མཆན་ཁུང་གཡས་དང་གཡོན། །གཉིས་ནི་གྲུ་མོའི་ཁུག་ནས་སོར་གསུམ་འཇལ། །དྲུག་འགོ་ཞེས་ནི་དེ་ལ་བྱ། །དེ་དྲུག་མཁྲིས་པ་ཆུ་སེར་རྒྱས་ལ་གཏར། །མཆིན་པའི་མདུན་གཤམ་ནད་གྱུར་ན། །བརླའི་མཆིན་རྩ་གཉིས་པོ་ནི། །བརླ་ཁུག་གཡས་གཡོན་གཉིས་ན་གནས། །དཔྱིའི་མཁལ་རྩ་གཉིས་པོ་ནི། །དཔྱི་ཟུར་གཡས་གཡོན་གཉིས་ན་གནས། །དེ་དྲུག་བཏབ་ན་ཁྲག་མཁྲིས་ཆུ་སེར་ནག་པོ་སེལ། །མཆིན་པ་ཡང་ཆུ་གྲང་ཆེ་ལ། །དེ་ལ་གདབ་རྩ་རྣམ་པ་དྲུག །གཉིས་ནི་འགབ་[སྒབ]ཁུང་གཡས་དང་གཡོན། །གཉིས་ནི་ལོང་རྩ་གཡས་དང་གཡོན། །བརྒྱལ་ན་གློ་རྩར་རླུང་ཞུགས་ཏེ། །དང་ཀ་འགག་ལ་གདོང་པ་རྐང་ལག་སྐྲངས། །རོ་སྟོད་རྒྱས་ཏེ་དེ་ཡང་དྲོས་ཀྱིས་བཅོས། །གློ་རྩ་རྒྱས་ཤིང་དུས་ཉེར་འཕར། །སྐྱ་རྦབ་དང་ནི་སྐྲན་གྱི་ནད། །ལུད་པ་སེར་སྔོ་རྣག་ཅན་འོང་། །ཅུ་གང་འདེའུ་[འདེ་གུ]གཏང་བར་བྱ། །འདར་ཞིང་རྒྱུག་ན་གློ་བ་ཡི། །ཚང་ཚིང་གསེབ་ཏུ་ཆུ་སེར་སོང་། །སྐད་འགག་མདོག་ནི་སྣུམ་པ་སྟེ། །རྟག་ཏུ་དྲག་པོ་འགྲོ་མི་ནུས། །ལག་པའི་གོང་རྩ་སྦོམ་པོ་གཏར། །གློ་ལ་འཁྱིག་ཅིང་དུབ་[དུས]ཉེར་འཕར། །གློ་ནི་རྡོལ་བའི་ཉེན་ཡོད་པས། །དམར་པོ་གསུམ་གྱི་སྨན་མར་གཏར། །གློ་རྩ་བྱིང་རྒུད་བད་རླུང་བསྡོང་། །རྟ་རྐྱང་ཤ་དང་ཆང་འཇམ་གཏང་། །གློ་རྩ་ཞར་ཞན་སྐྲན་ཡོད་དེ། །རྟག་ཏུ་ཟུག་གཟེར་ཆེ་བའོ། །ལོང་རྩ་འབུར་འདྲིལ་ཁྲག་ལྷག་སྟེ། །རེས་འགའ་ལོང་འཁྲུ་རེས་འགའ་རླུང་། །རླུང་ཁྲགས་[ཁྲག]འཐབ་ན་ལོང་རྩ་གཏར། །བཅུ་དྲུག་པ་ལ་སྐེ་སྒོག་[སྒོ]བསྲེག །འཕྲ་གྲིམ་ལོང་དུ་ཆུ་སེར་མཁྲིས་པ་ལྷག[ལྷགས] །མདོག་སེར་ཁ་ཁ་སྐོམ་དད་ཆེ། །སྐྱུག་བྲོ་དཔྱད་ནི་གོང་བཞིན་བྱ། །རྐྱལ་ན་ལོང་དུ་རླུང་ཞུགས་ཏེ། །སྦོས་འཁྲོག་ལོང་ཡང་སྟོང་བ་སྙམས[སྙམ]། །དབུགས་ཐུང་ལོང་ཕུག་མཁལ་ཕུག་བསྲེག །བྱིང་རྒྱུད་ལོང་ན་བད་རླུང་ཞུགས། །ཤོང་[ལོང]བ་རྦོས་ཤིང་འཁྲོག་པའོ།།
ཆང་བསྐོལ་སྒ་གཡེར་བཏབ་པ་གཏང་། །མཚེར་རྩ་འབུར་འདྲིལ་ཁྲག་ལྷག་པས། །གདོང་རོ་ཤ་མདོག་སྣུམ་ལ་ནག །མཆུ་འཕྱང་གཞུང་གཡོན་གོང་དུ་ན་ཞིང་སྲོག་ལ་འབེབ་པར་བྱེད། །ཡོབ་གོང་ངར་གདོང་མཚེར་རྩ་གཏར། །ཕྲ་གྲིམ་མཚེར་པར་མཁྲིས་པ་ལྷག །ལྕེ་དཀར་ལུས་སེར་བ་སྤུ་ཉལ། །རྐང་གཡོག་གྲང་སྟེ་དཔྱད་ཀྱང་གོང་དང་འདྲ། །རྐྱལ་ན་མཚེར་པར་རླུང་ཞུགས་པས། །ཁོང་པ་རྦོས་འཁྲོགས་[འཁྲོག]བཅུ་གཉིས་པ་ལ་བསྲེགས། །བཅུ་གཉིས་པ་ནས་མཛུབ་གང་ཚུར་འཇལ་བསྲེག །བད་ཀན་གྱིས་ནི་རྦོས་ཤིང་འཁྲོགས[འཁྲོག]། ཕོ་བའི་རྩ་འབུར་ཕོ་བར་ཁྲག་མཁྲིས་ལྷག །ཕོ་ལོང་དུག་ཐབ་[ཐབས]མཆིན་པ་གཟེར། །ཟས་ཟ་མི་ནུས་མདོག་ངན་ཤ་ཡང་ཆུང་། །མཆིན་པའི་རྩ་ལ་གཏར་བར་བྱ། །འཕྲ་གྲིམ་ཕོ་བར་མཁྲིས་པ་ལྷག །མདོག་སེར་ཁ་ཁ་སྐོམ་དད་ཆེ། །དམར་པོ་ལྷན་ཏེ་འཁྲུ་སྟེ་བ་ལི་[ལེ]ཀ་དང་ནི། །གསེར་ལ་མེ་ཏོག་ཐང་དུ་གཏང་། །རྐྱལ་ན་ཕོ་བར་རླུང་ཞུགས་ཏེ། །ཁོང་པ་རྦོས་ཏེ་འཁྲུ་སྐྱུག་བྲོ། །མཆུ་གཉིས་སྐམ་ཞིང་འཁྲུམ་[འབྲུམ]ཆུང་འབྱུང་། །མཁྲིསཔར་ཁྲག་མཁྲིས་ཞུགས་པའི་རྟགས། །ཁ་གཉེར་ཁ་ནས་ཆུ་སྔོན་སྐྱུགས། །དེ་ནི་མཆིན་པ་གྲང་བའི་རྟགས། །ལྷེན་སྣ་མན་ཆད་ལྟེ་གོང་དུ། །དངུལ་[རྔུལ]འབྲུམ་མང་པོས་གང་བ་ནི། །མཆིན་པར་ཁྲག་མཁྲིས་ཞུགས་པའི་རྟགས།།
ལེའུ་གཉིས་པ། ཁ་དོག་དང་དབང་པོའི་སྒོ་ནས་ནད་བརྟག་པ།
མྱིག་གི་སྒོ་ནས་ནད་བརྟགས་པ། །ཡར་གྱི་མྱིག་སྤྲིན་དཀར་པོ་ལ། །ཁྲག་མཐིལ་གློ་ལ་ཁྲག་དང་ཤོལ་རུས་འོང་། །བར་གྱི་མྱིག་སྤྲིན་ཁྲག་ཐིག་[ཐིགས]ནི། །མཆིན་པ་ལ་ནི་ཁྲག་མཁྲིས་རྒྱས། །སྣ་ངོས་སྦྲིན་[སྤྲིན]ལ་སེར་ནགས་[ནག]ཐིག་ལེ་འབྱུང་། །མཁལ་མར་ཤོལ་རུལ་ཆུ་སེར་ཡོད། །མྱིག་ཧར་རེ་འདུག་ན་རླུང་ནད་དྲག་པོའི་རྟགས། །མྱིག་ནི་གྱེན་ལ་བཟློག་[ལྡོག]པས་སྙིང་ནད་ཡན་ལག་རེངས། །མྱིག་ནི་འོ་མ་ལྟ་བུ་བད་ཀན་དཀར། །ཁུག་སྣ་ལྟ་བུ་བད་ཀན་སྨུག །མྱིག་སེར་ལྗང་བ་བད་ཀན་སེར། །མྱིག་ལ་ཆེ་ཆུང་འགྷོའི་[མགོ་བོའི]རུས་པ་ཉེན། །མྱིག་གི་ཨ་འབྲས་གྱེན་ལ་བཟློག[ལྡོག] །དེ་ནི་སྲོག་ཀྱང་མྱུར་དུ་འདོར། །མྱིག་ནི་འབྲི་ཚུགས་ལྟ་བ་ན། །དེ་ཡི་སྲོག་ཀྱང་མྱུར་དུ་འདོར། །སྣ་དང་ལྕེ་ལ་བརྟགས་པ་ནི། །སྣ་སྒོ་སྐམ་ལ་དོག་པ་གློ་ལ་ཚ་བ་ཡོད། །སྣ་ཆུ་མང་ཞིང་འགག་ན་བད་ཀན་ཁོང་དུ་རྒྱས། །སྲིན་ཐོར་ཁྲག་གམ་འཁྲུག་བརྟགས་ལ། །སྣ་རྣག་སྦྲིད་འབྱུང་གཅོང་གི་རྟགས། །ལྕེ་ལ་ཚིལ་གཡོག་འདྲ་བ་སྐྱ་བོ་ནི། །ཕོ་མཚན་བད་ཀན་རྒྱས་པའི་རྟགས། །ལྕེ་ཁུག་གཡོན་དུ་འབྲུམ་ཆུང་གཉིས། །སྙིང་ནད་ཅན་གྱི་མཚན་ཉིད་ཡིན། །ལྕེ་ནི་སྨུག་པོ་སེར་ག་ཅན། །བད་ཀན་སྨུག་པོ་མཆིན་པར་རྒྱས། །ལྕེ་ཟུར་གཉིས་ནག་མཁལ་མ་གཉིས་ལ་ནད་ཡོད་རྟགས། །ལྕེ་རྩེ་ནག་པོ་སྙིང་ལ་ཚ་བ་ཡོད་པའི་རྟགས། །ལྕེ་སྙིང་དཀར་བ་སྙིང་ལ་བད་ཀན་ཡོད། །ཚ་གྲང་སྐམ་རློན་གཉིས་ལས་ཤེས། །ལྕེ་རྩར་འབྲུམ་པ་དཀར་པོས་ཁེབ་[ཁེབས]། །རྐང་ལག་རུས་པ་ཀུན་ཏུ་ཁོལ། །གཉན་གྱི་འབྲུམ་པ་ཞེས་བྱའོ། །སྨུག་པོར་བྱུང་ན་བཅོས་པར་དཀའ། །བཅོས་པ་འདྲ་ན་བཟློག་ཐབས་མྱེད། །ཁ་དོག་དང་དབང་པོའི་སྒོ་ནས་བརྟགས་པའི་ལེའུ་སྟེ་གཉིས་པའོ།། །།
ལེའུ་གསུམ་པ། ཆུ་བརྟག་བསྟན་པ།
ཆུ་ལ་བརྟགས་པ་འདི་ལྟ་སྟེ། །ཆུ་མདོག་ཀུ་ཡ་རླངས་པ་དང་། །འཆི་བའི་རྟགས་དང་གདོན་གྱིས་བཏབ། །བསྐོལ་བའི་ཚད་དང་རོ་དང་དྲི། །དེ་དག་བརྒྱད་ཀྱིས་ཆུ་བརྟགས་སོ། །ཆུ་མདོག་བརྟགས་པ་རྣམ་པ་གཉིས། །ནད་ཡོད་རྟགས་དང་ནད་མེད་རྟགས། །དེ་ལ་བརྟགས་ཐབས་འདི་ལྟར་བྱ། །ནུབ་མོ་ཚ་ལ་སོགས་པ་ཡི། །ཟས་ནི་མང་དུ་མ་ཟོས་དང་། །བདེའ་བར་ཉལ་ལ་ཉལ་པོ་སྤང་། །མཁར་གཞོང་ལ་སོགས་སྣོད་དག་ཏུ། །དྲི་མ་མེད་ཅིང་གསལ་བ་དང་། །ཉི་མ་རི་རྐེད་ཕོག་པ་དང་། །ཆུ་ནི་ལེགས་པར་བཟུང་ལ་བརྟགས། །ནད་མྱེད་ཟ་མའི་ཆུ་མདོག་ནི། །ཆུ་མདོག་སྐྱ་བོ་ཏུལ་ཏུལ་པོ། །རླངས་(པ་)ཡོད་མེད་ཙམ་དུ་བཟང་། །ཆུ་མདོག་སྐྱ་ལ་དངས་པ་ལ། །ཀུ་ཡ་ཡོད་མེད་ཙམ་དུ་བཟང་། །ཆུ་མདོག་ཀུ་ཡ་བག་ཙམ་སེར་ན་བཟང་། །ཨ་ཅང་ནག་ཀྱང་མི་ནག་སྐྱ་ཡང་མི་སྐྱ་ལ། །ཀུ་ཡ་ཡོད་མེད་ཙམ་དུ་བཟང་། །དམར་རམ་སེར་བ་གང་ཡང་མྱེད། །དམྱིགས་[སྨུག]པའི་ལྟོ་རྒྱབ་འདྲ་བ་ཡིད་ཀྱིས་སྔོ་ཞིང་དང་བ་ལ། །རླངས་པ་ཡོད་མྱེད་ཙམ་དུ་བཟངས[བཟང]། །ནད་ཡོད་མདོག་ལ་རྣམ་པ་གསུམ། །ནད་གཞི་ཤས་ཀྱང་ཆེ་ཆུང་ལ། །རྨ་ཅན་མདོག་དང་དུག་ཅན་མདོག །ནད་གཞིའ་ཆེ་ཆུང་མདོག་བསྟན་པ། །ཆུ་ནི་དམར་ཞིང་རླང་[རླངས]པ་རབ་ཏུ་ཆེ། །ད་གཟོད་ཚ་བ་དྲག་པོ་སྐྱེ་བའི་ཆུ། །སེར་པོར་སྣང་བ་མཁྲིས་པའི་ཆུ། །སེར་ལ་ནར་བུར་ཞབས་སུ་སྣང་བ་མཁྲིས་པ་ཚིག །འཚོ་བར་དཀའ་ཞེས་འཇམ་དཔལ་གསུངས། །ཡང་ན་དུག་དང་མཁྲིས་པར་བསྡོངས། །སེར་ལ་ནག་ན་མཁྲིས་པར་བསྡོང་། །རྦུ་[ལྦུ]བ་ཆེ་ན་རླུང་དང་བསྡོང་། །ཆུ་ནི་སྨུག་པ་རིམ་[རིམས]དང་ཁྲག་གི་ཆུ། །ཀུ་ཡ་ཡུན་རིང་མི་ཆགས་རིམས་ཀྱི་ཆུ། །མྱུར་དུ་ཆགས་པ་ཁྲག་ཡིན་ཀུ་ཡ་སྟེང་དུ་འོང་། །དམར་ལ་ལེབ་རྒན་[ལེ་བརྒན]འདྲ་བ་མཆིན་པའི་ནད། །ཀུ་ཡ་ཞབས་སུ་སྙིགས་པ་བཅོས་པར་དཀའ། །སྔོ་ལྗང་རི་མོ་སྣང་བ་མཁལ་མ་ཚ་བའི་ཆུ། །སྐྱ་ལ་ཀུ་ཡ་མེད་ན་གྲང་བ་རྒྱས་པ་ཡིན། །ན་བུན་འདྲ་ན་མཁལ་མ་གྲང་བ་ཡིན། །གླད་ཁུ་འདྲ་ན་གླད་ནད་བཅོས་པར་དཀའ། །བད་ཀན་ཚིགས་པ་བཅོས་པར་དཀའ། །ཆུ་མདོག་དཀར་ན་གློ་ནད་ཡོད། །
ཡང་ན་སྟོད་ན་གྲང་བ་ཡོད། །སྔོ་ཞིང་ལྦུ་བ་ཆེ་ན་གློ་ནད་རྒྱས། །ཀུ་ཡ་ཆེ་ན་འཆི་བའི་རྒྱུ། །དམུའ་ཆུ་ཅན་ནི་སྨུག་གམ་སེར། །ཚ་བ་ཅན་ལ་རླངས་པ་ཆེ་ན་གསོར་མི་རུངས[རུང]། །དཀར་ལ་གྲང་ན་གསོའ་བར་རུང་། །རྨ་ཅན་ཆུ་མདོག་བརྟགས་པ་ནི། །བྱང་ཁོག་རྡོལ་ལམ་དོན་ལ་ཟིན། །རྩ་ཆེན་གནད་ལ་ཟིན་པ་ལ། །ཆུ་དང་ཀུ་ཡ་མི་འདྲ་བར། །དམར་རྙོགས་རྒྱ་བཤལ་འདྲ་ན་འཆི། །དམར་ལ་ཟེར་ཞད་འདུག་པ་ན། །ལོའམ་ཟླ་བར་ཐོག་པ་ཡིན། །འགོ་[མགོ]ཆག་ཚབ་[ཚབས]ནི་ཆེ་བ་ན། །ཞབས་སུ་དམར་པོ་རྒྱ་གྲམ་འོང་། །རྨ་ཅན་ཆུ་ནི་ཇེ་དམར་སོང་ན་ངན། །ཇེ་དཀར་ཇེ་དཀར་སོང་ན་བཟང་། །དུག་ཅན་ཆུ་མདོག་བརྟགས་པ་ནི། །ཆུ་ལ་ཞག་མེད་ནག་ན་དུག །ཆུ་མདོག་ཅུང་ཞིག་མི་གསལ་དུག །དབྱིག་དུག་མཁར་བའི་གཡའ་ལྟར་འོང་། །ཟངས་གཡའ་ལྟ་བུར་ཡོང་བ་ཡོད། །དུག་ཚབ་[ཚབས]ཆེ་ན་ཆུ་ནི་བཏང་མ་ཐག །ཆུ་ནང་ནད་པའི་སྐྲ་བཅུག་པས། །ཚིག་གམ་དཀར་པོ་སྦོམ་པོར་འགྲོ། །སྐྲ་དེ་རུལ་ནས་ཆད་པ་སླ། །ཆུ་ཡང་དག་པ་འདི་ལྟ་སྟེ། །ཀུ་ཡ་ཞེས་ཀྱི་བྱ་བ་ནི། །ཟས་ཀྱི་དྭངས་མ་བད་ཀན་འགྱུར། །བད་ཀན་དྭངས་མ་མཆིན་པར་འདྲིལ། །མཆིན་པར་བད་ཀན་དང་[དྭངས]སྙིགས་ཕྱེ། །བཟང་པོ་ཁྲག་གི་དྭངས་མར་འགྱུར། །དེ་ཡི་[ནི]ལུས་ཀྱི་ཟུངས་སུ་འགྱུར། །སྙིགས་མར་ལུས་བག་ཆུ་རུ་འགྱུར། །དེ་ལ་ཀུ་ཡ་ཞེས་ཀྱང་བྱ། །ཀུ་ཡ་མ་ལ་རྣམ་པ་བཞི། །ལྗང་སྲུབ་འདྲ་བའི་ཀུ་ཡ་མ། །ནད་དམ་ཟས་ཟོས་ཉམས་སྟོབས་ཆེ། །སྤུ་རྩེ་འདྲ་བའི་ཀུ་ཡ་མ། །ནད་པ་ཉམས་སྟོབས་ཆུང་ན་མཆིན་ནད་ཡིན། །བྱིས་པའི་ཀུ་ཡ་སྤུ་འདྲའོ། །ཀུ་ཡ་གར་བྱུང་ནད་དེར་ཕོག་པ་ཡིན། །བར་དུ་བྱུང་ན་ནད་དེ་ཆུང་སྟེ་ལུས་སྟོབས་ཆེ། །ཞབས་སུ་བྱུང་ན་ལུས་ཟུང་[ཟུངས]ནད་གཉིས་འཐབ་པ་ཡིན། །ཆུ་གྲང་ཀུ་ཡ་སོ་སོར་མ་ཕྱེད་ཅིང་། །མདོག་ཀྱང་གསལ་དུ་མ་བཏུབ་ན། །ཁོང་ན་མ་ཞུ་བ་ནི་ཡོད་ཅེས་བྱ། །ཆུ་སྐྱ་ཀུ་ཡ་དམར་ན་སྟོད་ན་བ། །ཆུ་སྐྱ་ཀུ་ཡ་སྐྱ་ན་གློ་ལ་བད་ཀན་དཀར་པོ་ཡོད། །ཆུ་སྐྱ་ཀུ་ཡ་སེར་ན་གློ་ལ་མཁྲིས་པ་ཡོད། །སྨུག་ན་བད་ཀན་སྨུག་པོ་ཡོད། །སྐྱ་ལ་སེར་ན་རླུང་གི་ནད། །ཆུ་དང་ཀུ་ཡ་དམར་ན་མཆིན་པ་ཁྲག་གི་ནད། །གཉིས་ཀ་དཀར་ན་བད་ཀན་དཀར། །གཉིས་ཀ་སེར་ན་མཁྲིས་པ་ཡིན། །
ཆུ་སྨུག་ཀུ་ཡ་སྨུག་པ་མཚེར་པ་ཁྲག་གིས་ཁེངས། །ཆུ་ནག་ཀུ་ཡ་ནག་པ་ཆུ་རྒྱུས་ཆུ་སེར་རྒྱུགས། །ཀུ་ཡ་ཞབས་སུ་ཡོད་ན་མཁལ་མ་ཆུ་སོའི་ནད། །བར་དུ་ཆག་ན་ཕོ་མཆིན་བར་གྱི་ནད། །ཀུ་ཡ་ཞབས་སུ་སྙིགས་པ་མཁལ་མ་ཆུ་སོའི་ནད། །སྟེང་དུ་ཆག་ན་འགྷོ་[མགོ]བོ་སྟོད་ཀྱི་ནད། །ཀུ་ཡ་ཆེ་ན་ནད་གཞི་ཆེ། །ནད་པའི་ཆུ་ལ་ཀུ་ཡ་མེད་ན་ངན། །ཀུ་ཡ་སྦྲང་འདབ་འདྲ་བ་མཐོན་དམན་མེད་པར་ཀུན་ཏུ་ཅ་ལེ་འབྱུང་། །འདྲེ་ཡང་གདོན་ཏེ་ནད་གཞི་ཁོང་དུ་རུལ་བས་ངན། །རླངས་པ་ཀུ་ཡ་རྦུ་[ལྦུ]བ་མྱེད། །དེ་ནི་སངས་ནས་མདོག་མ་གྱུ་ན་ངན། །ཁྱད་པར་ཚ་བའི་ནད་ལ་ངན། །ཀུ་ཡ་ཆག་[ཆགས]དུས་ངད་ཡལ་ཙམ་ན་ཡིན། །མྱུར་དུ་ལྡོག་པ་ཚ་ལྡོག་ཡིན། །འཕྱི་ནས་ལྡོག་པ་གྲང་ལྡོག་ཡིན། །རླང་[རླངས]པ་བརྟགས་པ་འདི་ལྟ་སྟེ། །རླངས་པ་ཆེ་བ་འཚུབ་པ་ཚ་བ་ཡིན། །རླངས་ཆེ་ཡལ་སྐྱོན་[སྐྱེན]ཚ་བ་ཆུང་། །རླངས་པ་ཡུན་རིང་་ནད་གཞིའ་ཆེ། །རླངས་པ་ཡུན་ཐུང་ནད་ཡུན་ཐུང་། །རླངས་པ་ཆེ་སངས་ལུས་བཅུད་ཆུང་། །རླངས་པ་མེད་ན་གྲང་བ་ཡིན། །འཆི་རྟགས་ཆུ་མདོག་བསྟན་པ་ནི། །ནག་ཅིང་ཆད་ན་འཆི་བ་ཡིན། །དམར་ཞིང་སྒོང་ཚོད་འདྲ་ན་འཆི། །ཁྲག་ཚོད་ཆད་པ་འདྲ་ན་འཆི། །ཕ་བ་ལྒོ་ལྒོ་འདྲ་ན་འཆི། །ཀུ་ཡ་རླངས་པ་ཐམས་ཅད་སངས་ན་འཆི། །བཙག་ཆུ་སྒོང་ཆུ་འདྲ་ན་འཆི། །མཁལ་རྐེད་ན་བའི་ཆུ་མདོག་ཡིན། །མཁལ་རྐེད་ན་བ་མིན་ན་འཆི། །ད་ནི་གདོན་གྱི་བརྟགས་པ་ལ། །ཆུ་ཁོང་རྙོགས་ནས་དྲ་བ་འདྲ་ན་འཆི། །དམར་ལ་དང་[དྭངས]ན་བཙན་གྱི་གདོན། །སྐྱ་བོ་རུལ་རུལ་རྒྱལ་པོ་ཡིན། །ཆུ་ནི་དཀར་སེར་ཀུ་ཡ་ཡུད་ཙམ་མི་གསལ་ན། །ས་བདག་ཀླུ་གཉན་གདོན་པ་སྲིད། །ཀུ་ཡ་ཆེ་ཞིང་མང་ན་གདོན་ཐེབ་[ཐེབས]ཆེ། །རྣག་དྲི་མནམ་ན་མོ་གདོན་གདོན། །ཆུ་ཡི་བསྐོལ་ཚོད་བསྟན་པ་ལ། །ཆུ་ནི་ཐག་རིང་གྲོད་[བགྲོད]པར་འོངས་པ་ལ། །སླང་[སླ]ངའི་ནང་དུ་བསྐོལ་བར་བྱ། །བསྐོལ་མ་ཐག་ན་བཏང་མ་ཐོག་བཞིན་འོང་། །རླངས་ཡལ་མལ་དུ་དུས་སུ་བལྟ། །ནད་མྱེད་བདེའ་བའི་མདོག་བྱུང་ན། །མི་དེ་ནད་མེད་དོག་[དོགས]མེད་དགེའ། །དམར་ལ་ཚ་ལ་དཀར་ན་གྲང་། །ཞབས་སུ་ནག་པོ་སྙིག་ན་ཁ་ཟས་ངན་པ་ཟོས། །དཀར་པོ་ཕྲོམ་ལ་གཏང་ན་དཀར་བག་ཟོས། །ཡིད་ཀྱིས་སེར་ན་ཆང་ནད་ཆེ། །ཁ་ཞག་བྱུང་ན་ལྟོ་སྣུམ་སྨན་མར་ཟོས། །ཆུ་མདོག་གཉིས་སུ་བྱུང་ན་ན་བ་དང་། །མི་ན་བ་ཡི་ཆུ་གཉིས་འདྲེས། །བསྐོལ་བ་གྲང་ནས་ནག་པོ་སྙོག་པོའམ། །དམར་རྙོག་དང་ནི་མ་དངས་ལ་ཆུ་སྙོགས། །སྐྱེས་པ་དར་མ་དམར་ལ་དངས། །རྒན་པོ་སྐྱ་ལ་དངས་པའོ། །བྱིས་པ་སྔོ་ལ་དངས་པའོ།།
