༄༅། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལཱཥྚ་མནྟྲ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག །འབྱུང་པོ་རོ་ལངས་ཚོགས་རྣམས་ཧ་ཧ་ཧཱུཾ་དང་ཀི་ལི་ཀི་ལི་ཞེས་སྒྲོགས༌[1]མྱུར་བར་ནི། །སྐུ་ལ་རྒྱུ་མའི་ཕྲེང་བས་ཀུན་ནས་བཀླུབས༌[2]ཤིང་ཞལ་དུ་མི་ཡི་ཤ་ནི་གསོལ་མཛད་ཅིང་། །འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་ཁ་ཊྭཱཾ་གར་བཅས་ཕྱག༌[3]གཡོན་མི་ཡི་ཐོད་པ་བསྣམས། །
སྤྱན་དམར༌[4]སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གནས༌[5]ལ་དགྱེས་པའི༌[6]ཞིང་སྐྱོང་ཁྱོད་ཀྱིས་སྲུངས།[7] །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པར་བྱེད་ཅིང་སོ་སོར་བསྐྱོད་པའི༌[8]མེ་དཔུང་ཆེན་པོའི་དབུས་ན་ནི། །མགོ་བོ༌[9]རྣམས་ཀྱིས་མགོ་ཡི་ཕྲེང་བྱས་རབ་གསལ་འཇིགས་པའི་སྐུར༌[10]བརྒྱན་གཤིན་རྗེ་དང་མཚུངས་ཤིང་། །དྲག་ཤུལ་ཕྱག་གི་དང་པོ༌[11]རྣམས་ཀྱིས༌[12]མི་མགོ༌[13]མ་ལུས་འཛིན་ཅིང་ཁྲག་སྐྱུགས་བབ་པ༌[14]གསོལ། །རོལ་པས་རོལ་པ་སེལ་ཞིང་མེ༌[15]ཡིས་གང་བའི་གནས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཀྵཾ་ཀྵཾ་ཀྵཾ་ཞེས་བཟོད་པའི༌[16]སྐུ་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ།[17] །གཅིག་པུ་གནོན༌[18]ཅིང་མནན་ནས་ཀ༌[19]ཧ་ཀ་ཧ་བརྗོད་ཅིང་ཆར་སྤྲིན་སྔོན་པོ་ཡི་ནི༌[20]མདོག །ཏྲིཾ་ཀྵཱིཾ་ཤྲཱི་ཡི་སྔགས་ཀྱིས་གདུག་ཅན་པ་ཙ་པ་ཙའི༌[21]རིགས་ཀྱི་སྔགས་ཀྱིས་ཀུན་ནས་སྲེག །[22]བགེགས་རྣམས་རབ་ཏུ་བསྐྲད་པར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་གནས་ངེས་པར་ཞིང་སྐྱོང་མཛོད། །གང་ཞིག་དུས་རྣམས༌[23]ཀུན་དུ་ཧི་ཊ་ཊ་ཞེས་བཞད་པའི་སྒྲ་ཡིས་ཤིན་ཏུ་འཇིགས་མཛད་ཅིང་། །ཕྱུགས༌[24]རྣམས་ཀྱི༌[25]ནི་སྔགས༌[26]དང་བགེགས༌[27]འཇིག་ཉི་མ་རེ་རེ་དྲི་མེད་བརྙེས་པ༌[28]ཆུ་འཛིན་མདོག །ཧཱུཾ་ཧཱུཾ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གཉིས་པོའི་ཁོང་ནི་མ་ལུས་འགེངས་ནུས་ཤིང་། །དབུ་སྐྲ་དང་ནི་སྨ༌[29]ར་སེར་ཞིང༌[30]ཉེ་བར་སྤྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར༌[31]མཛོད། །ཁཾ་ཁཾ་ཁཾ་ཞེས་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ༌[32]རོལ་ཁྲག་འཐུང་བ་ལ་དགེས།[33] །རཾ་རཾ་རཾ་ཞེས་སྤྱན་དམར༌[34]རུ་རུ་རུ་ཞེས་ཕྱག་ནི་ཁྲག་གིས་བརྒྱན༌[35]ཅིང་གཏུམ༌[36]པའི་ཤུགས། །ཀྲུཾ་ཀྲུཾ་ཀྲུཾ་ཞེས་ཁྲོས་པའི་སྤྱན་གྱིས༌[37]གཟིགས་པར་མཛད་ཅིང༌[38]བགེགས་རྣམས་ཁྱོད་ཀྱིས༌[39]སྒྱུར་བར་མཛད། །དཾ་དཾ་དཾ་ཞེས་འདི་ཡིས་འདུལ་མཛད་རྔམ་དང་གཏུམ༌[40]དང་བཅས་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཀྲིཾ་ཀྲིཾ་ཀྲུཾ་ཞེས་མནན་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་པར་མཛོད་ཅིག །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས༌[41]སྐུ་ལ་སྤྲས་ཤིང་ནག་པོའི་མཐུ༌[42]དང་འདྲ་བའི་སྐུ། །ཙཾ་ཙཾ་ཙཾ་ཞེས་གཏུམ་པའི་ཤུགས་ཀྱིས་རབ་གཡོ་རྨད་དུ༌[43]བྱུང་བས༌[44]འཇིག་རྟེན་སྣང་མཛད་ཅིང་། །སཾ་སཾ་སཾ་ཞེས་ཚོགས་པའི༌[45]བདག་ཉིད་དམ་ཚིག༌[46]ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །ཡཾ་ཡཾ་ཡཾ་ཞེས་སྣ་ཚོགས༌[47]གཤིན་རྗེ་ལྟར་འགྲོ་དྲི་མ་མེད་པའི་ཆུ་བཞིན་གཟིགས་མཛད་ཅིང་། །བཾ་བཾ་བཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་སྐྱོང་བ་མཉེས། །བཾ་བཾ་བཾ་ཞེས་འཇིགས་པའི་ཁྲོ་གཉེར་མཆོག་གི་འཇིགས་མཛད་ནུས་པའི་ཁ་གདངས༌[48]ཤ་ཟ་ཞིང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །ཀླཾ་ཀླིཾ་ཀླུཾ་ཞེས་གདུག་པའི་གཟུགས་ཀྱིས༌[49]སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར༌[50]པ་གང་། །པཾ་པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ༌[51]རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་སྐུ་ཅན་བློ་ཡི༌[52]སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྲུང་བར༌[53]མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ༌[54]པོ་ཡི་སློབ་དཔོན་བློ་ལྡན་དམ་ཚིག་ཐོས་འཛིན་གང་ཞིག༌[55]གུས་པ་དང་ལྡན་པས། །ཐུན་གཉིས་སུ༌[56]ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ས་སྟེངས་དང་ནི་མཐོ་རིས་སུ་ནི་དེ་ཡི་རྟག་ཏུ་བགེགས་རྣམས་རྟག་ཏུ༌[57]ཉམས་འགྱུར་ཞིང་། །ཚེ་དང་དཔལ་དང་གྲགས་དང་འབྱོར་འཛིན་སྟེངས༌[58]དང་མཐུ་དང་གཟི་བརྗིད་རྒྱས་པར་མཚུངས་མེད་འགྱུར། །དཔལ་ནག་པོ་ཆེན་པོ་ལ་བསྟོད་པ༌[59]རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས༌[60]མཛད་པའོ། །
བསྡུར་མཆན།
[1] ལི་ཞེས་སྒྲོགས་ ༼སྣར། པེ།༽ ལི་ཞེས་
[2] བཀླུབས་ ༼སྣར། པེ།༽ ཀླུབས་
[3] ཕྱག་ ༼སྣར། པེ།༽ ཕྱག་བཅས་ཕྱག་
[4] ། །སྤྱན་དམར་ ༼སྣར། པེ།༽ ། །
[5] གནས་ ༼སྣར། པེ།༽ གདན་
