གསར་འཇུག

ཐེག་པ་ཆེན་པོ་ཉི་ཤུ་པ།

༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་བིཾ་ཤི་ཀཱ། བོད་སྐད་དུ། ཐེག་པ་ཆེན་པོ་ཉི་ཤུ་པ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆགས་མེད་ཐུགས་སུ་ཆུད་སངས་རྒྱས། །རྗོད་བྱེད་བརྗོད་པར་བྱ་བ་མིན། །ཐུགས་རྗེས་རྒྱལ་བ་སྣང་གྱུར་པ། །མཐུ་བསམ་མི་ཁྱབ་ཕྱག་འཚལ་ལོ། །དམ་པའི་དོན་དུ་སྐྱེ་མེད་ཕྱིར། །དེ་ཉིད་དུ་ནི་གྲོལ་བའང་མེད། །མཁའ་བཞིན་སངས་རྒྱས་དེ་བཞིན་ཏེ། །སེམས་ཅན་དང་ནི་མཚན་ཉིད་གཅིག །ཕ་རོལ་ཚུ་རོལ་སྐྱེ་མེད་པས། །རང་བཞིན་མྱ་ངན་འདས་པའང་མ

མུ་མཐུད་ཀློགས།

རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།

༄༅། །རྒྱ་གར་སྐད་དུ། བི་གྲ༌ཧ་བྱ་བརྟ་ནི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །ཁྱད་པར་གཏན་ཚིགས་བརྗོད་པར་གྱིས། །དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། །

མུ་མཐུད་ཀློགས།

སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ།

༄༅། །རྒྱ་གར་སྐད་དུ། ཤཱུནྱ་ཏཱ་སཔྟི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །བདག་མེད་བདག་མེད་མིན་བདག་དང་། །བདག་མེད་མིན་པས་བརྗོད་འགའ༌མེད། །བརྗོད་བྱ་མྱ་ངན་འདས་དང་མཚུངས། །དངོས་པོ་ཀུན་གྱི་རང་བཞིན་སྟོང་། །གང་ཕྱིར་དང

མུ་མཐུད་ཀློགས།

ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ།

༄༅། །རྒྱ་གར་སྐད་དུ། བཻ་ད་ལྱཾ་སཱུ་ཏྲ་ནཱ་མ། བོད་སྐད་དུ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ།སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི༌ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཚད་མ་དང་གཞལ་བྱ་ནི་གཉིས་ཀ་འདྲེས་པ་ཡིན་ནོ། །རང་ལས་མ་གྲུབ་པའི་ཕྱིར་རོ། །ཡོད་པ་དང་མེད་པ་དང་གཉིས་ཀ་དག་ནི་ལྟོས་པ་མ་ཡིན་ནོ། །མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི

མུ་མཐུད་ཀློགས།

རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ།

༄༅༅། །རྒྱ་གར་སྐད་དུ། ཡུགྟི་ཥཥྛ་ཀཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི༌སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །གང་གིས་བློ་གྲོས༌ཡོད་མེད་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་གིས་ནི་རྐྱེན་གྱི་དོན། །ཟབ་མོ་དམིགས་མེད་རྣམ་པར་རྟོགས། །རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །

མུ་མཐུད་ཀློགས།

དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ།

༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མ་དྷྱཱ་མ་ཀ་ཀཱ་རི་ཀ །བོད་སྐད་དུ།དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ༌ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བདག་ལས་མ་ཡིན་གཞན་ལས་མིན། །ག

མུ་མཐུད་ཀློགས།

བླ་མ་གསང་སྒྲུབ་པ་ཞེས་བྱ་བ།

༄། བླ་མ་གསང་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སྷོ། །༄༅༅། །རྒྱ་གར་སྐད་དུ། གུ་ཧྱ་སིདྷི་ན་མ། བོད་སྐད་དུ། བླ་མ་གསང་བར་སྒྲུབ་པ་ཞེས་བྱ་བ།ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་བཞིན། །བླ་མས་མཚོན་པའི་སྐུ་གསུམ་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཨེ་གསང་ཆོས་ཀྱི་འབྱུང་གནས་སུ། །ཝཾ་སྐྱེད་སྦྱོར་བས་འབྱུང་བཞི་གྲུབ། །རྐང་པར་རླུང་ལ་སུམ་མདོར་མེ། །ལྟེ་ཆུ་བྲང་ས་རྒལ་ཚིགས་རི། །དབང་ཆེན་སའི་དཀྱིལ་འཁོར་ལས། །གསང་བ་མཆོ

མུ་མཐུད་ཀློགས།

གླང་པོ་རིན་པོ་ཆེ་ལ་ནོར་བླང་བའི་མན་ངག་ཅེས་བྱ་བ།

༄། །ཡིད་བཞིན་ནོར་བསྒྲུབ་གླང་ཆེན་བཅས་ཆོག་བཞུགས་སོ། །༄༅༅། །རྒྱ་གར་སྐད་དུ། ཧསྟི་གླང་པོ་ཆེ་རད་ན་དྷ་ནཾ་ནོར་ཡེ་ཏི་བླང་བ། ཨུ་པ་དྷེ་ཤ་མན་ངག་ན་མ་ཅེས་བྱ་བ། བོད་སྐད་དུ། ཨུ་པ་དྷེ་ཤ་གླང་པོ་རིན་པོ་ཆེ་ལ་ནོར་བླང་བའི་མན་ངག་ཅེས་བྱ་བ། དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ། །རིན་ཆེན་བདུན་ལས་ཁྱད་པར་འཕགས། །གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང་། །གང་ཞིག་ནོར་རྫས་སྒྲུབ་འདོད་པས། །གཏེར་མཛོད་འདི་ལ་འབད་

མུ་མཐུད་ཀློགས།

མགོན་པོ་བྱ་རོག་གདོང་གི་གཏོར་མདོས།

༄༅༅། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གཏོར་མའི་ཕྲིན་ལས་ནི། སྟོང་ཁོག་རྒྱས་པར་བྱས་ལ། བཟློག་རྐང་གཉིས་བཏང་བ་ནི། དེ་ནས་གོས་ནག་པོ་གོན། །རྔ་དང་དུང་དང་། རོལ་མོའི་སྒྲ་བསྒྲགས། །དར་འཕྱར༌གསུར་ཆེན་གྱི་དུད་པ་བཏང་ལ་འདི་སྐད་དོ། །ཧཱུཾ་བདག་ནི་རིག་འཛིན་བསྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ནི་དཔལ་ཆེན་ཧེ་རུ་ཀ།ཁྱོད་ནི་ནག་པོ་ཆེན་པོ་སྟེ། །ཆོས་ཀྱི་སྲུངས་མ་ཐུགས་དམ་ཅན། །བསྟན་པ་གཉན་པོ་བསྲུང་བ་དང་། །རྣལ་འབྱོར་དམ་ཅན་

མུ་མཐུད་ཀློགས།

ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས།

༄། །ཕྱག་བཞི་པ་གཙོ་རྐྱང་ཀླུ་སྒྲུབ་ལུགས་ཀྱི་སྒྲུབ་ཐབས་སོ། །༄༅༅། །རྒྱ་གར་སྐད་དུ། ཙ་ཏུརྦྷུ་ཛ་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོ་ཕྱག་བཞི་བའི་སྒྲུབ་ཐབས། །དཔལ་ནག་པོ་ཆེན་པོ་ཕྱག་བཞི་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་སྔགས་པས་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱི་བདག་ཉིད་རྫོགས་པར་བྱས་ནས། དེའི་རྗེས་སུ་ནམ་མཁའི་ཕྱོགས་སུ་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ། དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའ

མུ་མཐུད་ཀློགས།