བུད་མེད་ན་སོ་དེ་དང་འདྲ། །ཆུ་རྒྱུས་ཤ་ལྤགས་[པགས]ཆུ་སེར་ནག་པོ་ཞུགས། །མཐའ་མ་མཛེ་རུ་འགྲོ་ཉེན་ཡོད། །ཆུ་ཡི་རོ་ལ་བརྟགས་པ་ནི། །ཡིད་ཀྱིས་ཁ་ཚ་མཁྲིས་པ་ཡིན། །དབྱེའ་བོ་མྱ་ངན་སངས་ན་ནད་མྱེད་ཡིན། །ཚ་[ཚྭ]བྲོ་དུག་གམ་ཡུན་རིང་ནད། །རོ་མེད་སངས་པ་མི་དགེའོ། །རོ་མཆོག་མི་ཞིམ་པ་ཡང་མི་དགེའོ། །ད་ནི་དྲི་ཅེན་[ཆེན]བརྟགས་པ་བསྟན། །དྲི་ཆེན་མནམ་ན་ནད་ཡོད་ཡིན། །རླངས་པ་ཆེ་ལ་རུལ་དྲི་ཆེ་བ་ན། །བུ་རོ་ལུས་སམ་ཤ་མ་ལུས། །ལུས་ལ་རྣག་ངན་ཡོད་པར་རྟག[བརྟག] །དྲི་མ་འདུག་པ་ནད་ལྷག་ཡིན། །ཡོས་དྲི་མནམ་པ་མ་ཞུ་བའམ་མང་དུ་ཟོས་པ་ཡིན། །བསེའ་སྦར་[སྦུར]དྲི་འདྲ་མྱུར་དུ་འཆི། །ཡང་ན་བྱང་ཁོག་རྣག་དང་ཆུ་སེར་ལྷག་པ་ཡིན། །རྟའི་དབྲེའ་འདྲ་ཚ་བ་མཁྲིས་པ་ཡིན། །དབྲེའ་ལ་ཚ་དུབ་ཆོར་བ་རིམས་ནད་ཡིན། །དྲི་མྱེད་ལུས་གཟུང་[ཟུངས]ཞན་པ་ཡིན། །དྲི་ནི་དུག་མྱེད་དུམ་གཅིག་ཡིན་ན་བཟང་། །དྲི་ཆེ་འདུག་པ་ཁོང་རུལ་ཡིན་པས་ན། །ར་ཐུག་དབྲེའ་འདྲ་ལྟོ་སྐྱ་བའམ་འདྲེ་ནད་ཡིན། །ཆུ་བརྟགས་པའི་ལེའུ་སྟེ་གསུམ་པའོ།། །།
ལེའུ་བཞི་པ། ངག་གི་དྲི་བ་བསྟན་པ།
དྲི་བ་སྐད་ལ་བརྟགས་པ་ནི། །འཛེར་ལ་ཐག་[ཐོག]ཆད་བད་ཀན་སྐད། །འཕྲ་ཞིང་འཛེར་བ་མཁྲིས་པ་ཡིན། །སྦོམ་ཞིང་ཐུང་བ་ཁྲག་གི་སྐད། །ཟོས་རྗེས་ན་བ་བད་ཀན་ཡིན། །འཇུ་དུས་ན་བ་མཁྲིས་པ་ཡིན། །ཞུ་ནས་ན་བ་བད་ཀན་ཡིན། །སྔ་དྲོ་སྲོད་ནི་བད་ཀན་དུས། །ཉིན་གོང་[གུང]མཚན་གོང་[གུང]མཁྲིས་པའི་དུས། །ཐོ་རང་[རངས]ཕྱི་དྲོ་རླུང་གི་དུས། །བྲང་ཚ་སྟོད་གཟེར་ཕོ་ཁ་རྩིབ་ལོགས་སུ། །ཚ་རུབ་ན་དང་ཆུ་སྐྱུར་དང་། །སྐྱ་བཤལ་སྐྱུག་དང་བཅུད་རྙིང་ཟོས། །དེ་རྣམས་བད་ཀན་སྨུག་པོའི་རྟགས། །ལུས་ཀྱི་སྒྱུ་[རྒྱུ]བ་ངན་དང་ཤ་མདོག་སོབ། །ནམ་སླ་[ཟླ]སྟོན་དཔྱིད་སྔ་དྲོ་སྲོད་ལ་ན། །རྗེན་དང་རུལ་སུམ་[སུངས]གནོད་པ་དང་། །ཕོ་བ་མི་བདེའ་དང་ཁ་འགྲིབ། །དལ་ན་མི་བདེའི་འགུལ་ན་བདེའ། །ཉལ་ན་དགའ་བ་བད་ཀན་རྟགས་སུ་ཤེས་པར་བྱ། །རླུང་གིས་ན་བའི་མཚན་ཉིད་ནི། །ངལ་དུབ་སེར་བུས་གནོད་པ་དང་། །གཉིད་ཆགས་[ཆག]སེམས་ལས་ཆེ་ནས་ནི། །སྙིང་མི་དགའ་ལ་འཕྱོའ་བ་དང་། །འཕུར་བ་རྨི་དང་གཉིད་སྲབ་དང་། །གཅན་ཟན་[གཟན]རྣམས་ཀྱིས་བདས་པ་རྨི། །གཏམ་དང་རྨི་ལམ་མི་དྲན་དང་། །རུས་པ་ན་ཞིང་སིང་སེང་བྱེད་པ་དང་། རིང་[རེངས]དང་རྐང་ལག་སྦྲིད་པ་དང་། ཟོས་སམ་དྲོས་བས་བདེའ་བ་དང་། །གཟེར་བ་ཕོ་[འཕོ]བ་ན་བ་རྣམས། །རླུང་གི་རྟགས་སུ་ཤེས་པར་བྱ། །ཁ་ཁ་བཞིན་མདོག་སེར་བ་དང་། །མྱིག་སྤྲིན་སེར་མོ་སེར་བ་དང་། །དཀར་པོའི་རྫས་རྣམས་སེར་པོར་མཐོང་། །སྟོད་གཟེར་འགོ་[མགོ]བོ་སང་སིང་བྱེད། །ཚ་སྐྱུར་དྲོད་བག་གནོད་པར་ཚོར། །སྣབ་[སྣབས]ལུད་སེར་པོར་འོང་བ་རྣམས། །མཁྲིས་པའི་རྟགས་སུ་ཤེས་པར་བྱ། །སྨན་པའི་ནད་ལ་བརྟགས་དུས་སུ། །ཆུ་དང་རྩ་ལ་བརྟགས་པ་དང་། །ཕྱི་གཡུལ་[ཡུལ]བརྟགས་དང་དྲི་བ་ཡི། །ནད་ལ་ངོ་སྤྲོད་བྱས་པ་ཡིན། །ནད་པ་ཚོར་བ་གསལ་བ་དང་། །ཕན་གནོད་ན་ལུགས་བཤད་ལ་མཁས། །སྨན་པ་རྒྱུད་འདྲེས་བློ་ལ་གསལ། །གདམས་ངག་ཐོབ་དང་ལག་ལེན་མང་། །་་་་་་
ལེའུ་ལྔ་པ། གཏར་ཁ་བསྟན་པ།
ནད་དཀྱིལ་ཆེ། །གཏར་ནས་གཉིད་ལོག་རིམས་སུ་འགྲོ། །རིམས་ནད་ཅན་ལ་རྨུང་[རྨོངས]བུར་འགྲོ། །གཏར་མ་ཐག་ཏུ་ལས་ངན་འཁྲུགས། །ནད་ཡུན་རིང་དང་ཉམས་ཆུང་ལ། །རྩ་བྲན་མས་འཛེག་གཏར་བར་བྱ། །སྟོབས་ཆེན་གཟེར་བ་དྲག་པོ་ལ། །རྩ་ཆེན་ཡས་བབ་གཏར་བར་བྱ། །མཚོན་གྱིས་ཟིན་པའི་རྩ་ལ་གཏར་ཁ་བྱ་བ་ནི། །རྨ་དང་ཉེ་བའི་ཕྱོགས་ལ་བྱ། །གླང་ཐབས་རྒྱུ་མཆིན་ལ་སོགས་ལོང་རྩ་གཏར། །ཚིགས་པ་བཅུ་གསུམ་པ་ལ་བསྲེགས། །མཆིན་རྩ་རྒྱས་ན་རླུང་ཡིན་པས། །མཆིན་པ་རྒུད་པས་ལུག་མཆིན་མར་དུ་བཙོས་ལ་གཏང་། །མཆིན་རྩ་རྒུད་ཅིང་བྱིང་ན་བད་རླུང་སྟེ། །རྒོད་[དགོང]དང་མཐོའ་རས་[ཐོ་རངས]མཆིན་པ་འཕྱོང་། །དོན་མྱེད་ན་ལ་སྐྱུགས་ཀྱང་བྲོ། །མཆིལ་མ་མང་ལ་ཞེ་ཡང་ལོག །གནག་ལུག་མཆིན་པ་བཙོས་ལ་གཏང་། །རྒྱུ་རྒན་མཆིན་པར་ཆུ་སེར་བབ་པ་སྟེ། །གཡས་ཕྱོགས་ན་ལ་རྐང་པ་རྡོ་བཏག་[བཏགས]འདྲ། །མཆིན་པ་སྐྲངས་པའི་རིགས་ལ་ནི། །རྐང་གཡོན་ལག་གཡོན་རུ་རུང་[ཐུང]གཏར། །བཅོས་ཉེས་མཆིན་པ་ཚ་འཁྲུ་བར། །འདི་ནི་རྒྱ་ནད་འཁོར་བར་འགྲོ། །མཆིན་པ་ཞན་ཞིང་ཞར་བ་ན། །གྲྭ་ལྕེ་ལ་ནི་སྐྲན་ཡོད་དེ། །མཆིན་རྩ་འབུར་ཞིང་འདྲིལ་བ་ན། །མཆིན་པའི་ཁྲག་གིས་མཁྲིས་པ་བསླངས། །འཕྲ་ཞིང་དྲི་མནམས་[མནམ]མཁྲིས་པ་རྒྱས་ཞེས་བྱ། །བྱིངས་[བྱིང]ཞིང་རྒུད་ན་བད་ཀན་བོལ་སྣབ་[བེ་སྣབས]ཀྱིས། །མཁྲིས་པ་བསླང་པ་ཞེས་བྱ་སྟེ། །མྱིག་སྔོ་ལུས་པོ་ཟ་བུན་བྱེད་དང་སྐྲ་བྱིན། །མཁྲིས་པ་གཤའ་[ཀྵ]ཡ་ཡིན་ཞེས་བཅོས་པ་དཀའ། །མཁལ་རྩ་འབུར་ཞིང་འདྲིལ་འགྱུར་ན། །མཁལ་མར་ཁྲག་ལྷག་བསིལ་གྱིས་བཅོས། །མཁལ་རྩ་འཕྲ་ཞིང་གྲིམ་པ་མཁྲིས་པ་བཞུགས། །མཁལ་རྩ་རྐྱལ་ན་རླུང་གི་ནད། །བརྟེན་ཏེ་ཉལ་ན་ལྷུང་སྙམས[སྙམ]བྱེད། །འོག་ཏུ་བཅུག་ན་འབུག་སྙམས་[སྙམ]བྱེད། །ཕུག་ནས་མྱིག་ཚོལ་མི་རྙེད་དེ། །རྟ་དྲག་བརྒྱད་དང་མཚན་འགྲོས་དྲག །ཆང་རྒན་ཆང་སྐྱུར་མང་དུ་ཐུངས[འཐུང]། །མཆིན་པའི་གྲྭ་ལྕེར་ཁྲག་ངན་བབ། །དེའི་ཆུ་སེར་མཁར་[མཁལ]མར་འོང་[འོར]དུ་ལྷུང་། །ལོང་རྩ་བྱིན་མཇུག་གཏར་བར་བྱ། །
བསམ་སེའུ་རྩ་ནི་འབུར་འདྲིལ་ན། །མཆིན་པ་འོར་དུ་ལྷུང་ཞེས་བྱ། །ཤ་ནི་སྔོ་ནག་རྐང་གཡོན་བཤལ། །བྱིན་མཇུག་ཡོབ་གོང་རྩ་ཡང་གཏར། །གློ་རྩ་འབུར་འདྲིལ་ཁྲག་ལྷག་སྟེ། །རོ་སྟོད་རྒྱས་ལ་སོགས་པར་[སོག་པ]གཟེར། །གློ་སྙིང་ན་ཞིང་སྐོམ་དད་ཆེ། །ཡི་ག་མི་བདེའ་ལུ་ན་གཟེར། །སྐད་འགག་ལུད་པ་དུད་ཁུ་དང་། །ཤོལ་[ཤེ]རུལ་འོང་སྟེ་སྡོམ་[འདོམ]རྩ་གཏར། །གློ་རྩ་འཕྲ་གྲིམ་མཆིན་པ་ལྷག །འགོ་[མགོ]འཁོར་ཁ་ཁ་སྐོམ་དད་ཆེ། །བཞིན་སེར་ལུད་པ་སེར་པོར་འོང་། །དེ་ལ་གཏར་དང་བསིལ་སྦྱོར་བསྟེན། །དེ་ལྟར་ཤེས་ན་མཁས་པ་ཡིན། །གཏར་བའི་གདམས་པ་འདི་ལྟར་བཞེད། །གཉིས་རྟེ་ལ་འཛུབ་[མཛུབ]གང་འཇལ། །བྱིན་འཇུག་[མཇུག]ཅེས་ནི་བྱ་བ་ཡོད། །ཕོ་གདོང་ལ་ནི་གདབ་རྩ་བཞི། །གཉིས་ནི་གོང་མོ་སྲིན་ལག་བར། །གཉིས་ནི་ཐེ་བོ་[མཐེ་བོང]གཉིས་ལ་གནས། །ཕོ་གདོང་སྣད་དམ་འགྲམས་པ་ལ། །མོད་ལ་སྐུག་[ལྐུགས]ནས་སྨྲ་མི་ཤེས། །དེ་རྣམས་གཏར་བའི་ཡོན་ཏན་ནི། །ཁྲག་མཁྲིས་ཆུ་སེར་ནད་ངན་སེལ། །མཁྲིས་པ་ལ་ནི་གདབ་རྩ་བརྒྱད། །གཉིས་ནི་ལག་ངར་ཁྲིག་[མཁྲིག]མའི་འོག །གཉིས་ནི་དཔྲལ་བའི་ཟུར་ན་གནས། །གཉིས་ནི་མིག་དང་སྣའི་བར། །གཉིས་ནི་ལྕེའི་འོག་ན་གནས། །རྒྱལ་མོ་གབ་[སྒབ]རྩ་བྱ་བ་ཡིན། །དེ་རྣམས་གཏར་ན་ཁྲག་དང་མཁྲིས། །ཆུ་སེར་ལ་སོགས་ངན་པ་སེལ། །མཚེར་པ་ལ་ནི་གདབ་རྩ་དྲུག །གཉིས་ནི་དཔྱིའ་མྱིག་གཉིས་ན་གནས། །གཉིས་ནི་ལག་ངར་གཡས་དང་གཡོན། །གཉིས་ནི་ཕོ་བའི་དྲྭ་ལ་གནས། །དེ་རྣམས་གདབ་ན་མཚེར་པའི་ཚ་བ་སེལ། །མཁལ་མ་ལ་ནི་གདབ་རྩ་བརྒྱད། །གཉིས་ནི་ལག་པའི་ཐོལ་[མཐེབ]ཅུང་སྲིན་ལག་བར། །གཉིས་ནི་ལྟག་ཟུར་གཡས་དང་གཡོན་ན་གནས། །གཉིས་ནི་རྒྱུ་ཞབས་གཡས་དང་གཡོན། །གཉིས་ནི་ཕོ་མཚན་[མཆིན]ཟུར་ན་གནས། །མོ་མཚན་ལ་ཡང་དེ་བཞིན་ཤེས། །
དེ་རྣམས་གདབ་པའི་ཡོན་ཏན་ནི། །ཁྲག་དང་མཁྲིས་པ་ཆུ་སེར་སེལ། །བསྙལ་གྱི་དུས་ཚོད་ཤེས་པ་ནི། །གཏར་བའི་ས་ནས་སོར་བཞིའི་གོང་། །ཤ་མ་འཆུས་པར་བསྙལ་སྟེན་[སྟན]བསྐྲི[དཀྲི]། །ཤ་ལྤགས་[པགས]མ་འཆུག་[འཆུས]ཐེ་[ཐ]གུས་བསྡམ། །རྩ་ཐོག་མདུད་པ་མི་བྱ་བར། །རྒྱབ་ངོས་སུ་ནི་མདུད་པ་བྱ། །བསྙལ་མ་ཐག་ཏུ་མེ་[མི]གཏར་བར། །རྩ་ཐོག་དྲུད་ཅིང་མཉེ་བར་བྱ། །དེ་ནས་རྩ་སྦྲིད་གསལ་བར་འོང་། །རྩ་ནི་མཁྲང་ན་གཏར་བར་བྱ། །མི་མཁྲང་བ་ནི་བཞགས་[བཞག]པར་བྱ། །བསྙལ་ནི་མི་བཀྲོལ་ཅུང་ཞིག་ཏུ། །རྩ་ནི་ཅུང་ཞིག་མཉེའ་ཞིང་བསྲོ་འོ། །བསྡམ་ཀློད་ལན་གསུམ་བྱས་པས་ན། །རྩ་ནི་གསལ་དུ་འགྲོ་བར་ངེས། །རྩ་ཡི་ཕུག་ཐབས་བསྟན་པ་ནི། །རྣོ་ངར་ལྡན་པའི་རྩག་[གཙག]བུ་ནི། །དབྱིབ་[དབྱིབས]ནི་ཅོག་གའི་དང་རུ་འདྲ། །རྒྱབ་ནས་བལྟས་ན་དགུའ་བ་འདྲ། །མདུན་ནས་བལྟས་ན་དྲང་བ་འདྲ། །ཁ་དོག་ཨུད་པལ་འདྲ་བ་ལ། །དེ་ལྟ་བུའི་རྩག་[གཙག]བུ་དེས། །ལྟ་རྩ་རུས་པའི་ཐོག་ནས་ལོང་། །དེའང་ཕར་[འཕར]བའི་རྩ་ལ་བལྟ། །ཐོག་ཏུ་སྤྲ་ཚུགས་གསུམ་གྱིས་མནན། །མུར་ཁོང་[གོང]རྩ་ལ་གནམ་ཕུག་བྱ། །དེའང་སྤྲ་བས་མནན་པར་བྱ། །གསེར་མདོང་[མདུང]རྐེད་རུས་ལ་གཏུག །སྣ་འདབ་དུས་གཅིག་དལ་ཕུག་བྱ། །སྣ་རྩེ་ཁྲུམ་ཁྲུམ་ཐུག་པར་བརྡེགས། །རྩོའུ་[རྩེ]ཆུང་གཉིས་[ཉིས]ལེན་གནམ་ཕུག་བྱ། །དཔུང་རྩ་གློང་[ལོང]ཕུག་གཅིག་ལེན་བྱ། །སྙིང་གི་དྲུག་འགྷོ་[འགོ]ཡང་[ཡངས]དོག་ནི། །ཡང་[ཡངས]ན་གཅིག་ལེན་གནམ་ཕུག་བྱ། །དོག་ན་གཉིས་[ཉིས]ལེན་གློ་འབུག་བྱ། །དྲུག་འགོ་བྱིན་པོ་གཅིག་ལེན་གནམ་ཕུག་བྱ། །སྒང་རྩ་མཆིན་རྩ་གློ་ཕུག་བྱ། །ཡང་ན་རྐེད་ཆོད་བྱ་བ་ཡིན། །རྩ་བྲན་བྱིན་པོ་རྦད་ཆོད་བྱ། །རྐང་པའི་རྩ་ཡང་རྦད་ཆོད་བྱ། །བྱིན་མཇུག་གཅིག་ལེན་གློ་འབྲུག་[འབུག]བྱ། །མང་ཉུང་ཁྲག་མདོག་ཤེས་པ་ཡིན། །
ཁྲག་ནི་མི་ཕོ་ཉུང་ཕྱུང་ལ། །བསྙལ་ནི་དུམ་གཅིག་ཀློད་པར་བྱ། །ཀློད་སྔས་རྩ་འགྱུར་ཁྲག་ཆད་དོ། །ཁྲག་ཆོད་དམ་ཀློད་བཅིང་ལ་བྱ། །རྐང་པོའི་[པའི]རྩ་དང་གསེར་མདོང་[མདུང]ནི། །དམ་ཀློད་མི་བྱ་འབབས་སུ་བཅུགས[བཅུག]། ཁྲག་སྣོད་མི་བསྒུལ་བརྟན་པོར་བཞག །དམར་ལ་འཇམ་ན་མོད་ལ་བཅད། །རྩིག་དང་ངན་པ་མང་དུ་དབྱུངས[དབྱུང]། །ཁྲག་ཞབས་བྱོལ་ཁྲག་འདྲ་ལ་དམར། །ནམ་བྱུང་དུས་སུ་བཅད་པར་བྱ། །ནད་པ་ཉམས་ཆུང་ཁྲག་ཞབས་མེད། །ཁྲག་འཕྲོ་བཅད་ལ་བཅུད་ཀྱིས་གསོའ། །འཇམ་པའི་ཐང་དང་གམ་ཕྱེ་སྦྱར། །དེ་ནས་རྩ་བྲན་ཉམས་ཚད་བྱ། །ནད་པ་སྟོབས་ཆེ་ནད་པར་ལ། །ཁྲག་ཞབས་མ་བྱུང་རྩུབ་ཐང་སྦྱར། །གཏར་ཡང་བརྟུད་[བསྟུད]ལ་ཡས་བབ་བྱ། །སྤྱིར་ན་ཁྲག་མཇུག་སྨན་གྱིས་བཅད། །ཐ་མ་གཏར་གྱི་རྗེས་བསྲུང་བ། །གཏར་ནས་གཉིད་ནི་བསྲུང་བ་དང་། །དྲག་ཤུལ་འགུལ་སྤྱོད་[སྐྱོད]ཡང་[སྤང]བར་བྱ། །སྐྲང་ན་མོད་ལ་ཁྲག་བསྐུས་ལ། །སྐྲང་ཐོག་དྲག་ཏུ་མཉེའ་བར་བྱ། །རྡོ་བ་གྲང་མོས་མནན་པའོ། །ཞག་ལོན་སྐྲངས་ན་འཇིབ་ཏུ་གཞུགས[གཞུག]། གཏར་ཁའི་ལེའུ་སྟེ་ལྔ་པའོ།། །།
ལེའུ་དྲུག་པ། མེ་བཙའ་བསྟན་པ།