[6] དགྱེས་པའི་ ༼སྣར། པེ།༽ སྐྱེས་པའི་
[7] སྲུངས། ༼སྣར། པེ།༽ ཞིང་སྐྱོང་མཛོད།
[8] བསྐྱོད་པའི་ ༼སྣར། པེ།༽ སྐྱེས་པ་
[9] མགོ་བོ་ ༼སྣར། པེ།༽ མགོ་ཡི་
[10] སྐུར་ ༼སྣར། པེ།༽ སྐུ་
[11] གི་དང་པོ་ ༼སྣར། པེ།༽ གིས་བསད་པ་
[12] ཀྱིས་ ༼སྣར། པེ།༽ ཀྱི་
[13] མགོ་ ༼སྣར། པེ།༽ མགོའི་
[14] བབ་པ་ ༼སྣར། པེ།༽ འབབ་པ་
[15] ཞིང་མེ་ ༼སྣར། པེ།༽ ཅིང་མི་
[16] བཟོད་པའི་ ༼སྣར། པེ།༽ བརྗོད་པའི་
[17] བཟུང་སྟེ། ༼སྣར། པེ།༽ བཟུང་ཏེ།
[18] གནོན་ ༼སྣར། པེ།༽ སྣོད་མནན་
[19] མནན་ནས་ཀ་ ༼སྣར། པེ།༽ མནན་ནས་
[20] ཡི་ནི་ ༼སྣར། པེ།༽ ཡི་
[21] ཙའི་ ༼སྣར། པེ།༽ ཙ་
[22]སྲེག ། ༼སྣར། པེ།༽ བསྲེགས། །
[23] དུས་རྣམས་ ༼སྣར། པེ།༽ དུས་
[24] ཕྱུགས་ ༼སྣར། པེ།༽ ཕྱུག་
[25] ཀྱི་ ༼སྣར། པེ།༽ ཀྱིས་
[26] སྔགས་ ༼སྣར། པེ།༽ སྡིག་
[27] བགེགས་ ༼པེ།༽ བགེག་
[28] བརྙེས་པ་ ༼སྣར། པེ།༽ མཉེས་པ་
[29] སྨ་ ༼སྣར། པེ།༽ རྨ་
[30] སེར་ཞིང་ ༼སྣར། པེ།༽ ཆེར་སེར་
[31] སྲུང་བར་ ༼སྣར། པེ།༽ བསྲུང་བར་
[32] རྣམས་ལ་ ༼སྣར། པེ།༽ རྣམས་
[33] དགེས། ༼སྣར། པེ།༽ དགྱེས།
[34] དམར་ ༼སྣར། པེ།༽ ནམ་
[35] བརྒྱན་ ༼སྣར།༽ རྒྱན་
[36] གཏུམ་ ༼སྣར། པེ།༽ སྟུྃ་
[37] གྱིས་ ༼སྣར། པེ།༽ ནི་བྱས་
[38] ཅིང་ ༼སྣར། པེ།༽ མཛོད་ཅིག་
[39] ཁྱོད་ཀྱིས་ ༼སྣར། པེ།༽ ཁྱོད་ཀྱི་
[40] རྔམ་དང་གཏུམ་ ༼སྣར། པེ།༽ རྔམ་ཏུ་
[41] ཕྲེང་བས་ ༼སྣར། པེ།༽ ཕྲེང་
[42] མཐུ་ ༼སྣར། པེ།༽ མཆུ་
[43] རྨད་དུ་ ༼སྣར། པེ།༽ རྨད་
[44] བས་ ༼སྣར། པེ།༽ བའི་
[45] ཚོགས་པའི་ ༼སྣར། པེ།༽ འཚོགས་པའི་
[46] བདག་ཉིད་དམ་ཚིག་ ༼སྣར། པེ།༽ བདག་གི་དགྲ་
[47] ཞེས་སྣ་ཚོགས་ ༼སྣར། པེ།༽ ཞེས་སྣོད་
[48] ཁ་གདངས་ ༼སྣར། པེ།༽ ཁྭ་
[49] གཟུགས་ཀྱིས་ ༼སྣར། པེ།༽ གཟུགས་ཀྱི་
[50] གྱུར་ ༼སྣར། པེ།༽ པར་མཛད་
[51] གདུལ་བྱ་ ༼པེ།༽ གདུལ་བ་
[52] བློ་ཡི་ ༼སྣར། པེ།༽ བློ་ཡིས་
[53] སྲུང་བར་ ༼སྣར། པེ།༽ སྐྱོང་བར་
[54] སྒྲུབ་པ་ ༼སྣར། པེ།༽ བསྒྲུབ་པ་
[55] བློ་ལྡན་དམ་ཚིག་ཐོས་འཛིན་གང་ཞིག་ ༼སྣར། པེ།༽ བློ་ལྡན་བདག་གིས་ཐོས་འཛིན་གཞི་
[56] གཉིས་སུ་ ༼སྣར། པེ།༽ གསུམ་དུ་
[57] རྣམས་རྟག་ཏུ་ ༼སྣར། པེ།༽ རྣམས་
[58] སྟེངས་ ༼སྣར། པེ།༽ སྟོབས་
[59] བསྟོད་པ་ ༼སྣར། པེ།༽ བསྟོད་པ་སྔགས་
[60] ཀླུ་སྒྲུབ་ཀྱིས་ ༼པེ།༽ ཀླུ་སྒྲུབ་ཀྱི་
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།