ནད་ཕྱེད་མྱེ་ཡིས་བཅོས་པ་ལ། །ནད་ཀྱི་མཇུག་ཀྱང་མྱེ་ཡིས་གཅོད། །མྱེའི་གསང་ལ་རྣམ་པ་གཉིས། །ནད་ཀྱིས་བཙའ་[བཙལ]དང་སྨན་པས་བཙལ། །ནད་ཀྱིས་བཙལ་བ་ཨ་ན་ཚུགས། །ཨ་ན་ཚུག་[ཚུགས]ལ་རྣམ་པ་ལྔ། །བརྫིས་པས་ལྷང་གིས་བྱུང་བ་དང་། །བེམ་པ་སྦྲིད་པ་བདེར་ཚོར་དང་། །ཁོང་གིས་སོང་དང་ལྔ་ནི་ནད་ཀྱིས་བཙལ་བ་ཡིན། །སྨན་པས་བཙལ་བའི་ནད་དམྱིགས་ནི། །ཐུར་མའི་གསང་དང་མཐུན་པ་ཡིན། །མདུན་རྒྱབ་མགོ་དང་ཡན་ལག་བཞི། །འདི་རྣམས་གསང་དུ་གདབ་པ་ནི། །བད་ཀན་གྲང་རླུང་སྐྲན་དང་ནི། །མ་ཞུ་ཆུ་སེར་རྩ་སྦྲིད་འཁྱུགས། །ཚ་རྗེས་ཁྲག་ཤོར་རྩ་འདྲམས་[འགྲམས]དང་། །འདི་རྣམས་སོ་སོའི་གནད་ལ་ཕབ། །མྱེ་བཙའ་བསྲེག་ལུགས་རྣམ་པ་བཞི། །བཙའ་[བཙོ]བ་དང་ནི་བསྲེགས་པ་དང་། །བསྲོའ་བ་དང་ནི་བསྡིག་པ་བཞི། །མྱེ་ཡིས་བཙའ་བའི་ནད་རིག་[རིགས]ནི། །གྲང་སྐྲན་འབྲས་ལ་བཙའ་[བཙོ]བའོ། །བཅུ་བདུན་ཡས་ཆོད་ནུས་ཚད་གདབ། །བད་ཀན་ཆུ་སེར་སྙིང་རླུང་བསྲེགས་པ་སྟེ། །དགུའ་ནས་བཅོ་བརྒྱད་མན་ཆད་བསྲེག །འཐོར་བུའི་རླུང་དང་སྲིན་གྱི་ནད། །རྩ་ཆུ་གཉན་སར་བསྲོའ་བ་སྟེ། །གསུམ་མམ་ལྔ་བས་མི་མང་ངོ་། །རྩ་འབྲས་ཆུ་རྒྱས་[རྒྱུས]བར་དུ་རླུང་ཞུག་[ཞུགས]དང་། །ཚད་རྗེས་རླུང་གཟེར་འཐོར་བུ་ལ། །བསྡིག་སྟེ་སྤྲ་རྡོག་རེ་རེས་ཆོགས། །བུ་ཅུང་མྱེ་ཡང་བསྡིགས་པས་ཆོགས། །འགོ་བའི་[མགོ་བོའི]མྱེ་ཡང་བསྲོའ་བར་བྱ། །ཚིགས་པ་བགྲང་དུ་མ་བཏུབ་ན། །ཨན་དོང་[སྟོང]མཇུག་རྩེ་སྲད་བུས་འཇལ། །ལྟེབ་པས་མཆིན་པའི་གསང་ས་ཡིན། །དེ་ནས་ཡར་ལྟེབ་སྙིང་གི་གསང་། །སྨད་དུ་ལྟེབ་པ་ཆུ་སོ་ཕོ་བའི་གསང་། །མྱེ་བཙའ་ལེའུ་སྟེ་དྲུག་པའོ།། །།
ལེའུ་བདུན་པ། ཐུར་མའི་འཕང་ལུགས་བསྟན་པ།
ཐུར་མ་འཕང་བའི་ནད་རིགས་དང་། །སྤང་བ་དང་ནི་ལོག་གནོན་གསུམ་དུ་བསྟན། །དང་པོ་ཐུར་མའི་རྒྱུ་བསྟན་པ། །གསེར་རམ་ཟངས་སམ་ལྕགས་ལ་བྱ། །རྟགས་ནི་སོར་བརྒྱད་མཛུབ་གང་ཁྱུད་[མཁྱུད]གང་རྩེ་སོར་ལྔ། །དབྱིབ་[དབྱིབས]ནི་ཟུར་གསུམ་སྦལ་འགོ་[མགོ]ཁབ་འདྲ་བ། །ཆུ་གྲི་འདྲ་དང་གྲུ་བཞིའོ། །འགོའ་[མགོ]ཆེ་མགྲིན་འཕྲ་ཁོག་པ་འཇམ། །འཕྲ་སྦོམ་གྲི་སོགས་འབྲིང་པོའི་མགྲིན་པ་ཙམ། །ཚ་ཐུར་གྲང་ཐུར་གཉིས་སུ་བསྟན། །འཕྲ་སྦོམ་གསང་བའི་ཉམས་སྟོབས་སྦྱར། །འདི་ལ་བརྡེགས་པའི་ནད་རིགས་ནི། །དོན་སྣོད་རྣམས་སུ་རླུང་ཞུགས་དང་། །སྐྲན་དང་ཆུ་སེར་ཞུགས་པ་དང་། །རླངས་པ་ཁྱིམ་[འཁྱིམ]པའི་རྣམས་ལ་ཕན། །སྣོད་ཀྱི་མྱེ་དྲོད་ཉམས་པ་དང་། །ཆུ་རྒྱུས་རྣམས་ལ་རླུང་ཞུགས་དང་། །ཚིགས་པ་ཤ་སྲུབ་[སྲུབས]རླུང་དང་ཆུ་སེར་ཞུགས། །རྩ་དང་པགས་པའི་ནད་རྣམས་ལ། །འཕང་ཐབས་རྣམ་པ་ལྔ་ཡོད་དེ། །རྒྱ་གྲམ་ཐོད་སྐོར་རྟ་བབ་དང་། །གཡུལ་ཐབས་ཆུར་བྱིན་[ཅུར་འབྱིན]ལྔ་ཡིན་ནོ། །ཐུར་མའི་གསང་ལ་ལྔ་ཡིན་ཏེ། །རྒྱབ་ཀྱི་ཚིགས་པ་དང་པོ་རླུང་གི་གསང་། །མི་འགྱང་ཨན་དང་རུ་པ་[འགྱངས་ཨན་སྟོང་རུས་པ]བྱ། །གཉིས་པ་མཁྲིས་པའི་གསང་ཡིན་ཏེ། །གསུམ་པ་བད་ཀན་གསང་ཡིན་ནོ། །དེ་གསུམ་འདུ་བ་གསུམ་གྱི་གསང་། །གཡས་གཡོན་ཚོན་རེ་ཀུན་ལ་ཤེས། །བཞི་པ་བུ་ཡིན་ལྔ་པ་གློ་བའི་[མའི]གསང་། །དྲུག་པ་སྲོག་རྩ་བདུན་པ་སྙིང་གི་གསང་། །བརྒྱད་པ་མཆིན་རི་[དྲི]དགུ་པ་མཆིན་པའི་གསང་། །བཅུ་པ་མཁྲིས་པ་བཅུ་གཅིག་མཚེར་པ་སྟེ། །བཅུ་གཉིས་པ་ནི་ཕོ་བའི་གསང་། །བཅུ་གསུམ་པ་ནི་དོན་སྤྱིའི་གསང་། །བཅུ་བཞི་པ་ནི་མཁལ་མའི་གསང་། །དེ་ནས་ཚོན་རེ་ཕྱིར་བཀྱེད་མཁལ་འབྲས་གསང་། །དེ་ནས་ཚོན་རེ་ཕྱིར་བཀྱེད་མཁལ་ཚིལ་གསང་། །བཅོའ་ལྔ་པ་ནི་བུ་སྣོད་གསང་། །བཅུའ་དྲུག་པ་ནི་བུ་སྣོད་གསང་། །བཅུ་བདུན་པ་ནི་རྒྱུ་མའི་གསང་། །བཅོ་བརྒྱད་པ་ནི་ལྒང་པའི་གསང་། །བཅུ་དགུ་པ་ནི་བསམ་སེའུ་ཆེན་པོའི་གསང་། །གྲང་བའི་ནད་ཀྱི་ཀུན་ལ་ཕན། །ཉི་ཤུ་སྨད་ཀྱི་གསང་སྒོ་ཆེན་པོ་ཡིན། །ཐུར་སེལ་རླུང་གཅིག་གསོའ་བའི་ས། །དཔྱིའ་མྱིག་ཕྱོགས་བཞིར་ཚོན་རེ་འཇལ། །མཁལ་མར་གྲང་བ་ཞུག་[ཞུགས]ལ་ཕན། །བརླའི་ཕྱི་གཡུལ་[ཡུལ]མྱེ་བཙའ་བྱ། །ཐུར་མས་བརྡེག་ཀྱང་མྱེ་ཡིས་མནན། །ཆང་རྒན་འོར་ལྷུང་མཁལ་མའི་ཆུ་སེར་ལྷུངས་པ་ཡིན། །པུས་མོའི་ལྷ་ང་དུག་སྐོར་ནི། །པུས་མོ་ལ་ནི་རླུང་ཞུགས་དང་། །མཁལ་ནད་ཚིག་ལ་བབ་པ་དང་། །བད་ཀན་ཆུ་སེར་ཞུགས་ལ་ཕན། །ངར་གདོང་གི་ནི་ཕྱི་སུལ་ནི། །ཆུ་རྒྱུས་རྩ་ལ་མཁལ་ནད་ཞུགས་ལ་ཕན། །ལོང་བུའི་རུས་མྱིག་གཉིས་པོ་ནི། །ལོང་བུར་གྲང་བ་ཆུ་སེར་ཞུགས་ལ་ཕན། །སྐེའི་སྙིང་ཁུང་ཅན་ཁུགས། །སྲོག་པ་རྩའི་གསང་ཡིན་ཏེ། །སྙིང་འཆུས་པ་ལ་ཕན་པའོ།།
ནུ་མ་ནས་ནི་ཚོན་གང་གྱེན་ལ་འཇལ། །སྙིང་འགོ་ཞེས་བྱ་སྲོག་རྩ་དང་འཛོལ་བའི་གསང་། །ནུ་མ་ནས་ནི་མཚོན་གང་མཆན་ཁོང་[ཁུང]ངོས། །སྲོག་རྩར་རླུང་དང་ཆུ་སེར་བབ་པའི་གསང་། །ནུ་མ་ནས་ནི་བྲང་ངོས་ཚོན་གང་འཇལ། །སྙིང་ལོག་ཞེས་བྱ་ཆུ་སེར་བད་ཀན་གྱི། །རླངས་པ་འཁྱིལ་བའི་གསང་ས་ཡིན། །བཞི་པོ་དེ་ནི་སྙིང་གི་ལྟེ་འཁོར་བྱ། །སྙིང་གི་གྲང་རླུང་ཆུ་སེར་བད་ཀན་སེལ། །ཀར་ནག་འཚམ་[མཚམས]ནས་གཡོན་ན་རེ་རེ་གཅལ[བཅལ]། །གློ་སྙིང་འདོམ་གསང་ཞེས་བྱ་སྟེ། །གློ་སྙིང་ཆུ་སེར་ཀར་ནག་ཞུགས་པ་སེལ། །བྲང་གི་རྩིབ་མའི་གོ་བར་གཉིས་ན་བཞིའ། །གློ་གསང་གཉིས་ཏེ་བད་ཀན་རླུང་ཞུགས་སེལ། །མཆན་ཆུང་[ཁུང]གོ་བར་གཉིས་ན་མཛོད་བུ་[སྤུ]ཆུང་གི་གསང་། །དེ་འོག་རྩིབ་མའི་གོ་བར་གསུམ་པོ་ནི། །གློ་བྱ་འདབ་ལ་རླུང་ཞུགས་སེལ། །སོག་འདབ་[འདབས]རྩིབ་མའི་གོ་བར་གསུམ། །གློ་སྒང་ལ་ནི་རླུང་ཞུགས་སེལ། །དེ་རྣམས་གློ་ཡི་གསང་དུ་ཤེས་པར་བྱ། །ནུ་མ་ནས་ནི་ཐུར་ལ་ཚོན་དོ་འཇལ། །མཆིན་རི་[དྲི]མདོའ་གསང་ཞེས་བྱ་སྟེ། །རྩིབ་བར་གསུམ་ནི་ཚུན་ཆད་དུ། །མཆིན་པའི་ནད་རྣམས་བབ་པ་ཡིན། །ཕོ་བ་ཞེས་ཀྱི་བྱ་བ་ནི། །འཕངས་[དཔངས]སུ་སོར་བརྒྱད་ཞིང་[ཞེང]དུ་སོར་བཅུ་གཉིས། །ཕོ་བའི་འདུག་ལུག་[ལུགས]མི་འདྲ་སྟེ། །ཕོ་བ་སྟོད་དུ་མི་ལྟེངས་སྨད་དུ་ལྟེངས། །འདུག་ལུག་[ལུགས]མི་ཤེས་ཉེས་པ་མང་། །ཕོ་བ་སྟོད་དུ་མཆིན་སྐྲན་རྒྱས་པ་ལ། །ཕོ་བའི་ཐུར་མ་གཟབ་པར་བྱ། །འཕེལ་ན་ཕོ་བ་ཟས་ཀྱིས་བརྡེགས། །ཕོ་བ་ལ་ནི་གསང་ས་དགུའ། །དང་པོ་ལྷེན་གསང་གསུམ་ཞེས་བྱ། །བར་མ་སྐྲན་གསང་གསུམ་ཞེས་བྱ། །ཐ་མ་མྱེ་དྲོད་ཉམས་པའི་གསང་། །ལྟེ་བའི་གཡས་ན་ཚོན་རེ་འཇལ། །ལོ་[ལོང]ཐེར་ཞེས་བྱ་ལོང་གི་གསང་། །དེ་ནས་གཡས་གཡོན་ཚོན་རེ་འཇལ། །ལོང་ཕུག་ཅེས་བྱ་སྐྲན་གྱི་གསང་། །ལྟེ་བ་ནས་ནི་ཐུར་དུ་ཚོན་གང་འཇལ། །
དེ་ནས་གཡས་གཡོན་ཚོན་རེ་འཇལ། །རྒྱུ་སྟོད་གསང་དུ་ཤེས་པར་བྱ། །རྒྱུ་གསང་དབུས་ནས་ཚོན་གང་འཇལ། །གཡས་གཡོན་ཚོན་རེ་འཇལ་བ་ལྒང་གསུམ། །དཔྱིའི་ཁ་ཟུར་ནས་ནི་རྒྱུ་ཞབ་[ཞབས]ཐེར་ངོས་སུ། །ཆག་རེ་འཇལ་བ་སྨད་ཀྱི་དབྱེའ་གསང་ཡིན། །གྲང་བས་ཆུ་བསྲི་བ་དང་ཆུ་ཁ་ན། །འབྲས་བུ་ན་བ་སྐྲང་བ་རྣམས་ལ་ཕན། །ཐལ་གོང་གཉའ་བའི་ཤ་སྲུབ་[སྲུབས]ནི། །གློ་བའི་ནད་ལ་ཕན་པའོ། །འགོ་[མགོ]བོའི་གང་ན་འཁྱུག་སར་འཕང་། །ཡན་ལག་རྣམ་པ་བཞི་ལ་ནི། །གནད་ཀྱི་ཐིག་ལེ་བཟུང་བྱས་ལ། །རུས་པ་སླེབ་པར་སུལ་སྒོར་འཕངས། །འཕྲེད་བཅུ་ལ་སོགས་འཕང་ལུགས་བཅུ་དྲུག་གོ །ལག་ཚོད་ཐུར་མས་བཟུང་བ་དང་། །ཐུར་ཚོད་ལག་གིས་བཟུང་ལ་སོགས། །བླ་མའི་ཞལ་ལ་ལེགས་པར་དྲིས། །ཐུར་མ་དང་འཕང་ལུགས་ཀྱི་ལེའུ་སྟེ་བདུན་པའོ།། །།
ལེའུ་བརྒྱད་པ། ཐུར་མའི་སྤང་བྱ་བསྟན་པ།
ཐུར་མ་སྤང་བར་བྱ་བ་ནི། །ལུས་གཟུང་[ཟུངས]ཟད་དང་དྲུག་ཅུར་འདས། །ལོ་བདུན་མ་ལོན་ཅ་མ་ལི། །འཆི་ལྟས་བྱུང་བའི་ནད་པ་ལ། །མཁས་པས་ཐུར་མ་སྤང་བར་བྱ། །དོན་ལ་སྤང་བར་བྱ་བ་ནི། །སྙིང་རླུང་འདྲེའི་བཀྱག་པ་དང་། །གཡང་དུ་ལྷུང་དང་རྟས་བརྡབ་དང་། །བྱང་ཁོག་ནང་བརྡོལ་རྣག་མ་ཆོད། །རིམ་[རིམས]ཀྱིས་བཏབ་ནས་སྣ་མ་ལོན། །བྱང་ཁོག་ནང་ན་ཟུག་རྔུ་ཡོད། །དེ་རྣམས་བྱུང་བའི་ནད་པ་ལ། །སྙིང་ལ་འཕང་བར་མི་བྱའོ། །ཁ་ནས་ལུད་པ་ཁྲག་ཅན་དང་། །ཆང་ངན་ཐུང་ན་སྐད་འགག་ཆེ། །སྣ་ནས་ཁྲག་འོང་ལྕེ་མདོག་སྨུག །ཚད་རླུང་ཁྲག་ངན་གློ་ལ་ཞུགས། །ལམ་རིང་བགྲོད་ན་སྐད་འགག་ཅིང་། །སོ་གའི་དུས་ན་ལྟོ་རྦོས་ཤིང་། །ཁ་སྣ་གཉིས་ནས་སོར་སོར་འོང་། །གློ་ལ་རྣག་ཞུགས་གློ་རྡོལ་ནས། །ཟླ་བ་མ་འདས་ནས་[ནད]པ་ལ། །གློ་ཚད་ཡོད་དང་ཚད་རོ་ཡོད། །སོག་འདབ་[འདབས]གཡས་དང་བྲང་འདབ་[འདབས]ན། །ཆུང་ཐུང་[འཐུང]ཚེའམ་ཉིན་ཚན་[མཚན]ལ། །ཉལ་ལམ་འདུག་ན་ལྷག་པར་ན། །ཤ་མདོག་སྔོ་ལ་སྣ་རྩེ་ནན། །དེ་རྣམས་བྱུང་ལ་ཡང་སྤང་བར་བྱ། །མཆིན་པ་ཚ་དང་འཁྲུག་ཡོད་པ། །བབ་དང་མྱིག་གཡས་དམར་བ་དང་། །ཅེར་ལོང་སོང་དང་དྲག་ཆག་[དྲེག་ཆགས]པ། །གྱེན་ལ་ཁྲག་ཏུ་སྐྱུགས་པ་དང་། །རྩིབ་ཐུང་གཡས་ཀྱི་སྟེང་ན་གཟེར། །དྲོས་ནས་གཡས་གཡོན་ན་བ་དང་། །ཕོའུ་དང་ཤ་ཤུ་བྱུང་བ་དང་། །སུརྱའི་ནད་སོགས་ཡོད་པ་དང་། །མཆིན་པའི་ཁྲག་བབ་རྐང་གཡས་ལྕི། །དེའང་མྱིག་སྤྲིན་དམར་པོ་སོང་། །དྲོས་ནས་ཕོ་བའི་ལམ་དུ་ན། །གྲང་ཡང་ན་ལ་དངུལ་[རྔུལ]ཁ་སྐམ། །གདོང་པ་སྨུག་པོ་སོའང་ནག །དེ་ལྟར་འདུག་ན་མཆིན་པར་སྤངས། །དྲོས་ནས་རྩིབ་ཐུང་གཡས་གཡོན་གཟེར། །མཆུའ་ན་མཆིན་རི་[དྲི]གཡས་གཡོན་འཁོར། །ཁྲག་ལྷག་ཚ་བ་ཡོད་པ་ལ། །མཚེར་པའི་ཐུར་མ་སྤང་བར་བྱ། །མཁལ་མ་དག་ལ་ཁྲག་ལྷག་པ། །དེ་ཡོད་ལོང་ཁྲག་སྦྲུམ་མ་དང་། །ཆང་ཐུངས་[འཐུང]མཁལ་རྐེད་ལྗིད་པ་དང་། །འགྲོས་དྲག་བྱས་པ་རྣམས་ལ་ཡང་[སྤང་]། །ཐུར་མ་སྤང་བར་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།
ལེའུ་དགུ་པ། ཐུར་མའི་ལོག་གནོན་བསྟན་པ།
ད་ནི་ལོག་ནོན་བསྟན་པར་བྱ། །སྤྱིར་ན་འདུ་བ་ཚ་གྲང་བསྙོམས[སྙོམས]། །དེའང་འདི་ལྟར་ཤེས་པས་བྱ། །བསྐུ་མྱེ་[མཉེ]བྱ་ཞིང་ཁ་ཁྲུས་[ཕྲུ]བཏབ། །ཆང་དང་སྨན་མར་བུ་རམ་སོགས། །བཅུད་དང་ལྡན་པའི་ཟས་རྣམས་གཏང་། །དེས་ཀྱང་སོས་པར་མ་གྱུར་ན། །ཚད་རལ་བརྟེགས་[ར་བཏེགས]པས་ལན་གསུམ་བརྡེགས། །རྐང་མཐིལ་གཉིས་ཀྱང་དེ་བཞིན་ཤེས། །དེས་ཀྱང་སོས་པར་མ་གྱུར་ན། །ཕོ་བ་རྒྱུ་ལོང་གཟེར་གྱུར་ན། །མྱི་སྤྱོད་ཆུ་ནི་འཐུང་ན་གཞུགས[གཞུག]། །རྦོས་པར་གྱུར་ན་ཚ་བཏང་[ཚྭ་བཏབ]གཏང་། །མཆོག་ཏུ་ཡ་བག་ཤ་[བཀྵ]ར་དང་། །ཐལ་ཚ་ཁ་རུ་ཚ་དང་རྩབ་རུ་ཚ། །སྦོས་པའི་ནད་ལ་ཕན་པ་ཡིན། །རླུང་གིས་ལོག་ན་བུ་རམ་རྙིང་པ་པི་པི་ལིངས་[ལིང]། །རིལ་བུ་བྱས་ལ་གཏང་བར་བྱ། །རྩ་གཉན་གཟེར་ན་ཁ་ཁྲག་འོང་། །གྷ་ན་[གནྡྷ]པ་ཏྲ་གེ་སར་དང་། །སྐྱེར་པའི་འབྲས་བུ་སུག་སྨེ་[སྨེལ]རྣམས། །ཆ་བསྙམས[མཉམ]གང་[གངས]ཆུས་ཕུལ་ལ་གཏང་། །ཚ་བས་ལོག་ན་ག་བུར་དང་། །ཙན་དན་ཅུ་གང་གུར་གུམ་དང་། །བ་ཤ་ཀ་རྣམས་གཏང་བར་བྱ། །མ་ནུ་ལ་སོགས་འབྱེད་ཐང་གཏང་། །དེ་ནས་གཏར་ཀ་ཅི་རིག་[རིགས]བྱ། །ཁ་ཟས་སྤྱོད་ལམ་བསིལ་དུ་བྱ། །གྲང་བས་ལོག་པར་གྱུར་པ་ན། །ཤིང་ཀུན་ལ་སོགས་དྲོད་སྨན་རྣམས། །ཕྱེ་མ་རིལ་བུ་གང་འོས་གཏོངས[གཏོང་]། །དུབ་[དུགས]ཀྱང་དེ་བཞིན་ཤེས་པར་བྱ། །ལོག་གནོན་གྱི་ལེའུ་སྟེ་དགུའ་པའོ།། །།
ལེའུ་བཅུ་པ། དུགས་ཀྱི་ལས་བསྟན་པ།
དུབ་[དུགས]པ་མི་རུང་བཅུ་གསུམ་ཡོད། །ས་དང་བྱི་བྲུན་གྲོག་ཞིང་ཡོས། །བོང་པ་རྡོ་དང་ལུག་རིལ་དང་། །རྡོ་སྒྲོམ་དོང་དང་བདུད་རྩི་བླངས། །རུས་པ་ཡོད་དང་རྫོལ་[རྫ]བླུགས་ཀྱིས། །དུབ་[དུགས]བྱ་རྙིང་པའི་ནད་དག་དང་། །གྲང་བ་རླུང་དང་དམུ་འོར་དང་། །ཚབས་དང་ཆུ་སེར་ལ་སོགས་ལ། །དེ་རྣམས་བྱ་ལུགས་འདི་ལྟ་སྟེ། །ས་རློན་སྟེང་དུ་མྱེ་ཆེན་བཏང་། །དེ་རྐོས་སྣབ་[སྣམ]སྲབ་ནང་དུ་བཏུམས། །བདུག་པས་ཀོར་ལིང་[ཀོ་ལེར]ནད་ལ་ཕན། །བརྐོས་ཤིང་ཆང་གི་ཁ་ཕྲུ་བཏབ། །བརྔོས་ནས་བདུག་པས་རྡོ་སྐྲན་འཇོམ[འཇོམས]། །བྱི་བྲུན་ཆུར་ཁུའི་ཁ་ཕྲུ་བཏབ། །བདུག་པས་བད་ཀན་ལྡིང་[ལྷེན]སྐྲན་འཇོམ[འཇོམས]། །ཡོས་ཀྱིས་འཐོར་བུའི་རླུང་ནད་འཇོམ[འཇོམས]། །ལོ་མ་ཆུར་བཙོས་པ་བཤོས་ན། །སྟེང་དུ་སྟན་བཀབ་བདུག་པས་ནི། །ཚ་བ་རྙིང་པ་ཕྱི་རུ་འདྲེན། །རྡེའུ་བརྔོས་ལ་ཁ་ཕྲུ་གདབ། །སྣམ་སྲབ་བཏུབ་ནས་བདུག་པ་ཡི། །རླུང་གི་ཁོལ་མིག་ན་བ་སེལ། །ལུག་རིས་བདུག་ནས་བཙོས་པ་ཡི། །གྲང་བ་ཀུན་ལ་ཕན་པ་སྟེ། །མཆོག་ཏུ་རྩ་ཡི་ནད་ལ་ཕན། །རྡོ་སྒྲོམ་ནང་དུ་མྱེ་བཏང་ནས། །ཐལ་ཆག་ཆུས་གདབ་མལ་ཆས་བསྙལ། །འགོ་[མགོ]མཇུག་གང་[གྲང]བ་ཀུན་ལ་ཕན། །མཚེའ་དང་ཤུག་པ་མཁན་པ་དང་། །འོམ་བུ་དང་ནི་སྲོ་ལོ་རྣམས། །བཙོས་པའི་རླངས་པས་བདུག་བྱས་ན། །ནད་རྣམས་ཀུན་ལ་ཕན་པ་སྟེ། །ཁྱད་པར་མཁལ་ནད་རྩ་ནད་དང་། །མོ་ནད་རེང་[རེངས]་འཁུམ་ཆུ་སེར་ལའོ། །རུས་པ་སྣ་ཚོགས་རྫ་མར་བཙོས། །སྣམ་སྲབ་ཁ་བཅད་བདུག་པས་ནི། །འགོ་[མགོ]རླུང་འགོ་[མགོ]སྲིན་སེལ་བར་བྱེད། །སྤོད་སྩོག་[སོགས]ཁ་རུབ་ནང་དུ་བཙོས། །སྣམ་སྲབ་ཁ་བཅད་ནད་པར་བདུག །བད་ཀན་ནད་དང་སྐྲན་ནད་སེལ། །རྫོའུ་[རྫའུ]ནང་དུ་མྱེས་བརྫང་ལ། །ས་འོག་དག་ཏུ་བཅུག་བྱས་ལ། །འཕུངས་[འཕོངས]ཞབས་བདུག་པས་གཞང་སྲིན་སེལ། །དུབ་[དུགས]ཀྱི་ལེའུ་སྟེ་བཅུ་པའོ།། །།
ལེའུ་བཅུ་གཅིག་པ། ལུམས་ཀྱི་ལས་བསྟན་པ།
ལུམ་[ལུམས]ལ་མི་འདྲ་བཅུ་བཞི་ཡོད། །ཆུ་རྡོ་མཁར་རྒོང་[གོང]ཞུན་ཁན་[མཁན]དང་། །རུས་པ་སྣ་ཚོགས་འབྲུ་སྣ་དང་། །ནང་ཆུར་མེ་ཏོག་ཆུར་ཁུ་དང་། །བྱ་གཉིས་སྤོད་ཚོགས་ཆང་ལས་བསྐོལ། །མར་ལ་སོགས་པས་ལུམ་[ལུམས]བྱས་ན། །རེང་[རེངས]དང་སྟོང་སྦོས་ཞ་འཁུམ་དང་། །ཆུ་སེར་དམུའ་འོར་ནད་རྣམས་དང་། །དྲི་ཆུ་འགགས་པ་སེལ་བར་བྱེད། །ཆུར་ཁུ་ཆང་བསྐོལ་ཆུ་ཚན་གྱིས། །ཕྱེ་མ་རྣམས་ནི་བཙོའ་ལེགས་བྱ། །རྡོ་བ་གྲང་མོ་ན་སར་ཀླན[གླན]། །ཚ་བའི་ནད་རྣམས་སེལ་བར་བྱེད། །ཕལ་ཆེར་རིག་པའི་མདའ་ཡིས་བསྣུན། །ལུམ་[ལུམས]ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།
ལེའུ་བཅུ་གཉིས་པ། བྱུགས་ཀྱི་ལས་བསྟན་པ།
བྱུགས་པ་བྱ་བ་བསྟན་པ་ནི། །དེ་ལ་མི་འདྲ་བཅུ་གཉིས་ཡོད། །ཕག་ཚིལ་རུས་པ་སྦང་མ་དང་། །ཡ་བག་ཤ་[བཀྵ]ར་རུ་རྟ་དང་། །ཏིལ་མར་ཙན་དན་མུ་ཟི་དང་། །སེའུ་འབྲུ་གུར་གུམ་སྡོང་[ལྡོང]རོས་དང་། །བོང་ང་ནག་པོ་རེའུ་རལ་གྱིས། །གཙོའ་བྱས་སོ་སོའི་སྨན་དང་སྦྱར། །བྱུགས་པས་བདེའ་དང་ལུས་དྲོད་འབར། །འདར་དང་རིང་[རེངས]དང་ཀོར་ལིང་[ཀོ་ལེར]ན། །འཐོར་བུའི་རླུང་ལ་སོགས་པ་སོས། །བྱུགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།
ལེའུ་བཅུ་གསུམ་པ། ཐང་སྨན་གྱི་སྡེ་བསྟན་པ།
ཐང་སྨན་དང་པོར་བཏང་བ་ཡི། །ནད་རྣམས་མ་སྨྱིན་སྨྱིན་པར་བྱེད། །སྨིན་པ་ཐམས་ཅད་འབྱེད་ཅིང་སེལ། །རྩ་དབུགས་བསལ་བས་སྨན་གཞན་ཕན། །ཐང་མ་ཞུ་བར་སྨན་གཞན་ཡང་། །འབྲས་བུ་གསུམ་པོ་ཞོ་རེ་ཆ་ནི་བསྙམས་པར་བྱ། །ཆུ་སྲང་ཉི་ཤུར་སྦང་མལ་བསྐོལ། །ཁུ་བ་སྲང་གསུམ་ལུས་པ་ཙམ། །བཏང་བས་དུག་སོགས་རིམ་[རིམས]ནད་དང་། །མ་ཞུ་གཅོང་སྐྲན་ཆུ་སོའི་ནད། །སྟེང་ཚད་པག་[པགས]ནད་ཆུ་བསྲི་དང་། །བད་མཁྲིས་རྒྱས་པའི་ནད་རྣམས་སེལ། །འཁྲུ་བར་འདོད་ན་སྨན་ཐུན་བསྐྱེད། །འབྲས་བུ་གསུམ་པ་ཆ་བསྙམས་གོང་བཞིན་གདུའ། །ཁུ་བ་དྲོན་མོ་མར་ཞོ་གཅིག །བསྐྲུག་[དཀྲུགས]པས་འཇམ་ཙམ་དགོངས་ཀྱི་ཟས་བཅག་ལ། །ནུབ་མོ་ཟས་བཅག་དགོང་བདུན་བར། །བཏང་བས་རིམས་ནད་ཀུན་དང་གློ་ནད་དང་། །དབུགས་མྱི་བདེའ་དང་སྙིང་ནད་བསྙོམ[སྙོམས]། །དྲོད་ཆུང་ཁ་ཟས་མེ་[མི]འཇུ་སྦོས་པ་དང་། །ཁོང་པ་མེ་[མི]བདེའ་ཆམ་པ་སྲིན་བུའི་ནད། །ཤུ་འཐོར་གཡོན་[གཡན]པ་མཛེ་ནད་དང་། །མྱིག་སེར་རྐོག་[ལྐོག]མ་སྐྲངས་པ་དང་། །ཁྲག་རྒྱས་ཆུ་སེར་མཆིན་ནད་དང་། །མཚེར་མྱིག་གླད་ནད་གཞོག་[གཞོགས]ཕྱེད་ན། །དེ་སོགས་ནད་རྣམས་སེལ་བར་བྱེད། །རྟག་ཏུ་འདི་བསྟེན་སྤྱི་ཐེར་སྐྲང་[སྐྲ]ཡང་སྐྱེ། །སྐྲ་དཀར་ནག་པོར་འགྱུར་ཞིང་གཉེར་མ་བསྲུངས། །རྒས་དཀའ་བ་སྤུ་སོ་ཡང་སྐྱེ། །མ་ནུ་ཀན་ཏ་[ཀཎྜ]ཀ་རི་སྒ། །སླེ་ཏྲེས་ཐང་གདུས་དངས་དལ་བཏང་། །ཁྲག་དང་འདུ་བ་འཁྲུག་པ་སེལ། །མ་ནུ་སླེ་ཏྲེས་ཀན་ཏ་[ཀཎྜ]ཀ་རི་སྒ། །བོང་ང་དཀར་པོ་ཐང་དུ་གདུས་པ་བཏང་། །རིམས་ནད་མ་ཞུ་མ་སྦྱིན་དང་། །ཚ་བས་ལུ་ཞིང་དབུགས་མི་བདེའ་བ་སེལ། །ཏིག་ཏ་དང་ནི་ལི་ག་དུར། །དངས་ཁུ་འདི་རྣམས་ཞོ་གཉིས་གཉིས། །ཆུ་ཕུལ་གསུམ་ལས་ཕྱེད་དུ་གདུས། །ཁྱོར་རེ་ཁོལ་[ཁྱེའུ]སུས་དག་ལ་གཏང་། །མཁྲིས་ནད་ཐམས་ཅད་སེལ་བར་བྱེད། །
ཏིག་ཏ་བྱི་ཚེར་ཛ་ཏི་སྐྱུ་རུ་ར། །ཐང་དུ་བཏང་བས་ཚ་བ་ཀུན་ཡང་སེལ། །ཏིག་ཏ་སླེ་ཏྲེས་ལི་ག་དུར། །དོང་ཁ་བ་ལི་[ལེ]པ་ཏོ་ལ། །པུ་ཙེ་ཤེལ་རྣམས་ཞོ་རེ་རེ། །ཆུ་ཕུལ་གསུམ་ལ་གསུམ་ཆ་ལུས། །ཐུན་གསུམ་བཏང་བས་རིམས་ནད་གསར་རྙིང་དང་། །ཤ་སེར་མྱིག་སེར་ཀུན་ཀྱང་སེལ། །སླེ་ཏྲེས་དང་ནི་གླ་སྒང་དང་། །བོང་ང་དཀར་པོ་བཅའ་སྒ་རྣམས། །ཐང་དུ་གདུས་ནས་བཏང་བ་ཡི། །རླུང་ནད་མཆིན་ནད་ཐམས་ཅད་དང་། །ཕོ་བ་མི་བདེའ་རིམས་ནད་སེལ། །སྨད་ཀྱི་གྲང་དྲོ་སྙོམས་པར་བྱེད། །སླེ་ཏྲེས་ཏིག་ཏ་ཨ་རུ་ར། །གླ་སྒང་རྣམས་ནི་ཆུར་གདུས་བཏང་། །ཁྲག་མཁྲིས་རྩ་རུ་ཕུལ་བར་བྱེད། །འོམ་བུ་སེ་རྒོད་སྐྱུ་རུ་ར། །ཤིང་མངར་གོ་སྙོད་ཆུ་ལ་གདུའ། །གློ་སྙིང་ཚ་བ་སེལ་བར་བྱེད། །འོམ་བུ་ཤིང་མངར་གོ་སྙོད་གསུམ། །གདུས་བཏང་ཁ་སྐམ་སྐོམ་པ་སེལ། །ཁ་རུ་ཚ་དང་ཤིང་ཀུན་སྒ། །གདུས་བཏང་སྦོས་པའི་ནད་རྣམས་སེལ། །ཁ་རུ་ཚ་དང་ཤིང་ཚ་དང་། །བུ་རམ་སྦྱར་ནས་ཐང་དུ་བཏང་། །དེའི་རླུང་སྐྲན་སེལ་བར་བྱེད། །ཁ་རུ་ཚ་དང་བཞི་མོན་བ་རུ་རའི་ཐང་། །དེ་ཡིས་བད་སྐྲན་སེལ་བར་བྱེད། །ཁ་རུ་ཚ་དང་ཤིང་ཀུན་དང་། །བུ་རམ་ཐང་གིས་རླུང་གཟེར་འཇོམས། །སྐྱུ་རུ་ར་དང་མ་ནུ་བྱི་ཚེར་མས[མ]། །ཐང་དུ་གདུས་ནས་བཏང་བ་ཡི། །ཟུང་[ཟུངས]ཟད་ཚ་བ་སེལ་བར་བྱེད། །གླ་སྒང་དང་ནི་པུ་ཙེ་ཤེལ། །པི་པི་ལིང་དང་མུ་[མཱུ]ལ་དང་། །ཨ་རུ་ར་དང་ཁྲུམ་ཁྲུམ་བརྡུངས། །ཆུ་བྲེ་གསུམ་ལས་ཁྱོར་གང་ལུས། །བཏངས་[བཏང]བས་གློ་སྙིངས་[སྙིང]མཆིན་གཟེར་དང་། །འཁྲུག་རིམས་ཐམས་ཅད་སེལ་བར་བྱེད། །འབྲུག་རུས་དང་ནི་ཏིག་ཏ་དང་། །རུས་པ་སྙིང་[རྙིང]པ་ཤིང་ཀུན་རྣམས། །ཆུ་ལ་གསུམ་ཆ་གདུས་བཏང་བས། །འགོ་[མགོ]བོའི་ནད་རྣམས་སེལ་བར་བྱེད། །
བྲག་ཞུན་མཁྲིས་ཆེན་དོམ་མཁྲིས་གསུམ། །གདུས་བཏང་མཆིན་ནད་ཐམས་ཅད་སེལ་བར་བྱེད། །བྲག་ཞུན་གུར་གུམ་པར་པ་ཏ། །གདུས་བཏང་མཆིན་ནད་ཐམས་ཅད་སེལ། །ཤིང་ཀུན་སྒ་གཉིས་གདུས་བྱས་ན། །ཁ་རུ་ཚ་ནི་ཁ་ཚར་གདབ། །བཏང་བས་སྙིང་རླུང་སེལ་བར་བྱེད། །རྒུན་འབྲུམ་ཤིང་མངར་གུར་གུམ་དང་། །ཅུ་གང་ཀ་ར་བཏབ་པའི་ཐང་། །གྲེ་བའི་ནད་རྣམས་སེལ་བར་བྱེད། །ཙན་དན་དཀར་དང་ཅུ་གང་དང་། །ལི་ཤི་ག་བུར་གུར་གུམ་རྣམས། །ཀ་ར་དག་དང་སྦྱར་བཏང་ན། །གྲེ་བ་ཚ་བའི་ནད་རྣམས་སེལ། །ལི་ག་དུར་ནི་སྲོ་ལོ་དཀར། །ཐང་གདུས་ཀ་ར་བཏབ་བཏང་ན། །གློ་ཚད་ཐམས་ཅད་སེལ་བར་བྱེད། །ཛ་ཏི་ཅུ་གང་གུར་གུམ་དང་། །ཙན་དན་དཀར་དམར་ག་བུར་རྣམས། །གདུས་བཏང་དངུལ་[རྔུལ]ནི་དབྱུང་བར་བྱ། །དེ་ཡིས་སྙིང་ཚད་སེལ་བར་བྱེད། །ཙི་ཏྲ་ཀ་དང་དབྱིའ་མོང་ཉུ་[མྱུ]གུ་དང་། །པི་པི་ལིང་དང་ཚ་སྣ་གསུམ། །ཆ་བསྙམ་ཐང་གིས་གྲངས་[གྲང]སྐྲན་འཇོམ[འཇོམས]། །བ་ལི་[ལེ]ཀ་དང་ལི་ག་དུར། །ཙན་དན་ཏིག་ཏ་སྐྱུ་རུ་ར། །ཆུ་བྲེ་དོ་ལས་ཁྱོར་གང་གདུས། །བཏང་བས་ཁྲག་མཁྲིས་གཟེར་བ་སེལ། །ཉེའུ་ཤིང་བའི་རྩ་བ་བསྐམ། །བུར་[བུ]རམ་སླེ་ཏྲེས་ཞོ་རེའི་ཚད། །ཆུ་ཕུལ་གསུམ་ལས་ཕུལ་དོར་གདུས། །ཚ་གྲང་སྙོམས་པའི་ཐང་ཡིན་པས། །འཁྲུ་བའི་མདོག་ལ་བལྟ་བ་ནི། །སེར་ན་འོ་མ་བཏང་བར་བྱ། །སྐྱ་བོ་བེའུ་སྣབ་[བེ་སྣབས]མཆོག་ཏུ་བཏང་། །ལྦུ་ཅན་འཁྲོག་ཅིང་ཟུག་ཟེར་[གཟེར]ཆེ། །བུ་རམ་བཅའ་སྒ་འོ་མ་ཀ་ར་བཏབ་ལ་བཏང་། །ཁྲག་འཁྲུ་འོ་མ་ངོམ་ཚད་བཏང་། །འཁྲུ་བ་ཀུན་ལ་འོ་མ་ཤ་རུལ་ཆུ་རྒོད་སྤང་། །ཆུ་བསྐོལ་བསྒྲངས་བ་བསྐོམ་[སྐོམ]དུ་བཏང་། །སེར་ལ་སྐོམ་དད་ཆེ་ན་ཆུ་གྲང་ངོམ་ཚད་གཏང་། །ཟུག་གཟེར་ཆེ་ན་མར་ཁུ་ཚག་[ཚགས]ཚད་བཏང་། །ལྕམ་པ་སྐམ་རློན་ས་མེད་དང་། །ལུག་ཚོན་ཚང་ར་བརྡུངས་པ་རྣམས། །ཆུ་ཁལ་ཕྱེད་ལས་བྲེ་དོར་གདུས། །ཁོལ་[ཁྱེའུ]སུས་ཕུལ་རེ་ཙམ་རེ་བཏང་། །ཆུ་བཏང་རྗེས་ལ་རྔུལ་ཅིང་ན་བ་དང་། །མཁལ་རྐེད་ལྟེམ་ཞིང་ན་བ་དང་། །རླུང་དང་ཚ་བ་འཐབ་པ་དང་། །མཆོག་ཏུ་བུད་མེད་ནད་ལ་ཕན། །ཐང་སྨན་བཅུ་དགུ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
ལེའུ་བཅུ་བཞི་པ། ཕྱེ་མའི་སྡེ་བསྟན་པ།
ཕྱེ་མ་སུམ་ཅུ་རྩ་གཅིག་བསྟན། །བསིལ་སྣ་དངུལ་ཆུས་འདྲེན་པ་སྟེ། །དངུལ་ཆུའི་བྱ་ཐབས་དུག་འདོན་དང་། །བསྲེག་ཐབ་[ཐབས]བྱང་ཁོག་ཏི་ཀར་ལྟོས། །མཆིན་པའི་ནད་ལ་བྲག་ཞུན་ཏེ། །དབྱེའ་དང་གདུའ་ཐབས་བསྟན་པ་ནི། །བྲག་ཞུན་ས་དང་འདྲེས་པ་དེ། །རྫ་སྣོད་ནང་དུ་ཆུ་དང་སྦྱར། །བཀྲུག་[དཀྲུག]ཅིང་འབྲུམ་བུ་བཤིག་པ་དང་། །ལེགས་པར་བཞུར་ལ་ས་དང་དབྱེའ། །ས་མེད་ཁུ་བ་ལེགས་པ་དང་། །མཁར་དུ་མི་བཅུག་བསྐྲུགས་[དཀྲུགས]ལ་བསྐོལ། །ལུག་ཞོ་ཙམ་དུ་ནར་ནར་སོང་། །གྲོད་པའི་ནང་དུ་བླུགས་ལ་སྦ། །དེ་ནི་གུར་གུམ་བསིལ་གྱི་གཙོའ། །ཅོང་ཟི་[ཞི]ལེགས་པའི་མཚན་ཉིད་ནི། །མྱིག་སྔར་སྲ་སྲ་འདྲ་བ་ལ། །སོ་ཡི་འོག་ཏུ་མནན་ན་འབོལ། །ཞིབ་ཚགས་དར་ཚགས་ནང་ནས་བཏོན། །མ་ཧེའི་འོ་མས་ཐིམ་པར་བཙོའ། །དེ་ཡང་སྐམ་ལ་བཏགས་པར་བྱ། །ཡང་ན་ཅོང་ཟི་[ཞི]ལེགས་བཏགས་ནས། །ཞི་གའི་[ཞིག་དཀའི]རྐོང་བུའི་ནང་དུ་བླུགས། །སོའུ་བའི་མྱེ་ལ་སྦུད་པས་བུས། །ཞུའམ་དཀར་པོར་སོང་བ་དང་། །ཞིབ་བཏགས་སྦྲང་ལ་སྦྱར་བར་བྱ། །ཆུ་སེར་ནད་ལ་མུ་ཟི་གཙོའ། །བྱ་ཐབས་བྱང་ཁོག་ཏི་ཀར་ལྟོས། །དངུལ་ཆུས་རྣག་དང་ཆུ་སེར་སྐེམ། །ཚད་རོ་དམུའ་འོར་ནད་རྣམས་སེལ། །སྟོང་[སྟོངས]ཚད་རྙིང་ལ་སྤང་བར་བྱ། །ཅོང་ཟིའི་[ཞི]ལུས་ཀྱི་བཅུད་ལེན་ཏེ། །རྒས་དཀའ་ཚེ་རིངས་[རིང]ལུས་སྟོབས་ཆེ། །མདོག་སྣུམ་ལུས་ཡང་ཁམ་[ཁམས]ཀྱང་བཟང་། །དྲོད་སྨན་ཀུན་གྱིས་སྣ་འདྲེན་ཏེ། །ལྷག་པར་བད་ཀན་ནད་ལ་བསྔགས། །སྨུག་པོ་དག་ལ་སྤང་བར་བྱ། །སྣོད་ནད་ཀུན་ལ་ཤེས་པ་སྟེ། །མཁྲིས་པའི་ནད་ལ་སྤངས་པར་བྱ། །མུ་ཟི་གདུལ་ཐབས་བྱ་ཐབས་ཀྱང་། །བྱང་ཁོག་ནང་དུ་བསྟན་པར་བྱ། །ཡོན་ཏན་ཅོང་ཟིའི་[ཞིའི]སྐབས་དང་མཐུན། །ལྷག་པར་ལུས་ཀྱི་མདོག་བཟང་ཞིང་། །ལྟོའི་འདུན་པ་ཆུང་བ་ཡིན། །
ད་ནི་ཡན་ལག་བརྒྱད་པར་བཤད། །ག་བུར་དང་ནི་བཟང་པོ་དྲུག །གླ་སྒང་སྤང་སྦོས་ལྕགས་ཕྱེ་དང་། །ཚ་བ་གསུམ་དང་ཤིང་ཚ་དང་། །ཙན་དན་དཀར་དམར་རྡོ་དྲག་[དྲེག]དང་། །ཟི་ར་དཀར་ནག་ཨ་དཀར་ནག །གེ་སར་རྣམ་གཉིས་བ་ལི་[ལེ]ཀ །ཨུཏྤལ་སྔོན་པོ་འབུག་སུག་[འབུ་སུ]ཧང་། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །ཀ་ར་དཀར་པོ་དྲུག་འགྱུར་སྦྱར། །དེ་ཡི་ཕན་པའི་ཡོན་ཏན་ནི། །ཚ་བས་ཡི་ག་འཆུས་པ་དང་། །ལུད་པ་སྐད་འགག་དབུགས་མེ་[མི]བདེའ། །ཕོ་བ་གྲང་དང་ཁྲག་ཏུ་སྐྱུག་པ་དང་། །མི་བཟད་སྐིག་[སྐྱིགས]བུའི་ནད་རྣམས་དང་། །རིམས་ནད་གཤའ་[ཀྵ]ཡ་མཁྲིས་པ་རྒྱས། །ཁྲིག་[འཁྲིག]དང་འཁྲུ་དང་ཚེ་བའི་ནད། །སྙིང་ནད་མི་དྲན་ཚ་བས་མྱོས། །མཚེར་མཆིན་ཚ་བས་རྩིབ་ལོག་[ལོགས]གཟེར། །གཞང་འབྲུམ་ཁྲག་ཏུ་འཁྲུ་ལ་ཕན། །ག་བུར་བཟང་དྲུག་ཤིང་ཚ་དང་། །ཨ་རུ་ར་དང་ཨུཏྤལ་སྔོ། །ཙན་དན་ཏིག་ཏ་སྐྱུ་རུ་ར། །སེའུ་འབྲུ་ཀ་ར་དྲུག་འགྱུར་སྦྱར། །དུག་དང་ཁྲག་ཚད་མྱིག་སེར་དང་། །གློ་སྙིང་ཚ་བ་སེལ་བར་བྱེད། །ག་བུར་ཅུ་གང་ལི་ཤི་དང་། །བ་ལི་[ལེ]ཨུཏྤལ་སྤང་སྤོས་དང་། །ཤིང་མངར་སྦྲང་རྩི་བུ་རམ་མཚའ། །པུ་ཙེ་ཤེལ་རྣམས་ཀ་རར་སྦྱར། །གང་[གངས]ཆུ་དག་གིས་ཕུལ་ལ་གཏང་། །ཚ་བ་ཐམས་ཅད་སེལ་བར་བྱེད། །ག་པུར་ཅུ་གང་གུར་གུམ་དང་། །གོ་ཏོལ་[དོར]བསེའ་རུ་རྒྱ་སྐག་མཚལ། །ཤིང་མངར་རྣམས་ནི་ཀ་ར་རྣམས། །གླ་སྒང་ཐུལ་བའི་མེ་ཏོག་རྣམས། །ལྕགས་ཕྱེ་ཚན་དང་བྲེ་ག་རྣམས། །རྣག་རྣམས་གཅོད་ཅིང་སྐེམ་པ་ཡིན། །ག་བུར་ཅུ་གང་གུར་གུམ་དང་། །སུག་སྨེ་[སྨེལ]སྤང་སྤོས་ཏིག་ཏ་དང་། །པུ་ཙེ་ཤེལ་རྣམས་ཀ་རར་སྦྱར། །གཅོང་སྙིང་དུག་སར་ཐམས་ཅད་སེལ། །ག་བུར་ཇུ་[ཅུ]གང་གུར་གུམ་དང་། །ཏིག་ཏ་བ་ཤ་དུག་མོ་ཉུང་། །གསར་[གསེར]གྱི་མེ་ཏོག་ཀ་རར་སྦྱར། །མཆིན་ཚད་ཐམས་ཅད་སེལ་བར་བྱེད། །ག་བུར་ཅུ་གང་ཏིག་ཏ་དང་། །གླ་རྩེ་[རྩི]སེའུ་འབྲུ་སྐྱུ་རུ་ར། །ཀ་ར་བཞི་འགྱུར་དག་དང་སྦྱར། །སྙིང་ཚད་མ་ལུས་སེལ་བར་བྱེད། །ག་བུར་ཙན་དན་གུར་གུམ་མཚེ། །སྤང་སྤོས་གེ་སར་ཀ་རར་སྦྱར། །མཚེར་ནད་ཐམས་ཅད་སེལ་བར་བྱེད། །ག་བུར་ཙན་དན་ཨ་དཀར་ནག །ཅུ་གང་ཨུཏྤལ་ཀ་རར་སྦྱར། །ཚ་བ་རྙིང་པ་ཐམས་ཅད་སེལ་བར་བྱེད། །ག་བུར་ཅུ་གང་སུག་སྨེ་[སྨེལ]དང་། །ཛ་ཏི་ལི་ཤི་ཏིག་ཏ་རྣམས། །ཀ་ར་དང་སྦྱར་ཚ་བ་གསར་རྙིང་ཐམས་ཅད་སེལ། །ཁྱད་པར་ཕོ་མཆིན་ཚ་བ་སེལ། །ག་པུར་ཅུ་གང་གུར་གུམ་མ་ནུ་དང་། །ཏིག་ཏ་འུ་སུ་སུམ་ཅུ་ཏིག །ཆ་བསྙམས་ཀ་ར་དྲུག་འགྱུར་སྦྱར། །སྨུག་པོའི་ཚ་བ་ཆེ་བ་ལ། །དང་པོ་མ་ནུ་གཅིག་ཐང་གཏངས[གཏང]། །དེ་འོག་གཅིག་ཐང་འབྲས་བུ་གསུམ། །དེ་ནས་ཕྱེ་མ་འདི་བཏང་བས། །སྨུག་པོའི་ནད་རྣམས་སེལ་བར་བྱེད། །ག་བུར་ཅུ་གང་ཏིག་ཏ་དང་། །ཨ་བར་ཤུ་གུ་[ཤུག་པ་]མཁལ་ཞོ་ཤ །ཀ་ར་དྲུག་འགྱུར་སྦྱར་བ་ཡིས། །མཁལ་མའི་ཁྲག་མཁྲིས་ཚ་བ་ཐམས་ཅད་སེལ། །ག་བུར་གུར་གུམ་ཅུ་གང་ཤིང་མངར་དང་། །ཏིག་ཏ་དང་ནི་པུ་ཙེ་ཤེལ། །ཀ་ར་དཀར་པོ་དྲུག་འགྱུར་སྦྱར། །དུག་ནད་ཐམས་ཅད་སེལ་བར་བྱེད། །གུར་གུམ་ལི་ཤི་འགི་[གི]ཝང་དང་། །བསེའ་རུ་མཚལ་དང་བོང་ང་དཀར། །འཇམ་འབྲས་གླ་རྩི་ཙན་དན་དང་། །ཚ་བ་གསུམ་དང་ཀ་ར་སྦྱར། །བཏང་བས་མཆིན་རྒུད་བུག་ཞན་[བྲག་ཞུན]དང་། །སྲིན་བུ་འཁྲོལ་མ་དག་དང་ནི། །ཕྱེ་[ཕྱི]འཕྲེད་སྦོས་དང་འཕྲེད་ཉལ་དང་། །མཁལ་མ་སྣད་དང་ཆུ་བསྲི་དང་། །བར་གྱི་ནད་རྣམས་ཐམས་ཅད་སེལ། །གུར་གུམ་ལ་སོགས་བཟང་པོ་དྲུག །ཤིང་ཚ་ཤིང་མངར་ག་བརུ་དང་། །ཚ་བ་གསུམ་དང་ཀ་ར་སྦྱར། །གཏང་བས་མཆིན་པ་རྒུད་པ་སེལ། །
གུར་གུམ་ཅུ་གང་སུག་སྨེལ་དང་། །མཚལ་དང་ཏིག་ཏ་ཨ་རུ་ར། །ཀ་རར་སྦྱར་ནས་གཏང་བ་ཡིས། །མཆིན་པའི་ཁྲག་ངན་ཐམས་ཅད་འབྱེད། །གུར་གུམ་ཅུ་གང་བ་ལི་[ལེ]ཀ །སྐྱེར་བ་ཏིག་ཏ་ཨུད་པ་ལ། །སྐྱུ་རུ་ར་རྣམས་ཀ་རར་སྦྱར། །མཆིན་ཁྲག་ཕོ་བར་ལུད་པ་དང་། །སྨུག་པོའི་ནད་རྣམས་སེལ་བར་བྱེད། །གུར་གུམ་འགི་[གི]ཝང་བྲག་ཞུན་དང་། །སེའུ་འབྲུ་ཤིང་མངར་བོང་ང་དཀར། །པི་པི་ལིང་རྣམས་ཀ་རར་སྦྱར། །ཁྲག་མཁྲིས་སྨུག་པོའི་ཚ་བ་སེལ། །སེའུ་འབྲུ་མུ་[མཱུ]ལ་རྣམ་གསུམ་དང་། །ན་[ནཱ]ག་པུས་པ་[པུཥྤ]གེ་སར་དང་། །རྭ་ཚ་ཁ་རུ་ཚ་དང་ཚ་བ་གསུམ། །སུག་སྨེ་[སྨེལ]ད་ལིས་ལི་དོང་ར[གྲ]། །ཏིག་ཏ་གོ་སྙོད་པར་པ་ཐ[ཏ]། །འགྷ་ན་[གནྡྷ]པ་ཏྲ་གཡེར་ཆུང་དང་། །སེའུ་འབྲུ་དང་ནི་བྱིན་པོ་བསྙམ། །སྤྱི་[བྱི]རུག་ཀ་ར་དྲུག་འགྱུར་སྦྱར། །ཁོལ་[ཁྱེའུ]སུས་ཆང་ངམ་ཆུ་ཡིས་ཕུལ། །ཡོན་ཏན་སྨད་ཀྱི་ནད་རྣམས་དང་། །ཁྱད་པར་རྒྱུ་ལོང་ནད་ལ་ཕན། །སེའུ་འབྲུ་དང་ནི་ལ་ལ་ཕུད། །སྤོད་དང་མུ་[མཱུ]ལ་རྭ་ཚ་དང་། །སུག་སྨེ་[སྨེལ]གེ་སར་ལི་དོང་ར[གྲ]། །ན་[ནཱ]ག་པུས་པ་[པུཥྤ]ན་ལེ་ཞམ[ཤམ]། །བ་ལི་[ལེ]ཟི་ར་ཙི་ཏྲ་ཀ །ཁ་རུ་ཚ་དང་ད་ཏྲིག་དང་། །འུ་སུ་ག་[ཀ]བེད་ཀ་རར་སྦྱར། །འཁྲུའ་ནད་ཀུན་དང་སྐྱུགས་པ་དང་། །ཡི་ག་མི་བདེའ་ལྕེ་རྐོག་[ལྐོག]སྐྲངས། །དབུགས་མི་བདེའ་ལ་ཉམས་སྟོབས་ཆུང་། །སྣ་ཆུ་མྱིག་ཆུ་འོང་བ་སེལ། །སེའུ་འབྲུ་འུ་སུ་ཅུ་གང་དང་། །ན་[ནཱ]ག་གེ་སར་གོ་སྙོད་ཟི་ར་དང་། །ད་ལིས་ལ་ལ་ཕུད་དང་ནི། །ད་ཏྲིག་དང་ནི་ཚ་བ་གསུམ། །ཤིང་ཚ་སུག་སྨེ་[སྨེལ]ཙི་ཏྲ་ཙ་[ཀ]། ཆ་བསྙམ་ཀ་ར་དྲུག་འགྱུར་སྦྱར། །མ་ཞུ་བད་ཀན་རྒྱས་པ་དང་། །འཁྲུ་དང་མཁལ་མ་གྲང་བ་སེལ། །སེའུ་འབྲུ་ཤིང་ཚ་སུག་སྨེ་[སྨེལ]དང་། །ན་[ནཱ]ག་པུས་པ་[པུཥྤ]ཚ་བ་གསུམ། །འཛ་ཏི་གུར་གུམ་ཀ་ཀོ་ལ། །ན་[ནཱ]ག་གེ་སར་ཀ་རར་སྦྱར། །བད་ཀན་གྲང་སྐྲན་སྙིང་རླུང་དང་། །ཕོ་བ་གྲང་དང་བད་ཀན་ཆེ། །ཟས་མི་ཞིམ་དང་སྐྱུག་བྲོ་དང་། །མཁལ་རྐེད་ན་བ་སེལ་བར་བྱེད། །སེའུ་འབྲུ་དང་ནི་ཚ་བ་གསུམ། །ཨར་བ་རྒྱ་ཚ་འུ་སུ་དང་། །མ་ནུ་ད་ཏྲིག་མ་རུ་ཙེ། །བུ་རམ་ཀ་ར་གང་རུང་སྦྱར། །བད་རླུང་ལྡིང་[ལྷེན]སྐྲན་སེལ་བར་བྱེད། །
སེའུ་འབྲུ་སུག་སྨེ་[སྨེལ]གུར་གུམ་ཨ་རུ་ར། །ཅུ་གང་རྒྱམ་ཚ་པི་པི་ལིང་། །ཀ་ར་སུམ་འགྱུར་སྦྱར་ལ་གཏང་། །བད་ཀན་སྨུག་པོ་སེལ་བར་བྱེད། །སེའུ་འབྲུ་སྤོད་དང་ན་ལེ་ཞམ[ཤམ]། །དོང་ཁྲ་ཤིང་ཚ་སུག་སྨེ་[སྨེལ]དང་། །ཀ་ཀོ་ལ་དང་ཞི་[ཞིབ]བཏགས་བུ་རམ་སྦྱར། །ཕོ་མཆིན་ནད་དང་ཟས་མི་ཆུད། །མཁལ་རྐེད་གྲང་དང་ཟས་མི་འཇུ། །ཚད་རྙིང་འཁྲུག་པ་རྣམས་ལ་ཕན། །སེའུ་འབྲུ་ཤིང་ཚ་སུག་སྨེ་[སྨེལ]དང་། །ཀ་རར་སྦྱར་བས་དང་ཁ་འབྱེད། །ད་ལིས་ཤིང་ཚ་སུག་སྨེ་དང་། །རྭ་ཚ་ཟི་ར་ཙི་ཏྲ་ཀ །རྒྱམ་ཚ་ཁ་རུ་ལྕེ་མྱང་ཙ། །ཤིང་ཀུན་དབྱི་མོང་ཡ་བག་ཤ་[བཀྵ]ར་དང་། །ཞིབ་བཏབ་[བཏགས]ཀ་ར་བུ་རམ་སྦྱར། །གྲང་སྐྲན་ཐམས་ཅད་སེལ་བར་བྱེད། །ད་ལིས་ཤིང་ཚ་སུག་སྨེ་[སྨེལ]དང་། །ཟི་ར་ནག་པོ་ཚ་བ་གསུམ། །ཀ་ར་དྲུག་འགྱུར་སྦྱར་ལ་བཏང་། །སྟོད་ཚ་སྨད་གྲང་ཕོ་བའི་ཚ་ནད་སེལ། །ཆུ་[ཅུ]གང་ལི་ཤི་གུར་གུམ་བ་ལི་[ལེ]ཀ །ཨུད་པལ་རྡོ་དྲག་[དྲེག]བ་ལི་[ལེ]ཀ །ན་ལེ་ཞམ་[ཤམ]དང་ཆུ་སྲིན་སྡེར། །ཆ་བསྙམས་ཀ་ར་དྲུག་འགྱུར་སྦྱར། །སྣོད་ཀྱི་ཚ་གྲང་འཐབ་པ་དང་། །བད་ཀན་གློ་ལ་འཆར་བ་སེལ། །ཅུ་གང་གུར་གུམ་ཨུཏྤལ་སྔོ། །གླ་སྒང་སུག་སྨེ་[སྨེལ]ན་ལེ་ཞམ[ཤམ]། །སེའུ་འབྲུ་ཤིང་ཚ་ཀ་ར་དྲུག་འགྱུར་སྦྱར། །ལུད་པ་རྣག་ཅན་སེལ་བར་བྱེད། །ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་ཚ་སེའུ་འབྲུ་རྣམས། །ཀ་ར་བཞི་འགྱུར་སྦྱར་ལ་བཏང་། །གློ་གཅོང་ཟག་བྱེད་དུག་ནད་སེལ། །ཁྱུང་སྡེར་བོང་ང་འོམ་བུ་དང་། །གླ་རྩི་གུར་གུམ་ཏིག་ཏ་དང་། །བསེའ་རུ་འགི་[གི]ཝཾ་མུ་ཏིག་རྣམས། །ག་བུར་སེའུ་འབྲུ་ཀ་ར་བརྒྱད་འགྱུར་སྦྱར། །སྦྱར་དུག་ཐམས་ཅད་འཇོམས་པར་བྱེད། །
ཙན་དན་དཀར་དམར་དོང་ཁྲོ་[གྲ]དང་། །སྤང་སྤོས་ཤེལ་ཙེ་བྱིལ་[བིལ]བ་དང་། །ག་བུར་ན་[ནཱ]ག་གེ་སར་པུས། །གསེར་ལ་མེ་ཏོག་དུག་མོ་ཉུང་། །བ་ལི་[ལེ]ཀ་དང་པ་ཏོ་ལ། །འཛ་ཏི་ཨུཏྤལ་ཨ་འབྲས་སྐྱེར་པ་རྣམས། །ཀ་ར་དཀར་དང་སྦྱར་བཏང་ན། །བུད་མེད་སྦྲུམ་མ་ན་བ་དང་། །ལུས་སེར་སྦྲུམ་མ་རིམ་[རིམས]ཀྱིས་བཏབ། །སྦྲུམ་མ་འཁྲུ་དང་ཟླ་མཚན་འབྱུང་། །མྱིག་རིང་[རེངས]ཚ་བ་འབོག་ནད་དང་། །ཁ་ཁ་སྐོམ་དད་ལུས་པོ་ཚ། །རིམས་རྙིང་ཚ་བར་སོང་བ་དང་། །བུད་མེད་ཁྲག་ཏུ་འཁྲུ་ལ་ཕན། །ཙན་དན་དཀར་པོ་ཐ་སྐར་དང་། །གྷ་ན་[གནྡྷ]པ་ཏྲ་ག་བུར་དང་། །པྲི་ཡང་ན་[ནཱ]ག་གེ་སར་དང་། །བ་ལི་[ལེ]ཀ་དང་ཤུག་པ་དང་། །ལི་ཤི་དང་ནི་སྤུ་ཙེ་ཤེལ། །འཛ་ཏི་སུག་སྨེ་[སྨེལ]ཨ་རུ་ར། །རྭ་ཚ་དང་ནི་ད་ལི་[ལིས]རྣམས། །ཀ་ར་དྲུག་འགྱུར་དག་དང་སྦྱར། །གློ་དང་དབུགས་མི་བདེའ་བ་དང་། །མཁལ་རྐེད་ན་དང་ཚ་རིམ་[རིམས]བྱིང་། །རྩིབ་གཟེར་ཁ་སྐམ་སྐོམ་པ་སེལ། །ཙན་དན་དཀར་དང་ཨ་དཀར་ནག །འགྷི་[གི]ཝང་དང་ནི་སྤང་རྒྱན་དཀར། །ཅུ་གང་གུར་གུམ་འབུ་སུག་[སུ]ཧང་། །ཤིང་མངར་རྒུན་འབྲུམ་སྲོ་ལོ་དཀར། །ཀ་ར་བརྒྱད་འགྱུར་དག་དང་སྦྱར། །གློ་ཚད་ཐམས་ཅད་སེལ་བར་བྱེད། །རྒྱ་ཏིག་བོད་ཏིག་བལ་ཏིག་དང་། །པི་[བྱི]ཏང་ལྕགས་ཕྱེ་གསེར་མེ་ཏོག །བོང་ང་དཀར་པོ་ཀ་རར་སྦྱར། །བད་རླུང་མཁྲིས་པ་སེལ་བར་བྱེད། །སྟར་བུ་ཤིང་ཚ་ལིག་[ལི]ག་དུར། །གུར་གུམ་སུག་སྨེ་[སྨེལ]སྐྱུ་རུ་ར། །སེའུ་འབྲུ་ཀ་ར་བཞི་འགྱུར་གཏང་། །གློ་མཁྲིས་སྨུག་པོ་སེལ་བར་བྱེད། །ཤིང་མངར་ཤིང་ཚ་བཟང་དྲུག་དང་། །ན་[ནཱ]ག་གེ་སར་བ་ལི་[ལེ]ཀ །ཏིག་ཏ་ཚ་བ་གསུམ་པ་རྣམས། །ཀ་ར་བརྒྱད་འགྱུར་དག་དང་སྦྱར། །གློ་ཚད་མཁྲིས་པ་སེལ་བར་བྱེད། །
དུར་བྱིད་ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་སྟར་བུ་ཁ་རུ་ཚ། །ཀ་ར་གསུམ་འགྱུར་སྦྱར་ལ་གཏང་། །འདུ་བ་གསུམ་གྱི་སྐྲན་དང་མ་ཞུ་སེལ། །དངུལ་ཐལ་རྒྱ་ཚ་རུ་རྟ་དང་། །བྱང་བ་བཞིའི་ཕྱེ་མ་དང་། །ཤ་རྩ་རུས་པའི་འབྲས་རྣམས་སེལ། །རྒྱ་ཚ་སུག་སྨེ་[སྨེལ]སྡིག་སྲིན་བཞི། །བུ་རམ་སྦྱར་བས་ཆུ་འགག་སེལ། །མུ་ཟི་དང་ནི་འབྲས་བུ་གསུམ། །ཞིབ་བཏགས་ཀ་ར་དྲུག་འགྱུར་སྦྱར། །དུག་ཚད་རྙིང་དང་ཆུ་སེར་སེལ། །ཤིང་ཀུན་སེའུ་འབྲུ་ན་ལེ་ཤམ། །མ་ཞུ་དྲོད་ཆུང་སྐྱུགས་པ་སེལ། །ཡ་བག་ཤ་[བཀྵ]ར་ཁ་རུ་ཚ། །ཤུ་དག་ཤིང་ཀུན་ཕྱེ་མ་ཡིས། །མ་ཞུ་ཕོ་ནད་སེལ་བར་བྱེད། །སུག་སྨེ་[སྨེལ]བཙོད་དང་ལ་ལ་ཕུད། །ན་[ནཱ]ག་གེ་སར་པུས་པ་[པུཥྤ]པི་པི་ལིང་། །ཆ་སྙམས་[མཉམ]ཀ་ར་བཞི་འགྱུར་སྦྱར། །བད་ཀན་སྐྱུགས་པ་གཅོད་པར་བྱེད། །འུ་སུ་སླེ་ཏྲེས་འབྲས་བུ་གསུམ། །གུར་གུམ་སྟར་བུ་པི་པི་ལིང་། །དོང་ཁ་མཚེའ་ལྡུམ་ཙི་ཏྲ་ཀ །གོ་སྙོད་སེའུ་འབྲུ་ལ་ལ་ཕུད། །ཏིག་ཏ་མ་ནུ་ཤིང་ཚ་རྣམས། །སྦྲང་ངམ་ཀ་ར་གང་རུང་སྦྱར། །སྨུག་པོ་ཚ་གྲང་འཐབ་པ་སེལ། །མྱི་ཐོད་རྒོད་ལྕི་སེར་ག་མ་དང་དབྱིའ་མོ་དང་། །ཟང་[ཟངས]ཐལ་དངུལ་ཐལ་ལྕགས་ཐལ་དང་། །ཡ་བག་ཤ་[བཀྵ]ར་མུ་ཟི་དང་། །རྒྱ་ཚ་དབྱིའ་མོང་ཙི་ཏྲ་ཀ །ཨ་རུ་ར་དང་ཚ་བ་གསུམ། །ཀ་རར་སྦྱར་ལ་ཆང་གིས་ཕུལ། །དམུ་འོར་ནད་རྣམས་སྐེམས་པར་བྱེད། །ག་པུར་ཅུ་གང་གུར་གུམ་དང་། །འཛ་ཏི་ལི་ཤི་འགི་[གི]ཝང་དང་། །ཙན་དན་དཀར་པོ་ལི་ག་དུར། །བསེའ་རུ་གླ་རྩི་ཤུ་མོ་ཟ། །སྲ་འབྲས་མཚལ་དཀར་ཀ་རར་སྦྱར། །རིམས་དང་ཚ་བའི་ནད་རྣམས་དང་། །མཆོག་ཏུ་བྱིས་པའི་ནད་ལ་ཕན། །དབྱིའ་མོང་ལོ་མ་སྐམ་ལ་བཏགས། །གླང་རར་[རྭར]ཆུས་བྲན་སླང་[སླ]ངར་རོག་ཙམ་བསྐམ་བྱས་ལ། །ཞིབ་པར་བཏགས་ལ་དར་ལ་བཙགས། །ཁོལ་སུལ་[ཁྱེའུ་སུས]ཆུ་བསྐོལ་གྱིས་ཕུལ་ན། །མ་ཞུ་དམུ་འོར་གྲང་བ་སེལ། །
གླ་རྩི་ཤིང་ཀུན་སྒོག་སྐྱ་དང་། །པི་[བྱི]ཏང་ཀ་དང་མེ་རུ་ཙེ་ནི་བུར་ཀར་སྦྱར། །རུས་ཁུས་ཕུལ་བས་གླང་ཐབ་[ཐབས]སེལ། །ལྷག་པར་སྲིན་གྱི་གླང་ཐབས་སེལ། །གཡེར་མ་ཨར་[ཨ]བར་ཤིང་ཀུན་ཁ་རུ་ཚ། །མེ་རུ་རྒྱམ་ཚ་ལྕེ་མྱང་ཚ། །བུར་དཀར་ཀ་ར་གང་རུང་སྦྱར། །རླུང་སྐྲན་དུག་རྗེས་ན་བ་སེལ། །ཤུ་དག་མེ་རུ་ཁ་རུ་ཚ། །ཏུང་ཏུང་དེ་རྣམས་ཞིབ་པར་བཏགས། །མ་ཞུ་སྐྱུག་བྲོ་དབུགས་མི་བདེའ། །རླུང་དང་རླུང་ཁྱིམ་རྩིབ་ལོག་[ལོགས]གཟེར། །སྙིང་ནད་བད་ཀན་རྒྱས་པ་དང་། །མྱིག་སེར་ཆུ་འགག་སྐྲན་རྣམས་དང་། །རྟུག་སྐམ་གྲང་རིམ་ཤུ་ཐོར་འབྱུང་། །དམུའ་རྫིང་སྐྲངས་པའི་ནད་རྣམས་སེལ། །
ཡ་བག་ཤ་[བཀྵ]ར་ཙིཏྲ་ཀ །དབྱིའ་མོང་རྩ་བ་པི་པི་ལིང་། །དེ་ཡི་མུ་[མཱུ]ལ་དོང་ཀ་དང་། །གསེར་[བསེ]སྦུར་ཀ་ར་དྲུག་འགྱུར་སྦྱར། །སྐྲན་དང་མེ་དྲོད་ཉམས་པ་སེལ། །གསེར་ལ་མེ་ཏོག་བར་བ་ཐ[པར་པ་ཏ]། །ལྕགས་ཕྱེ་ཀ་ར་བརྒྱད་འགྱུར་སྦྱར། །འདུ་བ་གསུམ་གྱི་ཚ་བ་སེལ། །གླ་རྩི་ཤུ་དག་རྒྱམ་ཚ་དང་། །སྤོད་དང་ཉ་ཁྱི་རྩི་བཞིན་བཏབ། །གྲེ་བའི་འགག་པ་སེལ་བར་བྱེད། །ཨ་རུ་ར་དང་དབྱིན་མོང་དང་། །ཚ་བ་གསུམ་དང་ཁ་རུ་ཚ། །སེའུ་འབྲུ་ད་ལིས་སྟར་བུ་དང་། །ལི་ཤི་བུ་རམ་སྦྱར་བཏང་ན། །བད་ཀན་ལྡེང་[ལྷེན]སྐྲན་འཇོམས་པར་བྱེད། །ཤིང་ཀུན་དང་ནི་ཁ་རུ་ཚ། །སེའ་འབྲུ་སྟར་བུ་བཅའ་སྒ་རྣམས། །སྙིང་ནད་གྲང་བ་སེལ་བར་བྱེད། །སྟག་ཤ་བ་ནི་ཕུལ་གང་ལ། །ཀ་ར་དེ་དང་མཉམ་པར་སྦྱར། །སྒ་ནི་དེའི་ཕྱེད་དུ་བཏང་། །རྒྱ་ཚ་ལ་ནི་རིལ་མ་ཙམ། །ཚུག་[ཚགས]ཚད་བཏང་བས་སྐྲན་རྣམས་འཇོམས། །ཁྱད་པར་སྣོད་ཀྱི་སྐྲན་ལ་བསྔགས། །ཟ་འཕྲུག་བྱུང་ན་སྦྱོང་ཆུང་གཏང་། །ཨར་[ཨ]བར་མཚལ་དང་ཅུ་གང་དང་། །ལྕགས་དྲེག་སྦྱར་བས་མྱིག་ནད་སེལ། །ཕྱེ་མའི་ལེའུ་སྟེ་བཅུ་བཞི་པའོ།། །།
ལེའུ་བཅོ་ལྔ་པ། སྨན་མར་གྱི་སྡེ་བསྟན་པ།
ནད་འཇོམས་ལུས་ཀྱི་ཟུང་[ཟུངས]བསྐྱེད་པའི། །སྨན་མར་སུམ་ཅུ་རྩ་གཅིག་བསྟན། །ཅུང་ཟིའི་[ཅོང་ཞིའི]མདོག་ནི་དཀར་པོ་ལ། །བཏགས་ན་འོ་མ་བཞིན་དུ་འོང་། །གདུལ་ན་ཡོན་ཏན་གོང་བཞིན་ཤེས། །སྨན་མར་དག་གི་བྱ་བ་ཡང་། །འོ་མས་སྣ་རེང་[རིང]བཅུད་འཕེལ་ཏེ། །མར་གྱི་བཅུད་ལེན་ཆུས་ཁོང་ཚོས། །སྦང་མས་བཅུད་རྣམས་འཐོན་པ་སྟེ། །གདུས་པས་སྨན་དང་མར་དུ་ཞེན། །བསྐྲུག་[དཀྲུགས]པས་འཇུ་བ་སླ་བ་ཡིན། །ཆུ་ཚད་མཐུན་པར་གོང་སྐད་འདོན། །རྩིག་མ་མི་འབྱར་དྲིལ་བུ་བཏུབ། །ཐབ་ཏུ་བླུགས་པས་སར་[སུར]སྒྲ་མེད། །དེ་ནི་ཆུ་ཆོད་ཚད་ཡིན་ནོ། །མ་ཚོས་འཇུ་དཀའ་ཕོ་བའི་མེ་དྲོད་འཆོར། །ཚོས་པར་ཐལ་ན་སྨན་ནུས་ཆུང་། །ཅུང་ཟི་[ཅོང་ཞི]དང་ནི་ཚ་བ་གསུམ། །རྒྱམ་ཚ་རྭ་ཚ་ཁ་རུ་ཚ། །ཡ་བག་ཤ་[བཀྵ]ར་ཤིང་ཀུན་དང་། །བཟང་དྲུག་མ་ནུ་སེའུ་འབྲུ་རྣམས། །སྦྱར་བས་རླུང་མཁྲིས་བད་ཀན་དང་། །མ་ཞུ་ཕོ་དྲོད་ཉམས་པ་དང་། །ཟུང་[ཟུངས]ཟད་ཡི་ག་འཆུས་པ་དང་། །རླུང་ནད་སྟོང་དང་སྐྱ་རྦབ་དང་། །ཆུ་སེར་ཟག་གུ་[ཟགས་ཁུ]མཁལ་རྐེད་དང་། །བུ་བཙས་རྗེས་ན་རྦོས་འཁྲོག་སེལ། །རྒས་དཀའ་གདོན་གྱིས་མི་ཐུབ་ཅིང་། །སྐུ་ཚེ་ཉི་ཟླ་གཉིས་དང་མཉམ། །འབྲས་བུ་གསུམ་དང་ཚ་བ་གསུམ། །སུག་སྨེ་[སྨེལ]སླེ་ཏྲེས་སྦྱར་བ་ལ། །ཆུ་ཆོད་མར་ནི་ལུས་པ་ལ། །བུ་རམ་སྦྲང་དང་སྦྱར་ལ་གཏང་། །མཆོག་ཏུ་འདུ་བ་འཁྲུག་པས་སྙོམས། །འབྲས་བུ་གསུམ་གྱི་སྨན་མར་སྦྱར། །འཛ་ཏི་སུག་སྨེ་[སྨེལ]ཁ་རུ་ཚ། །རྭ་ཚ་ཤིང་ཚ་ལྕེ་མྱང་ཚ། །བརྩབ་[རྩབས]རུ་ཚ་དང་ལྕེ་ཚ་དང་། །ཚ་བ་གསུམ་པོ་འདི་རྣམས་བླུགས། །བུ་རམ་ཁ་བླངས་འབྲི་མར་བླུགས། །སྙིང་རླུང་བད་ཀན་སེལ་བར་བྱེད། །འབྲས་བུ་གསུམ་པོ་ལྔ་ལྔ་སྟེ། །བུར་སྲང་ཉི་ཤུ་ཤིས་པ་ཡིན། །ལི་ཏོང་ར་[དོང་གྲ]དང་པི་པི་ལིང་། །ན་ལེ་ཞམ་[ཤམ]དང་ཤིང་ཚ་དང་། །དུང་[དུག]མོ་ཉུང་དང་བོང་ང་དཀར། །འཛ་ཏི་དང་ནི་སྙིང་ཞོ་ཤ །གཟེའ་མ་འདི་རྣམས་ལྡབ་ཏུ་བྱ། །དེའི་སྨན་མར་ཆང་དང་བསྟུན། །བཏང་བས་རླུང་དང་ཆུ་སེར་འཇོམས། །
ད་ནི་རྩ་བའི་སྦྱོར་བ་བསྟན། །རྩ་བ་ལྔ་དང་དོང་ཀ་[ག]དངས་པའི་སྤོད། །ན་ལེ་ཞམ་[ཤམ]རྣམས་ཚུལ་བཞིན་སྦྱར། །བུ་རམ་ཁ་བླངས་བཏང་བ་ཡིས། །མཁལ་རྐེད་ནད་དང་སྨད་གྲང་དང་། །ཆུ་སེར་ཚ་ནད་ཤ་སྐམ་དང་། །མཆོག་ཏུ་བུད་མེད་ཚབ་[ཚབས]ཀྱི་ནད་ལ་བསྔགས། །རྩ་བ་ལྔ་དང་ཨ་རུ་ར། །བ་རུ་ར་དང་སྒ་རྣམས་ནི། །བྲེ་གང་དག་གི་ཁུ་བ་ལ། །མར་ཁུ་ལ་སོགས་འོ་མ་བླུགས་བཞིན་བསྐོལ། །མངར་གསུམ་ཁ་བླངས་བཏང་བ་ཡིས། །མཁལ་ནད་ཐམས་ཅད་སེལ་བ་སྟེ། །ལྷག་པར་ཟུག་གུ་[ཟགས་ཁུ]འོད་ཉམས་སེལ། །རྩ་བ་ལྔ་ལ་གྲིབ་སྐམ་བྱ། །ཚུ་བྲེ་གསུམ་དང་འབྲི་མར་སྦྱར། །མངར་གསུམ་ཁ་བླངས་བཏངས་[བཏང]བ་ཡིས། །རླུང་དང་ཚ་ཆུ་ཆུ་སེར་སེལ། །ཨར་[ཨ]བར་ཨ་བ་པི་པི་ལིང་། །རྒྱ་ཚ་གླ་རྩི་སྲིན་བུ་དང་། །སྦལ་པ་འབུ་སྐོག་[སྐྱོགས]སུག་སྨེ་[སྨེལ]རྣམས། །བུ་རམ་མར་དང་སྦྱར་བཏང་བས། །མཁལ་རྩའི་ནད་དང་རྡེའུ་ནད་དང་། །རྨེན་རྣམས་ཐམས་ཅད་འཇོམས་པར་བྱེད། །ཨར་[ཨ]བར་སྲིན་མེད་རྣམ་པར་རྒྱལ། །གསེར་མདོག་ཤ་ཆེན་མཆུ་རེངས་[རིང]དང་། །གྲངས་ནི་སུམ་ཅུ་རྩ་བརྒྱད་ལ། །ཁུར་མོང་ཐལ་བར་ཞག་གསུམ་སྦང་། །བཀྲུས་ལ་ཕྱིའི་ཤུན་པ་བཤུའ། །དེ་རྣམས་སྨྱུང་གིས་གཙག་ལ་བཞག །ཤིང་ཚ་ཚ་བ་གསུམ་ལ་ཞོ་རེ་རེ། །ག་པུར་དེ་ཡི་ཕྱེད་དུ་བྱས། །སྨན་གཞན་ཆ་ཡིས་དབྲེའ་[དབྲི]བར་བྱ། །བཟང་དྲུག་ལ་སོགས་གང་འགྲོའི་སྨན། །མར་བྲེ་བཞི་རུ་སྨན་མར་བླུགས། །བསྐྲུག་[དཀྲུག]ཅིང་ཞག་བདུན་བར་དུ་བསྣོའ། །བཀྲུག་[དཀྲུག]ཏུ་མི་འདོད་ཙམ་ན་གཏང་། །ནང་རེ་གསུམ་མམ་ལྔ་ལྔ་གཏང་། །རླུང་དང་བད་ཀན་རྩ་ནད་ཀུན་ལ་ཕན། །སྨན་འདི་སེང་གེ་འདྲ་བ་ལ། །ནད་རྣམས་རི་དྭགས་འཕྲ་མོ་འདྲ། །ནད་འཇོམས་ལུས་ཀྱི་བཅུད་ཀྱང་ལེན། །གཟེའ་མ་བྲེ་གསུམ་ཆུ་བྲེ་དོ་ལ་གདུའ། །ཆུ་ཕུལ་གང་དང་མར་ཕུལ་གསུམ། །འོ་མ་བྲེ་ཕྱེད་བྱས་ལ་གདུའ། །འབྲས་བུ་གསུམ་དང་ཤིང་མངར་པི་པི་ལིང་། །དོང་ཀྲ་[གྲ]སུག་སྨེ་[སྨེལ]ཙི་ཏྲ་ཀ །ད་ལི་[ལིས]ལི་ཤི་ཀ་ཀོ་ལ། །ཞོ་གསུམ་ཚད་དུ་ཀུན་ལ་གཏང་། །མར་དང་སྦྱར་བས་དྲན་པར་འཚལ།།
མཁལ་མའི་ནད་དང་ཟས་མི་འཇུ། །གཅོང་རྦོས་རླུང་ནད་ཀུན་ལ་ཕན། །མདང་[མདངས]གསལ་ཤ་ཡང་གྲིམ་པར་བསྐྱེད། །སྙིང་ནད་ཁྲག་ནད་ཀུན་ལ་ཕན། །སྒོག་སྐྱ་སྲང་བརྒྱད་ཞིབ་བཏགས་ལ། །ཆུ་བྲེ་བཅུ་ལ་གདུའ་བར་བྱ། །བཞི་ཆ་ལུས་པ་བཙག་ལ་མར་བྲེ་བཞི་ལས་གདུའ། །ཚོས་པ་རན་ནས་བཏབ་པ་ནི། །ཙི་ཏྲ་ཀ་དང་བཞི་མོན་པི་པི་ལིང་། །སྟར་བུ་དང་ནི་ཤིང་ཚ་ལྔ། །སྒ་དང་ཤིང་ཀུན་ཞིབ་པར་བཏགས། །དེ་ལྟར་བསྐོལ་བའི་ཞུན་མར་ནི། །ནད་དོ་ཆོག་ལ་ཕན་པ་སྟེ། །སྲིན་ནད་མཛེ་དང་འཛེར་བའི་ནད། །རླུང་དང་གཞང་འབྲུམ་རུས་པ་ན། །དྲག་[དྲེག]དང་གྲུམ་བུ་ཆུ་སེར་དང་། །རླུང་སྐྲན་དང་ནི་རྒས་པའི་ནད་ལ་ཕན། །དབང་པོ་ལག་པ་རེའུ་རལ་སྲང་གཉིས་དང་། །ཀ་ཤོ་ག་ད་[གནྡྷ]པི་པི་ལིང་། །ཤིང་ཚ་ད་ལི་[ལིས]སྦྱར་ལ་གདུའ། །བུ་རམ་སྦྱར་ནས་བཏང་བ་ཤིས། །ས་སྐྱེས་ལུས་ཀྱི་རླུང་ཡང་འཇོམས། །ཕོ་བ་རྐེད་པར་བྱམས་[བྱབས]ཤིང་སྟོད་སྨད་དྲོད་ཀྱང་སྙོམས། །འབྲི་མོག་དང་ནི་རྒྱ་སྐག་བཙོད།་།ཁུ་བ་རྟ་ཡི་འོ་མར་སྦྱར། །ཡང་ན་བ་ཡི་འོ་མ་རུ། །ཅུ་གང་དང་ནི་ལི་ཤི་དང་། །སུག་སྨེ་[སྨེལ]དང་ནི་ཀ་ཀོ་ལ། །ཀ་ར་ཨར་[ཨ]བར་མར་བྲེ་གང་། །ཆུ་བྲེ་ལྔ་རུ་གདུའ་བ་ཡིས། །གློ་ལ་རླུང་ཞུགས་ཚ་བ་སེལ། །འབྲི་མོག་རྩ་བ་བརྡུང་ལག་གདུའ། །རྒྱ་སྐག་མྱེས་བཏུལ་བཙོད་ཁུ་གདུའ། །དེ་དང་ཨར་[ཨ]བར་སྐྱུ་རུ་ར། །ཁྲམ་ཁྲུམ་བརྡུང་ལ་མར་སར་དང་། །ཆུ་ཆོད་སྙིགས་མ་འདོན་པར་བྱེད། །འདམ་བུ་གུར་གུམ་ཅུ་གང་དང་། །ཤིང་མངར་སླེ་ཏྲེས་ཅུ་གང་ལི་ག་དུར། །ཀ་ར་སྦྲང་སྦྱར་ཐེ་[མཐེ]བོང་ཙམ་རེ་གཏང་། །ཕོ་བའི་ཚོད་དང་སྦྱར་བྱས་ལ། །ནང་ན་[མ]གསུམ་ནས་བསྐྱེད་ཅིང་གཏང་། །ཁྲག་མཁྲིས་སྟོད་གཟེར་གློ་ཡང་ཚ། །ཕྱི་ནང་རྣག་རྣམས་སྐེམ་པར་བྱེད། །ཙན་དན་དཀར་དམར་སླེ་ཏྲེས་དང་། །ཨུཏྤལ་པུ་ཙེ་ལི་ག་དུར། །སྐྱུ་རུ་ར་དང་དུང་[དུག]མོ་ཉུང་། །བ་ལི་[ལེ]ཀ་དང་སུམ་ཅུ་ཏིག །སྤོད་དང་རྒུན་འབྲུམ་ཁྱི་ལྕེ་དཀར། །སྐྱེར་པའི་བར་ཤུན་པི་[བྱི]ཏང་ཀ །ལི་ཏུར་ཀ་[ལི་ག་དུར]དང་ཀ་ར་རྣམས། །མར་དང་འོ་མ་སྦྱར་ནས་ནི། །སྐེམ་ནད་ལྔ་དང་སྙིང་ནད་ལྔ། །གཟེར་ཐབ་[ཐབས]སྣ་ཁྲག་མེ་[མི]ཆོད་དང་། །ལུད་པ་མེ་[མི]འགོག་སྙིང་རླུང་དང་། །ནད་རྣམས་ཀུན་ལ་ཕན་པ་ཡིན། །
ཙན་དན་དཀར་དམར་སླེ་ཏྲེས་དང་། །སྐྱུ་རུ་ར་དང་ཨ་བི་ཤ[ཨ་བྷི་ཥ] །ལི་ག་དུར་དང་ཤིང་མངར་པུ་ཙེ་ཤེལ། །དུང་[དུག]མོ་ཉུང་དང་སྲོ་ལོ་རྒུན་འབྲུམ་དང་། །ཁྱི་ལྕེ་སྤང་སྤོས་སྐྱེར་བའི་ཤུན། །བྲག་ཞུན་པྱི་[བྱི]ཏང་ལི་ཏོང་ར[དོང་གྲ]། །ཀན་ཏ་[ཀཎྜ]ཀ་རི་འདི་རྣམས་གདུས། །ཆུ་དང་མར་བསྐོལ་ཀ་ར་གདབ། །བཏང་བས་རིམ་བྱིང་ཞན་པ་དང་། །གཟེར་ཐབས་སྣ་ཁྲག་མི་ཆོད་དང་། །ལུད་པ་མི་གོག་[འགོག]སྙིང་ཚད་དང་། །གྲང་ཞིང་ཁྲག་ཏུ་སྐྱུག་པ་དང་། །གཅིན་ནད་ཉི་ཤུ་ད་རྒན་དང་། །རིམས་ནད་གསར་རྙིང་གང་ཡང་རུང་། །སྙིང་མི་དྲན་དང་བླ་བཅོལ་དང་། །འགོ་[མགོ]རུ་ཤོར་བ་རྣམས་ལ་ཕན། །སེང་ལྡེང་ཁྱི་ལྕེ་དཀར་པོའི་རྩ། །ཐ་སྐར་ཨ་གར་ནག་པོ་དང་། །གུ་གུལ་དཀར་ནག་གསོའ་[སོ]མ་ར་ཙ་དང་། །མར་སྦྱར་སྦྲང་གི་ཁ་བླངས་བཏང་། །དེ་ཡིས་ཆུ་སེར་ནད་ཀུན་སེལ། །ཤིང་ཀུན་བཅའ་སྒ་རྒྱམ་ཚ་རྣམས། །མར་དང་ལུགས་བཞིན་སྦྱར་བཏང་བས། །རླུང་ནད་ཟུག་གཟེར་ཐམས་ཅད་སེལ། །གུར་གུམ་དུང་[དུག]ཉུང་ཀ་ཀོ་ལ། །ཙི་ཏྲ་སུག་སྨེ་[སྨེལ]ལི་ག་དུར། །ལྕི་[ལྕེ]མྱང་ཚ་རྣམས་ཐུན་རེ་རེ། །ཀ་ར་སྲང་གཉིས་ཨ་རུ་ར། །མར་ཕུལ་གང་དང་ཆུ་བྲེ་ཕྱེད། །གདུས་པས་མཆིན་ཚད་འགྲམས་པ་སེལ། །གུར་གུམ་མཚལ་དང་ན་[ནཱ]ག་པུས། །པད་མ་གེ་སར་དོམ་མཁྲིས་དང་། །མར་དང་ཚུལ་བཞིན་སྦྱར་བ་ཡིས། །ཁྲག་རྙིང་བུ་ག་དགུ་ཡི་ནད། །ཁྲག་འཛག་པ་ནི་སེལ་བར་བྱེད། །
གནམ་མཁྲིས་ས་མཁྲིས་མྱི་ཡི་མཁྲིས། །གླང་རོག་ལྟེ་དཀར་ཁྱི་ནག་དང་། །ར་རོག་ལུག་ནག་རྟ་ནག་དང་། །མཁྲིས་ཚོགས་ཚུལ་བཞིན་སྦྱར་བ་ཡིས། །མཆིན་ཁྲག་ལུད་པ་ཟག་[ཟགས]པ་དང་། །ཟླ་མཚན་རྨ་རྙིང་ཁྲག་མི་ཆོད། །རྩ་ཁྲག་ཤོར་བ་རྣམས་ལ་ཕན། །ཏིག་ཏ་དུག་མོ་ཙི་ཏྲ་ཀ །བ་ལི་[ལེ]ཀ་དང་པར་པ་ཐ[ཏ]། །དེ་རྣམས་བོང་བསྐྱེད་ཨར་[ཨ]བར་བདུན། །དཀར་མར་[དམར]ཕུལ་བཞི་ཆུ་དང་གདུའ། །ཀ་ར་སྦྲང་གི་ཁ་བླང་བཏང་། །མཁྲིས་ཚད་ཐམས་ཅད་སེལ་བར་བྱེད། །ཏིག་ཏ་པུ་ཙེ་ཤེལ་དང་དུག་མོ་ཉུང་། །པར་པ་ཐ་[ཏ]དང་ཁྱི་ལྕེ་དཀར། །བྱི་ཚེར་ཙན་དན་པ་ཏོ་ལ། །སྒྲོན་ཤིང་ཡོང་[ཡུང]བ་གླ་སྒང་དང་། །སྐྱེར་རྩ་མར་དང་འོ་མ་སྦྱར། །ཀ་རས་ཁ་བླང་བཏབ་པ་ཡིས། །ཟུངས་ཟད་ཚ་བ་རྙིང་པ་སེལ། །ཏིག་ཏ་དུག་ཉུང་པུ་ཙེ་ཤེལ། །ཁྱི་ལྕེ་བྱི་ཚེར་པར་པ་ཐ[ཏ]། །ཙན་དན་བཙོད་དང་པ་ཏོ་ལ། །གླ་སྒང་སྒྲོན་ཤིང་ཁྲ་རྐང་རྣམས། །སྦྱར་བས་སྐྱ་རྦབ་ནད་རྣམས་སེལ། །སེའུ་འབྲུ་འུ་སུ་ཙི་ཏྲ་ཏོང་ར་[དོང་གྲ]པི་པི་ལིང་། །དེ་རྣམས་མར་དང་སྦྱར་བར་བྱ། །སྙིང་ནད་སྐྱ་རྦབ་གཞང་འབྲུམ་དང་། །མཚེར་ནད་བད་ཀན་རླུང་དང་ནི། །ཉམས་ཐགས་[ཐག]དབུགས་མི་བདེའ་བ་དང་། །ཕྱེན་འཁྱིམ་བུད་མེད་བུ་ནད་དང་། །མོ་གཤམ་པ་ནི་བུ་སྐྱེས་འགྱུར། །ཤ་རུ་རག་རོག་བསྲེག་ལ་བདར། །ཕྱེ་མ་ཞིབ་བཏགས་ཕུལ་གང་ཙམ། །སྦྱར་བའི་སྨན་མར་ཆང་བསྲོས་ཕུལ། །དེ་ནས་ཉི་མ་དྲོས་ཙམ་ན། །མར་སར་ཟན་དྲོན་དབུལ་སྐྱུགས་བྱ། །ལུག་ཤའི་ཚོད་མ་ལྡན་པས་སྤག །གསང་ནན་ཆང་གི་བྱ་བ་ཡིན། །གྲང་བ་ལས་གྱུར་ནད་རྣམས་དང་། །མཁལ་རྐེད་ཕོ་མཆིན་ནད་རྣམས་དང་། །གདོན་གྱི་གྲང་བ་རྣམས་ལ་ཕན། །བོང་བུ་ལན་ཚྭ་པར་པ་ཐ[ཏ]། །ཙི་ཏྲ་ཀ་དང་མགྲོན་བུ་རྣམས། །ཆུ་བྲེ་གང་ལས་ཕུལ་དོར་གདུའ། །ཆང་དང་འོ་མ་ཕུལ་གཉིས་ཚད། །མར་ཕུལ་བཞི་དང་ཚུལ་བཞིན་གདུའ། །རླུང་མཁྲིས་མཚེར་ནད་ཀུན་ལ་ཕན། །མཁལ་མ་ཞོ་ཤ་ཨ་འབྲས་དང་། །ཇ་[སྲ]འབྲས་ལྕེ་པོག་དཀར་པོ་དང་། །ཨར་[ཨ]བར་བུ་རམ་ཀ་ར་དང་། །ཆུ་བྲེ་ཕྱེད་དུ་གདུས་བཏང་ན། །མཁལ་མའི་ཚ་བ་སེལ་བར་བྱེད། །སྲན་མ་བྲེ་ཕྱེད་སྦྲང་ཕུལ་བཞི། །ནས་དཀར་རྔོས་ལ་ཞིབ་པར་བཏགས། །ཨ་རུ་ར་དང་ཞིབ་སྦྱར་ན། །སྨུག་པོ་ཅུང་ཟད་སེལ་བར་བྱེད། །
ཤིང་མངར་ཕྱེ་མ་སྦྲང་དང་སྦྱར། །ཉལ་དཀར་ཞོ་རེ་བཏང་བར་བྱ། །རྗེས་ལ་འོ་མ་བསྐོལ་གྲང་བཏངས[བཏང]། །རོ་ཙ་བ་ལ་ཐེ་ཚོམ་མེད། །སྐྱེ་[སྐྱེར]པ་ཏིག་ཏ་ཁྱི་ལྕེ་དཀར། །གུར་གུམ་ན་[ནཱ]ག་གེ་སར་དང་། །སྤང་རྩི་དོ་བོ་པར་པ་ཐ[ཏ]། །ཆུ་བྲེ་གང་ལ་ཕུལ་དོར་གདུའ། །ཚུལ་བཞིན་སྦྱར་བའི་སྨན་མར་གྱིས། །ཚ་བ་ལྷག་མ་ཐམས་ཅད་སེལ་བར་བྱེད། །རླུང་མི་སྐྱེ་ལ་ལུས་གཟུང་[ཟུངས]བསྐྱེད། །ལྕགས་ཕྱེ་གསོའ་[སོ]མ་ར་ཙ་དང་། །གུར་གུམ་འདེ་གུ་ཀ་ར་དང་། །ཤིང་མངར་ཤིང་ཚ་སུག་སྨེ་[སྨེལ]རྣམས། །ཀ་ར་མར་གསར་དག་དང་སྦྱར། །ཚ་བ་རྙིང་པ་འབྱམ་པ་དང་། །ཁྱད་པར་གློ་མཆིན་ཚ་བ་སེལ། །བསེ་རུ་མངར་གསུམ་ཚ་བ་གསུམ། །གསོམ་རྩི་གསེར་ཏིག་པ་རི་ཀོན[རེ་སྐོན]། །སྦྱར་བའི་མར་གྱིས་དམུའ་རྫིང་སེལ། །ཁ་ཟས་ལུག་ཤ་ནས་སྔོན་ཆང་། །མར་དང་ཏིག་ཏ་ཨ་རུ་ར། །སོ་རྩི་དང་ནི་གོ་སྙོད་རྣམས། །གདུས་པའི་ནང་དུ་མུ་ཟི་བླུགས། །ཀ་ར་སྦྲང་དང་སྦྱར་བའི་མར། །ཆུ་སེར་ཅན་ལ་བྱུག་ཅིང་བཟང་། །ཅུ་གང་ལི་ཤི་ཨ་རུ་ར། །གུར་གུམ་སུག་སྨེ་ཀ་ར་གདབ། །མར་དཀར་སྦྱར་ནས་བཏང་བ་ཡིས། །ཚ་བ་རྙིང་པ་རྨོང་[རྨོངས]བུ་དང་། །ལྷག་པར་མྱིག་གི་རབ་རིབ་སེལ། །སྐྱེར་པ་ཨར་[ཨ]བར་ཙན་དན་དཀར། །ཚད་རྙིང་ཆུ་སེར་སེལ་བར་བྱེད། །
ཚ་བ་གསུམ་དང་ཨ་རུ་ར། །ཡ་བག་ཤ་[བཀྵ]ར་པུ་ཙེ་ཤེལ། །ཁ་རུ་ཚ་དང་ཙི་ཏྲ་ཀ །པི་[བྱི]ཏང་ཀ་དང་ཆུ་དག་དང་། །ཀ་ར་མར་དང་སྦྱར་བ་ཡིས། །མཆིན་ནད་དབུགས་ནད་སེལ་བར་བྱེད། །དྲོད་སྤོད་སྣ་ལྔ་སྲང་རེའི་ཚད། །ཡ་བག་ཤ་[བཀྵ]ར་རྣམས་བཏགས་ལ། །བུ་རམ་ཁ་བླངས་སྨན་མར་གྱིས། །བད་ཀན་ལས་གྱུར་སྐྲན་རྣམས་དང་། །ཕོ་བའི་ནད་དང་སྐྱ་རྦབ་དང་། །མཆིན་ནད་གྲང་དང་དབུགས་མི་བདེའ། །རིམས་ནད་འདོམ་ཞིང་སྐྲང་པ་དང་། །རྟུག་སྐམ་ནད་ཀྱང་མེད་པར་བྱེད། །ཉེའུ་ཤིང་ཙ་[རྩ]བའི་ཁུ་བ་དང་། །འོ་མ་དེ་དང་མཉམ་པ་དང་། །མར་ཕུལ་བཅུ་དང་བསྲེས་པ་དང་། །ཉེའུ་ཤིང་རུ་རྟ་ཆུ་དག་དང་། །ཙན་དན་དཀར་པོ་ཕ་བོང་དྲགས[དྲེག]། །སྤང་སྤོས་པར་པ་ཐ་[ཏ]རྣམས་དང་། །བུ་རམ་དེ་དང་མཉམ་པའི་མར། །རླུང་གི་ནད་རྣམས་ཐམས་ཅད་དང་། །རོ་སྟོད་ན་དང་ལུ་བ་དང་། །རླུང་སྐྲན་དམུ་རྫིང་སྐྱ་རྦབ་དང་། །རྩ་འདྲམས་[འགྲམས]གཞོག་[གཞོགས]ཕྱེད་ན་བ་དང་། །གཞོག་[གཞོགས]སྐམ་ཁ་སྣ་འབྲུམ་བུ་ན་བ་དང་། །སྲིན་དང་ཤ་བཀྲ་རླུང་ལས་ཤུ་བར་འོང་། །རླུང་གིས་གཟེར་བ་རྣམས་ལ་ཕན། །སྦྲུལ་དཀར་ཤ་དང་འབྲས་བུ་གསུམ། །ཨ་བ་ལྕགས་དྲེག་སྦང་མ་རྣམས། །མར་སྦྱར་མངར་གསུམ་ཁ་བླང་བཏང་། །མྱིག་རིབ་ནད་རྣམས་སེལ་བར་བྱེད། །ལུས་ཀྱི་ཟུང་[ཟུངས]བསྐྱེད་ནད་རྣམས་སེལ། །སྟོབས་ཆུང་ཀུན་ལ་ཕན་པར་བསྔགས། །སྨན་མར་གྱི་ལེའུ་སྟེ་བཅོའ་ལྔ་པའོ།། །།
ལེའུ་བཅུ་དྲུག་པ། རིལ་བུའི་སྡེ་བསྟན་པ།
ད་ནི་རིལ་བུའི་སྦྱོར་བ་བསྟན། །ཨར་[ཨ]བར་རྡོ་དྲག་[དྲེག]རྒྱ་མཚོའ་ལྦུ། །ཆུ་སྲིན་སྡེར་མོ་ལ་སོགས་པ། །ཞིབ་བཏགས་སྦྲང་ལ་རི་ལུ་བྱ། །ཆེ་ཆུང་སྲན་མའི་ཚད་དུ་བྱ། །བད་ཀན་རྒྱུ་ནད་སེལ་བར་བྱེད། །ལྷག་པར་མཁྲིས་པ་བདག་ཉལ་[ཉིད]འཇོམས། །ཨར་[ཨ]བར་ཤིང་ཚ་ཚ་བ་གསུམ། །ཛཱ་ཏི་གུར་གུམ་སྟར་བུ་རྣམས། །མར་དང་རིལ་བུ་བྱས་པ་ཡིས། །སྙིང་རླུང་ཁ་གདོང་སྐྲངས་པ་དང་། །བད་ཀན་གྲང་བ་དག་ལ་ཕན། །ད་ལིས་དང་ནི་བཞི་མོན་དང་། །གྷ་ན་[གནྡྷ]པ་ཏྲ་གེ་སར་གཉིས། །ན་[ནཱ]ག་པུས་པ་[པུཥྤ]ཨུ་ཤི་ར། །ཡ་བག་ཤ་[བཀྵ]ར་རྭ་ཚ་དང་། །སུག་སྨེ་[སྨེལ]ཛ་ཏི་ཀ་ཀོ་ལ། །དེ་རྣམས་དང་ནི་བདུན་འགྱུར་གྱི། །ན་ལེ་ཤམ་དང་སྤོད་རྣམས་ཀྱིས། །སྒར་བཅས་མར་དང་རིལ་བུ་བྱ། །ཕོ་བའི་གྲང་སྐྲན་འཇོམས་པར་བྱེད། །ད་ལི་[ལིས]དབྱི་མོང་སྲང་རེའི་ཚད། །ག་ན་བྷ་[གནྡྷ]པ་ཏྲ་ན་[ནཱ]ག་པུས། །ན་[ནཱ]ག་གེ་སར་ནས་ཚིག་ཐལ། །ཨུ་ཤི་ར་དང་རྭ་ཚ་དང་། །ཛཱ་ཏི་སུག་སྨེ་[སྨེལ]ཀ་ཀོ་ལ། །དེ་རྣམས་ཞོ་རའི་ཚད་དུ་བྱ། །
ཞིབ་བཏགས་བུ་རམ་མར་དང་སྦྱར། །ཆང་དང་མར་ནི་བླུགས་བྱས་ལ། །ལེགས་པར་འཚོས་པའི་ཁུ་བ་ནི། །གོང་གི་སྨན་མར་རིལ་བུ་བྱས། །བཏང་བས་གྲང་ནད་ཐམས་ཅད་སེལ། །ཁྱད་པར་སྐྲན་དང་སྐྱ་རྦབ་འཇོམས། །ཚ་བ་གསུམ་དང་སེའུ་འབྲུ་དང་། །རྒྱམ་ཚ་ཤིང་ཚ་ཁ་རུ་ཚ། །ལ་ལ་ཕུད་དང་ཤིང་ཀུན་དང་། །སྲ་འབྲས་འཇམ་འབྲས་ཨ་འབྲས་དང་། །རི་ལུ་བྱས་ལ་བཏང་བ་ཡིས། །ཕོ་མཆིན་རྒྱུ་ལོང་ན་བ་སེལ། །མྱིག་ལ་བསྐུས་པས་མྱིག་ནད་སེལ། །ན་ལེ་ཤམ་དང་རྩབ་རུ་ཚ། །སྟར་བུ་གོ་སྙོད་རིལ་བུ་ཡིས། །བད་ཀན་ཟུག་གཟེར་གླང་ཐབས་སེལ། །ཤིང་མངར་ཅུ་གང་གུར་གུམ་སྦྲང་། །སེའུ་འབྲུ་རྒུན་འབྲུམ་སྟར་བུ་དང་། །ཤིང་ཚ་བུ་རམ་རིལ་བུ་ཡིས། །རླུང་གིས་ཁ་གདོང་སྐྲངས་པ་དང་། །སྐྱུགས་[སྐྱིགས]བུ་གློ་འགག་ལུད་པ་སེལ། །རིལ་བུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།
ལེའུ་བཅུ་བདུན་པ། འདེ་གུའི་སྡེ་བསྟན་པ།
ད་ནི་འདེ་གུའི་སྦྱོར་བ་བསྟན། །སེའུ་འབྲུ་དང་ནི་ཚ་བ་གསུམ། །རྒྱ་ཚ་ཤིང་ཚ་ཨ་རུ་ར། །སུག་སྨེ་[སྨེལ]དང་ནི་ལ་ལ་ཕུད། །སྦྲང་ངམ་བུ་རམ་འདེའུ་[འདེ་གུ]སྦྱར། །བད་ཀན་ལྷན་[ལྷེན]དང་མ་ཞུ་དང་། །སྐྱུགས་དང་དང་ཀ་འགག་པ་སེལ། །མུ་ཟི་སིང་ལྡིང་[སེང་ལྡེང]སྐྱེར་ཞུན་གྱིས། །བྱུགས་པས་པགས་ནད་ཁྱི་རྔོ་སེལ། །ཚ་བ་གསུམ་དང་རྒྱ་ཚ་དང་། །སྒོག་སྐྱ་གཡེར་མ་ཙི་ཀྲ་[ཏྲ]ཀ །གོ་སྙོད་ཟང་[ཟངས]ཐལ་སྒོག་སྐྱ་རྣམས། །ཆ་སྙམས་[མཉམ]མར་ལ་འདེའུ་[འདེ་གུ]བྱ། །བྱུགས་པས་ཕྱིའི་དམུ་ཆུ་དང་། །བེའུ་[བོལ]གོང་གདོངས་[གདོང]པ་གྲངས་[སྐྲངས]པ་དང་། །ཡང་ཡང་བྱུགས་པས་ཞི་བར་འགྱུར། །མྱི་ཐོད་ཤ་རུ་ཡན་[སྤེན]མ་གསུམ། །ཐལ་བ་དག་ཏུ་བྱས་པ་ལ། །དབྱི་མོ་ལོ་མ་ཨ་རུ་ར། །སྦྲང་དང་བ་ཆུས་འདེ་གུ་བྱས། །བཏངས་[བཏང]བས་དམུའ་རྫིང་སྐམ་པར་བྱེད། །སྣང་མཛད་བསྲེགས་པའི་ཐལ་བ་ལ། །བྱིས་པ་ལོ་བརྒྱད་ཆུ་དང་སྦྱར། །སྐྲང་ལ་བྱུགས་པས་ཞི་བར་འགྱུར། །ཆུ་དག་བ་བླ་སྡོང་[ལྡོང]རོས་དང་། །སྐྱེར་པ་དྲི་ཆུར་སྦྱར་བླུགས་འབྲས་དང་སྐྲང་[སྐྲན]ནད་སེལ། །པི་པི་ལིང་དང་གུར་གུམ་དང་། །ཏིག་ཏ་སྐྱེར་ཤུན་ཁ་རུ་ཚ། །ཁྱེའུ་འཐུང་ནུ་ཞོ་སྦྱར་ལ་བྱུགས། །མྱིག་གི་ནད་རྣམས་སེལ་བར་བྱེད། །སུག་ཐལ་ཇ་ཆུ་རྐང་མར་དང་། །མར་དཀར་སྦྱར་བའི་འདེ་གུ་ཡིས། །བྱུགས་པས་རྒྱ་ཐོར་ནད་རྣམས་སེལ། །བོང་ང་ར་དུག་བསྲེག་པའི་ཐལ། །རྒྱ་སྣག་ནུ་ཞོ་སྦྱར་བ་ཡི། །བྱུགས་པས་མྱེ་ཡིས་ཚིག་པ་སེལ། །བཟང་པོ་དྲུག་དང་ཨ་རུ་ར། །གེ་སར་རྣམ་གཉིས་ག་པུར་དང་། །ཤིང་མངར་ར་ཡི་ཞུན་དམར་[མར]དང་། །སྦྲང་གི་ཁ་བླངས་འདེ་གུ་བྱས། །བཏང་བས་གློ་ནད་ཐམས་ཅད་སེལ། །ཟི་ར་དཀར་ནག་ད་ཏྲིག་དང་། །ཅུ་གང་ཙན་དན་འདེ་གུ་ཡིས། །བཏང་བས་བུ་ཆུང་ལྡོག་[ལྐོག]ནད་སེལ། །ལྕགས་དྲེག་དང་ནི་འབྲས་བུ་གསུམ། །གླ་སྒང་དང་ནི་ཙི་ཏྲ་ཀ །སྦྲང་གཡུང་འདེ་གུ་བཏང་བ་ཡིས། །ལྐོག་ནད་མྱིག་སེར་སྐྱ་རྦབ་དང་། །མྱིག་ནད་བད་ཀན་དབུགས་མི་བདེའ། །གཅིན་བསྲིའི་ནད་རྣམས་སེལ་བར་བྱེད། །ལྕགས་ཕྱེ་སྒ་དང་འབྲས་བུ་གསུམ། །ཤིང་མངར་སྦྲང་གཡུང་དག་དང་སྦྱར། །ལྐོག་ནད་གློ་ནད་མྱིག་ནད་སེལ། །འདུས་པ་ཀུན་ལ་ཕན་པའོ། །
ཙན་དན་ན་[ནཱ]ག་གེ་སར་དང་། །ཨ་འབྲས་སྲ་འབྲས་འཇམ་འབྲས་དང་། །པི་པི་ལིང་དང་རྒུན་འབྲུམ་རྣམས། །སྦྲང་གཡུང་འདེ་གུ་སྦྱར་བཏང་བས། །སྙིང་སོགས་དོན་གྱི་ནད་རྣམས་སེལ། །དཀར་ཤ་ཤིང་མངར་གུར་གུམ་སྦྲང་། །འདེ་གུས་གློ་ནད་གསར་རྙིང་སེལ། །འབྲས་བུ་གསུམ་དང་གླ་སྒང་ཙི་ཏྲ་ཀ །ཚ་བ་གསུམ་དང་བྱི་དང་ཀ །དེ་རྣམས་སྤྱི་དང་མཉམ་པའི་ལྕགས་ཕྱེ་དང་། །ཞུན་མར་སྦྲང་གཡུང་འདེའུ་[འདེ་གུ]ཡིས། །སྐྲན་དང་མཆིན་ནད་མྱིག་སེར་དང་། །བརྗེད་ངས་མྱིག་ལུག་དབུགས་མི་བདེའ། །ཁྱད་པར་གློ་ནད་སྐྱ་རྦབ་སེལ། །རྒྱ་ཤུག་ཤུག་གུ་[པ]ཚེར་མ་ཅན། །ཀ་ཤོ་ག་དྷ་[གནྡྷ]རྒྱ་ཚ་རྣམས། །སྦྲང་གཡུང་ཀ་རས་བྲན་བཏང་བས། །ཆུ་བསྲི་ཟག་གུའི་[ཟགས་ཁུའི]ནད་རྣམས་ནི། །སྤང་རྒྱན་དཀར་པོ་དུར་བ་ཁྱི་ལྕེ་དཀར། །དྲི་ཆུ་བག་ཐུག་སྦྱར་བའི་འདེ་གུ་ཡིས། །ལྷོག་པའི་སྟེང་དུ་བྱུགས་ན་མོད་ལ་ཞི། །དྲི་ཅན་སེར་གྱི་[སད་ཀྱིས]མ་ཁྱེར་བ། །སོའུ་བ་ཙི་དུ་མྱེ་ལ་བསྲེག །ཁྱེའུ་ཅུང་ནུ་ཞོས་སྦྱར་ནས་ཀྱང་། །སྐྲངས་ཀྱི་ཐོག་ཏུ་བྱུགས་པ་ན། །སྐྲངས་པ་རྣག་ཏུ་མྱུར་སྨྱིན་རྡོལ། །མཚལ་དང་ལི་ཏུར་[དུར]ག་བུར་དང་། །ལི་ཤི་མ་གཏོགས་བཟང་པོ་ལྔ། །སྦྲང་གཡུང་མར་དཀར་འདེ་གུ་སྦྱར། །གློ་ནད་སྐྱ་རྦབ་ཚ་བ་སེལ། །གློ་སྐམ་མེ་གོག་[མི་འགོག]རྣམས་ལ་ཕན། །འདེ་གུའི་ལེའུ་སྟེ་བཅུ་བདུན་པའོ།། །།
ལེའུ་བཅོ་བརྒྱད་པ། སྦྱོངས་ཀྱི་ལས་བསྟན་པ།
སྦྱང་བའི་རིམ་པ་བསྟན་པ་ནི། །རིམ་དྲུག་ལྔས་[ལས]ལྔ་རྩ་ཁྲུས་བཅས། །རིམ་པ་དྲུག་ཅེས་བྱ་བ་ནི། །ལུས་འདི་ཡང་བར་བྱེད་དང་རྟས་པར་བྱེད། །རྩུབ་བག་བྱས་དང་སྣུམ་བག་བྱས། །དུབ་[དུགས]བྱ་འཁྲུ་བ་གཅོད་པའོ། །ལས་ལྔ་ཞེས་ཀྱི་བྱ་བ་ནི། །ཐུར་ལ་འཁྲུ་དང་གྱེན་ལ་འདྲེན། །སྣ་ནས་སྦྱོང་དང་ནི་རུ་ཧ། །འཇམ་རྩི་དང་ནི་ལྔ་ཡིན་ནོ། །རྩ་ཁྲུས་ལ་སོགས་ལས་ལྔ་ལ། །སྤྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན། །གཏང་དུ་རུང་དང་མི་རུང་དང་། །སྔོན་འགྲོ་དངོས་གཞི་རྗེས་བསྲུང་དང་། །སྐྱོན་དང་ཡོན་ཏན་ལོག་ནོན་བརྒྱད། །གྲངས་དང་རིམ་པ་མྱང་འདོན་ནོ། །འདྲ་ཡང་སོ་སོར་ཤེས་པར་བྱ། །དང་པོ་ཁྲུས་ཀྱི་སྦྱོར་བ་བསྟན། །གཏང་དུ་རུང་བ་འདི་རྣམས་ཏེ། །མཁྲིས་པའི་ནད་རིགས་ཐམས་ཅད་དང་། །འཁྲུ་བ་ཡུན་རིང་ཆ་ཆོད་དང་། །བད་ཀན་ལོང་དུ་ལྷུང་བ་དང་། །ཐུར་མས་བཤིག་པའི་ནད་རོ་དང་། །སྐྲན་དང་འབྲས་དང་གག་ལྷོག་དང་། །ཤིན་ཏུ་གྱེན་ལ་སྐྱུག་པ་དང་། །ཆུ་སེར་དམུའ་ཆུ་དྲག་[དྲེག]ནད་དང་། །དུག་དང་སྨུག་པོའི་ནད་རིགས་དང་། །མ་ཞུ་སྲིན་ལ་གཏང་བར་བྱ། །གཏང་དུ་མི་རུང་བ་རྣམས་ནི། །སྦྲུམ་མ་རྨ་ཅན་ཚ་བ་གསར། །རྒས་དང་ཟུང་[ཟུངས]ཟད་བྱད་ཁ་ལྟས། །སྨྱོ་དང་གདོན་ཅན་རྣམས་ལ་སྤང་། །སྔོན་འགྲོ་ནད་གཞིའ་དང་སྦྱར་བའི། །ཐང་དང་ཕྱེ་མ་ཁ་ཟས་གཏང་། །ཞག་གསུམ་ལོན་ནས་གནོད་པ་ཡི། །ཁ་ཟས་སྤྱོད་ལམ་བསླང་བར་བྱ། །བྱུགས་པ་བསྟན་པ་ཤིན་ཏུ་གཅེས། །དངོས་གཞིའ་ལ་ནི་རྣམ་པ་བཞི། །སྨན་གྱི་གདུལ་ཐབས་བྱ་ཐབས་དང་། །ཐུན་ཚད་དང་ནི་འབུར་འཇོམས་སོ། །སྨན་གྱི་གདུལ་ཐབས་འདི་ལྟ་སྟེ། །ཐར་ནུ་འོ་མའི་ནང་དུ་གདུའ། །དྷ་དྷ་ཕྱེ་དང་བསྲེས་ལ་བརྔོའ། །ཁྲོན་བུ་ནས་དང་བསྲེས་ལ་བརྔོའ། །ཕྱེ་མ་ལ་ནི་གདུལ་མི་དགོས། །སྨན་གྱི་སྦྱར་ཐབས་བསྟེན་པ་ནི། །དུར་བྱིད་ཤི་རི་ཁདྷ་[ཤྲཱི་ཁཎྜ]དང་། །ཁྲོན་བུ་སྔོན་བུ་བྱ་ཁྲ་པད། །དྷན་དྷ་རྣམས་ནི་གཙོའ་བོ་ཡིན། །དེའི་སྨན་གྱིས་དཔུང་ཕུལ་བྱེད། །པི་[བྱི]ཏང་ཀས་སྲིན་ཡང་འཇོམ[འཇོམས]། །དོང་ཁྲས་ལུས་ནི་འཇམ་པར་བྱེད། །རྒྱམ་ཚས་སྨན་རྣམས་འཇུ་བར་བྱེད། །ཆུ་སྐྱེས་བལ་འགོས་ཆུ་དུག་འབྱིན། །འུ་སུ་དག་གིས་ཁ་མི་སྐོམ། །པི་པི་ལིང་གིས་ཟུག་ཀྱང་ཆུང་། །ཨར་[ཨ]བར་མཆུའ་རེངས་[རིང]ནད་ཀུན་གོགས། །གུ་གུལ་དཀར་པོས་སྤྱོད་པ་སྤང་། །ཁ་རུ་ཚ་ཡིས་ཟས་དུག་སེལ། །སྨན་གཞན་ནད་གཞིའ་གང་ཆེ་ཡི། །ཁ་འཛིན་རོ་དང་ཆེ་[ཚ]གྲང་དོན་སྣོད་བསྟུན་པར་བྱ། །
ནད་གཞི་ཆེ་ལ་རིལ་བུ་བྱ། །ནད་གཞིའ་ཟུང་[ཟུངས]ཆུང་ཐང་དུ་བྱ། །ཁམ་[ཁམས]ངན་ཟས་དང་བསྲེའ་ལ་བྱ། །ཚ་བ་ཙན་[ཅན]ལ་གང་[གངས]ཆུས་ཕུལ། །གྲང་བ་ཅན་ལ་ཆང་གིས་ཕུལ། །དུག་ལ་རེའུ་རལ་ཁུ་བས་ཕུལ། །རྩ་ནད་ལ་ཞོག་[ཞོགས]པའི་ཆུ་ཡིས་ཕུལ། །བྱིན་པོ་རིག་པའི་མདའ་ལ་དྲིས། །དེ་རྣམས་སོ་སོའི་སྨན་རྣམས་ནི། །ཙན་དན་འགི་[གི]ཝང་ག་བུར་དང་། །ཏིག་ཏ་སླེ་ཏྲེས་སྦྱར་བ་ཡིས། །ཚ་བའི་ནད་ཀུན་སྦྱོངས་པར་བྱེད། །རྒྱམ་ཚ་སྤོད་དང་ཕོ་བ་རིས། །ཡ་བག་ཤ་[བཀྵ]ར་ཙི་ཏྲ་ཀ །གྲང་བའི་ནད་རྣམས་སྦྱོངས་པར་བྱེད། །ཏིག་ཏ་བྱི་ཚེར་ཧོང་ལེན་དང་། །གསེར་ལ་མེ་ཏོག་དུག་མོ་ཉུང་། །མཁྲིས་པའི་ནད་ཀུན་སེལ་བར་བྱེད། །ཅུ་གང་རྒུན་འབྲུམ་ཟང་[ཟངས]རྩི་དང་། །སྟར་བུ་རྣམས་ཀྱིས་གློ་ནད་སྦྱོངས། །གུར་གུམ་བྲག་ཞུན་རྩི་བུ་དང་། །བ་ལི་[ལེ]བ་ཤས་མཆིན་ནད་སྦྱོངས། །ཙན་དན་ཛ་ཏི་ཨ་ཀ་རུས། །ཤིང་ཀུན་ཞོ་ཤས་སྙིང་ནད་སྦྱོངས། །རྒྱམ་ཚ་མ་ནུ་པི་པི་ལིང་། །སུག་སྨེ་[སྨེལ]སེའུ་འབྲུ་ཕོ་ནད་སྦྱོངས། །ཡ་བག་ས་[བཀྵ]ར་ཀ་ཀོ་ལ། །སུག་སྨེ་[སྨེལ]ཐལ་ཚས་མཚེར་ནད་སྦྱོངས། །རྒྱ་ཚ་ལྕམ་པ་སུག་སྨེ་[སྨེལ]དང་། །སྲ་འབྲས་བཞི་མོན་མཁལ་ནད་སྦྱོངས། །རྒྱམ་ཚ་པི་[བྱི]ཏང་ཁ་རུ་ཚ། །ཙན་དན་སྨ་[སྙ]ལོས་རྒྱུ་ལོང་སྦྱོངས། །ཐ་སྐད་སྒ་དང་སེ་རྒོད་ཤུན། །གསོའ་[སོ]མ་ར་ཙས་ཆུ་སེར་སྦྱོངས། །སྲུབ་ཀ་བཞི་མོན་སུ་དག་རུག །ལྕེ་ཚ་གདུས་པས་སྐྲན་རྣམས་སྦྱོངས། །འབྲས་བུ་ནིམ་པ་དོང་ཀ་[ག]དང་། །ཛཱ་ཏིས་སྐྱུགས་པའི་ནད་རྣམས་སྦྱོངས། །ཟླ་འོར་[གོར]ཞོ་ཤ་སྔོན་བུ་དང་། །པད་མོ་རྒྱ་ཚས་དམུའ་འོར་འཁྲུ། །ཨར་[ཨ]བར་སེ་རྒོད་དབྱིའ་མོ་དང་། །སིང་[སེང]ལྡེང་དག་གིས་པག་[པགས]ནད་སྦྱོངས། །ཟུར་བ་ཤུ་ཟུར་སྐྱུ་རུ་རས། །ལིང་ཏོག་རྦོ་བའི་ནད་རྣམས་སྦྱོངས། །ཨ་བ་སྤངས་[སྤང]མ་ལྕགས་དྲག་[དྲེག]དང་། །ཨརུ་ར་ཡིས་མྱིག་ནད་སྦྱོངས། །འསོའ་[སོ]མ་ར་ཙ་གུ་གུལ་དཀར། །སིང་ལྡིང་[སེང་ལྡེང]དབྱིའ་མོང་དྲག་[དྲེག]ནད་འཁྲུའ། །རྒྱ་ཚ་སྡིག་སྲིན་ལྕམ་པ་མཚལ། །རྩའི་ནད་རྣམས་སྦྱོངས་པར་བྱེད། །པ་ལ་ཏ་ཀ་འོལ་མ་སེ། །སིང་ལྡིང་[སེང་ལྡེང]རྣམས་ཀྱིས་བུ་སྣོད་སྦྱོངས། །ཐུན་ཚད་ཐུར་འགོ་གཅིག་གམ་གཉིས། །གསུམ་བཞི་ནད་ཀྱི་གཞིའ་དང་སྦྱར། །འཁོར་ཡང་དེ་བཞིན་ཤེས་པར་བྱ། །
འབུམ་[འབུར]འཇོམས་ལ་ནི་རྣམ་པ་ལྔ། །སྟོར་བ་བཙལ་དང་འགྱིང་བ་བསྲུའ། །བྱེར་བ་བསུ་དང་གདབ་པ་དང་། །ཟུག་བཅག་པ་དང་རྣམ་པ་ལྔ། །སྟོར་བ་བཙལ་བར་བྱ་བ་ནི། །མདུན་རྒྱབ་གཉིས་ནས་དུགས་ཀྱིས་བདུགས། །ལྷམ་གོན་གོམ་པ་འགའ་ཟུང་བཅག །ཚིགས་[ཚིག]པ་ཟ་ན་གདོན་བཅོས་བྱ། །འགྱང་ན་མལ་[མས]ཡར་རེང་བུ་བྱ། །འགོར་ན་ནི་རུ་ཧ་ཡིས་སུ[བསུ]། །བྱེར་བ་དག་ཀྱང་དུབ་[དུགས]ཀྱིས་བསྡུ། །འོང་བ་བུལ་ན་ལྕགས་གདབ་སྟེ། །ཆུ་བསྐོལ་བྱས་ལ་སྨན་སྦྱར་དང་། །སྨན་དྷ་[རྟ]བསྡུ་བ་ལ་སོགས་བྱ། །ཟུག་བཅག་པ་ནི་ན་ས་རུ། །གྲང་བ་ཅན་ལ་ཚྭ་ཡིས་བདུགས། །ཚ་བ་ཅན་ལ་གྲོག་ཞིང་དང་། །སྦང་སྐམ་རྔོས་ལ་བདུག་པ་སྟེ། །ཕལ་ཆེར་རྒྱུ་ཞབས་སེའུ་ཁ་བདུགས། །སྐྱུགས་ན་ཆུ་ལྕགས་[ལྕག]གདོང་དུ་བརྡེག །བཟློག་[ལྡོག]པ་དྲག་ན་གློ་རྣག་འཇུག །རྗེས་བསྲུང་བྱ་བ་འདི་ལྟ་སྟེ། །འཁྲུ་བ་ཆེ་ན་དར་བཞིན་ཆད། །མ་ཆད་བད་ཀན་སྒོང་[སྒོ]ང་འཁྲུ། །རླུང་རྟགས་ཡལ་ལམ་ཟིན་པ་ན། །འདར་དང་ཉ་[ཉྭ]ཤ་འགྱུར་བར་གཟོའ[བཟོ]། །དེ་ལ་ཚོགས་བུ་ཕུལ་ཕྱེད་དང་། །ཟན་ནི་ཚིག་འདུས་ཙམ་པ་ལ། །ཆང་ཞིམ་ཕུལ་གང་ཙམ་པ་གཏང་། །འདི་ཡིས་འཁྲུ་བ་ཆད་པར་འགྱུར། །ཁ་ཅིག་ཟས་དེ་བཏང་རྟིང་ལ། །ནད་ལྷག་མང་བར་འགྱུར་བ་ཡོད། །དར་གཅིག་འཁྲུ་རུ་གཞུག་པར་བྱ། །
བེའུ་སྣབ་[སྣབས]གཅིག་པོར་འོང་ཙམ་ན། །ཁ་ཟས་གོང་བཞིན་བཏང་ལ་བཅད། །དེས་ཀྱང་ཆད་པར་མ་གྱུར་ན། །ཚ་གྲང་གང་ཡིན་བརྟགས་པར་བྱ། །ཚ་བ་ཁྲག་དང་མཁྲིས་པར་འོང་། །གྲང་བ་སྒྲ་ཅན་ལྦུ་བར་འོང་། །དེ་ཡང་རྩ་ཆུ་དག་ལ་བརྟགས། །ཚ་ན་སྨན་སྣ་ཆུ་གྲང་སྟེ། །གྲང་ན་སྨན་རྟ་ཆང་ལ་བྱ། །ཀ་ར་བུ་རམ་དེ་བཞིན་ཤེས། །འཁྲུ་བ་གཅོད་པའི་སྨན་རྣམས་ནི། །ཐ་རམ་ད་ཏྲིག་རྨེན་[སྨག]ལ་སོགས། །གོང་གི་རྟ་ལ་གཏང་བར་བྱ། །རླུང་རྟགས་འདར་རམ་སྐྱུགས་པར་བྱེད། །དེ་ལ་གསུར་དུད་སྣ་རུ་གཏང་། །བུར་ཆང་ཞོ་གཅིག་གཏང་བར་བྱ། །འོལ་ཀོན་[སྐོམ]ཡོས་དུབ་[དུགས]ན་སར་བདུག །དེས་ཀྱང་ཆད་པར་མ་གྱུར་ནས[ན]། །ཟུང་[ཟུངས]ཁྲག་དམར་པོ་མཚལ་འདྲ་འབྱུང་། །དེ་ནི་ལུས་ཀྱི་ཟུང་[ཟུངས]ཁྲག་ཡིན། །ཁྲག་དེ་སླང་[སླ]ངར་རྔོས་བྱས་ལ། །བཏང་བས་ཆད་པར་ཐེ་ཚོམ་མེད། །དེ་ནས་ཞག་བདུན་བར་དུ་ནི། །ཁ་ཟས་སྤྱོད་ལམ་གཟབ་པར་བྱ། །ཟས་ཀྱང་བགས་ཀྱིས་ཇེ་ཆེར་གཏང་། །བདུན་གཉིས་བཅག་ནས་སྨྲ་བརྗོད་བརྟེན[བསྟེན]། །གསུམ་གཉིས་སྨན་དང་དཔྱད་དུ་སྦྲུགས[སྤྲུགས]། །སྦྱོང་ཞེས་བྱ་བའི་སྐྱོན་བསྟན་པ། །དང་ཁ་འགག་ཅིང་སྐྱུག་ཚུལ་སྟོན། །ལུས་ལྕི་ཤེས་པ་བྱིང་བ་དང་། །ཁ་སྐམ་སྐོམ་དད་ཆེའམ་འདར། །ཤེད་ཆུང་ཁུང་[ཁོང]གྲིམ་གཉིད་མི་ཕེབ[ཕེབས]། །དེ་ནི་སྦྱོང་ཉེས་སྐྱོན་ཡིན་ནོ། །སྦྱོང་ལེགས་པ་ཡི་མཚན་ཉིད་ནི། །ལུས་པོ་ཤེད་ཆེ་དང་ཁ་བདེའ། །སྟོབས་ཆེ་ལྕེ་རློན་སྐོམ་དད་ཆུང་། །གཉིད་ཕེབ་[ཕེབས]གསུས་པ་སྒལ་པར་འབྱར་བར་འདྲ། །སྔར་གྱི་ནད་དང་ཟུག་རྔུ་བྲལ། །སྦྱོངས་པ་ལེགས་པའི་ཡོན་ཏན་ཡིན། །སྦྱོངས་ཀྱི་ལོག་ནོན་བསྟན་པ་ནི། །ཚ་ལོག་དང་ནི་གྲང་ལོག་གོ །ཚ་ལོག་རྩ་ཆུ་ཕྱི་གཡུལ་[ཡུལ]རྣམས། །ཚ་བའི་རྟགས་སུ་བྱུང་གྱུར་ནས[ན]། །ཕྱེ་མ་སྦྱར་ཞིང་གཏང་བ་དང་། །ཁྲག་མཁྲིས་ཆ་ཤས་གང་ཆེ་དང་། །བཅོས་ཀྱང་དེ་དང་འཚམས་པར་བྱ། །དེ་ལས་བཟློག་[ལྡོག]པ་གྲང་བ་སྟེ། །རི་ལུ་སྨན་མར་མྱེ་དང་དུབ[དུགས]། །བྱུགས་པ་ལ་སོགས་གང་འཕྲོད་བསྟེན། །ཐུར་དུ་སྦྱོང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།
ལེའུ་བཅུ་དགུ་པ། སྐྱུགས་ཀྱི་ལས་བསྟན་པ།
སྐྱུགས་ལ་སྤྱི་དོན་རྣམ་པ་བརྒྱད། །གཏང་དུ་རུང་དང་མི་རུང་དང་། །སྔོན་འགྲོ་དངོས་གཞིའ་རྗེས་བསྲུང་དང་། །སྐྱོན་དང་ཡོན་ཏན་ལོག་ནོན་བརྒྱད། །གཏང་དུ་རུང་བ་བསྟན་པ་ནི། །ཕོ་མཆིན་ཁ་འཁོར་ན་བ་དང་། །མ་ཞུ་གསར་རྙིང་ཐམས་ཅད་དང་། །འཁྲུ་བ་ཡུན་རིང་མི་ཆོད་དང་། །འགོ་[མགོ]བོ་ལྕི་ཞིང་གཟེར་བ་དང་། །སྟོང་སྐྱུགས་བྱེད་ཅིང་སྒྲེགས་པ་དང་། །དཔྱིད་དུས་ནང་ནུབ་ན་བ་དང་། །གློ་སྙིང་བད་ཀན་རྒྱས་པ་དང་། །གློ་མྱིག་བད་ཀན་འཐུམ་པ་དང་། །ཐུར་མས་བཤིག་པའི་ནད་ཞབས་དང་། །སྟོད་ཀྱི་ཚ་བ་གསར་དང་མྱིག་སེར་དང་། །ཁ་བསྔལ་[མངལ]དང་ཁ་མི་བདེའ་དང་། །མཁྲིས་པ་ཁ་ལུད་བྱེད་པ་དང་། །ཤ་དུག་གསར་པ་རྣམས་ལ་གཏང་། །གཏང་དུ་མི་རུང་འདི་རྣམས་ཏེ། །རིད་དང་སྟོད་རླུང་ཞུགས་པ་དང་། །གློ་བ་རྣག་གིས་ཟོས་པ་དང་། །ཤིན་ཏུ་ལུད་པ་དབུགས་མི་བདེའ། །སྙིང་རླུང་གདོན་གྱིས་བསླད་པ་དང་། །རྒན་ཆེས་གཞོན་ཆེས་ཟུང་[ཟུངས]ཟད་ལ། །སྐྱུག་སྨན་གཏང་བར་མི་བྱའོ། །སྔོན་དུ་འགྲོ་བ་སྦྱོང་དང་མཐུན། །དངོས་གཞིའ་ལ་ནི་འདི་ལྟ་སྟེ། །སྨན་གྱི་སྦྱོར་ལུག་[ལུགས]གཙོའ་བོ་ནི། །སོ་འཆའ་[ཆ]སྤྱང་ཚེར་བྱ་ཁྲ་པད། །གསེར་ལ་ཕུད་བུ་སྤྱང་སྲན་འབྲས། །པི་པི་ལིང་དང་ཤུ་དག་རྣམས། །ནད་ཀྱི་གཞིའ་དང་མཐུན་པར་སྦྱར། །དེ་རྣམས་ཐུན་རེ་ཞིབ་བཏགས་ལ། །རྭ་ཚ་ཕོར་བུ་བྱེད་པ་ནི། །སྲོ་ལོ་གདབ་ལ་ཁ་ཡང་གཅད། །ནང་པར་འཁོར་རྣམས་ཁ་ཚར་གདབ། །ཤ་དུག་ནད་རྣམས་སྐྱུགས་པར་བྱེད། །གུར་གུམ་དང་ནི་བོང་ང་དཀར། །བྲག་སྐྱ་ཧ་ཧོང་[བོ]དུག་མོ་ཉུང་། །ཞིབ་བཏགས་ཁ་ཚར་གདབ་པ་ཡིས། །བཙན་དུག་ནད་རྣམས་སྐྱུགས་པར་བྱེད། །གསོའ་[སོ]མ་ར་ཙ་པི་[བྱི]ཏང་ཀ །སྨན་[སྨད]ཙ་དོམ་མཁྲིས་ལྕིམ་རྩ་ཡི། །སྦྱར་དུག་ནད་རྣམས་སྐྱུགས་པར་བྱེད། །སླང་ངའི་ནང་དུ་ཚ་བླུགས་ནས། །ཁ་བཅད་བསྲེགས་པའི་ཁུ་བ་དེ། །ཁ་ཚར་བཏབ་ནས་བཏང་བ་ཡིས། །བད་ཀན་སྨུག་པོའི་ནད་རྣམས་སྐྱུགས། །ཐུན་ཚད་ནད་ཀྱི་གཞིའ་ལས་ཤེས། །སྟོར་ན་སྨན་སྦྱར་གཏང་བར་བྱ། །མོད་ལ་སྐྱུགས་ན་ཆུ་ལྕགས་[ལྕག]བརྡེགས། །འགྱངས་ན་སྒྲོ་དང་ལག་པས་བསུབ། །སོག་བྲག་[དབྲག]ན་ས་དུབ་[དུགས]ཀྱིས་བདུག །བཅད་དུས་རླུང་དང་མཁྲིས་པ་སྐྱུགས། །རྗེས་བསྲུང་བྱ་བ་འདི་ལྟ་སྟེ། །ཞོ་བསྐྲུགས་[དཀྲུགས]འབྲས་ཐུག་ཚོག་གུ་རྣམས། །ཚད་ཅིང་བཏང་བས་སྐྱུགས་པ་ཆད། །དེ་ཡང་གཅིག་ཏུ་མ་ངེས་ཏེ། །འགོ་[མགོ]ལྕི་ངོ་སྣུམ་མྱིག་རུས་གཟེར། །ཁ་སྐོམ་དྲོད་བག་ཟོས་ན་སྐྱུགས། །དེ་ནི་ཚ་བས་སྐྱུགས་པ་ཡིན། །ག་བུར་བདུན་པ་བཏང་བ་དང་། །ཙན་དན་ཆུ་དང་སྤང་རྒྱན་ཐང་། །ཤིང་མངར་ཏིག་ཏ་བ་ལི་[ལེ]ཀ །དེ་རྣམས་ཁོང་དུ་གཏོང་བར་བྱ། །ལག་པ་གཉིས་པོ་ཆུ་རུ་གཞུགས[གཞུག]། སྟོད་དུ་ཆུ་གྲང་རྡོ་གྲང་བདུག །བསིལ་བའི་ཟས་རྣམས་གཏང་བ་ཡིན། །གྲང་ཚ་རྩ་ཆུ་ནད་རྟགས་གྲང་། །དེ་ལ་ཚིགས་པ་དགུ་བརྒྱད་དང་། །བཅུ་བཞི་བརྒྱད་དྲུག་སོགས་མྱེས་གསོའ། །ཟས་སྐོམ་སྨན་རྣམས་བཅུད་དུ་བྱ། །སྐྱོན་དང་ཡོན་ཏན་སྦྱོང་དང་འདྲ། །ལོག་ནོན་འདུ་བ་ཚ་གྲང་བསྙམས། །སྐྱུགས་ཀྱི་ལེའུ་སྟེ་བཅུའ་དགུ་པའོ།། །།
ལེའུ་ཉི་ཤུ་པ། འཇམ་རྩིའི་ལས་བསྟན་པ།
འཇམ་རྩི་ལ་ཡང་སྤྱི་དོན་བརྒྱད། །གཏང་དུ་རུང་དང་མི་རུང་དང་། །སྔོན་འགྲོ་དངོས་གཞིའ་རྗེས་བསྲུང་དང་། །སྐྱོན་དང་ཡོན་ཏན་ལོག་ནོན་བརྒྱད། །འཇམ་རྩི་གཏང་བའི་ནད་རིགས་ནི། །ཕོ་མཆིན་རྒྱུ་ལོང་འཁྲུགས་པ་དང་། །མཁལ་མའི་གྲང་ནད་རླུང་དང་ནི། །རོ་སྨད་འཕྲེས་ཤིང་སྐམ་པ་དང་། །སྐྱེས་པའི་ས་བོན་ཟད་པ་དང་། །བུད་མྱེད་མངལ་གྱི་དྲོད་ཉམས་དང་། །འཁྲུ་བ་ཡུན་རིང་མི་ཆོད་དང་། །གཉིད་ཡར་[ཡེར]རླུང་གིས་འདར་བ་དང་། །ལོང་འཁྲོགས་[འཁྲོག]ཤེད་ཆུང་ནད་ལ་བཏང་། །འཇམ་རྩི་གཏང་དུ་མི་རུང་བ། །སྨད་ཀྱི་ཚ་བ་ཆེ་བ་དང་། །ཁྲག་སྲིན་སྟོད་དུ་ཞན་པ་དང་། །རྒྱུ་མ་ཚ་ཞིང་སྐོམ་པ་དད། །སྣོད་ལ་མཚོན་གྱིས་ཕོག་པ་དང་། །ཚད་རོ་གཞང་འབྲུམ་ཅན་ལ་སྤང་། །སྔོན་འགྲོ་གནོད་པའི་ཟས་སྤྱོད་དང་། །སྨན་དང་འཁྲུག་དང་བྱད་ལ་སོགས། །སྦྱོང་དང་མཐུན་པར་ཤེས་པར་བྱ། །གློ་བུར་ནད་ཀྱི་མ་གཏོགས་སོ། །དངོས་གཞིའི་བྱ་བ་འདི་ལྟ་སྟེ། །རྩ་བ་ལྔའི་སྨན་མར་དང་། །ཚ་བ་གསུམ་དང་སྒོག་སྐྱ་དང་། །སུག་པ་བུལ་ཏོག་ལ་ཆ་རྣམས། །འགོ་[མགོ]བསྡུས་ཙམ་གྱི་མར་ཁུས་གདབ། །གྲང་དྲོའི་ཚད་ནི་ཤ་དྲོད་ཙམ། །གཏང་དུས་ཟས་ཀྱི་རྗེས་ལ་གཏང་། །ལྟོ་སྟོང་བཏང་ན་སྲིན་བུར་འགྲོ། །ཚ་ན་གཞང་འབྲུམ་སྐྱེ་བར་འགྱུར། །གྲང་མོར་བཏང་ན་ནུས་པ་ཆུང་། །རྩིག་མ་ནང་དུ་འགྲོ་བས་ན། །ཞབས་སུ་ཐིག་[ཐིགས]པ་གསུམ་ཙམ་བཞག །གཏང་ཐབས་གཞོག་[གཞོགས]གཡས་ཕབ་ལ་གཏང་། །དེ་ནས་ཁ་སྦུབས་[སྦུབ]བསྙལ་བྱས་ལ། །རྐང་མཐིལ་གཉིས་དང་ཚང་ར་ལ། །ཁུ་ཚུར་གསུམ་གསུམ་བརྡེག་པར་བྱ། །དེ་ནས་གན་རྐྱལ་བྱས་ན་ནི། །རྐང་པ་གཡོན་པ་བསྐོར་ཐེན་[འཐེན]བྱ། །རྐང་ལག་གྱེན་ལ་ཐེབ་[འཐེན]གསུམ་འཕྲ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །སྨན་དང་རླུང་གཉིས་འདྲེས་པ་ཡིན། །བདེའ་བའི་མལ་སྔས་སྨད་ཉལ་ཏེ། །དེ་ནི་རྗེས་བསྲུང་དག་ཏུ་ཤེས། །དེ་ནི་སྦྱོངས་དང་མཐུན་པ་ཡིན། །འཇམ་རྩི་ལེགས་པའི་མཚན་ཉིད་ནི། །དང་ཁ་བདེའ་ཞིང་ཉམས་སྟོབས་ཆེ། །ཁོང་པའི་དྲོད་སྐྱེ་ལུས་གཟུངས་[ཟུངས]བཟང་། །ལོག་ནོན་ཚ་བ་འདུ་བ་སྙོམས། །འཇམ་རྩིའི་ལེའུ་སྟེ་ཉི་ཤུ་པའོ།། །།
ལེའུ་ཉེར་གཅིག་པ། ནི་རུ་ཧའི་ལས་བསྟན་པ།
ནི་རུ་ཧ་ཡི་སྤྱི་དོན་བརྒྱད། །གཏང་དུ་རུང་དང་མི་རུང་དང་། །སྔོན་འགྲོ་དངོས་གཞིའ་རྗེས་བསྲུང་དང་། །སྐྱོན་དང་ཡོན་ཏན་ལོག་ནོན་བརྒྱད། །གཏང་དུ་རུང་བ་བསྟན་པ་ནི། །སྟོད་ཚ་སྨད་གྲང་བསྡོངས་པ་དང་། །བར་གྱི་ཕོ་བ་ཉམས་མི་བདེའ། །དྲི་ཆུ་སྡོམ་ནས་མ་ཞུ་དང་། །སྦྱོངས་བཏང་འོང་བ་དཀའ་བ་དང་། །རྒྱུ་མཁྲིས་རྟུག་སྐམ་སྲིན་ནད་ལའོ།། །།(གཞུང་འདིའི་མཇུག་མ་ཡིག་ཏུ་ཆད།)
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༩ ནས་ ༤༢༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།